Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆར་བས་བྲན་པའི་སེམས།

Posted on 2013-05-092013-05-09 By ཁ་བརྡ་ 5 Comments on ཆར་བས་བྲན་པའི་སེམས།

གཅན་འོད་འབར།

༡
ཆར་བ་དྲག་ཏུ་འབབ་ཀྱིན་འདུག་ན་ཡང་ཁོས་དེ་ལ་སྣང་དོགས་ཙམ་ཡང་མི་བྱེད་པར་དྲག་ཆར་ཁྲོད་དུ་ཀེ་རེར་ལངས་འདུག ཤག་ཤག་འབབ་པའི་ཆར་བས་ཁོའི་ལུས་ཀྱི་ལྭ་བ་དག་རློན་རྐྱང་བཟོས་ཀྱང་ཁོར་འཁྱག་སྣང་གི་ཚོར་བ་ཕྲ་མོ་ཙམ་ཡང་མེད་པར་འགྲེང་པ་ནི་ཅིའི་ཕྱིར་ཡིན་ནམ། ཆ་ཡོད་ཆ་མེད་ཀྱི་ལམ་འགྲོ་བ་དག་གིས་ཁོའི་ཕྱོགས་སུ་སྟོན་པའི་ཧང་སངས་ཤིང་ཡ་མཚན་བའི་རྣམ་འགྱུར་དེ་དག་གིས་ཁོང་ལ་གསང་བའི་གནད་དོན་ཅི་ཞིག་འགྲེལ་གྱིན་པའི་རྒྱུ་རྐྱེན་ཤེས་དཀའ་ན་ཡང་། ཁོས་དེ་ཚོ་ལ་དོ་སྣང་ཙམ་ཡང་མི་བྱེད་པར་མི་ཚེའི་མགྲོན་པོ་གལ་ཆེན་ཞིག་ལ་རེ་སྒུག་བྱེད་པ་ལྟར་ཆར་རླུང་ཁྲོད་ན་འགུལ་མེད་ལངས་འདུག ཆར་བ་ཇེ་ཆེར་བུད་སོང་ལ། རླུང་བུ་ཡང་ཇེ་དྲག་ཏུ་གྱུར་སོང། རྒྱང་རིང་ནས་སུ་ཞིག་གིས་ཀྱང་ཆར་གདུགས་སམ་ཆར་ལྭ་འཁྱེར་ནས་ཁོའི་ཕྱོགས་སུ་བསུ་མ་བྱེད་དུ་མ་ཡོང་ལ། ཁོའི་རེ་བའི་མིག་རྒྱང་འཕེན་སའི་ཁ་ཕྱོགས་དེ་ནས་ཀྱང་མགྲོན་པོ་གལ་ཆེན་ཞིག་གི་ཚུལ་དུ་སུ་ཞིག་ཀྱང་སླེབས་མ་བྱུང་མོད། ཁོས་ད་དུང་ངོ་གདོང་ལ་ཡིད་ཆེས་ཀྱི་རྣམ་འགྱུར་ཞིག་བསྣམས་ནས་རེ་བས་སྒུག་འདུག

