མཇེ་ཕྲུག
ཁ་རྩང་ཆར་བ་བབས་སོང་།།
མདང་དགོང་ལས་ཀ་གྲུབ་སོང་།།
ད་དུང་ཉི་མ་ཡ་བཟུང་།།
ཆར་བ་འབབ་ན་སྐྱིད་འགྲོ །
ཆར་པ་དལ་གྱི་བབས་སོང་།།
རླུང་བུ་བསིལ་བསིལ་ལྡང་བྱུང་།།
ངེད་གཉིས་མལ་ཁྲིའི་སྟེང་ལ།།
ཞབས་བྲོ་ལྷོད་ལྷོད་རྒྱབ་ཡིན།།
རླུང་དང་ཆར་བའི་ཁྲོད་ལ།།
ཞབས་བྲོ་རྒྱག་རྒྱུ་བྱུང་ན།།
དུས་རྒྱུན་གཞལ་ཡས་ཁང་ལ།།
མེད་ཀྱང་འགྱོད་དགོས་མི་འདུག །
ཕོ་མོའི་འཁྲིག་ལས་ཟེར་བ།།
ནང་གི་བློ་ལ་བསྟུན་དགོས།།
ནང་སེམས་བདེ་པོ་ཡོང་བར།།
ཁོར་ཡུག་པོ་ལུས་དགོས།།
ཁོར་ཡུག་ཡག་དང་མ་ཡག །
གནམ་གཤིས་དེ་ལ་ཐུག་ཡོད།།
གནམ་གཤིས་ཚ་དྲོད་འཕེལ་ན།།
འདོད་ཆགས་ལང་ཐབས་མི་འདུག །
རི་དང་གཙང་ཆུ་ཟེར་བ།།
ས་ཆ་འདི་ལ་མེད་ཀྱང་།།
ཆར་བ་ཡང་ཡང་འབབ་ན།།
སྐྱོ་བ་རང་ད་མི་འདུག །
ང་རང་མཐོ་ས་རི་དང་།།
གཙང་ཆུ་ནེའུ་གསེང་ཁྲོད་ལ།།
མཛེས་མ་གཡབ་རྒྱུ་བྱུང་ན།།
དེ་ལས་སྐྱིད་པ་མི་འདུག །
ཁང་བཟང་གྲུབ་བཞི་ནང་ལ།།
བརྟན་པོ་ཡོད་པ་མ་གཏོགས།།
དོན་གྱི་འདོད་པའི་བདེ་བ།།
ང་ལ་ཡོང་གི་མི་འདུག །
དེ་ལས་རི་དང་ནགས་གསེབ།།
ལུང་པ་སྟོང་པ་དག་ལ།།
རི་དྭགས་སེམས་ཅན་ནང་བཞིན།།
སྤྱོད་རྒྱུ་བྱུང་ན་དགའ་ལ།།
ཕོ་མོའི་འཁྲིག་ལས་འདི་ལ།།
སྣང་ཆུང་ནམ་ཡང་མ་བྱེད།།
ལུས་སེམས་གསོ་བའི་སྨན་སྦྱོར།།
འདི་ལས་ཡག་ག་མེད་རེད།།
འཁྲིག་པའི་བདེ་སྐྱིད་མྱོང་སྐབས།།
ནང་གི་སེམས་ཁམས་བདེ་དགོས།།
ཕྱི་ཡི་ཁོར་ཡུག་ཡག་དགོས།།
ལས་ལུགས་ལས་སྟངས་ཤེས་དགོས།།