——སློབ་གྲྭ་དང་སློབ་གྲོགས་
དོལ་སྨྱོན།
༡༽
སྨུག་པ་འཐུལ་བའི་གནས་འདི་རུ།།
ཆར་བ་འབབ་པའི་གནས་འདི་རུ།།
གྲང་རླུང་སྐྱེན་པའི་གནས་འདི་རུ།།
བདེ་དྲོད་བྲལ་བའི་གནས་འདི་རུ།།
༢༽
དྲན་གདུང་མོད་པའི་གནས་འདི་རུ།།
རྐང་རྗེས་མང་བའི་གནས་འདི་རུ།།
མིག་ཆུ་མོད་པའི་གནས་འདི་རུ།།
ལྟད་མོ་མང་བའི་གནས་འདི་རུ།།
༣༽
མངོན་སུམ་མིན་པའི་གནས་འདི་རུ།།
ལྐོག་གྱུར་ཡིན་པའི་གནས་འདི་རུ།།
འཁྲབ་སྟོན་མང་བའི་གནས་འདི་རུ།།
སྤྲུལ་གྱུར་མང་བའི་གནས་འདི་རུ།།
༤༽
རང་དབང་ཡིན་པའི་གནས་འདི་རུ།།
མང་གཙོ་ཡིན་པའི་གནས་འདི་རུ།།
འདྲ་མཉམ་ཡིན་པའི་གནས་འདི་རུ།།
སློབ་ལ་བརྩོན་པའི་གནས་འདི་རུ།།
༥༽
ཐོབ་ཤོར་མང་བའི་གནས་འདི་རུ།།
མཛའ་བརྩེ་མོད་པའི་གནས་འདི་རུ།།
ཡོ་ལང་ཆེ་བའི་གནས་འདི་རུ།།
འགྲན་སྡུར་མང་བའི་གནས་འདི་རུ།།
༦༽
མེས་པོ་གོང་མའི་རྐང་རྗེས་དག།
ཁོར་ཡུག་འདི་ན་སྤར་ནས་ཡོད།།
མེས་པོ་གོང་མའི་ཟུངས་ཁྲག་དག།
ཁོར་ཡུག་འདི་ན་བཞུར་ནས་ཡོད།།
༧༽
ལྗོན་ཤིང་རིང་མོའི་རྩེ་དག་ན།།
བྱ་དང་བྱིའུའི་སྐད་སྙན་སྒྲོག།
ནགས་དང་ལྗོན་པའི་གསེབ་དག་ན།།
སློབ་གྲོགས་ཕོ་མོས་རང་སྦྱོང་བྱེད།།
༨༽
ཐབ་ཚང་འཛིན་ཁང་བར་འཁྱམ་ན།།
རྒྱུག་ཁྱི་ཕོ་མོས་སྐྱིད་ཉལ་བྱེད།།
ཁང་མིག་ཆུང་ཆུང་ནང་དག་ཏུ།།
སློབ་གྲོགས་ཕོ་མོས་སྐྱིད་ཉལ་བྱེད།།
༩༽
ཚང་ཚིང་ནགས་ཀྱིས་མཐའ་ནས་བཏུམས།།
རྐང་འཐུང་ལྗོན་པ་གནམ་ལ་ཟུག།
གྲང་རླུང་སྐྱེན་པོ་ངར་གྱིས་ལྡང་།།
ཁོར་ཡུག་འདི་ཀོ་ཉམ་རེ་ཐག།
༡༠༽
དཀར་གསལ་ཉི་མའི་ལང་ཚོ་དེ།།
སྨུག་ནག་སྤྲིན་པའི་ཕག་ཏུ་ཡིབ།།
དྭངས་གཙང་རྒྱུག་ཆུ་རིང་མོ་དེ།།
འཁྱག་རོམ་གཏིང་ན་ངུ་སྒྲ་སྒྲོག།
༡༡༽
བསིལ་ཟེར་ཟླ་བའི་འཛུམ་ཞལ་དེ།།
ནུབ་རིའི་ཕག་ལ་ཆས་ནས་ཟུང་།།
ཁོར་ཡུག་འདི་ཡི་ཕྱི་ནང་ན།།
ན་གཞོན་ཕོ་མོས་འཁུན་སྒྲ་ལྡིར།།
༡༢༽
དགུང་སྔོན་ཐོན་པོའི་དབྱིངས་རུམ་ནས།།
སྒྱུ་སྐར་ཚོགས་དག་མིག་ཆུ་འབྱིན།།