༢
ན་བུན་ཟ་ཟི་ཞིག་གིས་བཏུམས་པའི་རི་གྲོང་འདི་མཚམས་རེར་ལྷ་ཡུལ་ལྟ་བུའི་མཛེས་སྡུག་གི་ཡུལ་ལྗོངས་ཤིག་དང་འདྲ་ལ། ལན་རེར་དམྱལ་བ་འདྲ་བའི་སྡུག་བསྔལ་གྱི་འཇིག་རྟེན་ཞིག་ཏུ་ཡང་སྣང་མོད། འོན་ཀྱང་ཁོའི་སེམས་གཏིང་ན་རི་གྲོང་ཆུང་ཆུང་འདིའི་ཡོད་ཚད་ལ་དགའ་བ་ལས་ལྷག་པའི་བརྩེ་བ་ཐད་པ་ཞིག་ཡོད་པ་སུས་ཀྱང་ཤེས་མི་སྲིད། དེ་ནི་རི་གྲོང་འདིའི་ཁོར་ཡུག་གི་མཛེས་སྡུག་ཁོ་ནས་བསྐྲུན་པ་ཞིག་མ་ཡིན་ལ། དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་ལྡོག་མངའ་པའི་ཡིད་འོང་གི་ནམ་ཟླ་གཅིག་པུས་བཟོས་པ་ཡང་མ་ཡིན། ད་དུང་རེ་སྐྱོ་རེ་སྡུག་གི་མཚོ་བ་སྐྱུར་མོ་དེའི་དབང་གིས་ཀྱང་མ་ཡིན་པར་དེ་དག་དང་ཆེས་རྒྱབ་འགལ་དུ་གྱུར་བའི་གསང་བའི་རྒྱུ་རྐྱེན་གཞན་ཞིག་ཡོད་པ་ཁོས་མ་གཏོགས་སུས་ཀྱང་འགྲེལ་ག་ལ་ཤེས། ཆར་བ་སྔར་བཞིན་འབབ་ཀྱིན་འདུག ཁོ་ད་དུང་ཆར་བས་བརླན་པའི་ལམ་འགྲམ་དེ་ན་རྡོ་ཡི་ཀ་བ་ཞིག་དང་མཚུངས་བར་ཧད་ཀྱིས་ལངས་འདུག

༣
གློ་བུར་དུ་ཆར་བ་ཇེ་ཆེར་གྱུར་སོང། སྡོང་ལོའི་སྟེང་ནས་མར་ཟགས་ཡོང་བའི་ཐིགས་ཆུ་ནི་ཆར་བའི་ཐིགས་པ་ལས་ཀྱང་ཆེ་ཞིང་། ཆུ་རྐས་མ་ཚགས་པའི་ཆར་ཆུ་རྣམས་གཞུང་ལམ་སྟེང་དུ་ལུད་ཅིང་བགྲང་གིས་མི་ལོངས་བའི་གད་སྙིགས་མང་པོ་ཞིག་ཤུགས་ཀྱིས་འཁུར་ཡོང་བའི་རྣམ་པ་ནི་ས་ཆ་འདི་ལ་གད་སྙིགས་ཀྱི་ཆུ་ལོག་ཆེན་པོ་ཞིག་རྒྱུགས་པ་དང་འདྲ། ཁོས་དབུགས་རིང་ཞིག་ལྷོད་ཀྱིས་བཏང་ཞིང་མགོ་བོ་གཡུག་གཡུག་ཅིག་བྱས་རྗེས་མིག་ཟུང་སྔར་བཞིན་མདུན་གྱི་ལམ་སྣེ་དེར་ཅེར། དེ་སྔོན་དང་བསྡུར་ན་ལམ་འགྲོ་བ་ཡང་ཇེ་ཉུང་དུ་གྱུར་ཞིང་། སྲང་ལམ་འདི་བརྒྱུད་ནས་འགྲོ་མཁན་གྱི་ལམ་འགྲོ་བ་ལ་ལ་ཞིག་གིས་ཁ་དོག་མི་གཅིག་པའི་ཆར་ལྭ་གྱོན་ཞིང་། ལ་ལ་ཞིག་གིས་ཆེ་ཆུང་མི་འདྲ་བའི་ཆར་གདུགས་བསྣམས་ནས་རང་ཉིད་ཀྱི་ལུས་པོ་ཆར་བས་སྦངས་ཡོང་བསམ་པའི་སེམས་འཁྲལ་ལས་རི་བོ་བཞིན་སྤོང་བའི་ལམ་ཟུར་གྱི་གད་སྙིགས་དེ་ཚོར་ཟུར་མིག་གཅིག་ཀྱང་མི་ལྟ་བར་རང་སར་ཆས་འགྲོ་བ་ནི་དངོས་ནས་ཡ་མཚན་ཞིག་རེད་འདོད།

