“ཆར་སྡོད་བྱིའུ་ཁ་སྐོམ་ཡང་། ས་ལ་བབས་པའི་ཆུ་མི་འཐུང་།” Posted on 2010-11-242010-11-24 By ཁ་བརྡ་ 32 Comments on “ཆར་སྡོད་བྱིའུ་ཁ་སྐོམ་ཡང་། ས་ལ་བབས་པའི་ཆུ་མི་འཐུང་།” པར།
གངས་ཅན་འགྲོ་བའི་སྐྱབས་གནས། །པཎ་ཆེན་སྣང་བ་མཐའ་ཡས། ཁྱེད་ཐུགས་ཆོས་སྐུའི་དབྱིངས་ལ། །སྐྱེ་འཆི་འཕོ་འགྱུར་བྲལ་ཡང་། །ཚུལ་མཐོང་གདུལ་བྱའི་སྣང་ངོར། །གཟུགས་སྐུའི་བཀོད་པ་བསྡུས་པར། །བདག་བློའི་པད་དཀར་ཆུན་པོ། །མྱ་ངན་སད་ཀྱིས་བཅོམས་སོང་། །ཡང་སྲིད་ཟླ་གཞོན་གསར་བ། །གངས་རིའི་རྩེ་ནས་ཤར་ཀྱང་། །བར་ཆད་སྤྲིན་གྱིས་སྒྲིབས་པས། །མངོན་སུམ་མཇལ་རྒྱུ་མི་འདུག། །དགྱེས་མཛུམ་སྐུ་ཡི་བཀོད་པ། །ཟབ་གསུང་སྤྲིན་གྱི་རོལ་མོ། །བརྩེ་ཆེན་ཐུགས་ཀྱི་བྱིན་རླབས། །ཡིད་ལ་ལྷང་ལྷང་དྲན་བྱུང་། ཁྱེད་སྐུའི་སྣང་བ་བྲལ་བའི། །སྤྲེལ་རྒྱུད་འགྲོ་བའི་མུན་གླིང་། །སྐྱབས་མེད་སྡུག་ལ་འཕྱན་པའི། །ངང་ཚུལ་མཁྱེན་པ་ལགས་སམ། ཁྱེད་ལ་རྩེ་གཅིག་དུང་བའི། །ས་མཐའི་གངས་ཕྲུག་འཁྱམས་པོས། །ཉིན་མཚན་ཕྲེང་བ་བགྲང་ནས། ཁྱེད་ཉིད་མཇལ་བར་རྒུག་ཡོད། །མགྲིན་པ་དྲི་ཟའི་གླིང་བུ། །བཅོས་མའི་དབྱངས་དང་མ་འདྲིས། །མ་བཅོས་རྒྱང་འབོད་འདི་ཉིད། །སྐྱབས་མཆོག་ཁྱེད་ལ་ཞུའོ།།
བོད་ཁ་བ་གངས་ཅན་གྱི་ས་ཁུག་ལུང་ཁུག་ཚང་མར་ཞབས་ཀྱིས་བཅགས་ཞིང་བྱིན་གྱིས་རླབས་ནས། བོད་ཀྱི་ཡ་རབས་སྤྱོད་བཟང་དང་། བོད་རིགས་མུ་མཐུད་འཚོ་གནས་ཀྱི་ལམ་བུ་ཆད་མཐུད་གནང་བའི་བྱས་རྗེས་མཛད་འཕྲིན་རྣམས་ཡིད་ལ་སྒོམ་བཞིན། གསོལ་བ་འདེབས།
པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོ་མ་དེ་དེང་སང་རྒྱ་ནག་སི་ཁྲོན་ཁྲོང་ཆིན་གྱི་བཙོན་ཁང་ཞིག་གི་ནང་དུ་བཅུག་ཡོད་པ་བཤད། བཙོན་ཁང་དེ་ཅང་ཅེ་ཧྲིས་རྒྱབ་པ་རེད་ཟེར།
ང་ཡི་བླ་མ་པཎ་ཆེན་སྣང་མཐའ་ཡས། ། དམར་པོའི་བཙོན་དང་སློབ་གྲྭ་ལ་སོགས་པའི། ། འཇིག་རྟེན་མི་ཡུལ་གང་ན་བཞུགས་ཀྱང་རུང་། ། བདག་སོགས་ཞལ་མཇལ་མྱུར་དུ་ཡོང་བར་ཤོག །
ངའི་སྙིང་དབུས་ཀྱི་ཉི་མ་སེར་པོ། ཡ་ང་བའི་དུས་ཀྱི་དཀྱོག་མཚམས་དེ་ནས་ཁ་བའི་ལྗོངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕྱག་ལས་གནང་མཁན་༸པཎ་ཆེན་མཆོག་ལ་རྗེས་དྲན་ཞུ།
ཁ་བརྡའི་དྲ་བདག་རྣམ་པ་ཚོར་བཀྲིན་ཆེ་ཞུ། ཀུན་གཟིགས་༸པཎ་ཆེན་རིན་པོའི་སྐུ་པར་ས་ཆ་འདིར་ཨ་རིའི་སྒོར་མོ་ལས་ཀྱང་དཀོན་པ་འདུག བཀའ་དྲིན་ལ་བསམ་ཤེས་མེད་པ་ང་ཚོ་་་་་་་་་་་་་་་་་་་་་་་་་་་་
མགོན་པོ་སྣང་བ་མཐའ་ཡས་སྒྱུ་འཕྲུལ་གར། ། བྱམས་ལྡན་བོད་མིའི་མགོན་དུ་བྱོན་པ་གང་། ། སྔོན་བསགས་རང་ཅག་བསོད་ནམས་ཅི་ཡོད་དང་། ། རྒྱལ་བའི་ཐུགས་རྗེས་བོད་ལ་ཕེབས་པར་སྨོན། །
༧པཎ་ཆེན་བསྟན་འཛིན་དགེ་འདུན་མཁྱེན་ནོ། ། ༧པཎ་ཆེན་བསྟན་དགེ་གང་ན་སྦས་ཡོད། ། ༧པཎ་ཆེན་བསྟན་དགེ་ཐར་ཐབས་གནོངས་དང་། ། ༧པཎ་ཆེན་བསྟན་དགེས་གསེར་ཞལ་སྟོན་དང་། །
༄། གངས་རིའི་ལྗོངས་ནས་ཐོན་པའི་དཔའ་བོ། མི་རིགས་ལ་གཞན་སྙིང་བཅང་དཔའ་རྒོད་ཁྱོད། གང་ལ་བཞུར་ཡོད་བོད་མོ་བསོད་ནམས་དབེན། ལ་རྒྱ་རྐྱེན་གྱི་མི་རིགས།
པན་ཆེན་ལགས། གང་ན་བཞུགས། བླ་མ་མཁྱེན། རིན་པོ་ཆེ། གསེར་ཞལ་དེ། གང་དུ་ཕྱོགས། ། མ་མཇལ་ནས། ། ཡུན་རིང་སོང་། །