རྩི་ཤིང་ནགས་ཀྱི་ཁོང་སེང་ནས།།
ཉམ་ཐག་འབུ་སྲིན་མཆི་མ་འདོན།།
༡༣༽
ལ་ལས་བརྩོན་པའི་གོ་ཆ་བགོས།།
ལ་ལས་རྣམ་གཡེང་ཅ་ཅོ་སྒྲོག།
ལ་ལས་བདེ་བར་གཉིད་ཏུ་ཡུར།།
ལ་ལས་ཕྱི་སྐོར་ནང་སྐོར་བྱེད།།
༡༤༽
ལ་ལས་གཞུང་ལུགས་ལྟ་གྲུབ་གླེང་།།
ལ་ལས་སྤྱི་ཚོགས་གནས་སྟངས་གླེང་།།
ལ་ལས་ཆགས་གཏམ་དམར་རྗེན་གླེང་།།
ལ་ལས་མཚར་གཏམ་དགོད་ཁ་སློང་།།
༡༥༽
ལ་ལས་རང་ཆེ་འདོན་ལ་བརྩོན།།
ལ་ལས་གཞན་སྐྱོན་འཚོལ་ལ་བརྩོན།།
ལ་ལས་རྟོག་དཔྱོད་བྱེད་ལ་བརྩོན།།
ལ་ལས་སྡོམ་ཚིག་རྒྱག་ལ་བརྩོན།།
༡༦༽
ལྡུམ་ར་ལྟ་བུའི་ཁོར་ཡུག་ཅིག།
འཁྲོམ་ར་ལྟ་བུའི་ཁོར་ཡུག་ཅིག།
རྒྱ་མཚོ་ལྟ་བུའི་ཁོར་ཡུག་ཅིག།
རྒྱལ་ས་ལྟ་བུའི་ཁོར་ཡུག་ཅིག།
༡༧༽
བནྡེ་དག་གི་ལུང་རིགས་དེ།།
དམར་མོ་མེ་ཡི་དབལ་ལས་ཚ།།
བཙུན་མ་དག་གི་འཛུམ་མདངས་དེ།།
མེ་ཏོག་དམར་མོའི་དཔལ་ལས་མཛེས།།
༡༨༽
སྟག་ཤར་དག་གི་དཔའ་རྩལ་དེ།།
རྩལ་དྲུག་རྫོགས་པའི་སེངྒེ་དངོས།།
ན་ཆུང་བུ་མོའི་སྐྲ་ལོ་དེ།།
རྒྱ་ལྕང་ལོ་མའི་དཔལ་ལས་འཇམ།།
༡༩༽
ངང་གིས་བཞད་པའི་མེ་ཏོག་དང་།།
འབུར་དུ་ཐོན་པའི་མྱོས་བུམ་གཉིས།།
མིག་གི་བདུད་རྩིར་བཤམས་པ་ན།།
ཟད་མེད་ཡིད་ཀྱི་བདུད་རྩིར་གྱུར།།
༢༠༽
སློབ་ལ་འབད་པའི་དགེ་རྒན་དང་།།
ཐོས་ལ་བརྩོན་པའི་སློབ་བུ་གཉིས།།
མཛའ་བརྩེའི་ངང་དུ་འཚོ་བ་འདི།།
དམར་ཆུང་སེམས་ཀྱི་ཟས་མཆོག་ཅིག།
༢༡༽
མེ་ཏོག་ལྟ་བུའི་ཁོར་ཡུག་འདི།།
དུས་རབས་འདི་ཡི་རྒྱན་དུ་ཤོག།
སྦྲང་རྩི་ལྟ་བུའི་དགེ་སློབ་དག།
གསོ་རིག་བསྟན་པའི་སྲོག་ཏུ་ཤོག།
སྦྲང་རྩི་ལྟ་བུའི་སྙན་རྩོམ་འདི། །
ཞོ་གསར་ལྟ་བུའི་སྙན་རྩོམ་འདི། །
བུ་རམ་ལྟ་བུའི་སྙན་རྩོམ་འདི། །
མེ་ཏོག་ལྟ་བུའི་སྙན་རྩོམ་འདི། །
གཞོན་ནུ་ཕོ་མོས་ཅི་དགར་སྤྱོད། །
གྲྭ་ལོག་མང་པའི་སློབ་གླིང་འདི།།
ཇོ་ལོག་མང་པའི་སློབ་གླིང་འདི།།
དགེ་སློབ་འཁྲིག་པའི་སློབ་གླིང་འདི།
།ངོ་མཚར་ཅན་གྱི་སློབ་གླིང་།།
ཁ་སྐོང་གི་ཆེད་དུ་
གྲྭ་ལོག་མང་ན་ཤིན་ཏུ་ལེགས། །
ཇོ་ལོག་མང་ནཤིན་ཏུ་ལེགས།།
འདོད་ཆགས་བཙན་བཀག་བྱས་གྱུར་ན།།
སྙིང་ནད་འཕོག་པ་གསོ་རིག་བཤད།།
གྲ་ལོག་མང་བ་རྟགས་མ་གྲུབ།།
ཇོ་ལོག་མང་བ་གཞི་མ་གྲུབ།།
དགེ་སློབ་འཁྲིག་པ་དཔེ་མི་སྲིད།།
དོན་མེད་ཅ་ཅོའི་གཏམ་མ་གླེང་།།
གྲྭ་ལོག་མང་བ་རྟགས་མ་གྲུབ།།
ཇོ་ལོག་མང་བ་གཞི་མ་གྲུབ།།
དགེ་སློབ་འཁྲིག་པ་དཔེ་མ་གྲུབ།།
དོན་མེད་ཅ་ཅོའི་གཏམ་མ་གླེང་།།
བོད་འདི།
བོན་ཆོས་བསྟན་པ་དར་ས་རེད། །
ཆོས་རྒྱལ་ནང་ཆོས་སྤེལ་ས་རེད། །
ཁོར་ཡུག་གཙང་མ་འཇོག་ས་རེད། །
མང་གཙོའི་སྒྲིག་ཁྲིམས་སྤེལ་རེད། །
སློབ་མ་དད་སེམས་ཅན་པོ་ཆོས་ལ་ཕྱོགས།
སློབ་མ་སྤྱི་སེམས་ཅན་པོས་བོད་དོན་གླེང་།།
སློབ་མ་ཆགས་སེམས་ཅན་པོས་དགའ་རོགས་འཚོལ།།
སློབ་མ་ཅང་མི་ཤེས་བ་གཉིད་ལ་ཤོར།།
དགེ་རྒན་སྤྱི་སེམས་ཅན་པོས་རྒྱལ་རབས་ཁྲིད།
དགེ་རྒན་ཆོས་སེམས་ཅན་པོས་ཆོས་འབྱུང་སློབ།།
དགེ་རྒན་ཆགས་སེམས་ཅན་པོས་ཞབས་གསར་འཇོམས།།
དགེ་རྒན་ཅང་མི་ཤེས་བས་སློབ་ཁྲིམས་གཅུན།
སྐྱུག་རྫོག་མྱིག་སྟོན་ཡ་རབ་སྤྱོད་བཟང་སོགས།།
འཁོར་ཡུག་འདི་ན་མེད་ནིའི་སྣ་གཅིག་མེད།།
རེ་བ་ཡོད་མེད་སོ་སོ་རང་ལ་ཐུག།
ཨེ་བདེན་མི་བདེན་བསམ་ན་ལྟ་འི་སོང་།
སྙན་གྲགས་ཆེ་བའི་གནས་འདི་ནི།།
ལོ་རྒྱུས་ཕྱུག་པའི་གནས་འདི་ནི།།
ཇ་ཤིང་མཛེས་པའི་གནས་འདི་ནི།།
སྨུག་སྤྲིན་མོད་པའི་གནས་འདི་ནི།།
མི་སྣ་མང་བའི་གནས་འདི་ནི།།
མཛེས་མས་ཁེངས་པའི་གནས་འདི་ནི།།
བདག་གི་རྣ་བས་ཐོས་པ་ལས།།
མངོན་གསུམ་མཐོང་བའི་སྐལ་མ་འབྱུང་།།
ལྗོན་ཤིང་མང་བའི་གནས་འདི་ནི།།
ཁ་ཁུ་སིམ་པའི་གནས་འདི་ནི།།
ལྷིང་འཇགས་ཡིན་པའི་གནས་འདི་ནི།།
མཛེས་དགུས་ཕྱུགས་པའི་གནས་འདི་ནི།།
གསོ་རིག་བསྟན་པའི་བསྟི་གནས་ཡིན།།
ཉམ་ཐག་ནད་པའི་མགོན་དཔུང་ཡིན།།
འགྲོ་བ་དུ་མའི་སྐྱབས་གནས་ཡིན།།
དུས་རབས་འདི་ཡི་སྐར་ཆེན་ཡིན།།
ཨ་ནེ་དག་གི་ཟན་གཤམ་དེ།།
རླུང་གི་རྩེ་ན་ལྷབ་ལྷུབ་གཡོ།།
སྨན་ཆུང་དག་གི་སྐྲ་ལོ་དེ།།
ལྷོ་སྤྲིན་ཁྲོད་ན་ལང་ལིང་གཡོ།།
རིགས་པའི་མེ་སྟག་འདི་ནས་མཆེད།།
སྙན་ངག་མེ་ལྕེ་འདི་ནས་འབར།།
རྟོག་དཔྱོད་མེ་རླབས་འདི་ནས་གཡོ།།
ཚང་ཚིང་མུན་པ་འདི་ནས་བསྲེགས།།
དོལ་སྨྱོན་སྨྱུག་རྩེ་འདི་ནས་འགུལ།།
དོལ་སྨྱོན་བརྩེ་སེམས་འདི་ནས་འབུས།།
དོལ་སྨྱོན་རྣམ་དཔྱོད་འདི་ནས་འབར།།
དོལ་སྨྱོན་སྨྱོན་པ་འདི་ནས་ཆགས།།ཧཧཧ
དོལ་སྨྱོན་ལགས། འོད་འཆང་མ་ཁྱེད་ཀྱི་སློབ་གླིང་ལ་ཡོངས་འདོད་ཡོད་པ་འདྲ། གྲོགས་དན་རྒྱ་མི་ཆུང་བ་ཞིག་སྐྱབས་འཇུག་འཚལ།
དོལ་སྨྱོན་དགོད་ས་འདི་ན་ཡིན།།
དོལ་སྨྱོན་ངུ་ས་འདི་ན་ཡིན།།
དོལ་སྨྱོན་དགའ་ས་འདི་ན་ཡིན།།
དོལ་སྨྱོན་སྐྱོ་ས་འདི་ན་ཡིན།།
རིགས་པའི་མེ་ལྕེ་འདི་ནས་མཆེད།།
གཞུང་ལུགས་གོ་རྟོགས་འདི་ནས་རྒྱས།།
སྙན་ངག་མེ་ལྕེ་འདི་ནས་འབར།།
མི་རིགས་ལ་རྒྱ་འདི་ནས་སད།།
སེམས་པ་དམར་པོ་འདི་ནས་འཚིག།
བརྩེ་སེམས་དམར་པོ་འདི་ནས་གསོས།།
མཛེས་མར་སེམས་པ་འདི་ནས་ཤོར།།
མི་ཚེའི་རང་འོད་འདི་ནས་འབར།།
འོད་འཆང་ཟེར་བའི་སྨན་ཆུང་ཁྱོད།།
མཐོ་སློབ་འདི་རུ་ཕེབས་འདོད་ན།།
གསོ་བ་རིག་པ་སྦྱོང་འདོད་ན།།
སྨྱོན་པ་ང་དང་ཐུག་འདོད་ན།།
ཆ་རྐྱེན་གང་ཡང་མི་དགོས་རུང་།།
སུམ་རྟག་དག་གསུམ་ཤེས་ཙམ་ཞིག།
སྙན་ངག་མངོན་བརྗོད་གོ་ཙམ་ཞིག།
རྒྱལ་རབས་ལོ་རྒྱུས་ཐོས་ཙམ་ཞིག།
ཉེར་ལྔའི་ལོ་ལས་མ་བརྒལ་ཞིག།
རྒྱགས་པ་གྲུ་བཞི་མིན་ནོ་ཞིག།
བཞིན་གྱི་རྣམ་པ་ཡག་ཙམ་ཞིག།
ནུ་ཟུང་གཉིས་པོ་འབུར་ཙམ་ཞིག།
དེ་འདྲའི་ཆ་རྐྱེན་ཚང་གྱུར་ན།།
སྨྱོན་ང་ཡིས་ཕེབས་བསུ་ཞུ།།
དེ་འདྲའི་རྣམ་པ་ལྡན་གྱུར་ན།།
སྨྱོན་པ་ང་ཡིས་དགའ་བསུ་ཞུ།།
གཞུང་ལུགས་ལྟ་གྲུབ་ང་ཡིས་འཁྲིད།།
ལག་ལེན་དམར་འཁྲིད་ང་ཡིས་སྟོན།།
བཅད་ལྷུག་སྙན་ངག་ང་ཡིས་སློབ།།
ལྷ་ཆོས་མི་ཆོས་ང་ཡིས་སྟོན།།
དུང་བའི་མིག་ཟུང་ཁྱོད་ལ་ཅེར།།
སེམས་པ་དམར་མོས་ཁྱོད་ལ་སྲུང་།།
ཞིམ་རྒུ་ཟས་ཀྱིས་ཁྱོད་ལ་མཆོད།།
སྙན་རྒུ་གཏམ་གྱིས་འདོད་པ་སྐོང་།།
ཕྱི་ཤོལ་མེད་པར་ཕེབས་ནས་ཤོག།
སོས་དལ་མེད་པར་ཕེབས་ནས་ཤོག།
ལེ་ལོ་མེད་པར་ཕེབས་ནས་ཤོག།
སྨྱོན་པ་ང་ཡིས་སྒུག་ནས་ཡོད།།
ངུ་དགོད་དགའ་སྐྱོ་བྱུང་བ་འདི།།
ཚོར་བ་སྐྱེན་པའི་མཚན་མ་སྟེ།།
སྙན་ངག་པ་ལ་དགོས་པ་ཡིན།།
རྩོམ་པ་པོ་ལ་ལྡེ་མིག་ཡིན།།
རིགས་པ་རྒྱས་ཤིང་གཞུང་དོན་རྟོགས།།
སྙན་ངག་འཁྲོལ་ཞིང་ལ་རྒྱ་སད། །
སླ྄ོབ་སྦྱོན་གནད་དུ་སྨིན་པའི་རྟགས། །
ཤེས་ཡོན་ཅན་གྱི་དོན་དག་ཡིན། །
སེམས་པ་འཚིག་དང་བརྩེ་སེམས་རྒྱས།།
བུ་མོར་སེམས་པ་ཤོར་བ་ནི། །
ན་གཞོན་ཞིག་གི་མཚོན་རྟགས་ཡིན། །
མི་ཚེའི་རང་འོད་འབར་བ་ཡིན། །
ཆ་རྐྱེན་གཞན་དག་ཇི་ཡོད་རྣམས།།
ཤེས་རིག་གླིང་དེའི་སྤྱི་ཁྲིམས་རེད།།
ཉེར་ལྔའི་ལོ་ལས་མ་བརྒལ་ཞིག།
རྒྱགས་པ་གྲུ་བཞི་མིན་ནོ་ཞིག།
བཞིན་གྱི་རྣམ་པ་ཡག་ཙམ་ཞིག།
ནུ་ཟུང་གཉིས་པོ་འབུར་ཙམ་ཞིག།
འདི་བཞི་དོལ་སྨྱོན་དྲེད་པོ་དེའི།།
སྒེར་ཁྲིམས་ཡིན་པ་ཤུགས་ལ་གསལ།།
དེས་ན་ཨ་ཅེ་འོད་འཆང་མ།།
ཉེར་ལྔའི་ལོ་ལས་མ་བརྒལ་ལམ།།
རྒྱག་པ་གྲུ་བཞི་མ་ཡིན་ནམ།།
བཞིན་གྱི་རྣམ་པ་མཛེས་ལགས་སམ།
ནུ་མ་གཉིས་པོ་འབུར་ལགས་སམ།།
དགའ་སྐྱོ་མང་བའི་ཕ་རོལ་ན།།
བདེ་སྐྱིད་བྱ་བ་ལོགས་ན་མེད།།
མིག་ཆུ་མོད་པའི་ཕ་རོལ་ན།།
བརྩེ་དུང་བྱ་བ་ལོགས་ན་མེད།།
དགའ་ན་དགའ་བའི་མིག་ཆུ་ཞིག།
སྐྱོ་ན་སྐྱོ་བའི་མིག་ཆུ་ཞིག།
མིག་ཆུ་མོད་པའི་འཇིག་རྟེན་འདི།།
དོན་དུ་བརྩེ་བའི་རྒྱ་མཚོ་ཞིག།
ལུས་ཟུངས་ཤ་མར་ཆང་གིས་གསོས།།
ཀླད་པ་ཤེས་རིགས་སྣ་དགུས་གསོས།།
སེམས་པ་བརྩེ་སེམས་དྲོན་མོས་གསོས།།
ཡོད་ཚད་སྙིང་གི་མཛའ་མོས་གསོས།།
མཐོ་སློབ་འདི་ཀོ་མིག་གི་རྒྱན།།
ཤེས་རིགས་སྣ་དགུ་ཀླད་པའི་རྒྱན།།
སྙིང་གི་མཛའ་མོ་སེམས་ཀྱི་རྒྱན།།
སྙན་ངག་འདི་ཀོ་བདེ་བའི་རྒྱན།།
རིལ་བུ་ཐང་ཕྱེ་གཞན་ལ་སྦྱིན། །
རླུང་འཁྲིས་བད་ཀན་ནད་རིགས་གསོ།།
གས་ཆགས་ཤོར་བའི་རང་གི་སེམས།།
སྨན་ཆུང་དྲོད་ཀྱིས་གསོ་ལ་རེ།།
ཡུལ་ཕྱོགས་དེ་རུ་ཡོང་འདོད་ཀྱང་།།
དོལ་པོ་སྨྱོན་པར་ཐུག་འདོད་ཀྱང་།།
ཁྱོད་ལ་དགོས་པའི་ཆ་རྐྱེན་ནི།།
ཁོ་མོར་མེད་པས་སེམས་རེ་སྐྱོ།།
ལོ་ནི་ལྔ་བཅུ་ཐམ་པ་འོ།།
གཟུགས་ནི་ཕག་པ་རྒན་མོ་འདྲ།།
བཞིན་ལ་གཉེར་མས་ཁེངས་ནས་ཡོད།།
བྲང་གཞུང་གནམ་གྲུའི་ཐང་ལ་འགྲན།།
དོལ་སྨྱོན་རྒད་པོའི་གློའུ་ཁ་ནས། །
འདོད་པའི་ཆིག་ལབ་རིང་མོ་ཞིག །
ཆད་མེད་གླུ་རུ་གྱེར་ན་ཡང་། །
བུ་མོ་སུ་ཡིས་གོ་བ་ནུས། །
དོལ་བོ་རྒད་པོའི་སྨྱོན་སེམས་ལ། །
སོས་ཐབས་མེད་པའི་ན་ཚ་ཞིག །
བཅོས་པའི་ཐབས་ལ་བུ་མོ་ཞིག །
མ་རྙེད་བར་དུ་དཀའ་ལེ་རེད། །
འདོད་པའི་ཕྱོགས་ལ་བྱང་བ་ཡི། །
འབྲི་འཕྲོ་ནས་ལག་ནས་ཤོར་ཐལ་་་་ཨ་ལས་ངན་པོ།
ད་དོལ་སྨྱོན་ལ་ཕན་ཐོགས་མ་སོང་། ཡིན་ནའང་ངའི་འགྲམ་དུ་ཤོག
ལོ་རྒན་དྲུག་ཅུ་ཏག་ཏག་ཡིན། །
གཟུགས་ནི་ལྕིད་ནོན་བོང་བུ་འདྲ། །
སེམས་ཀྱི་གནམ་གྲུ་གྲུང་པོ་དེ། །
ཁྱོད་བྲང་དེ་རུ་བབ་ན་བསམ། །
བུ་མོ་མ་རེག་དཀའ་ངལ་གྱིས། །
སེམས་པ་རྨིས་པའི་མི་ཞིག་ལ། །
མཚར་སྡུག་ལོ་ཚོད་སྐྱུར་ལ་ཤོག །
སྟུ་ཞིག་ཐོབ་ན་དེ་གས་འགྲིག །
ཁོར་ཡུག་ཚང་མ་བུ་མོ་རེ།།
དེ་ཚོ་ཚང་མ་ལོ་གཞོན་རེད།།
ད་དུང་གང་དུ་འཁྲིད་འཁྲིད་རེད།།
འཐམ་སྦྱོར་འཁྲིག་གསུམ་གང་བྱས་རེད།།
འོད་འཆང་གཏམ་ལ་ཡིད་ཆེས་མེད།།
དེ་འདྲ་མིན་པའི་རེ་བ་ཡོད།།
ལོ་རྒན་དྲུག་ཅུའི་མེ་དཀར་ཁྱོད།།
འཕྲེང་གོག་བཟུང་ལ་ཁ་རོག་སྡོད།།
མོ་ཡི་གཏམ་དེ་དངོས་གནས་རྫུན།།
ལྔ་བཅུ་ང་ལྔ་ཏག་ཏག་རེད། །
རོ་རྩ་གསོ་སྨན་མ་བསྟེན་ཀྱང་། །
འོད་འཆང་ཙམ་ཏ་ཨ་འུ་ཙི། །
ཕྲེང་བ་བཟུང་སྟེ་སྡོད་ལོང་མེད། །
རྩིབ་ཤ་ཉོ་རུ་འགྲོ་དགོས་ཡོད། །
མ་ཎི་བགྲང་བར་ག་ལ་ཁོམས། །
འབྲས་ཆང་སིང་མ་ཉོར་འགྲོ་དགོས།
ད་ལོ་དགུང་ཁ་ཟླ་བ་གསུམ། །
ཁ་བ་དཀར་པོ་བབ་ནའང་བབ། །
བུ་ཡུག་ན་བུན་འཚུབ་ནའང་འཚུབ། །
ཆར་བ་ཤག་ཤག་བབ་ནའང་བབ། །
གྲང་རླུང་འུར་འུར་ལྡང་ནའང་ལྡང་། །