༤
ནམ་རྒྱུན་ཆར་བ་འབབ་ཐེངས་རེར་ཁོ་ཆར་བར་གཡོར་བ་ལས་ཆར་བའི་ཁྲོད་དུ་སྡོད་པའི་སྣང་བ་དེ་ཅི་འདྲ་ཞིག་ཡིན་མིན་ནམ་ཡང་ཚོར་མ་མྱོང་ལ། ཆར་བའི་ཀློང་དུ་ལངས་ནས་མི་ཚེའི་རིན་ཐང་དང་འཚོ་བའི་སྙིང་བོ་ལ་དེ་བས་ཀྱང་བསམ་གཞིགས་བྱས་མ་མྱོང་། འོན་ཀྱང་དེ་རིང་གི་ཆར་བས་ཁོ་ལ་གསལ་བཤད་གཞན་ཞིག་བྱས་པ་ནི་ཆར་བ་ནི་ཁོའི་ལོ་ཟླ་གང་མང་ཞིག་ལ་བསགས་པའི་དྲན་གདུང་གི་མཆི་མ་འཁུར་བའི་གཙང་བོ་ཞིག་དང་འདྲ་བར་རྒྱུན་ཆད་མེད་པར་འབབ་པ་དེ་རེད་ལ། ད་དུང་ཆར་བའི་ཁྲོད་དུ་ལངས་ནས་རྒྱང་ལ་ལྟ་བ་ནི་སེམས་ཀྱི་སྐྱོ་སྣང་ཡོད་ཚད་ཆར་རླུང་ལ་སྐུར་བ་དང་ཡང་ཀུན་ནས་མཚུངས་བ་དེ་རེད། ཆར་བ། སེམས་ཀྱི་གཏིང་ན་བཞུར་བའི་སྐྱོ་གདུང་གི་གཙང་ཆེན། ཆར་བ། ཡིད་ཀྱི་ཟབ་སར་འཁྱིལ་བའི་སྡུག་ངལ་གྱི་རྒྱ་མཚོ། ཁོ་འདི་ལྟར་ཆར་བའི་ཁྲོད་དུ་ལངས་རྒྱུ་གོམས་པ་ཡང་ཡིད་སེམས་ཀྱི་གཏིང་རིམ་ན་ལྟེམ་མེར་འཁྱིལ་བའི་དྲན་གདུང་གི་མཚོ་མོ་དེ་ཁུ་སིམ་མེར་མིག་ཟུང་ལས་གཏོང་ཐབས་ཤིག་ཡིན་ངེས་ཨང།

༥
ཆར་བ་སྔར་བཞིན་འབབ་ཀྱིན་འདུག་ལ་རླུང་བུ་སྔར་ལྟར་ལྡང་བཞིན་འདུག གློ་བུར་དུ་ཁོས་ལོ་ངོ་བརྒྱད་ཀྱི་གོང་རོལ་དུ་བྱུང་བའི་དོན་རྐྱེན་ཞིག་ཡིད་ལ་ཝ་ལེར་འཁོར་བྱུང། དེ་ནི་དེ་རིང་དང་ཆེས་འདྲ་བའི་ཉིན་མོ་ཞིག་སྟེ་སྨུག་ཞགས་སྲབ་མོ་ཞིག་གིས་རི་ཀླུང་ཐང་གསུམ་དཀྲིས་ཤིང། ཆར་ཞོལ་དྲག་པོ་ཞིག་ཉིན་ཞག་བདུན་ལ་མཚམས་མ་ཆད་པར་བབས་པས་གང་སར་ཆུ་ལོག་རྒྱུགས་པའི་དུས་ཚིགས་ཤིག་རེད། གནམ་གཤིས་རྟགས་དཔྱད་ཁང་གིས་བཤད་ན་དུས་དེ་ནི་རྒྱལ་ཁབ་འདིའི་འདས་ཟིན་པའི་ནམ་ཟླའི་གནས་བབ་ཀྱི་ལོ་རྒྱུས་ཁྲོད་ཆར་བ་འབབ་ཚད་ཆེས་མཐོ་ཤོས་དེ་རེད་ཟེར། གང་ལྟར་ཁོའི་ད་དུང་ཡང་ཧ་ཅང་གསལ་བོར་དྲན་པ་ཞིག་ནི་ཆར་དུས་དེར་གསར་དུ་བླངས་བའི་རང་ཉིད་ཀྱི་ཆུང་མ་སྙིང་རྗེ་བོ་དེ་ཕྱིར་ལོག་ཅིག་ནས་བོར་བརླག་ཏུ་གྱུར་ནས་ནམ་ཡང་རང་ཁྱིམ་དྲོན་མོ་འདིར་ཕྱིར་མ་ལོག་པའི་དོན་རྐྱེན་དེ་རེད། རྗེས་སུ་ཁྱིམ་མཚེས་འགའི་ཁ་ནས་གོ་བ་ལྟར་ན་ཁོ་མོ་ཕྱིར་ལོག་པའི་ལམ་བར་དུ་འགྲུལ་འཁོར་ཆུ་ལོག་གིས་འཁུར་ནས་གར་སོང་ཆ་མེད་དུ་གྱུར་བ་རེད་ཟེར། ཡང་འགའ་རེས་ཟེར་ན་མ་རེད་ཁོ་མོ་དེ་སྔོན་དགའ་མྱོང་སའི་སྐྱེ་པ་ཞིག་དང་ལྷན་དུ་བྲོས་བྱོལ་དུ་སོང་བ་རེད་ཟེར། གང་ལྟར་དེ་ནས་བཟུང་ཁོ་མོ་ཏན་ནས་ཕྱིར་མ་ཡོང་ལ་ཁོ་ཡང་གཏན་དུ་ཁེར་རྐྱང་དུ་ལྷག་པ་རེད་ལ། འདི་ལྟར་ལམ་འགྲམ་འདིར་གཅིག་པུར་བསྡད་དེ་སུ་ཞིག་ལ་རེ་སྒུག་བྱེད་པ་ལྟར་མཆི་མས་བསྣངས་བའི་མིག་ཟུང་རྒྱང་ལ་འཕེན་པའི་གོམས་གཤིས་འདི་ཡང་དུས་དེ་ནས་བཟུང་ཁོའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་བ་མ་ཡིན་ནམ།