པན་ཆེན་་་ལེགས་རིན་པོ་ཆེ། ན་ནིང་དཀར་གསལ་ཟླ་བ་ཞིག། གངས་རིའི་དབུ་རྩེ་རྒྱབ་ནས་འཛུམས་ཆུང་ངོམས།། བདེ་གྲོལ་གྱི་སྙན་ངག་རེ་རེ་། འཕྲིན་ལས་གྱི་འགྱུར་ཁུག་རེ་རེ་། ད་ལོ་ནམ་མཁའི་སྐར་མདའ་བཞིན་། ཡུལ་ཕྱོགས་གང་ལ་ཕེབས་།། པན་ཆེན་་་ལེགས་རིན་པོ་ཆེ་། དྲི་མེད་ཀྱི་ཁ་ཏག་སུ་ལ་འཔུལ། སྙིང་ཁོངས་ཀྱི་གླུ་དབྱངས་སུ་ལ་ལེན་། མིག་ཆུ་ཡི་ཐིག་པ་རེ་རེ། བསམ་ཞིང་ངེའི་བསམ་ཞིང་། སེམས་ལ་་་་ལྷུང་། ནམ་ཡང་པན་ཆེན་རིན་པོ་ཆེ་གླེང་ཐེངས་རེར་། གླུ་ཚིག་འདི་རང་བཞིན་གྱི་སེམས་ལ་འཆར་གྱིན་འདུག་། ད་དུང་རྡུང་ལེན་པ་གྲགས་ཆེན་རྡུ་བྷེ་ཡིས་དྲུག་འགྱུར་གྱིས་ངག་ལ་གྱེར་ན་། དེ་བས་ཀྱང་གསོན་ཉམས་ལྡན་ཡ་
འགྲོ་བའི་མགོན་པོ་སྣང་མཐའི་ཟློས་གར། ཡང་སྤྲུལ་འཁྲུལ་མེད་ཆོས་ཀྱི་ཉི་མ། ནག་ཕྱོགས་ཀླ་ཀློའི་སྤྲིན་ལས་གྲོལ་དེ། གངས་ཅན་མགོན་དུ་མྱུར་ཕེབས་སྨོན་ནོ།
༈ པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་ངོས་འཛིན་མ་གནང་གོང་ནས་ཚུར་རྒྱ་གར་དུ་གདན་མ་དྲངས་པར། རྒྱའི་མིག་སྔར་སྟོན་ཏེ་ཁྲི་འདོན་མཛད་དགོས་པའི་རྒྱུ་མཚན་ཅི་ཡིན་ན་? བཙན་བྱོལ་བོད་གཞུང་ལ་ལན་འདྲ་གང་ཨེ་ཡོད་? ༈ པཎ་ཆེན་རྒྱ་ཡི་ལག་ཏུ་བཙུད་དོན་ཅི། །ཡང་སྲིད་རྒྱ་གར་ཡུལ་དུ་མ་དྲོངས་ཅི། །ངོས་འཛིན་བསང་རྒྱ་མ་བྱས་རྒྱུ་མཚན་ཅི། །དེ་འདྲ་བསམ་ཚེ་དྭོགས་པ་གཞུང་ལ་འཆར།
འདི་ལྟར་གོང་དུ་མཇལ་ཟིན་པའི་སྐུ་པར་དེ་དག་གིས་བོད་མི་རིགས་ཀྱི་བླ་སྲོག་དང་། བློ་སྟོབས་དང་ལ་རྒྱ་ཅན་གྱི་མགོན་པོ། བོད་ཁ་བ་ཅན་ལ་ཆེས་མེད་དུ་མི་རུང་བའི་ཡ་ཐོད་ཀྱི་མིག་ཟུང་གི་ཡ་གྱལ་དམ་པ། ནམ་ཡང་བོད་མི་རིགས་ཀྱི་བདེ་སྡུག་ལ་མགོན་དཔུང་མཛད་དེ་རྒྱ་ནག་དམར་བོའི་སྲིད་གཞུང་ལ་ནམ་ཡང་མགོ་བོ་སྒུར་མ་མྱོང་བའི་བོད་པའི་བདག་པོ་ངོ་མ་ཞིག་ཏེ་༸གོང་ས་སྐྱབས་མགོན་མཆོག་གི་ཕྱག་གཡས་པ་ལྟ་བུའི་རླབས་ཆེན་གྱི་བླ་མ་ཞིག་དང་མི་སྣ་ཞིག་དྲན་གསོ་བཏང་སོང་ལ་དྲན་དགོས་པ་ཞིག་ཀྱང་ཡིན། འདི་ལྟར་ང་ཚོས་དྲན་གསོ་གཏང་དགོས་པ་དེ་ཡིན་ལ་སློབ་སྦྱོང་བྱེད་དགོས་པའང་དེ་ཡིན། པཎ་ཆེན་རིན་པོ་ཆེ་མཆོག་གིས་ ༼ཁྱེད་ཚོས་བོད་སྐད་བཤད་པར་ངོ་ཚ་ན། མ་བཤད་ན་ཆོག་ལ། བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོས་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན། ཅེས་གསུངས་པ་དེ་མིག་ལམ་དུ་གསལ་ལེར་འཆར་བ་དང་བྲིས་པ་ཡིན།
༧པཎ་ཆེན་གྱི་སྐུ་པར་དང་གསུང་རྩོམ་ཇི་ཙམ་མཇལ་བ་ཙམ་གྱིས་ང་ཡི་བོད་ལ་དུང་ཞེན་ཆེ་རུ་དང་ལར་ཞེན་ཆེ་རུ་འགྲོ་གིན། ཁོང་ལྟ་བུ་མི་རིགས་ཀྱི་ལར་ཞེན་ཅན་ཞིག་ང་ཚོ་བོད་པ་ཚང་ལ་བྱུང་བ་དེ་བསོད་ནམས་ཀྱི་བགོ་སྐལ་ཡིན། ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་ཁོང་ཞིང་ལ་གཤེགས་ཚར་སོང། ད་ནི་བོད་ནང་གི་བོད་མི་རྣམས་ཀྱིས་རེ་ལྟོས་བཅའ་ས་མེད་པར་གྱུར་སོང། ད་ལྟ་བོད་མིའི་ཏང་ཡུན་ལས་བྱེད་རྣམས་ཀྱིས་ཁྱི་དང་འདྲ་བ་ཤ་སྟག་རེད་འདུག བོད་མི་རིགས་ལ་ཤ་ཞེན་མེད་པ་མ་ཟད། རང་མི་རིགས་ཀྱི་བདེ་སྡུག་ལ་ཡེ་ནས་མི་ལྟ་བར་རང་གི་གྲོད་ཁོག་རྒྱང་ཐབས་ཁོ་ནར་བསམས་བཞིན་འདུག བོད་མི་རིགས་ཀྱི་རིག་གཞུང་ལ་ལར་ཞེན་ཅན་གྱི་དཔོན་པོ་༧པཎ་ཆེན་དང་ང་ཕོད་གཉིས་ལྟ་བུ་སླར་ཡང་ཡོང་བའི་སྨོན་འདུན་ཡོད། སྤྱིར་ང་ཚོ་བོད་མི་རིགས་ནང་ཁུལ་ལ་ཁོང་གཉིས་ལ་སྐྱོན་བརྗོས་བྱེད་མཁན་ཡོང་གིན་ཡོད། ཡིན་ན་ཡང་ཞིབས་ཚགས་པོ་དང་གནས་ཚུལ་རྒྱུས་ཡོད་མཁན་རྣམས་ཀྱིས་དེ་ལྟར་གནང་གིན་མེད།
