བསྟན་འཛིན་ཀུན་བཟང་། འཛིན་རིམ།-བརྒྱད་པ། རང་ལོ།-༡༣ དཔེ་སྟོན་སློབ་གྲྭ།
དེ་རིང་གི་གནམ་གཤིས་འདི་ནི་མཐོང་ན་གཉིད་བྲོ་ཞིང་བསམ་ན་རྙོབ་སྣངས་སྐྱེས་བའི་སྤྲིན་གིས་འཐིབ་ཡོད་པར་མ་ཟད། མུག་ནག་གི་ཁྲོད་དུ་གློག་འཁྱུད་པའི་སྐབས་སུ་བྱིའུ་རྣམས་བཞེས་སྣང་གི་སྐད་གྲགས་ནས་ཤིང་སྡོང་གི་འགབ་མ་སྟེང་དུ་བསྡད་ནས་འདུག།
གནས་སྐབས་སུ་བོད་ཡིག་རྒན་ལགས་མཆོག་གི་ང་ཚོ་ལ་ཀློག་ན་ལས་སླ་པ་དང་རྣ་ལ་ཤིན་ཏུ་སྙན་པའི་རྩོམ་ཡིག་གི་མྱོང་ཚོར་བྲིས་གསུངས་བྱུང། འོན་ཀྱང་བུ་མོ་ང་ལ་མཚོན་ན་རྩོམ་ཡིག་གི་མྱོང་ཚོར་བྲིས་པ་དེ་ནི་ཤིན་ཏུ་དཀའ་ཡིན་ནའང་རྩོམ་ཡིག་དེ་སྙན་པོ་ཡོད་ནའང་མྱོང་ཚོར་བྲིས་པའི་ཆེད་དུ་བསམ་བློ་བཏང་བ་དང་སྡུག་རུས་བརྒྱབ་པ་ནི་ནམ་མཁའི་མེ་ཏོག་འཙལ་བ་ལྟར་རེད། རྩོམ་ཡིག་དེ་སྙན་མོ་དང་མགོ་ཚོས་པའི་རྐྱེན་གི་རྩོབ་འདིའི་མྱོང་ཚོར་ཞིག་བྲིས་ཐུབ་པ་བྱེད་ཀྱི་ཡིན། དེ་ཆེད་དུ་ངའི་འབད་བརྩོན་དང་སྡུག་རུས་ཚད་མེད་བྱེད་ནས་རྩོམ་དེ་མཇུག་བསྒྲུབས་ཐུབ་པ་བྱེད་ཀྱི་ཡིན།
རྩོམ་ཡིག་ཞིག་གི་ནང་དུ་གང་བྱུང་བྱུང་བྲིས་པ་དང་བཤད་པ་མེད། རྩོམ་ཡིག་ནི་ཤིན་ཏུ་གལ་ཆེ་ཞིག་ཡིན་པ་དང་རྩོམ་ཡིག་བྲིས་ན་སོ་སོའོ་བསམ་བློ་སྒོ་ཕྱེ་བ་སོགས་བྱེད་རྩོམ་ཡིག་དེ་ན་ཤིན་ཏུ་སྙན་པ་དང་འགོ་དོན་ཡག་པོ་འདུག། རྩོམ་པ་པོ་དེ་ཡི་གནམ་གཤིས་དང་བུ་མོ་ལ་ཞིབ་ཚག་པོ་ངང་ནས་ཁོང་ཚོའི་འགྲེལ་བཤད་བརྒྱབ་དང། རྩོམ་པོ་པོའི་ལས་ཀའི་ཆེད་དུ་ཆར་པ་དེ་ནི་དཀའ་ངལ་ཞིག་ཡིན།
འོན་ཀྱང་ཁོང་གི་སོ་སོའི་དཀའ་ངལ་མ་བཤད་ནས་མི་གཞན་ལ་ཆར་པའི་གང་ཕན་ཐོགས་པ་དེ་བཤད་ཡོད། དཔེར་ན། ཞིང་པ་ཚོ་ལ་སོ་སོའི་ཞིང་ཁ་ལ་ཆར་པའི་རྐྱེན་གྱི་ལོ་ཏོག་སོགས་སྐྱེས་པ་རྣམས་གསུངས་ཡོད། ཁོང་གི་སོ་སོ་ལས་མི་གཞན་གྱི་ཕན་གནོད་ལ་བལྟས་ནས་དེའི་སྐོར་དུ་བཤད། ཁོང་གི་བུ་མོ་དེ་ལའང་ཞིབ་ཚགས་པོ་ཐོག་ནས་ཁོ་མའི་བསམ་བློ་སྟངས་དང་གཤིས་ཀ་འཁྱེར་སྟངས་དང་མི་གཞན་གི་ཐོག་ལ་བསམ་བློ་གཏིང་ཟབ་གཏོང་གི་ཡོད་པ་དེ་རྣམས་ཡང་བཤད།
མི་རྣམས་ཀྱི་མི་གཞན་ལ་བསམ་བློ་བཏང་བ་དང་སོ་སོ་་མ་གཏོགས་མི་གཞན་ལའང་གནོད་པའི་བྱ་བ་གཏན་ནས་མི་བྱེད་ཞེས་རྩོམ་པ་པོས་ང་ཚོ་ལ་བཤད་ནུས་བྱེད་ཀྱི་ཡོད། དེང་སང་གི་བོད་མི་སློབ་ཕྲུག་རྣམས་སོ་སོའི་སྐད་ཡིག་དེ་ལ་སྦྱངས་པར་གཞན་གྱི་སྐད་ཡིག་སྦྱངས་ནས་འདིའི་གོམས་གཤིས་དང་སྤྱོད་ལམ་འཁྱེར་སྟངས་སོགས་མགོ་སེར་པོ་ལྟར་བྱས་ཀྱིན་ཡོིད་པས་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་སུ་བསླེམས་ཡོད།
སོ་སོའི་བོད་ཡིག་དེ་སྦྱངས་ན་བོད་མི་རྒན་པ་ཚང་མའི་ང་ཚོ་ལ་མཐོང་ཆེན་བྱེད་ཀྱི་རེད། མཉམ་དུ་ང་ཚོ་བོད་མི་རྣམས་ལ་སོ་སོའི་རང་བཙན་དང་རྒྱལ་ཁབ་མེད་པ་དང། དེང་སང་གི་ཕྲུ་གུའི་སྤྱོད་ལམ་དང་གོམས་གཤིས་ལ་བལྟས་ན་ང་ཚོ་རྒཡ་གར་ལ་སྐྱབས་བཅོས་ནས་བསྡད་བའི་ཚོར་སྣང་མི་འདུག། བོད་མི་ཕྲུ་གུ་རྣམས་ཀྱི་སློབ་སྦྱོང་ལ་འབད་བརྕོན་གཏན་ནས་བྱེད་ཀྱི་མིན་འདུག། སོ་སོའི་སྐད་ཡིག་དེ་མཁས་དགོས་པ་དང་གཞན་གྱི་སྐད་ཡིག་ཤེས་དགོས་བ་རེད།
རང་ལོ་བཅུ་གསུམ་པ་ཞིག་གིས་བོད་ཡིག་ཡག་པོ་བྲིས་འདུག་པས་ཐུགས་རྗེ་ཆེ། མུ་མཐུད་འདི་ལྟར་བྲི་རོགས་ཞུ།
ཐུགས་རྗེ་ཆེ། ཨ་ཁུ་འབྲོག་པ་ལགས།
ཀུན་བཟང་གི་འབྲི་རྩལ་སུ་དང་འགྲན་ཟླ་མེད།