༦
ནམ་རྒྱུན་ལག་འཁྱེར་ཁ་པར་གྱི་དྲིལ་བརྡ་སིལ་སེ་གྲགས་ཐེངས་རེར་དང་། ཁང་མིག་ཕྱི་ནས་རྡོག་སྒྲ་ཁྲིག་སེ་གྲགས་དུས་རེར། སེམས་ཁོངས་ལ་དགའ་སྣང་དང་དངངས་སྐྲག་མང་པོ་ཞིག་མཉམ་དུ་འཆར་ཡོང་བ་ནི་སུ་ཞིག་གིས་ཀྱང་འགྲེལ་དཀའ་བའི་ཚོར་བའི་གནད་དོན་ཞིག་རེད་མོད། ཁ་པར་བརྒྱུད་ནས་སྐད་ཆ་བཤད་མཁན་དང། སྒོ་ཡོལ་ཕྱེས་ནས་འཚམས་འདྲི་བྱེད་མཁན་གྱི་སྐྱེ་བོ་དེ་དག་ནི་རང་ཉིད་ཀྱིས་ལོ་ཟླ་གང་མང་ཞིག་ལ་རེ་བས་སྒུག་བཞིན་པའི་མི་དེ་མིན་པ་ཤེས་ན་ཡོད་ཚད་ལ་ཨ་ཐང་ཆད་ནས་ཡིད་སེམས་ཀོར་མོ་འཁྱག་ལ་འབྱར་འགྲོ་བ་ནི་ཐེངས་གཅིག་གཉིས་ཤིག་ག་ལ་ཡིན་ཨང། འདི་ལྟར་བསམ་དུས་ཁོང་གཉིས་ཐོག་མར་རི་གྲོང་འདི་ནས་ངོ་ཐུག་དུས་ཀྱི་དུས་ཚོད་དེ་ཡང་ཆར་བ་སིམ་སིམ་འབབ་པའི་དུས་ཚིགས་ཤིག་དང་རླུང་བུ་ཤ་ཤུ་གཡུགས་པའི་ལོ་ཟླ་ཞིག་ཡིན་པ་དྲན་ན། ཆར་བ་ནི་ཁོའི་བརྩེ་དུང་གི་ལས་དབང་དང་འབྲེལ་ཞིང་རླུང་བུ་ནི་ཁོའི་མི་ཚེའི་སྐྱིད་སྡུག་དང་འདྲེས་ཡོད་པའི་བཅོས་མིན་གྱི་སྣང་བ་གསོན་པོ་ཞིག་ངམ་ངམ་ཤིག་ཤིག་གིས་སྐྱེ་འོང་གིན་འདུག་པས། མཚམས་རེར་ཆར་བ་འབབ་དུས་དགའ་སྣང་ཞིག་དང་ལན་རེར་ཆར་བ་འབབ་དུས་སྐྱོ་སྣང་ཞིག་ཡོང་དགོས་དོན་ཡང་ཁོ་བོར་ཁག་ཅི་ལ་ཡོད་ཨང་སྙམ།