བོད་མི་རིགས་ཀྱི་རིག་གཞུང་ལ་ལར་ཞེན་ཅན་གྱི་དཔོན་པོ་་་་་་་་་ང་ཕོད་???????? བོད་དེ་རྒྱ་དམར་ལ་རྩིས་སྤྲད་ རང་གི་བྲོག་ཁོག་དོན་དུ་མི་ཚེ་རྒྱ་ཡི་ཀུབ་ཆིས་བྱས་ སྤོར་ཏོ་སྡུག་ཤི་རྒྱག་རེན་ཁར་ཡང་ ༧རྒྱལ་བ་རིན་པོ་ཆེ་དང་ བོད་མི་རིགས་ བོད་རྒྱལ་ཁབ་ཀྱི་དོན་དུ་བདེན་པའི་ལོ་རྒྱུས་ཚིག་རྐང་གཅིག་བཤོད་མ་ཐུབ་པ་དང་ ལོ་ངོ་ལྔ་བཅུ་ལྷག་དམྱལ་བ་མི་ཡུལ་དུ་མྱོང་བ་མཐོང་བཞིན་པའི་བོད་མི་རིགས་ས་ཡ་དྲུག་གི་སྡུག་བསྔལ་གསེལ་བར་ཕན་པའི་ཁ་ཆེམས་ཡིག་རྐང་གཅིག་ཀྱང་འཇོག་མ་ཐུབ་པའི་རྒྱལ་ཚོང་པ་གླང་དར་མའི་སྤྲུལ་པ་དེ་འདྲ་བ་གངས་ཅན་བོད་ལ་བསྐལ་བ་བྱེ་བ་ནས་བྱེ་བའི་བར་མི་ཡོང་བའི་སྨོན་ལམ་འདེབས་ལེ་ཡིན་།
བོད་པའི་བླ་ཆེན་ཁྲི་སྟོང་མང་པོའི་ཁྲོད།། གཞིས་ལུས་བོད་མིའི་བདེ་སྡུག་རང་སྟེང་དུ།། ལེན་མཁན་སྐྱེས་མཆོག་པན་ཆེན་ཁྱེད་ཉིད་ཡིན།། དེ་ལྟར་བསམས་ན་སྐུ་ཉིད་ཡང་ཡང་དྲན།།
ང་ཕོད་ལགས་ཀྱི་གནས་ཚུལ་རྒྱུས་ལོན་ཡག་པོ་ཤིག་མེད་ན་དེ་ལྟ་བུ་གོ་ནོར་ཐེབས་ཀྱིན་ཡོད། ཁོ་བོས་བལྟས་ན་ང་ཕོད་ཀྱིས་བོད་མི་རིགས་ལ་ཕན་པའི་ལས་དོན་སྣ་མང་འགྲུབ་ཡོད་ཀྱང་བོད་མི་རིགས་ཀྱིས་ཤེས་ཀྱིན་མེད། ཕྱོགས་གཅིག་ནས་ཁོང་གིས་གང་བྱས་དེ་བོད་མི་རིགས་ཀྱིས་དྲང་བདེན་ཐོག་གསལ་བཤད་བྱེད་ཀྱིན་མེད་པ་དེ་རེད། སྲིད་བློན་ང་ཕོད་ཀྱིས་གནས་སྟངས་ཐབས་སྡུག་པོའི་སྐབས་སུ་ཕྱག་ལས་འདི་འདྲ་གནང་བ་ནི་དུས་དང་མཚམས་པ་ཞིག་ཡིན་གྱི་ རྒྱལ་འཚོང་པའི་ཞགས་པ་གཡོག་ན་ཨེ་འགྲིག་སྙམ།
༈ པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་ངོས་འཛིན་མ་གནང་གོང་ནས་ཚུར་རྒྱ་གར་དུ་གདན་མ་ དྲངས་པར། རྒྱའི་མིག་སྔར་སྟོན་ཏེ་ཁྲི་འདོན་མཛད་དགོས་པའི་རྒྱུ་མཚན་ཅི་ཡིན་ན་? བཙན་བྱོལ་བོད་གཞུང་ལ་ལན་འདྲ་གང་ཨེ་ཡོད་? ༈ པཎ་ཆེན་རྒྱ་ཡི་ལག་ཏུ་བཙུད་དོན་ཅི། །ཡང་སྲིད་རྒྱ་གར་ཡུལ་དུ་མ་དྲོངས་ཅི། །ངོས་འཛིན་བསང་རྒྱ་མ་བྱས་རྒྱུ་མཚན་ཅི། །དེ་འདྲ་བསམ་ཚེ་དྭོགས་པ་གཞུང་ལ་འཆར།
ཡུལ་ཕྱོགས་གཞན་ཞིག་བྲོས་ནས་མ་སོང་། །རྒྱ་ནག་དམར་བོའི་ལམ་ལ་མ་བཞུགས། །གཅེས་སྲོག་དེ་ཡང་མི་རིགས་འདིས་ཆེད། ། ཕུལ་བའི་གངས་ཅན་དཔའ་བོ་ཁྱེད་དྲན། །
རྒྱལ་དབང་ཀརྨ་པའི་ཡང་སྲིད་ངོས་འཛིན་གནང་སྟངས་ལ་བསམས་ན། འབྲོང་བུ་ལགས་ཀྱིས་རེ་དྭོགས་གསར་པ་དེ་ཡི་དྭོགས་གནད་སེལ་ཐུབ་ངེས་རེད། དྭོགས་པ་གནང་ས་ནོར་བ་མིན་ནམ།
བོད་མི་རིགས་ཀྱི་རིག་གཞུང་ལ་ལར་ཞེན་ཅན་གྱི་དཔོན་པོ་དང དཔའ་བོ་ དཔའ་མོ་ * པཎ་ཆེན་རིན་པོ་ * རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ * འབའ་པ་ཕུན་ཚོགས་དབང་རྒྱལ་ * ཨརྲགྱ་རིན་པོ་ཆེ་ * སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ * རུང་རྒྱལ་ཨ་དྲག་ * སྐུ་ཤོག་དཔལ་ལྡན་རྒྱ་མཚོ་དང་ ཨ་ནི་དཔའ་ཆེན་ ཨ་མ་ཨ་རྡི་ སྟག་སྣ་འཇིགས་མེད་བཟང་པོ་བཅས་ཀྱི་གཙོས་པའི་ཆབ་སྲིད་བཙོན་ཟུར་གྲངས་ལས་འདས་པ་རྣམས་པ་ * བོད་རྒྱལ་ཁབ་དང་ མི་རིགས་ རང་གི་རིག་གཞུང་གཅེས་འཛིན་དར་སྤེལ་ཆེད་དུ་གཅེས་པའི་སྲོག་ཀྱང་བློས་བཏང་སྟེ་བཙོན་ཁང་ནང་མནར་བཅོས་མྱོང་བཞིན་པའི་བརྩོམས་བྲི་བ་དང་ རྒྱུ་རྩལ་བ་སོགས་གྲངས་ལས་འདས་པ་རྣམས་ * བོད་རྒྱལ་ཁབ་དང་མི་རིགས་ ༧རྒྱལ་བ་རིན་པོ་ཆེར་བློ་རྩེ་གཅིག་སྟོད་ཀྱི་བོད་དུ་གདན་ཞུ་དགོས་འབོད་བསྒྲགས་ཁན་ ༢༠༠༨་ལོའི་དོན་རྐྱེན་གྱི་ནང་བཞུགས་པ་ཁོང་ཚོ་བོད་མི་རིགས་ཀྱི་ལར་ཞེན་ཅན་ཡིན་ལེ་རེད་།
༈ ཤེས་ལྡན་དྲྭ་གྲོགས་ཀརྡོ་རབ་འབྱམས་ལགས་སུ། ཁྱེད་ཀྱིས་༧རྒྱལ་བ་ཀརྨ་པའི་ཡང་མཆོག་སྤྲུལ་དང་། ༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རྣམ་གཉིས་དབར་ཕྱོགས་མཚུངས་ཀྱི་དྭོགས་པ་སེལ་ཐབས་ཤིག་གི་བཀའ་ལན་སྟབས་བདེ་ཞིག་གནང་འདུག་པས། གལ་ཏེ་ཁྱེད་ཀྱི་དེ་ལས་རྒྱས་ཙམ་མཁྱེན་ཀྱི་ཡོད་ན་འགྲེལ་བཤད་མང་ཙམ་སྐྱོན་རོགས་གནང་དེ་ལའང་ཤེས་འདོད་ཆོས་ཅན་ཞིག་འདུག བཀའ་དྲིན་ཆེ།
ཡ་དྲ་གྲོགས་ཚོ་ད་ང་ཚོས་བཀའ་དྲིན་ཆེ་རབས་དང་དྲིན་ཆེ་རབས་ཁ་ཙམ་ནས་གླེང་སྡད་པ་ལས་རང་སྟང་ནས་བོད་དོན་ལ་འགན་རེ་ཁུར་དགོས་བ་མ་ཡིན་ནམ།
མཁྱེན་ཡངས་བྲོང་བུ་ལགས། ང་ལ་འདི་ལྷག་ཞུ་རྒྱུ་མེད། ངས་ག་ཚོད་མང་བ་བཤད་པ་དེ་ཚོད་ཀྱིས་ནོར་ཐལ་མང་བ་ཡོང་ངེས་ལ་འཇིགས་ནས་ཞུ་ནུས་བྲལ་སོང་། དགོངས་དག འདི་རིང་འདི་ཙམ་མོ། །
༈ དང་པོ་ཡིན་འདོག་ཁ་པོ། །པད་ཁང་སེར་པོའི་མེ་ཏོག །གཉིས་པ་ལག་ཏུ་ལེན་དུས། །སྦར་རུ་གང་ཡང་མི་འདུག། ཧ་ཧ། ད་ཡིན་ན་འཇོག་རོགས་གནང་། བཀྲ་ཤིས་བདེ་ལེགས།
སོག་ཚ་ཁྱོད་མཁྱེན་ལྡན་ཞིག་ཡིན་ན། རྟག་ཆད་ཀྱི་མཐའ་གང་རུང་ལ་མ་ལྷུང་བར་གྱིས། གཞན་ཁྱེད་སུ་ཡིན་མིན་ངས་མི་ཤེས་པས་ཡ་ལན་མི་སྤྲོད་ཐག་གཅོད་ཡིན། བཀྲ་ཤིས་བདེ་ལེགས། །
པན་ཆེན་རིན་པོ་ཆེས་བོད་ཆོལ་གསུམ་མགོ་ནག་བོད་པ་ཡོངས་ལ་བཀའ་དྲིན་ཆེན་པོ་བསྐྱངས་འདུག ཐུགས་རྗེ་ཆེ། ང་རང་སྔོན་མ་གཙང་པན་ཆེན་ཞེས་པན་ཆེན་རིན་པོ་ཆེ་ལ་དོ་སྣང་འདི་ཙམ་མེད་ལ་དད་པ་ཡང་མེད། ཡིན་ནའང་ཕྱིས་སུ་ཕ་ཡུལ་ནས་མི་འོང་རིམ་བཞིན་པན་ཆེན་རིན་པོ་ཆེས་འདི་མཛད། པན་ཆེན་རིན་པོ་ཆེས་འདི་གནང་ཟེར་བ་སོགས་མང་པོ་ཐོས་དུས་སེམས་ནང་ལ་བླ་མ་འདི་ཕལ་པ་ཞིག་མ་རེད་སྙམས་ནས། ཁོང་གི་སྐོར་ལ་དོ་སྣང་ཇེ་ཆེར་སླེབས་སོང་། རྗེས་སུ། ཕ་རྒན་དྲིན་ཅན་ཕ་ཡུལ་ལ་སྐུ་གཤེགས་དུས། པན་ཆེན་རིན་པོ་ཆེས་བཀའ་གནང་ནས་བཞེངས་པ་རེད་ཟེར་བའི་ཐང་ག་ཤོག་གུའི་སྟེང་པར་བ་ཞིག་འདུག་པ་དེ་ང་ལ་བསྐུར་འདུག འདི་ངའི་ཕ་རྒན་གྱི་འཁྲུངས་རྟགས་རེད། སྤུན་ཚོས་བཤད་ན་འབྲོག་པ་ཚོ་ལ་ཐང་ག་བཞེངས་པའི་ཆ་རྐྱེན་མེད་པ་དང་། ཁྲོམ་ལ་ཡོད་པའི་ཐང་ག་དེ་ཚོ་ཚད་ལྡན་མིན་པའི་ཐོག་རིན་གོང་ཡང་ཆེན་པོ་རེད་འདུག པན་ཆེན་རིན་པོ་ཆེས་བོད་ཀྱི་ཞིང་འབྲོག་ཚོ་ལ་དམིགས་ནས་ཐང་ག་ཚད་ལྡན་མང་པོ་པར་བཀོད་ནས་གོང་ཆུང་ཆུང་ཐོག་མང་ཚོགས་ལ་ཚོང་སྒྱུར་བྱེད་ཐུབ་པ་བྱུང་ཡོད་ཅེས་གོ་སྐབས། ཕ་དྲན་པའི་སྔུག་བསྔལ། པན་ཆེན་རིན་པོ་ཆེའི་བཀའ་འདྲིན་མཉམ་དུ་འཚོར་ནས་ཆུ་ཚོད་ཁ་ཤས་ངུས་པ་ཡིན། ང་ཚོའི་ཕ་ཡུལ་ལ་དགོན་པ་དང་བླ་མ་སྤུལ་སྐུ་མང་པོ་ཡོད་རུང་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་བདེ་སྡུག་ལ་དོ་སྣང་བྱེད་མཁན་བླ་མ་མིན་འདུག ལྷག་པར་དུ་ཆོས་ལུགས་འཐེན་ཁྱེར་གྱིས་བླུས་ནས་པན་ཆེན་རིན་པོ་ཆེ་དགེ་ལུགས་པའི་བླ་མ་ཞིག་ལས་གཞན་དོ་སྣང་མེད། དོན་དངོས་བླ་མ་འདི་བོད་མི་དམངས་ལ་བཀའ་དྲིན་ཆེན་པོ་རེད་འདུག སྐྱབས་སུ་མཆིའོ།
གངས་ཅན་འགྲོ་བའི་སྐྱབས་གནས། །པཎ་ཆེན་སྣང་བ་མཐའ་ཡས། ཁྱེད་ཐུགས་ཆོས་སྐུའི་དབྱིངས་ལ། །སྐྱེ་འཆི་འཕོ་འགྱུར་བྲལ་ཡང་། །ཚུལ་མཐོང་གདུལ་བྱའི་སྣང་ངོར། །གཟུགས་སྐུའི་བཀོད་པ་བསྡུས་པར། །བདག་བློའི་པད་དཀར་ཆུན་པོ། །མྱ་ངན་སད་ཀྱིས་བཅོམས་སོང་། །ཡང་སྲིད་ཟླ་གཞོན་གསར་བ། །གངས་རིའི་རྩེ་ནས་ཤར་ཀྱང་། །བར་ཆད་སྤྲིན་གྱིས་སྒྲིབས་པས། །མངོན་སུམ་མཇལ་རྒྱུ་མི་འདུག། །དགྱེས་མཛུམ་སྐུ་ཡི་བཀོད་པ། །ཟབ་གསུང་སྤྲིན་གྱི་རོལ་མོ། །བརྩེ་ཆེན་ཐུགས་ཀྱི་བྱིན་རླབས། །ཡིད་ལ་ལྷང་ལྷང་དྲན་བྱུང་། ཁྱེད་སྐུའི་སྣང་བ་བྲལ་བའི། །སྤྲེལ་རྒྱུད་འགྲོ་བའི་མུན་གླིང་། །སྐྱབས་མེད་སྡུག་ལ་འཕྱན་པའི། །ངང་ཚུལ་མཁྱེན་པ་ལགས་སམ། ཁྱེད་ལ་རྩེ་གཅིག་དུང་བའི། །ས་མཐའི་གངས་ཕྲུག་འཁྱམས་པོས། །ཉིན་མཚན་ཕྲེང་བ་བགྲང་ནས། ཁྱེད་ཉིད་མཇལ་བར་རྒུག་ཡོད། །མགྲིན་པ་དྲི་ཟའི་གླིང་བུ། །བཅོས་མའི་དབྱངས་དང་མ་འདྲིས། །མ་བཅོས་རྒྱང་འབོད་འདི་ཉིད། །སྐྱབས་མཆོག་ཁྱེད་ལ་ཞུའོ།།
xxxxxx
བོད་ཁ་བ་གངས་ཅན་གྱི་ས་ཁུག་ལུང་ཁུག་ཚང་མར་ཞབས་ཀྱིས་བཅགས་ཞིང་བྱིན་གྱིས་རླབས་ནས། བོད་ཀྱི་ཡ་རབས་སྤྱོད་བཟང་དང་། བོད་རིགས་མུ་མཐུད་འཚོ་གནས་ཀྱི་ལམ་བུ་ཆད་མཐུད་གནང་བའི་བྱས་རྗེས་མཛད་འཕྲིན་རྣམས་ཡིད་ལ་སྒོམ་བཞིན། གསོལ་བ་འདེབས།
པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོ་མ་དེ་དེང་སང་རྒྱ་ནག་སི་ཁྲོན་ཁྲོང་ཆིན་གྱི་བཙོན་ཁང་ཞིག་གི་ནང་དུ་བཅུག་ཡོད་པ་བཤད། བཙོན་ཁང་དེ་ཅང་ཅེ་ཧྲིས་རྒྱབ་པ་རེད་ཟེར།
ང་ཡི་བླ་མ་པཎ་ཆེན་སྣང་མཐའ་ཡས། །
དམར་པོའི་བཙོན་དང་སློབ་གྲྭ་ལ་སོགས་པའི། །
འཇིག་རྟེན་མི་ཡུལ་གང་ན་བཞུགས་ཀྱང་རུང་། །
བདག་སོགས་ཞལ་མཇལ་མྱུར་དུ་ཡོང་བར་ཤོག །
ངའི་སྙིང་དབུས་ཀྱི་ཉི་མ་སེར་པོ།
ཡ་ང་བའི་དུས་ཀྱི་དཀྱོག་མཚམས་དེ་ནས་ཁ་བའི་ལྗོངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕྱག་ལས་གནང་མཁན་༸པཎ་ཆེན་མཆོག་ལ་རྗེས་དྲན་ཞུ།
ཁ་བརྡའི་དྲ་བདག་རྣམ་པ་ཚོར་བཀྲིན་ཆེ་ཞུ།
ཀུན་གཟིགས་༸པཎ་ཆེན་རིན་པོའི་སྐུ་པར་ས་ཆ་འདིར་ཨ་རིའི་སྒོར་མོ་ལས་ཀྱང་དཀོན་པ་འདུག
བཀའ་དྲིན་ལ་བསམ་ཤེས་མེད་པ་ང་ཚོ་་་་་་་་་་་་་་་་་་་་་་་་་་་་
མགོན་པོ་སྣང་བ་མཐའ་ཡས་སྒྱུ་འཕྲུལ་གར། །
བྱམས་ལྡན་བོད་མིའི་མགོན་དུ་བྱོན་པ་གང་། །
སྔོན་བསགས་རང་ཅག་བསོད་ནམས་ཅི་ཡོད་དང་། །
རྒྱལ་བའི་ཐུགས་རྗེས་བོད་ལ་ཕེབས་པར་སྨོན། །
༧པཎ་ཆེན་བསྟན་འཛིན་དགེ་འདུན་མཁྱེན་ནོ། །
༧པཎ་ཆེན་བསྟན་དགེ་གང་ན་སྦས་ཡོད། །
༧པཎ་ཆེན་བསྟན་དགེ་ཐར་ཐབས་གནོངས་དང་། །
༧པཎ་ཆེན་བསྟན་དགེས་གསེར་ཞལ་སྟོན་དང་། །
༄། གངས་རིའི་ལྗོངས་ནས་ཐོན་པའི་དཔའ་བོ།
མི་རིགས་ལ་གཞན་སྙིང་བཅང་དཔའ་རྒོད་ཁྱོད།
གང་ལ་བཞུར་ཡོད་བོད་མོ་བསོད་ནམས་དབེན།
ལ་རྒྱ་རྐྱེན་གྱི་མི་རིགས།
པན་ཆེན་ལགས།
གང་ན་བཞུགས།
བླ་མ་མཁྱེན།
རིན་པོ་ཆེ།
གསེར་ཞལ་དེ།
གང་དུ་ཕྱོགས། །
མ་མཇལ་ནས། །
ཡུན་རིང་སོང་། །
པན་ཆེན་་་ལེགས་རིན་པོ་ཆེ། ན་ནིང་དཀར་གསལ་ཟླ་བ་ཞིག། གངས་རིའི་དབུ་རྩེ་རྒྱབ་ནས་འཛུམས་ཆུང་ངོམས།། བདེ་གྲོལ་གྱི་སྙན་ངག་རེ་རེ་། འཕྲིན་ལས་གྱི་འགྱུར་ཁུག་རེ་རེ་། ད་ལོ་ནམ་མཁའི་སྐར་མདའ་བཞིན་། ཡུལ་ཕྱོགས་གང་ལ་ཕེབས་།། པན་ཆེན་་་ལེགས་རིན་པོ་ཆེ་། དྲི་མེད་ཀྱི་ཁ་ཏག་སུ་ལ་འཔུལ། སྙིང་ཁོངས་ཀྱི་གླུ་དབྱངས་སུ་ལ་ལེན་། མིག་ཆུ་ཡི་ཐིག་པ་རེ་རེ། བསམ་ཞིང་ངེའི་བསམ་ཞིང་། སེམས་ལ་་་་ལྷུང་། ནམ་ཡང་པན་ཆེན་རིན་པོ་ཆེ་གླེང་ཐེངས་རེར་། གླུ་ཚིག་འདི་རང་བཞིན་གྱི་སེམས་ལ་འཆར་གྱིན་འདུག་། ད་དུང་རྡུང་ལེན་པ་གྲགས་ཆེན་རྡུ་བྷེ་ཡིས་དྲུག་འགྱུར་གྱིས་ངག་ལ་གྱེར་ན་། དེ་བས་ཀྱང་གསོན་ཉམས་ལྡན་ཡ་
འགྲོ་བའི་མགོན་པོ་སྣང་མཐའི་ཟློས་གར།
ཡང་སྤྲུལ་འཁྲུལ་མེད་ཆོས་ཀྱི་ཉི་མ།
ནག་ཕྱོགས་ཀླ་ཀློའི་སྤྲིན་ལས་གྲོལ་དེ།
གངས་ཅན་མགོན་དུ་མྱུར་ཕེབས་སྨོན་ནོ།
༈ པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་ངོས་འཛིན་མ་གནང་གོང་ནས་ཚུར་རྒྱ་གར་དུ་གདན་མ་དྲངས་པར། རྒྱའི་མིག་སྔར་སྟོན་ཏེ་ཁྲི་འདོན་མཛད་དགོས་པའི་རྒྱུ་མཚན་ཅི་ཡིན་ན་? བཙན་བྱོལ་བོད་གཞུང་ལ་ལན་འདྲ་གང་ཨེ་ཡོད་?
༈ པཎ་ཆེན་རྒྱ་ཡི་ལག་ཏུ་བཙུད་དོན་ཅི། །ཡང་སྲིད་རྒྱ་གར་ཡུལ་དུ་མ་དྲོངས་ཅི། །ངོས་འཛིན་བསང་རྒྱ་མ་བྱས་རྒྱུ་མཚན་ཅི།
།དེ་འདྲ་བསམ་ཚེ་དྭོགས་པ་གཞུང་ལ་འཆར།
འདི་ལྟར་གོང་དུ་མཇལ་ཟིན་པའི་སྐུ་པར་དེ་དག་གིས་བོད་མི་རིགས་ཀྱི་བླ་སྲོག་དང་། བློ་སྟོབས་དང་ལ་རྒྱ་ཅན་གྱི་མགོན་པོ། བོད་ཁ་བ་ཅན་ལ་ཆེས་མེད་དུ་མི་རུང་བའི་ཡ་ཐོད་ཀྱི་མིག་ཟུང་གི་ཡ་གྱལ་དམ་པ། ནམ་ཡང་བོད་མི་རིགས་ཀྱི་བདེ་སྡུག་ལ་མགོན་དཔུང་མཛད་དེ་རྒྱ་ནག་དམར་བོའི་སྲིད་གཞུང་ལ་ནམ་ཡང་མགོ་བོ་སྒུར་མ་མྱོང་བའི་བོད་པའི་བདག་པོ་ངོ་མ་ཞིག་ཏེ་༸གོང་ས་སྐྱབས་མགོན་མཆོག་གི་ཕྱག་གཡས་པ་ལྟ་བུའི་རླབས་ཆེན་གྱི་བླ་མ་ཞིག་དང་མི་སྣ་ཞིག་དྲན་གསོ་བཏང་སོང་ལ་དྲན་དགོས་པ་ཞིག་ཀྱང་ཡིན། འདི་ལྟར་ང་ཚོས་དྲན་གསོ་གཏང་དགོས་པ་དེ་ཡིན་ལ་སློབ་སྦྱོང་བྱེད་དགོས་པའང་དེ་ཡིན།
པཎ་ཆེན་རིན་པོ་ཆེ་མཆོག་གིས་ ༼ཁྱེད་ཚོས་བོད་སྐད་བཤད་པར་ངོ་ཚ་ན། མ་བཤད་ན་ཆོག་ལ། བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོས་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན། ཅེས་གསུངས་པ་དེ་མིག་ལམ་དུ་གསལ་ལེར་འཆར་བ་དང་བྲིས་པ་ཡིན།
༧པཎ་ཆེན་གྱི་སྐུ་པར་དང་གསུང་རྩོམ་ཇི་ཙམ་མཇལ་བ་ཙམ་གྱིས་ང་ཡི་བོད་ལ་དུང་ཞེན་ཆེ་རུ་དང་ལར་ཞེན་ཆེ་རུ་འགྲོ་གིན། ཁོང་ལྟ་བུ་མི་རིགས་ཀྱི་ལར་ཞེན་ཅན་ཞིག་ང་ཚོ་བོད་པ་ཚང་ལ་བྱུང་བ་དེ་བསོད་ནམས་ཀྱི་བགོ་སྐལ་ཡིན། ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་ཁོང་ཞིང་ལ་གཤེགས་ཚར་སོང། ད་ནི་བོད་ནང་གི་བོད་མི་རྣམས་ཀྱིས་རེ་ལྟོས་བཅའ་ས་མེད་པར་གྱུར་སོང། ད་ལྟ་བོད་མིའི་ཏང་ཡུན་ལས་བྱེད་རྣམས་ཀྱིས་ཁྱི་དང་འདྲ་བ་ཤ་སྟག་རེད་འདུག བོད་མི་རིགས་ལ་ཤ་ཞེན་མེད་པ་མ་ཟད། རང་མི་རིགས་ཀྱི་བདེ་སྡུག་ལ་ཡེ་ནས་མི་ལྟ་བར་རང་གི་གྲོད་ཁོག་རྒྱང་ཐབས་ཁོ་ནར་བསམས་བཞིན་འདུག བོད་མི་རིགས་ཀྱི་རིག་གཞུང་ལ་ལར་ཞེན་ཅན་གྱི་དཔོན་པོ་༧པཎ་ཆེན་དང་ང་ཕོད་གཉིས་ལྟ་བུ་སླར་ཡང་ཡོང་བའི་སྨོན་འདུན་ཡོད། སྤྱིར་ང་ཚོ་བོད་མི་རིགས་ནང་ཁུལ་ལ་ཁོང་གཉིས་ལ་སྐྱོན་བརྗོས་བྱེད་མཁན་ཡོང་གིན་ཡོད། ཡིན་ན་ཡང་ཞིབས་ཚགས་པོ་དང་གནས་ཚུལ་རྒྱུས་ཡོད་མཁན་རྣམས་ཀྱིས་དེ་ལྟར་གནང་གིན་མེད།
བོད་མི་རིགས་ཀྱི་རིག་གཞུང་ལ་ལར་ཞེན་ཅན་གྱི་དཔོན་པོ་་་་་་་་་ང་ཕོད་????????
བོད་དེ་རྒྱ་དམར་ལ་རྩིས་སྤྲད་ རང་གི་བྲོག་ཁོག་དོན་དུ་མི་ཚེ་རྒྱ་ཡི་ཀུབ་ཆིས་བྱས་ སྤོར་ཏོ་སྡུག་ཤི་རྒྱག་རེན་ཁར་ཡང་ ༧རྒྱལ་བ་རིན་པོ་ཆེ་དང་ བོད་མི་རིགས་ བོད་རྒྱལ་ཁབ་ཀྱི་དོན་དུ་བདེན་པའི་ལོ་རྒྱུས་ཚིག་རྐང་གཅིག་བཤོད་མ་ཐུབ་པ་དང་ ལོ་ངོ་ལྔ་བཅུ་ལྷག་དམྱལ་བ་མི་ཡུལ་དུ་མྱོང་བ་མཐོང་བཞིན་པའི་བོད་མི་རིགས་ས་ཡ་དྲུག་གི་སྡུག་བསྔལ་གསེལ་བར་ཕན་པའི་ཁ་ཆེམས་ཡིག་རྐང་གཅིག་ཀྱང་འཇོག་མ་ཐུབ་པའི་རྒྱལ་ཚོང་པ་གླང་དར་མའི་སྤྲུལ་པ་དེ་འདྲ་བ་གངས་ཅན་བོད་ལ་བསྐལ་བ་བྱེ་བ་ནས་བྱེ་བའི་བར་མི་ཡོང་བའི་སྨོན་ལམ་འདེབས་ལེ་ཡིན་།
བོད་པའི་བླ་ཆེན་ཁྲི་སྟོང་མང་པོའི་ཁྲོད།།
གཞིས་ལུས་བོད་མིའི་བདེ་སྡུག་རང་སྟེང་དུ།།
ལེན་མཁན་སྐྱེས་མཆོག་པན་ཆེན་ཁྱེད་ཉིད་ཡིན།།
དེ་ལྟར་བསམས་ན་སྐུ་ཉིད་ཡང་ཡང་དྲན།།
ང་ཕོད་ལགས་ཀྱི་གནས་ཚུལ་རྒྱུས་ལོན་ཡག་པོ་ཤིག་མེད་ན་དེ་ལྟ་བུ་གོ་ནོར་ཐེབས་ཀྱིན་ཡོད། ཁོ་བོས་བལྟས་ན་ང་ཕོད་ཀྱིས་བོད་མི་རིགས་ལ་ཕན་པའི་ལས་དོན་སྣ་མང་འགྲུབ་ཡོད་ཀྱང་བོད་མི་རིགས་ཀྱིས་ཤེས་ཀྱིན་མེད། ཕྱོགས་གཅིག་ནས་ཁོང་གིས་གང་བྱས་དེ་བོད་མི་རིགས་ཀྱིས་དྲང་བདེན་ཐོག་གསལ་བཤད་བྱེད་ཀྱིན་མེད་པ་དེ་རེད། སྲིད་བློན་ང་ཕོད་ཀྱིས་གནས་སྟངས་ཐབས་སྡུག་པོའི་སྐབས་སུ་ཕྱག་ལས་འདི་འདྲ་གནང་བ་ནི་དུས་དང་མཚམས་པ་ཞིག་ཡིན་གྱི་ རྒྱལ་འཚོང་པའི་ཞགས་པ་གཡོག་ན་ཨེ་འགྲིག་སྙམ།
༈ པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་ངོས་འཛིན་མ་གནང་གོང་ནས་ཚུར་རྒྱ་གར་དུ་གདན་མ་ དྲངས་པར། རྒྱའི་མིག་སྔར་སྟོན་ཏེ་ཁྲི་འདོན་མཛད་དགོས་པའི་རྒྱུ་མཚན་ཅི་ཡིན་ན་? བཙན་བྱོལ་བོད་གཞུང་ལ་ལན་འདྲ་གང་ཨེ་ཡོད་?
༈ པཎ་ཆེན་རྒྱ་ཡི་ལག་ཏུ་བཙུད་དོན་ཅི། །ཡང་སྲིད་རྒྱ་གར་ཡུལ་དུ་མ་དྲོངས་ཅི། །ངོས་འཛིན་བསང་རྒྱ་མ་བྱས་རྒྱུ་མཚན་ཅི།
།དེ་འདྲ་བསམ་ཚེ་དྭོགས་པ་གཞུང་ལ་འཆར།
ཡུལ་ཕྱོགས་གཞན་ཞིག་བྲོས་ནས་མ་སོང་། །རྒྱ་ནག་དམར་བོའི་ལམ་ལ་མ་བཞུགས། །གཅེས་སྲོག་དེ་ཡང་མི་རིགས་འདིས་ཆེད། ། ཕུལ་བའི་གངས་ཅན་དཔའ་བོ་ཁྱེད་དྲན། །
རྒྱལ་དབང་ཀརྨ་པའི་ཡང་སྲིད་ངོས་འཛིན་གནང་སྟངས་ལ་བསམས་ན། འབྲོང་བུ་ལགས་ཀྱིས་རེ་དྭོགས་གསར་པ་དེ་ཡི་དྭོགས་གནད་སེལ་ཐུབ་ངེས་རེད། དྭོགས་པ་གནང་ས་ནོར་བ་མིན་ནམ།
བོད་མི་རིགས་ཀྱི་རིག་གཞུང་ལ་ལར་ཞེན་ཅན་གྱི་དཔོན་པོ་དང དཔའ་བོ་ དཔའ་མོ་
* པཎ་ཆེན་རིན་པོ་
* རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་
* འབའ་པ་ཕུན་ཚོགས་དབང་རྒྱལ་
* ཨརྲགྱ་རིན་པོ་ཆེ་
* སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་
* རུང་རྒྱལ་ཨ་དྲག་
* སྐུ་ཤོག་དཔལ་ལྡན་རྒྱ་མཚོ་དང་ ཨ་ནི་དཔའ་ཆེན་ ཨ་མ་ཨ་རྡི་ སྟག་སྣ་འཇིགས་མེད་བཟང་པོ་བཅས་ཀྱི་གཙོས་པའི་ཆབ་སྲིད་བཙོན་ཟུར་གྲངས་ལས་འདས་པ་རྣམས་པ་
* བོད་རྒྱལ་ཁབ་དང་ མི་རིགས་ རང་གི་རིག་གཞུང་གཅེས་འཛིན་དར་སྤེལ་ཆེད་དུ་གཅེས་པའི་སྲོག་ཀྱང་བློས་བཏང་སྟེ་བཙོན་ཁང་ནང་མནར་བཅོས་མྱོང་བཞིན་པའི་བརྩོམས་བྲི་བ་དང་ རྒྱུ་རྩལ་བ་སོགས་གྲངས་ལས་འདས་པ་རྣམས་
* བོད་རྒྱལ་ཁབ་དང་མི་རིགས་ ༧རྒྱལ་བ་རིན་པོ་ཆེར་བློ་རྩེ་གཅིག་སྟོད་ཀྱི་བོད་དུ་གདན་ཞུ་དགོས་འབོད་བསྒྲགས་ཁན་ ༢༠༠༨་ལོའི་དོན་རྐྱེན་གྱི་ནང་བཞུགས་པ་ཁོང་ཚོ་བོད་མི་རིགས་ཀྱི་ལར་ཞེན་ཅན་ཡིན་ལེ་རེད་།
༈ ཤེས་ལྡན་དྲྭ་གྲོགས་ཀརྡོ་རབ་འབྱམས་ལགས་སུ། ཁྱེད་ཀྱིས་༧རྒྱལ་བ་ཀརྨ་པའི་ཡང་མཆོག་སྤྲུལ་དང་། ༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རྣམ་གཉིས་དབར་ཕྱོགས་མཚུངས་ཀྱི་དྭོགས་པ་སེལ་ཐབས་ཤིག་གི་བཀའ་ལན་སྟབས་བདེ་ཞིག་གནང་འདུག་པས། གལ་ཏེ་ཁྱེད་ཀྱི་དེ་ལས་རྒྱས་ཙམ་མཁྱེན་ཀྱི་ཡོད་ན་འགྲེལ་བཤད་མང་ཙམ་སྐྱོན་རོགས་གནང་དེ་ལའང་ཤེས་འདོད་ཆོས་ཅན་ཞིག་འདུག བཀའ་དྲིན་ཆེ།
གོང་གི་སྐུ་པར་དག་མཐོང་བས་དགའ་སྐྱོ་ཟུང་འབྲེལཞིག་བྱུང་།
ཡ་དྲ་གྲོགས་ཚོ་ད་ང་ཚོས་བཀའ་དྲིན་ཆེ་རབས་དང་དྲིན་ཆེ་རབས་ཁ་ཙམ་ནས་གླེང་སྡད་པ་ལས་རང་སྟང་ནས་བོད་དོན་ལ་འགན་རེ་ཁུར་དགོས་བ་མ་ཡིན་ནམ།
མཁྱེན་ཡངས་བྲོང་བུ་ལགས། ང་ལ་འདི་ལྷག་ཞུ་རྒྱུ་མེད། ངས་ག་ཚོད་མང་བ་བཤད་པ་དེ་ཚོད་ཀྱིས་ནོར་ཐལ་མང་བ་ཡོང་ངེས་ལ་འཇིགས་ནས་ཞུ་ནུས་བྲལ་སོང་། དགོངས་དག འདི་རིང་འདི་ཙམ་མོ། །
༈ དང་པོ་ཡིན་འདོག་ཁ་པོ། །པད་ཁང་སེར་པོའི་མེ་ཏོག །གཉིས་པ་ལག་ཏུ་ལེན་དུས། །སྦར་རུ་གང་ཡང་མི་འདུག། ཧ་ཧ། ད་ཡིན་ན་འཇོག་རོགས་གནང་། བཀྲ་ཤིས་བདེ་ལེགས།
སོག་ཚ་ཁྱོད་མཁྱེན་ལྡན་ཞིག་ཡིན་ན། རྟག་ཆད་ཀྱི་མཐའ་གང་རུང་ལ་མ་ལྷུང་བར་གྱིས། གཞན་ཁྱེད་སུ་ཡིན་མིན་ངས་མི་ཤེས་པས་ཡ་ལན་མི་སྤྲོད་ཐག་གཅོད་ཡིན། བཀྲ་ཤིས་བདེ་ལེགས། །
༈ ཀརྡོ་རབ་འབྱམས་ཁྱེད་རང་བཤད་རྩིས་མེད་ན། སོག་ཚ་ང་ཡང་ཉོན་རྩིས་མེད་ཐག་ཆོད་ཡིན། བདེ་མོ་བཞུགས།
བདེ་མོ་བྱོས།
པན་ཆེན་རིན་པོ་ཆེས་བོད་ཆོལ་གསུམ་མགོ་ནག་བོད་པ་ཡོངས་ལ་བཀའ་དྲིན་ཆེན་པོ་བསྐྱངས་འདུག ཐུགས་རྗེ་ཆེ། ང་རང་སྔོན་མ་གཙང་པན་ཆེན་ཞེས་པན་ཆེན་རིན་པོ་ཆེ་ལ་དོ་སྣང་འདི་ཙམ་མེད་ལ་དད་པ་ཡང་མེད། ཡིན་ནའང་ཕྱིས་སུ་ཕ་ཡུལ་ནས་མི་འོང་རིམ་བཞིན་པན་ཆེན་རིན་པོ་ཆེས་འདི་མཛད། པན་ཆེན་རིན་པོ་ཆེས་འདི་གནང་ཟེར་བ་སོགས་མང་པོ་ཐོས་དུས་སེམས་ནང་ལ་བླ་མ་འདི་ཕལ་པ་ཞིག་མ་རེད་སྙམས་ནས། ཁོང་གི་སྐོར་ལ་དོ་སྣང་ཇེ་ཆེར་སླེབས་སོང་། རྗེས་སུ། ཕ་རྒན་དྲིན་ཅན་ཕ་ཡུལ་ལ་སྐུ་གཤེགས་དུས། པན་ཆེན་རིན་པོ་ཆེས་བཀའ་གནང་ནས་བཞེངས་པ་རེད་ཟེར་བའི་ཐང་ག་ཤོག་གུའི་སྟེང་པར་བ་ཞིག་འདུག་པ་དེ་ང་ལ་བསྐུར་འདུག འདི་ངའི་ཕ་རྒན་གྱི་འཁྲུངས་རྟགས་རེད། སྤུན་ཚོས་བཤད་ན་འབྲོག་པ་ཚོ་ལ་ཐང་ག་བཞེངས་པའི་ཆ་རྐྱེན་མེད་པ་དང་། ཁྲོམ་ལ་ཡོད་པའི་ཐང་ག་དེ་ཚོ་ཚད་ལྡན་མིན་པའི་ཐོག་རིན་གོང་ཡང་ཆེན་པོ་རེད་འདུག པན་ཆེན་རིན་པོ་ཆེས་བོད་ཀྱི་ཞིང་འབྲོག་ཚོ་ལ་དམིགས་ནས་ཐང་ག་ཚད་ལྡན་མང་པོ་པར་བཀོད་ནས་གོང་ཆུང་ཆུང་ཐོག་མང་ཚོགས་ལ་ཚོང་སྒྱུར་བྱེད་ཐུབ་པ་བྱུང་ཡོད་ཅེས་གོ་སྐབས། ཕ་དྲན་པའི་སྔུག་བསྔལ། པན་ཆེན་རིན་པོ་ཆེའི་བཀའ་འདྲིན་མཉམ་དུ་འཚོར་ནས་ཆུ་ཚོད་ཁ་ཤས་ངུས་པ་ཡིན།
ང་ཚོའི་ཕ་ཡུལ་ལ་དགོན་པ་དང་བླ་མ་སྤུལ་སྐུ་མང་པོ་ཡོད་རུང་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་བདེ་སྡུག་ལ་དོ་སྣང་བྱེད་མཁན་བླ་མ་མིན་འདུག ལྷག་པར་དུ་ཆོས་ལུགས་འཐེན་ཁྱེར་གྱིས་བླུས་ནས་པན་ཆེན་རིན་པོ་ཆེ་དགེ་ལུགས་པའི་བླ་མ་ཞིག་ལས་གཞན་དོ་སྣང་མེད།
དོན་དངོས་བླ་མ་འདི་བོད་མི་དམངས་ལ་བཀའ་དྲིན་ཆེན་པོ་རེད་འདུག སྐྱབས་སུ་མཆིའོ།