འོད་འཆང་ངེད་གཉིས་དྲོད་འབུར་རེ། །
ཉལ་སའི་ནང་དུ་དྲི་འཚུབ་བེ། །
ངོ་གདོང་གཉིས་པོ་དམར་རི་ལེ། །
འོག་སྒོ་གཉིས་པོ་རློན་མཆིལ་ལེ། །
ཟླ་གསུམ་གར་སོང་མི་རིག་ལེ། །
དགུན་གསུམ་གར་འགྲོ་མི་རིག་ལེ། །
སྐྱིད་པོ་ཞེ་པུ་གཏོང་ཡ་ཡིན། །
སྨྱོན་པའི་ཡིད་ལ་དེ་ལྟར་ཞོགས།།
མེ་དཀར་རྒན་པོའི་སེམས་པ་དེ།།
བྱིས་པ་ཞིག་གི་སེམས་དང་མཚུངས།།
མེ་དཀར་རྒད་པོའི་སྐད་ཆ་དེ།།
རྨི་ལམ་ནང་གི་གཏམ་དང་མཚུངས།།
འོད་འཆང་ང་ལ་དགའ་ནས་ཡོད།།
འོད་འཆང་ང་ལ་དུང་ནས་ཡོད།།
ང་ཡི་སྙན་ཚིག་རེ་རེ་ཡིས།།
མོ་ཡི་སེམས་པ་ཚིམས་ནས་ཡོད།།
འོད་འཆང་སེམས་ཀྱི་རེ་བ་དེ།།
ང་ཡི་ཕྱོགས་སུ་བསྲིངས་ནས་ཡོད།།
འོད་འཆང་བརྩེ་བའི་རང་འོད་དེ།།
ང་ཡི་ཕྱོགས་སུ་འཕྲོ་ནས་ཡོད།།
དེ་བས་མེ་དཀར་རྒན་པོ་ཁྱོད།།
འཆི་ཁར་ཕན་པའི་ཆོས་ཤིག་གྱིས།།
སྙིང་པོ་ཡི་གེ་དྲུག་མ་དྲོངས།།
བདེ་བའི་མལ་དུ་དལ་གྱིས་སྡོད།།
གལ་ཏེ་འདོད་པས་གདུང་གྱུར་ན།།
འདོད་སྡོང་གྱེན་དུ་བསྒྲེངས་གྱུར་ན།།
ཅི་བྱེད་འདི་བྱེད་མེད་གྱུར་ན།།
ང་ཡི་གདམས་པའི་གཏམ་འདིར་ཉོན།།
བུ་མོ་འཚོལ་བར་འགྲོ་མི་དགོས།།
ཁྱོད་མི་རག་ཁོ་ཐག་རེད།།
ཐབས་ཤེས་སྣ་དགུ་འཐེན་མི་དགོས།།
ཁྱོད་ཀྱིས་མི་འཇོན་ཁོ་ཐག་རེད།།
དེ་བས་ཟབ་ལམ་དམ་པའི་ཆོས།།
ཐབས་མང་དཀའ་བ་མེད་པ་དང་།།
རྒན་གཞོན་ཁྱད་པར་མེད་པ་དང་།།
ཀུན་གྱི་འདོད་པ་སྐོང་བར་བྱེད།།
དེ་ནི་སོར་ལྔའི་བདེ་བ་སྟེ།།
ཁྱོད་འདྲའི་ལག་ལེན་ཁོ་ན་རེད།།
བྱེད་སྟངས་བྱེད་ལུགས་ཐབས་ལམ་སོགས།།
ཁྱོད་ཀྱི་སེམས་ན་འཁྲིགས་སེ་རེད།།
གྲང་ངར་སྐྱེན་པའི་དུས་ཚིགས་འདིར།།
རོ་ཙ་འཕེལ་བའི་དུས་ཚིགས་འདིར།།
ང་དང་སྙིང་སྡུག་ལྷ་མོ་གཉིས།།
བདེ་བར་གཉིད་དུ་ཡུར་ངེས་ཡིན།།
ཁ་བརྡ་ནི་ཤེས་རབ་ཀྱི་གླེང་སྟེགས་ཤིག་ལས་ཁ་བཙོག་བཤད་ས་ཤིག་མ་རེད་། ཁ་རྩོག་བཤད་འདོད་ན་སོ་སོའི་ནང་དུ་ཤོད་། དྲ་ཚིག་འདི་བརྩོག་པ་མ་བཟོ་རོགས། སྨྱོན་པ་རོ་ཟ་ཚོ་། ཕ་རོ་ཟོ།
ལོ་ན་ལྔ་བཅུ་ལོན་པས་ན།།
ལུས་ཀྱི་དྲོད་ཚད་ཡལ་ནས་མེད།།
ཆགས་པའི་སེམས་དང་བྲལ་ནས་ཡོད།།
དེ་ཕྱིར་མེ་དཀར་དོལ་སྨྱོན་གཉིས།།
སྙིང་པོ་མ་ཎི་བགྲང་ན་དགའ།།
བདེ་བར་གཉིད་དུ་ཡུར་ན་སྐྱིད།།
རྨོ་རྨོའི་སྙིང་གཏམ་དྲོན་མོ་ཡིན།།
འོད་འཆང་ང་ཡི་བསླབ་བྱ་ཡིན།།
འོད་འཆང་མིང་དེ་སྙན་དྲགས་ནས།།
མཆན་བུ་དེ་དག་རྫུན་དྲགས་ནས།།
མ་ནི་འདྲེན་ལོང་ག་ལ་ཡོད།།
བདེ་བར་གཉིད་ལོང་ག་ལ་ཡོད།།
ཁྱོད་ཀྱི་གདོང་གི་རྣམ་པ་དེ།།
མཐོང་ན་འདོད་པའི་ཚོར་བ་དང་།།
ཁྱོད་ཀྱི་སྐུ་གཟུགས་མཛེས་པོ་དེ།།
རིག་ན་འདོད་པའི་དུང་བ་གཉིས།།
ང་ཡི་སེམས་པ་མནར་ནས་ཡོད།།
ང་ཡི་ཡིད་དབང་འཁྲུགས་ནས་ཡོད།།
དུས་ཚོད་སྐར་ཆ་རེ་རེ་ཡང་།།
སོར་མོའི་རྩེ་ནས་འདྲེན་བཞིན་ཡོད།།
མཐོང་མ་མྱོང་བའི་ཞལ་རས་དེ།།
རྟོག་བཟོའི་ཀློང་ན་ཁྲ་ཆིལ་ཆིལ།།
རིག་མ་མྱོང་བའི་རྒྱབ་གཟུགས་དེ།།
ཡིད་ཀྱི་ཞིང་སར་འོད་ལྷམ་ལྷམ།།
ཨ་ཙི་རྨོ་མོ་འོད་འཆང་མ། །
སྤོ་པོ་ང་ལ་ཚུར་ཉོན་དང་། །
ཚེ་མཇུག་གཡག་རྔ་ཙམ་པ་འདི། །
སྐྱིད་པོ་བྱས་ཏེ་བསྐྱལ་འདོད་ན། །
མེ་དཀར་ངའི་ས་ལ་འུར་ཤོག །
གཟུགས་ལ་འཚམ་པའི་གོས་ཤིག་གཡོག།
རྐང་ཟུང་བསྟུན་པའི་ལྷམ་ཞིག་བསྐོན། །
མགོ་ལ་འགྲིག་པའི་ཞྭ་ཞིག་གཡོག །
དྲི་མ་བཟང་བའི་སྣུམ་ཞགས་ཀྱིས། །
སྐྲ་ལོ་དཀར་པོར་ང་ཡིས་བྱུགས། །
ཁ་ལ་སོ་ཚབ་གསར་དུ་ཉོ། །
ནུ་བརྟེན་བགར་ཏེ་མཐོ་རུ་གཏོང་། །
ཉལ་ཁྲི་ཞེང་ཁ་ཆེ་བའི་སྟེང་། །
རྒད་པོ་མེ་ཏོག་དཀར་པོ་ངས། །
གང་ཐུབ་ཅི་ཐུབ་བྱ་ངེས་ཡིན། །
དོལ་སྨྱོན་ཟེར་བའི་ཕོ་རྒོད་དེར། །
རྨོ་མོས་ཡ་ལན་གནང་དོན་མེད། །
ཆགས་པས་ངལ་བའི་གྲྭ་ལོག་འགའི། །
ཁ་ལ་ཐོགས་པ་སྟུ་མཇེ་དང་། །
ལག་གིས་བྲིས་ཚད་ལོག་རྩོམ་ལས། །
ཕན་པའི་གཏམ་ཞིག་ཡོད་མ་ཡིན། །
འོད་འཆང་མ་ཡི་མིང་རྫུན་འོག །
གཡུག་པའི་གྲྭ་ལོག་ཁ་ནག་འདིས། །
ཆགས་རྒན་དོལ་སྨྱོན་མེ་དཀར་ཟུང་། །
བཟི་སྨན་ནག་པོས་བརྒྱབས་ནས་འདུག །