༧
འདས་ཟིན་པའི་ལོ་ངོ་བརྒྱད་ལྷག་གི་རིང་ཁེར་རྐྱང་གི་ཁོ་རི་གྲོང་ཆུང་ཆུང་འདི་ནས་ནམ་ཡང་ཁ་བྲལ་མ་མྱོང་ལ། འགྲོ་འདོད་ཀྱི་ཡི་ག་ཞིག་ཀྱང་གཏན་ནས་སྐྱེས་མ་མྱོང། རྒྱུ་མཚན་ནི་རི་གྲོང་འདི་ནི་ཁོའི་བརྩེ་སེམས་ཀྱི་ས་བོན་ཐོག་མ་རེ་བས་བཏབས་ཤིང་དུངས་ཞེན་གྱི་འབྲས་བུ་མཐའ་མ་སྤྲོ་བས་ལེན་ས་དེ་ཡིན་ལ། མངོན་འདོད་ཀྱི་འཆར་གཞི་མང་པོ་མཛུབ་མོར་དྲངས་ནས་འབྱུང་འགྱུར་གྱི་ཁྱིམ་གཞི་དྲོན་མོ་རྨི་ལམ་དུ་རྨིས་མྱོང་ས་དེ་ཡང་མ་ཡིན་ནམ། ད་དུང་རང་ལ་མི་དབང་བའི་རི་གྲོང་འདི་ནམ་ཡང་བསྐྱུར་མི་འདོད་པ་ནི་བརྗེད་དཀའ་བའི་བརྩེ་བའི་དམ་བཅའ་འགྱུར་མེད་དེའི་དབང་གིས་ཡིན་ལ། རང་ལ་མི་བདག་པའི་རི་གྲོང་འདི་ནས་འགྲོ་མི་བསམ་པ་ཡང་བསུ་ཐབས་བྲལ་བའི་དུངས་ཞེན་གྱི་བག་ཆགས་མཐུག་པོ་དེའི་དབང་གིས་ཡིན་པས། མཚན་མོའི་ཟླ་བ་དང་སྐར་ཚོགས་ལ་ཅེར་ནས་དྲན་གདུང་གི་སྙིང་གཏམ་མང་པོ་ཞིག་མཆི་མར་བསྟིམས་ཤིང། ཉིན་མོའི་གྲིབ་གཟུགས་དང་མི་ཚོགས་ལ་བལྟས་ནས་སྙིང་གཏམ་མང་པོ་ཞིག་དངན་པར་བསྐུར་བ་བགྲང་གིས་ག་ལ་ལོངས་ཨང། གང་ལྟར་ཆར་བ་འབབ་ཐེངས་རེར་བརྗོད་དཀའ་བའི་ཁེར་རྐྱང་གི་ཚོར་བ་སྐྱུར་མོ་རེ་འཁྱག་སིབ་སིབ་ཀྱི་བྲང་གཞུང་དུ་སྒོམ་ནས་འདས་ཟིན་པའི་མཛེས་སྡུག་གི་དུས་ཚིགས་དེ་དག་ཕྱིན་དྲན་བྱེད་རྒྱུ་དང་། ཆར་ཞོལ་ཆེ་དུས་རེར་ཅི་ཞིག་ལ་སྒུག་པ་བཞིན་ལམ་འགྲམ་འདི་རུ་ཡུན་རིང་དུ་ལངས་ནས་རེ་སྨོན་གྱི་མིག་ཟུང་རྒྱང་དུ་འཕེན་པར་གོམས་པ་ནི་ཆར་བས་བྲན་པའི་ཁོའི་སེམས་ཀྱི་དགའ་ཕྱོགས་ཤིག་ཡིན་ལབ་ཀྱང་མ་ཆོག་ག་ལ་ཡོད་ཨང།

༨
ཆར་བ་ཇེ་ཆེར་གྱུར་སོང་ལ་རླུང་བ་ཡང་ཇེ་དྲག་ཏུ་གྱུར་སོང། སྨུག་ཞགས་སྲབ་མོ་རེ་བར་སྣང་ན་གང་སར་རྒྱུ་ཞིང་ལམ་སྟེང་ན་བཞུར་བའི་ཆར་ཆུའི་བཞུར་ཚད་ཀྱང་ཇེ་ཆེར་གྱུར་བས། ཤང་ཤང་དང་ཤག་ཤག་གི་སྒྲ་དབྱངས་སྙན་མོ་ཞིག་རི་གྲོང་འདིའི་མཁའ་དབྱིངས་སུ་ཁྱབས་སོང། ཆར་བ་ཇེ་ཆེར་གྱུར་བས་ཡིན་ནམ། རླུང་བ་ཇེ་དྲག་ཏུ་ལྡིང་བས་ཡིན་ནམ། གང་ལྟར་ད་ལྟ་ལམ་ཆེན་འདིའི་གཡས་གཡོན་དུ་ཁོ་མ་གཏོགས་ལམ་འགྲོ་བ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། ལོ་ངོ་ག་ཚོད་ཅིག་གི་སྔོན་ནས་གནས་འདིར་སྐྱེས་ཤིང་གནས་འདིར་འགྱིང་བ་མི་ཤེས་པའི་ཤིང་སྡོང་འདིའི་འོག་ཏུ་ལངས་བའི་ཁེར་རྐྱང་གི་ཁོས་ཆར་རླུང་གང་ལ་ཡང་ཁ་ཡ་མི་བྱེད་པར་ད་དུང་གསལ་ལ་མི་གསལ་བའི་རྒྱང་ལ་བལྟས་ནས་བསྡད་འདུག འོན་ཀྱང་རྒྱང་རིང་ནས་སུ་ཞིག་ཀྱང་མ་ཡོང་ལ། ཐག་རིང་ནས་ཅི་ཞིག་ཀྱང་མ་མངོན་མོད། ཁོ་སྔར་བཞིན་ཆར་བའི་ཁྲོད་དུ་ཀེ་རེར་ལངས་འདུག་་་་་

རྩོམ་རིག

Post navigation

Previous Post: སེམས་ཀྱི་དབུགས་ཤིག་འཕུད་པ།
Next Post: སངས་རྒྱས་འཁྲུངས་ཚེས།

Comments (5) on “ཆར་བས་བྲན་པའི་སེམས།”

  1. ཇིང་སྲས་མིག་གསུམ་པ། says:
    2013-05-10 at 3:36 am

    ངོ་མ་སྙན་མོ་བྲིས་འདུག

  2. མེ་ཏོག་དཀར་པོ says:
    2013-05-10 at 4:23 am

    ཆར་བ་ཆར་པ་ཆར་བ་ཆར་པ་དང་།།
    ཆར་པ་ཆར་བ་ཆར་པ་ཆར་བ་དང་།།

  3. ཨ་རིག་དགེ་མཐོང་། says:
    2013-05-10 at 5:41 am

    འབྲི་སྟངས་འདི་སྣང་བ་འགྲོ་སོང་།

  4. བསམ་གཏན་སྒྲོལ་མ། says:
    2013-05-10 at 1:11 pm

    ཀློག་ཟིན།     སྙན་པོ་འདུག     བརྗོད་དོན་གཅིག་ལ་ཡང་ཡང་བསྐོར་བ་འདིའི་རིགས་ཀྱིས་སྐབས་རེར་ཉོབ་སྣང་ཡང་སྟེར།
    ཡིན་ན་ཡང་དེ་རིང་དབུགས་ཐེངས་གཅིག་གིས་ཀློག་ཐུབ་སོང་། ཐུགས་རྗེ་ཆེས། རྗེས་སུ་ཡང་འདི་འདྲ་འབྲི་རོགས་གནང་ཞུ་ཡ་ཡིན།

  5. གཅན་འོད་འབར། says:
    2013-05-12 at 2:04 am

    གོང་གི་རྣམ་པ་ཚོ་ཕེབས་ནས་དགོངས་འཆར་རེ་གནང་བར་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme