ཆབ་བྲག་ལྷ་མོ་སྐྱབས།
ལོ་རྒྱུས་ཀྱི་གོད་ཆག་ཅི་འདྲ་ཞིག་བྱུང་བ་ལ་མ་ལྟོས་པར་མགོ་ནག་རྩམ་གཟན་ནམ་གདོང་དམར་བོད་པ་ཚང་གི་བུ་རབས་ཚ་རྒྱུད་དག་གིས་མི་རིགས་ཤིག་གི་ལར་ཞེན་དང་རིག་གཞུང་ཞིག་གི་སྤོབས་པ། བདེན་དོན་ཞིག་གི་སྙིང་སྟོབས་དང། ཡིད་ཆེས་ཤིག་གི་རེ་སྨོན་བཅས་ལ་བརྟེན་ནས་འཕག་འཚག་རྒྱུན་མར་བྱས་ཏེ་འགྱེལ་ས་ནས་ལངས་པར་ལན་དགུ་ཆད་མཐུད་དུ་འབད་ཡོད་ལ་གྲུབ་འབྲས་ཀྱང་ཆེན་པོ་བླངས་ཡོད། མ་མཐར་ཡང་ངས་བལྟས་ན་གཉིད་ལས་སད་དང་སད་བཞིན་པ་རེད། ད་དུང་མང་པོ་ཞིག་གིས་རེ་བ་ཆེ་ས་ཞིག་ལ་དམིགས་ཏེ་བློས་གཏོང་ཡང་ཆེན་པོ་ཞིག་གི་མགོ་ཚུགས་ཡོད། འདི་ནི་ཚེ་སྲོག་ཅིག་གི་ངོས་ནས་བལྟས་ན། ཡ་ང་བ་དང་། སྙིང་རྗེ་བ། ཕངས་སེམས་ཆེ་བ་ཞིག་ཡིན་པར་མ་ཟད། ཆེས་གཟི་བརྗིད་དང་རླབས་ཆེན་ཞིག་ཀྱང་ཅི་ལ་མིན། ལྷག་པར་དུ། རང་རིགས་ལ་མཚོན་ན་དྲན་སྐུལ་ཟབ་མོ་ཞིག་དང་དགྲ་ཕྱོགས་ལ་མཚོན་ན་ངོ་རྒོལ་མཐུ་ཆེན་ཞིག་ཡིན་ངེས་པས། གངས་ཅན་པ་ཞེས་པ་དང་གདོང་དམར་བོད་པ་ཞེས་པ། ཆོས་ལྡན་བོད་མི་ཞེས་པ། འཚེ་མེད་ཞི་བ། བདེན་པའི་ཨུ་ཚུགས་ཟེར་བའི་ཁྱད་ཆོས་ཚང་མ་ཕྱོགས་བསྡུས་ཀྱིས་མཚོན་པའི་རྒྱ་མཚོའི་རླབས་དང་རླུང་གི་ཤུགས་བཞིན་བཟློག་ཏུ་མེད་ལ་ཡལ་དུ་མེད་པའི་ལས་འགུལ་ཞིག་ཏུ་འགྱུར་བཞིན་ཡོད།
སྤྱིར་ཡིན་ན། དཔའ་རྟུལ་ཁོང་རྣམ་པས་ཀྱང་དྲག་པོའི་ཐབས་རྩལ་ཅི་རིགས་ལ་བརྟེན་ནས་དགྲ་ཕྱོགས་ལ་འཇིགས་སྣང་དང་ཆག་སྒོ་དུ་མ་ཞིག་འབྱུང་འཇུག་ཐུབ་རྒྱུར་ཐེ་ཚོམ་སྤུ་ཙམ་མེད་ན་ཡང། འདི་ལྟར་གཞན་ལ་འཚེ་བ་དོར་ནས་རང་ལ་འཚེ་བའི་སྤྱོད་ཚུལ་ཐུན་མོང་མ་ཡིན་པ་འདི་ནི། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་གང་གི་རླབས་ཆེའི་དགོངས་དོན་ལ་དད་འདུན་གུས་བརྩི་གནང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་དང་བཅས་པའི་སླད་དུ་ཡིན་པར་ཐག་གཅོད་ཐུབ་པ་ཞིག་རེད།
བདེན་པའི་སྟོབས་དང་ཞི་བའི་ཐབས་ཀྱི་རྒྱལ་ཐབས་དེ་ཡང་ཆིག་སྒྲིལ་གྱི་བསམ་བློའི་ནུས་པ་ཞིག་གིས་རྨང་གཞི་བྱས་ཏེ་གཅིག་གྱུར་གྱི་ལས་འགུལ་ཞིག་གིས་གཡོ་འགུལ་བསླངས་ན། ད་གཟོད་བདེན་པའི་གཟི་བརྗིད་ཅིག་གིས་རྒྱལ་ཁའི་རེ་བ་ཞིག་མཐོང་བར་འགྱུར་རྒྱུར་བདག་ནི་ཡིད་ཆེས་ཟབ་མོ་ཡོད། དེ་ཡང་་རྒྱལ་སྤྱིའི་རྒྱབ་སྐྱོར་དང་རྒྱལ་ནང་གི་རུལ་སུངས་དང་ངོ་རྒོལ་ཅི་རིགས་ཀྱིས་པེ་ཅིང་གཞུང་གི་རྒྱལ་སྲིད་ནི་ཡུན་རིང་བརྟན་དཀའ་ལ་གུང་ཁྲན་ཏང་གི་ཚེ་སྲོག་ཀྱང་ལོ་བརྒྱ་ལས་གནས་དཀའ་བའི་གནས་སྟངས་ཤིག་ཆགས་ཀྱིན་ཡོད་པས། བོད་དང་ཡུ་གུར། སོག་པོ་དང་རྒྱ་ནག་དམངས་གཙོ་པ་བཅས་པས་རང་གི་མི་རིགས་ཀྱི་ཚེ་སྲོག་སྲུང་སྐྱོབ་ཀྱི་གོ་སྐབས་དམ་འཛིན་གྱིས་མཚམས་མི་ཆད་པའི་ལས་འགུལ་ཅི་རིགས་མཉམ་སྤེལ་གྱི་མཛུབ་མོ་ལྔ་བཅངས་ནི་་སྲིད་དོན་གྱི་དམག་འཐབ་གལ་ཆེན་ཞིག་ཏུ་ཚོར།
རྒྱུ་མཚན་དེས་ན། བདག་གིས་འདིར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་བཀུར་འོས་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཚོགས་སྡེ་སྤྱི་དང་བྱེ་བྲག་བོད་མི་ཡོངས་ལ་གཞེན་སྐུལ་འགའ་ཞིག་ཞུ་རྒྱུ་ལགས་ན་ཅིས་ཀྱང་དགོངས་བཞེས་གནང་རྒྱུ་མཁྱེན་མཁྱེན།
ཀ༽ ཡུ་གུར་དང་སོག་པོ།
རྒྱ་རིགས་སོགས་དམངས་གཙོ་དོན་གཉེར་ཅན་ཚང་མར་འབོད་སྐུལ་གྱིས་རྒྱལ་ཁབ་གང་རུང་ཞིག་ཏུ་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་ཚོགས་ཆེན་ཞིག་བསྐོངས་ནས་མི་རིགས་མནའ་འབྲེལ་གྱི་ཚོགས་པ་ཆེན་པོ་ཞིག་བཙུགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཉམ་སྤེལ་གང་མང་བྱེད་རྒྱུ། ༼བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བློན་ཆེན་གྱིས་གཙོ་འགན་གནང་འོས་སྙམ༽
ཁ༽ གཅིག་གྱུར་གྱི་ངོ་རྒོལ།
འདི་ལ་གཅིག་ནས་གོང་གསལ་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་མཉམ་འབྲེལ་ལས་གཞི་དག་གི་འཆར་གཞི་གཏན་འབེབས་བྱ་རྒྱུ་དང། གཉིས་ནས་བཙན་བྱོལ་བོད་མི་ཡོད་དོ་ཅོག་གི་སྐབས་བསྟུན་ངོ་རྒོལ་དུས་གཅིག་གམ་རྣམ་འགྱུར་ལྷན་སྤུངས་ཀྱི་ཐབས་ཚུལ་ཏེ། དཔེར་ན། ངོ་དེབ་དང་གནམ་ཡིག་སོགས་ཀྱི་པར་རིས་ལ་མཆོད་མེ་ལྟ་བུ་གཅིག་གྱུར་བཞག་ནས་མྱ་ངན་དང་གུས་འདུད་མཚོན་པ་དང། ཡང་ན་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ཁ་གཡང་གཅིག་གྱུར། སྦྱར་རྒྱུ་དང་འདོགས་རྒྱུ་ལ་སོགས་པ་བཟོ་བ། ཡང་ན་ཉིན་གཅིག་དུས་གཅིག་ལ་དཔའ་བོར་གུས་འདུད་དང་མྱ་ངན་གྱི་ངག་བཅད་ཞུ་བ་དང། ཉིན་གཅིག་ལ་སྙུང་གནས་སྲུང་བ། དུས་གཅིག་ལ་མཆོད་མེ་སྦོར་བ། གསོལ་བ་སྨོན་ལམ་འདེབས་པ་ལ་སོགས་པ། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་ཏེ་དུས་ནས་དུས་སུ་གསར་འགོད་གསལ་བསྒྲགས་དང་བཅས་ཏེ་གསལ་བརྡ་གནང་ན་དོན་ཕན་འབྱུང་ངེས་སྙམ།
ག༽
ཡིད་བཞིན་ནོར་བུའི་ཐབས་མཁས་ཐུགས་རྗེའི་གཟིགས་སྐྱོང་འོག་བོད་ཆོལ་ཁ་གསུམ་པོའི་ཆིག་སྒྲིལ་གྱི་སེམས་པ་སྔར་བྱུང་མ་མྱོང་བ་ཞིག་འབྱུང་བཞིན་པ་འདི་ང་ཚོའི་རྒྱལ་ཁའི་གཞི་རྩ་ཡིན་པས། དམ་ཚིག་གཙང་མ་མི་ཉམས་གོང་སྤེལ་ཆེད་དུ་དུས་འཁོར་དབང་ཆེན་སྐབས་སུ་བོད་མི་ཡོངས་ཀྱིས་མནའ་གན་ཆེན་པོ་ཞིག་ངེས་པར་འཇོག་གལ་ཆེ་བར་མཐོང། དེ་ཡང་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་དང་ལྷན་མ་འོངས་རྗེས་རབས་རྣམས་ལ་དྲན་གསོའི་རྟེན་དུ་མནའ་གན་རྡོ་རིང་ཆེན་མོ་ཞིག་བཞེངས་ཐུབ་ན་ལེགས། ༼འདི་ལ་ཆོལ་གསུམ་དབུས་སྤྱི་ཁྱབ་ཁང་དང་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པ་རྣམ་པས་དབུ་ཁྲིད་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཆུང་ཚང་མ་མཉམ་འབྲེལ་གྱིས་ནུས་པ་འདོན་ཐབས་ཀྱི་ལས་འགུལ་སྤེལ་འོས༽
ང༽
བོད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་ཁག་ཡོད་དོ་ཅོག་ལྷན་བཞུགས་ཀྱིས་ལོ་རེ་བཞིན་དུ་བོད་དོན་བདེན་མཐའ་མྱུར་གསལ་ལ་གསོལ་བ་སྨོན་ལམ་འདེབས་རྒྱུ། ༼ཆོས་དོན་ལས་ཁུངས་ཀྱིས་ཐུགས་འགན་རྐང་ལེན་གནང་འོས་སྙམ།༽
ཅ༽
སྔོན་གཤེགས་དཔའ་བོ་རྣམས་ལ་བསྔོ་སྨོན་དང་ཤུལ་ལུས་ནང་མིའི་འཚོ་སྣོན་སོགས་ཀྱི་ཆེད་དུ་ལོ་རེ་བཞིན་དུ་བཙན་བྱོལ་བོད་མི་ཡོད་དོ་ཅོག་ནས་དང་བླང་ཞལ་འདེབས་འབུལ་རྒྱུ། ༼བདེ་སྲུང་ལས་ཁུངས་ནས་ཐུགས་འགན་གནང་འོས་སྙམ༽
ཞོར་དུ། ཁ་སང་ནས་ངོ་དེབ་དང་གནམ་ཡིག་དག་གི་ནང་ལ་མཆོད་མེའི་པར་རིས་བཞག་ནས་བོད་ནང་གི་རང་སྲོག་བློས་གཏོང་གི་རྒྱལ་གཅེས་པ་རྣམ་པར་གུས་འདུད་དང་མྱ་ངན་ཞུ་བའི་མཚོན་རྟགས་ཤིག་སྤེལ་བཞིན་པ་འདི་ངོ་དེབ་དང་གནམ་ཡིག་ཡོད་པའི་བོད་མི་ཡོད་དོ་ཅོག་ནས་ཁྱབ་སྤེལ་གནང་རྒྱུའི་རེ་སྐུལ་དང་བཅས།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཧྥ་རན་སིའི་རྒྱལ་ས་དཔལ་རིས་ནས་ ༢༠༡༡ ཟླ་ ༡༠ ཚེས་ ༩ ཞོགས་པའི་ཆུ་ཚོད་གཉིས་པར་གུས་ཕུལ།
ད་ནངས་ཡར་ལངས་དུས་སེམས་ནང་ལ་བོད་ནང་གི་བུད་མེད་གིས་རང་ལུས་མེ་རུ་སྲེག་པའི་གནས་ཚུལ་ཞིག་འདུག དེ་ནས་དུས་བབ་དང་ཁ་བརྡ། ཟིན་བྲིས་སུ་བཙལ་ཡང་རྙེད་མ་སོང་། ད་ནི་རྨི་ལམ་ཡིན་ཤག་བྱས་ཡོད། སྐར་མ་འགའི་སྔོན་ལ་ངོ་དེབ་སྟེང་ཕྱིན་སྐབས་དེ་འདྲའི་གནས་ཚུལ་ཞིག་བོད་འདུག བུད་མེད་ཅིག་མེ་རུ་སྒྲོན་པའི་སྐོར་བཀོད་འདུག གནས་ཚུལ་གསལ་བོ་མི་འདུག
འདི་ག་རེ་ཡིན་ནམ། དངོས་གནས་རེད་དམ། ངས་གཉིད་གོང་ནས་དྲ་ཉུལ་བྱས་ཏེ་འདི་འདྲ་ཞིག་མཐོང་བ་ཡིན་ནམ། ཡ་མཚར།
ལྷ་སྐྱིད་ལགས། འདི་འདྲ་ཞིག་བཤད་སྲོལ་འདུག ༼your dreams will come true, if you wake up and work on it.༽ ༼ཁྱོད་རང་གཉིད་སད་ཅིང་དེའི་ཐད་འབད་པ་བྱས་ན་ཁྱོད་ཀྱི་རྨི་ལམ་དེ་མངོན་འགྱུར་ཡོང་གི་རེད༽ ང་ཚོ་གཉིད་སད་མ་ཐུབ་པའི་དཀའ་ངལ་ཡོད་པ་ཏན་ཏན་རེད། དེ་ནས་གཉིད་སད་རུང་དེའི་ཐད་འབད་བརྩོན་མི་བྱེད་པའི་དཀའ་ངལ་ཡོད་པ་ཡང་ཏན་ཏན་རེད། དེས་ན་རང་རང་གི་ནུས་པ་ལ་ཚོད་དཔག་དམའ་མི་རུང་བ་འདྲ། རྒན་ལྷ་མོ་སྐྱབས་ལགས་ལྟ་བུ། འཆར་སྣང་ཡོད་མཁན་དང་དེ་བཤད་པར་ཁུར་ལེན་མཁན་གྱི་རིགས་ལ་གུས་བརྩི་བྱ་འོས་པ་ཞིག་རེད།
ཁྲི་རལ་པ་ལགས་བཀྲིས་བདེ་ལེགས། ཀ༽ངེད་ཚང་གི་ལྷ་ས་གཙོས་བའི་དབུས་ཀྱི་སྤྱི་འཐུས་མེད་པ་དེ་བཙན་བྱོལ་བོད་མི་སྤྱི་ཡོང་གི་ནོར་འཁྲུལ་རེད་ཞུ་གི་མེད་ལགས། འོན་ཀྱང་། དབུས་ཀྱི་སྤྱི་འཐུས་མེད་པ་མཐོང་ཞིན་དུ་དབུས་གཙང་སྤྱི་འཐུས་ལབ་པ་དེ་ནོར་འཁྲུལ་རེད་ལགས། མིང་དང་དོན་མ་མཚུངས་པ་རེད། སླད་ཕྱིན་གཙང་སྟོད་སྤྱི་འཐུས་ལས། དབུས་གཙང་སྤྱི་འཐུས་མ་རེད་ཞུ་རྒྱུ་ཡིན། དབུས་ཟེར་བའི་ཐ་སྙད་འདི་ཡང་བཙན་བྱོལ་སྤྱི་ཚོགས་ནས་བསྡུ་གསོག་བརྒྱབ་རོག་ཅེས་ཞུ་རྒྱུ་ཡིན་ལགས། ཁ༽ཟམ་གདོང་བླ་མ་དབུས་གཙང་གི་གདམ་པ་རེད་ལགས། ད་དུང་མགོ་མ་ཚོས་པ་ག་རེ་ཡིན་ན། ཟམ་གདོང་བླ་མ་མི་དམངས་ཀྱི་གདམ་པ་མ་རེད་ལགས། དོན་དངོས་འོས་བསྡུ་ལྷན་ཁང་གིས་བསྐོ་བཞག་བྱས་པ་རང་རེད་ལགས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་གསུང་པ་འདི་རེད། སྔོན་མའི་བཀའ་ཁྲིའི་འོས་གྲངས་རྒྱ་ཆ་ཉི་ཤུ་ལྷག་ལས་མ་བྱུང་བ་རེད། མ་འོང་པར་བོད་མི་ཚང་མ་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་འདེམ་ལ་ཞུག་རོག་ཅེས་རེ་སྐུལ་ནན་པོ་ ཞུས་སོང་ལགས།། དོན་དངོས། དེ་སྔོན། ཨེ་རག་མི་དམངས་ཀྱིས་སཱ་ཏམ་འབུ་སྲིན་འོས་འདེམ་བྱས་པ་དང་། བཙན་བྱོལ་བོད་མིས་ཟམ་གདོང་བླ་མ་འོས་འདེམ་བྱས་པ་གཉིས་ཅིག་པ་ཅིག་ཀྱང་བྱུང་བ་རེད་ལགས།།
ཆིག་སྒྲིལ་གྱི་མནའ་གན་དམ་བཅའ་ལབ་ན་ག་འདྲ་ཞིག་ལ་ཟེར། ཤུགས་ལྡན་བརྟན་པ་རྣམས་མཐའ་གཅིག་ཏུ་ཟུར་འབུད་བྱོས་པའི་དོན་ཨི་རེད།
བདག་གི་དབུ་མའི་ལམ་གྱི་མཆེད་གྲོགས་དགེ་རྒན་ཆེན་མོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ལམ་སྟོན་ཚད་ལྡན་གནང་འདུག ད་ཐེངས་བཀླགས་ཟིན་ཙམ་ཡིན། རྗེས་སུ་རིམ་པར་བགྲོ་གླེང་བྱས་ཆོག
རྒན་ལྷ་མོ་སྐྱབས་ལགས་ཀྱིས་དགོངས་འཆར་བཏོན་པ་འདི་དངོས་ནས་ཡག་པོ་རེད། ཆིལ་བསྒྲིལ་གྱི་ནུས་པ་གཞི་གཅིག་ལ་སྤུང་སྟེ་མ་མཐའ་ཡང་རྒྱལ་སྤྱིའི་སྟེང་ལ་གསར་འགྱུར་གྱི་མེ་སྟག་ཙམ་རེ་འཇོག་ཐུབ་ན་བཟང་།
རྒན་ཆབ་བྲག་ལགས་ནས་ཡག་པོ་ཞིག་གསུང་འདུག ད་ནི་ངོ་མ་ཤེས་ལྡན་པ་ཚོས་སྣེ་ཁྲིད་ལམ་བསྟོན་བྱེད་པའི་དུས་ལ་བབ་འདུག
རྒན་ལགས་གཞེན་སྐུལ་དང་འཛུབ་སྟོན་གནང་རྒྱུ་ང་ཚོའི་འགན་རེད། སྒྲུབ་མིན་དེ་བོད་མིའི་སྒྲིག་འཛུགས་དང་རང་དབང་ཅན་གྱི་ཚོགས་སྡེ་ཁག་ལ་ཐུག་ཡོད། ཆ་ཤས་ཙམ་རེ་སྒྲུབ་སྲིད་པའི་ཡིད་ཆེས་ཡོད།
ཉིད་ཀྱི་གཞེན་སྐུལ་དོན་ཚན་དང་པོའི་སྐོར་ལ། ཕྱི་ཟླ་༡༡ པའི་ཚེས་༢༡ནས་༢༢ པར་འཇར་མན་ནས་རྒྱ་བོད་སོག་ཡུ་གུར་བཅས་ཀྱི་སྐུ་ཚབ་རྒྱས་འཛོམས་ཚོགས་ཆེན་ཞིག་འཚོགས་འཆར་འདུག་ལ། ཚོགས་ཆེན་འདི་བརྒྱུད་ནས་གཉའ་གནོན་འོག་གི་མི་རིགས་ཚོའི་གུང་གཞུང་མགོ་རྟིང་སློག་པར་འཛུབ་མོ་ལྔ་བཅིངས་གནང་སྟེ། མ་འོངས་པར་ལས་འགུལ་མཉམ་རུབ་དང་ཡང་ན་མཉམ་འབྲེལ་ཚོགས་པ་ཞིག་འཛུགས་ཐུབ་པར་གོམ་པ་དང་པོ་སྤོ་ཐུབ་པའི་ཡིད་ཆེས་ཡོད།
གཞེན་སྐུལ་ཁ་བ་ལས་འགུལ་ནུས་ཤུགས་ལྷན་སྤུངས་གནང་ཐབས་སྐོར་ལ་ངོ་དེབ་སྟེང་ནས་མཆོད་མེ་སྤར་ཡོད། ཚོགས་སྡེ་ཁག་གིས་ལས་འགུལ་ར་མའི་རིལ་མ་འདྲ་རེ་བཏང་ནས་འདུག་རྒྱུ་གོམས་ཡོད་པའི་མཉམ་འབྲེལ་ཡོང་རྒྱུ་དཀའ། གཞུང་འབྲེལ་གསར་འགོད་གསལ་བསྒྲགས་དེ་རྒྱ་ཡིག་གཙོས་སྐད་རིགས་མང་པོའི་ནང་སྤེལ་ན་དགེ་མཚན་བསམ་མི་ཁྱབ།
གཞེན་སྐུལ་ག་བ་རྗེས་དྲན་དང་རྗེས་དྲན་རྡོ་རིང་བཞེངས་ནའང་དཔའ་རྒཽད་ཚོའི་མིང་རྡོ་རིང་ལ་བརྐོ་དགོས་ད་རུང་མིང་ཐོ་སྣོན་སའི་ས་ཆ་ཞིག་འཇོག་དགོས། ཆོལ་ཁ་གསུམ་ལས་ཁང་འཐོར་སོང་བ་མིན་ནམ། ད་ལྟ་ཆོལ་གསུམ་སྐྱིད་སྡུག་མཉམ་མྱོང་ཚོགས་པ་ཞིག་འཛུགས་དགོས་བ་འདྲ།
གཞེན་སྐུལ་ཅ་བ་འདི་ལ་ཕྱི་སྡོད་རྒྱ་ནག་པ་ཚོའི་ཐེབས་རྩ་ཚོགས་པ་རེ་བཙུགས་ཏེ་བཙོན་དུ་ཚུད་པའི་སྲིད་དོན་བཙོན་པ་ཁག་གི་ནང་མི་ལ་དངུལ་དངོས་ཀྱི་རྒྱབ་སྐྱོར་གནང་གིན་འདུག འགན་འདི་བདེ་སྲུང་གིས་སྒྲུབ་གི་མ་རེད། རབ་བྱུང་ན་བཙོན་ཟུར་ཚོགས་པ་དང་དམངས་ཁྲོད་ནས་ཐེབས་རྩ་ཚོགས་པ་རེ་བཙུགས་ན་བཟང་སྙམ།
དེ་ཙམ་བྱ། ཉིད་ཀྱི་སྐུ་དགེ ཐུགས་བདེ། ཁ་དྲོ།
ལུང་རིགས་རྒྱལ་ལགས། ཁྱེད་ཀྱིས་བུད་མེད་ཅིག་གིས་རང་ལུས་མེ་སྲེག་་་་་་ཟེར་བའི་གནས་ཚུལ་དེ་ཉིན་གཉིས་གསུམ་སྔོན་དུ་བདེ་སྐྱིད་གླིང་ནས་བུ་མོ་ཞིག་གིས་རང་ཉིད་མེག་སྲེག་པ་དེ་གོ་བ་མིན་འགྲོ་སྙམ།
དེ་ནས་རྒན་ལྷ་མོ་སྐྱབས་ནས་རྒྱ་རིགས་སོགས་དམངས་གཙོ་དོན་གཉེར་ཅན་ཚང་མར་འབོད་སྐུལ་གྱིས་རྒྱལ་ཁབ་གང་རུང་ཞིག་ཏུ་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་ཚོགས་ཆེན་ཞིག་བསྐོངས་ནས་མི་རིགས་མནའ་འབྲེལ་གྱི་ཚོགས་པ་ཆེན་པོ་ཞིག་བཙུགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཉམ་སྤེལ་གང་མང་བྱེད་རྒྱུ། ཞེས་པ་དེར་ཧ་ཅང་མོས་མཐུན་ཡོད། དེ་འདྲ་ཞིག་བྱེད་ཐུབ་ན་ངོ་མ་ལྟ་ས་ཞིག་ཡོད་རྒྱུ་རེད།
ཨ་མདོ་རྔ་བ་ནས་དཔའ་བོ་དང་དཔའ་མོ་ཚོས་མི་རིགས་འདི་ཡི་ཆེད་དུ་རང་ལུས་མེ་ལ་བསྒྲོན་རྡ་ས་དང་གངས་ཅན་སྐྱིད་གཞུངས་སོགས་ནས་སྐུ་ངོ་དང་སྦྲང་བོ་ཚོས་ཁ་ནས་གནམ་ས་ཁ་ལོ་བསྒྱུར་བ་ལྟ་བུ་ཁ་རྒྱག་པ་རེ་བཤད་ནས་སོས་དལ་གྱིས་དཔལ་ལ་རོལ་བཞིན་འདུག ཡིད་སེམས་གཏིང་ནས་སྡུག་གི
དཔྱོད་ལྡན་འགའ་ཞིག་གིས་མཆན་འགོད་གནང་བ་དང་ལྷག་པར་གསང་གྲོལ་ལགས་ནས་བསམ་འཆར་གཏོན་པར་དགའ་བོ་བྱུང། གཞེན་སྐུལ་འདིར་ངག་ཐོག་དང་ལྷག་པར་ཡིག་ཐོག་རང་ནས་མོས་མཐུན་ནམ་རྒྱབ་སྐྱོར་མང་ཚམ་འཐོབ་པའི་རེ་བ་ཡོད། དེ་བྱུང་ན་གཞེན་སྐུལ་གྱི་ནུས་པ་ཇ་ེ་ཚེར་འགྲོ་ཐུབ།
ཁ་སང་བུ་མོ་ཞིག་གིས་གཙོས་ལས་འགུལ་གོ་སྒྲིག་ཡག་ཙམ་བྱུང་འདུག་ཅེས་ང་ལ་ནམ་རྒྱུན་ནས་བོད་ནང་འབྲེལ་བ་བྱེད་མཁན་གྲོགས་མཆོག་ཅིག་ཡོད་པ་ཁོས་བཤད་བྱུང། དེ་རིང་ཁོང་དངོས་སུ་ཕ ཡུལ་ལ་གནས་ཚུལ་རྒྱུས་ལོན་དུ་འགྲོ་གི་ཡིན་ཟེར། དྲག་གནོན་དང་བཀག་སྡོམ་ཤུགས་དྲག་པས་བརྒྱུད་ལམ་མང་པོ་ཞིག་འགག་འགྲོ་གི་འདུག དེ་བདེན་པ་མིན་ཡང་མི་སྐྱོན། གང་ལྟར་དཔའ་རྒོད་དུ་མ་ཞིག་མུ་མཐུད་དུ་གྲ་སྒྲིག་བྱས་ནས་མཆོད་མེ་སྦར་དང་སྨོར་རྒྱུ་ཡིན་པ་རེད།
ཆིག་སྒྲིལ་གྱིས་ལོངས་ཤོག བདེན་དོན་གྱིས་ལོངས་ཤོག སྐྱིད་སྡུག་མཉམ་མྱོང་གིས་ལོངས་ཤོག འཚེ་མེད་ཞི་བདེའི་སྒོ་ནས་ལོངས་ཤོག
རྒན་ཆབ་བྲག་ལགས་གོ་མྱོང་ཡང་མཇལ་མ་མྱོང་། ད་ལན་མཇལ་བ་ཞིག་དང་འདྲ་ བའི་ཚིག་འདི་དག་ནི། དོན་ཆེན་ཞིག་ཡིན་ལ་ཡིད་ལ་ཡང་བརྣག་དགོས། འདིས་ལམ་སྟོན་ཞིག་ཀྱང་གནང་འདུག་ལ། ཚང་མས་རྒྱབ་སྐྱོར་ཞིག་ཀྱང་གནང་ དགོས། དེ་ལ་ཡིད་ཆེས་ཀྱི་སྤོབས་པ་ཞིག་དང། ལ་རྒྱ་ཞིག་གིས་སྣེ་འཁྲིད་དེ། ཚང་མ་གཅིག་བསྡུས་ཤིག་དང། མཐུན་བསྒྲིལ་ཞིག་གི་ནུས་པ་དང་། དཔུང་ སྟོབས་ཤིག་གི་དཔའ་ངར་གྱིས། མདུན་ལམ་ཞིག་དང་དམིགས་ཡུལ་ཞིག་ལ་བརྒོལ་ བའི་ཀླན་ཀ་དེ་ངེས་པར་གཏོང་རིགས་སོ། །
རྒན་ཆབ་བྲག་ལགས་ཀྱིས་དགོངས་འཆར་དང་ལམ་སྟོན་ཡག་པོ་ཞིག་གནང་འདུག རྗེས་སུ་ཡི་རང་ཞུ། ད་དངོས་གནས་བོད་ཕྱི་ནང་གཉིས་ནས་མཉམ་གཅིག་ཏུ་འཕག་འཚག་རྒྱག་པའི་དུས་ལ་སླེབས་འདུག་སྙམ། འོན་ཀྱང་བཙན་བྱོལ་གཞུང་དམངས་གཉིས་ལ་ད་དུང་ཡང་ཚོར་བ་ཞིག་སླེབས་ཀྱི་མེད་པ་འདྲ་བོ་འདུག སྤྲོ་སྐྱིད་དང་རྩེད་རིགས་ལ་རོལ་བཞིན་བསྡད་འདུག ད་སྔོན་ལྡི་ལིའི་གཞོན་ནུའི་ཚོགས་པའི་ལས་འགུལ་དེ་སེམས་ལ་འབབ་ཅིང་དོན་ཕན་ལྡན་པ་ཞིག་གནང་སོང་། དེ་མིན་གཞོན་ཚོགས་པ་གཙོས་རང་བཙན་རྩོད་མཁན་རྣམས་ལ་ཁ་རྡུང་དང་ཉེས་མེད་སྐྱོན་འཛུགས་བྱེད་མཁན་རྣམས་འཇམ་ཐིང་ངེར་གཉིད་ཁུག་ནས་བསྡད་འདུག ནང་ཁུལ་ལ་མ་གཏོགས་རྒྱ་ཕྱོགས་ལ་སྨྲ་ལྕེ་ལྐུག ཀླད་པ་ཉོག ལག་ཟུང་ཞ མིག་ཟུང་ཞར་ནས་ཡོད་པ་རེད།
དེང་སང་རྒྱ་རིགས་ཤེས་ལྡན་དག་གི་ནང་ན་ཡང་རྒན་ཆབ་བྲག་གི་དགོངས་ཚུལ་ནང་བཞིན་བོད་དང་སོག་པོ། རྒྱ་རིགས་དམངས་གཙོ་དོན་གཉེར་པ། རྩ་རླུང་སྒོམ་སྒྲུབ་ཚོགས་པ་སོགས་མཉམ་འབྲེལ་གྱིས་རྒྱ་གཞུང་མགོ་རྟིང་སློག་དགོས་པ་བཤད་མཁན་སང་། འབྲི་མཁན། བསམ་མཁན་མང་པོ་ཡོང་གིན་ཡོད་པ་འདི་དག་གོ་སྐབས་ཤིག་ལ་གཟིགས་ཏེ་ཐབས་འཚོལ་གནང་རྒྱུ་གལ་གནད་ཆེ་བ་མ་ཟད། དེ་ལྟའི་མཉམ་འབྲེལ་གྱིས་ལས་འགུལ་ཞིག་སྤེལ་ཐུབ་ལས་འགུལ་གཞན་ལས་ནུས་བརྒྱ་འགྱུར་གྱིས་ཆེ་བར་འདོད།
ཆབ་བྲག་ཕོ་ཉས་གོང་དུ་བཤད་པ་དག་དོན་ལ་དེ་ལྟར་སོང་ན་མི་འགྲིག་པར་མེད། འོན་ཀྱང་ཁོང་གིས་བཙན་
བྱོལ་གཞུང་གིས་དེ་འདྲེའི་བོད་ནང་ཤུགས་མི་རྒྱག་པར་ཤེས་བཞིན་དུ་རེ་བ་ངོ་མ་ཞིག་ཡིན་ནམ་སྙམ།
ཉིས་སྟོང་བརྒྱད་ལོར་ལོན་ཏྲོན་ནས་ང་ཚོ་བོད་རིགས་སྐོར་ཅིག་གིས་བལ་ཡུལ་ནང་ནས་བོད་དོན་
ཆེད་རྨས་མ་ཁ་ཤས་ཡོད་ཕྱིར་དངུལ་གང་ཙམ་ཞིག་བསྡུས་ཏེ་བ་ཡུལ་ལ་བསྐུར་སོང་། ཕྲན་གྱིས་རོགས་དངུལ་སྤྲད་མེད།རྒྱུ་མཚན་ནི་ངའི་ཕ་ཡུལ་རྔ་བ་ནས་མི་༢༦བསད་པར་མ་ཟད་མི་རྒྱ་ཕྲག་མང་བོ་ཁྲིམས་ལ་ཡོད་ཀྱང་རོགས་པ་མེད་པས་ངས་མི་སྤྲད་དོན་བཤད་པ་ཡིན།
དེ་རིང་ངས་ཤོད་ཀྱིན་པ་ནི་སྒོར་མོ་རང་མིན་བོད་ཕྱི་ནང་གི་འབྲེལ་ལམ་དེ་ཡིན།
དེང་སང་སྔོན་མ་དང་མི་འདྲབར་ཐག་རིང་སྐད་ཆ་རླུང་ཟེར་བ་ངོ་མ་རེད།
ཐོག་མར་རང་མགོ་ལགས་ལ་བདེན་ཁ་ཅུང་སྟེར་ན་འདོད། བོད་གཞུང་གིས་དངོས་སུ་བཀའ་བཀོད་གནང་གིན་མེད་ལ་དཔལ་འབྱོར་གྱི་མཐུན་རྐྱེན་རིགས་ཀྱང་སྦྱོར་གྱིན་མེད་པའམ་ཐུབ་ཀྱིན་མེད། འོན་ཀྱང་ཤུགས་དང་བརྒྱུད་ནས་ནུས་པ་མི་དམན་པ་རེ་ཐོན་ཡོད། དེ་བོད་ནང་གི་བོད་མིས་བཙན་བྱོལ་གཞུང་ལ་རེ་ལྟོས་ཡིད་ཆེས་ག་འདྲ་ཞིག་གནང་གིན་ཡོད་པ་འདིས་ཀྱང་མཚོན་ཐུབ།
གཞོན་སྐྱེས་ཁྱེད་ཅག་གིས་བཀའ་ཁྲི་གསར་བར་གདེང་འཇོག་དང་ཡིད་ཆེས་ཆེན་པོ་ཞིག་གནང་ཡོད། དེ་བཞིན་ཁོང་རང་ཡང་སེང་གེའི་མིང་དོན་ལྡན་པ་ཞིག་ཆགས་རྒྱུར་རེ་བ་བྱས་ཆོག ད་ལྟ་ནི་བཙན་བྱོལ་གཞུང་དམངས་ངོས་ནས་བོད་ནང་ལ་ནུས་པ་ཤུགས་ཆེར་འདོན་དགོས་པ་ཞིག་རེད་སྙམ་བྱུང།
སྐབས་སྐབས་ཀྱི་རོགས་དངུལ་དང་མི་ལ་ལས་ལས་འགུལ་དེ་རིགས་ལ་བཟང་ངན་ཅི་རིགས་དང་འོས་མིན་ཅི་རིགས་ཡོང་གི་རེད། དེ་བས་གཞུང་གི་སྟངས་འཛིན་འོག་ནས་གཅིག་གྱུར་གྱི་ཆ་སྙོམ་གྱི་ནུས་འདོན་རོགས་སྐྱོར་གནང་ཐབས་དེ་ཡང་ཆིག་སྒྲིལ་ཐད་ལ་ཕན།
མ་གཞི་ནས་ཆིག་སྒྲིལ་དེ་བཀའ་ཁྲི་གསར་བའི་དམ་བཅའ་གཅིག་ཀྱང་ཡིན་པས་བདག་གིས་རེ་བ་འདི་ཞུས་པར་ཡིད་རྟོན་ཅུང་ཡོད།
ཆབ་བྲག་ལྷ་མོ་ནས་བཤད་ནང་ཡོངས་པར་ཤོག་་་་ང་ནི་ཐང་ཆད་ནས་བསྡད་ཡོད་་་གང་ཡིན་ཟེར་ན་ལྷ་ས་ནས་སྤྱར་ཡིག་ཞིག་བཀྲམས་ན་མར་མེ་ཁྲོམ་སྐོར་དང་སྐད་འབོད་ཡོད་ལ་་་མདོ་སྟོད་སྨད་ནས་སྐད་འབོད་དང་མེ་བསྲེགས་བཏང་ཡང་གོ་མེད་ཐོས་མེད་ངང་བསྡད་འདུག་པའི་ངང་ཚུལ་ཞིག་འདུག་ཡ་་་་་གཞོན་སྐྱེས་ཚོ་ཆིག་བསྒྲིལ་བྱེད་རོགས་མདུན་དུ་ཐོན་རོགས་་་མི་རབས་གསར་བའི་བདམས་པའི་བཀའ་ཁྲི་དེ་ད་ལྟ་གཉིད་ཡོད་ས་རེད་ཡ་་་མི་རབས་གསར་བ་ཚོ་ཁོང་དཀྲོགས་པར་འགྲོ་་་་་་ངོ་མ་ང་ཚོའི་གཞུང་དེ་གོ་རྒྱུ་ཐོས་རྒྱུ་གང་ཡང་མེད་པར་ག་བ་འགྲོ་ཡིན་ན་
དེ་ནས་བོད་ཀྱུ་བུས་ཀྱག་གཞུང་དང་ཚོགས་སྡེ་ཁག་ལ་འཁང་ར་ཞིག་བྱས་འདུག་ཁག་མེད་གི ཡིན་ཡང་ངས་བསམ་ཚོད་ལ་རྟག་པར་ཚོགས་སྡེ་ཁག་གིས་གཅིག་ལས་གཅིག་ལྷག་གི་ལ་རྒྱ་འདྲ་བོ་ཞིག་རྩོད་པ་ལས་དོན་ཕན་རང་ལ་དམིགས་ཏེ་མཉམ་ལས་མཉམ་འབྲེལ་གྱི་ནུས་པ་ཡག་པོ་ཞིག་འདོན་ཐུབ་ཀྱིན་མེད། རྒྱུ་མཚན་འདིས་ཀྱང་བདག་གིས་སླར་ཡང་མནའ་གན་མཐུ་བོ་ཆེ་གཉིས་པ་ཞིག་འཇོག་པའི་དུས་ལ་བབས་པ་མཐོང། ཁྱེད་ཀྱིས་ཡུ་རངས་དང་རྒྱབ་སྐྱོར་གནང་བ་བཀའ་དྲིན་ཆེ།
བློ་མཐུན་འདྲེ་མགོ་རྡོ་ལགས་ཀྱིས་བགྲོ་གླེང་རྒྱུར་སྒུག་ཡོད།
བསོད་ནམས་ལགས་སུ། ༡༩༦༠ལོར་མནའ་གན་མཐུ་བོ་ཆེ་ཞིག་བཞག་ཚུལ་དེ་གོ་མྱོང་ཡོད་ངེས། སྐབས་དེར་དེས་ཕན་ཐོགས་ཆེན་པོ་བྱུང་ཡོད། སྐབས་དེ་ནི་ད་ལྟ་དང་བསྡུར་ན་འགལ་བ་སྣ་མང་དང་ཛ་དྲག་གི་དུས་ཤིག་ཀྱང་རེད། དེང་སང་ཡང་་ཆོས་བརྒྱུད་དམ་ཆོས་ལུགས་ཁག་བར། ཆོལ་ཁའི་བར། གསར་རྙིང་བར། རྒན་གཞོན་བར། དབུ་མ་པ་དང་རང་བཙན་པའི་བར། ཐ་ན་གཞུང་དང་དམངས་བར་ལ་ཡང་འགལ་བ་དང་མཛའ་འབྲེལ་ཇེ་རིང་ལ་འགྲོ་བའི་ཉེན་ཁ་ཞིག་མི་སྣང་ངམ། སྐུ་ངོ་བློ་བཟང་སྦྱིན་པ་ལགས་ནས་ཀྱང་ཆིག་སྒྲིལ་གྱི་སྐོར་ལ་བསླབ་བྱ་གནང་གིན་འདུག་ག བཀའ་ཁྲི་གསར་བའི་ཐུགས་ལ་ཡང་ཆོས་བརྒྱུད་ཁག་ལ་འདྲ་མཉམ་གྱི་ཐོབ་ཐང་དགོས་ཚུལ་དང་ཆིག་སྒྲིལ་དེ་དམ་བཅའ་གཅིག་ལ་བརྩིས་ཡོད། གོང་དུ་མཆན་འགོད་པ་ལ་ལས་ཀྱང་བཤད་བྱུང། ཆ་སྙོམ་དང་དྲང་ཚུགས་མེད་པ་འདྲ་བོ། དེ་དག་ལ་ལ་ཞིག་ལས་ཀ་བྱེད་སྟངས་ཀྱི་ནོར་འཁྲུལ་ཡིན་ལ་་ལ་ལ་ཞིག་བསམ་བློའི་ནོར་འཁྲུལ་དང་་ཤེས་ཚད་ཀྱིས་མ་འདང་བ་སོགས་ཀྱང་ཡིན་སྲིད་མོད། གང་ལྟར་ཚང་མས་ཆིག་སྒྲིལ་གྱི་དགོས་གལ་རང་བཞིན་མཐོང་ཐུབ་ཀྱིན་ཡོད་ལ་ཆིག་སྒྲིལ་ལ་གཙང་མ་ཞིག་ཡོད་མེད་ལ་བློ་འཚབ་ཀྱང་ཡོད་པས་་བདག་གི་དམིགས་ཡུལ་གཙོ་བོ་ནི་ཡིད་བཞིན་ནོར་བུའི་དགོངས་པ་དང་མི་འགལ་བར་ཆོས་སྲིད་གཉིས་ཐད་ནས་བོད་མི་ཚང་མ་དམ་ཚིག་རྡོ་རྩ་གཅིག་སྒྲིལ་ཞིག་ཡོང་བར་དུས་འཁོར་དབང་ཆེན་གྱི་བོད་གཞིས་བྱེས་གཉིས་ཀྱིས་གཙོས་བོད་མི་འདུ་འཛོམས་ཆེ་བའི་སྐབས་འདིར་མནའ་ཚིག་རྡོ་རིང་ལ་བཀོད་པ་ཞིག་བྱུང་ན་ད་ལྟ་དང་རྗེས་རབས་པ་ཕན་རླབས་ཆེ་བར་བསམ་པ་ཡིན།
རྒན་ལྷ་མོའི་ཟོལ་མེད་ཀྱི་ལྷག་བསམ་ལ་མངོན་པར་བསྟོད་དོ།
ཧ་ཅང་གི་གལ་ཆེ་བ་དང་ནུས་པ་ཐོན་སྲིད་པ་གཅིག་ནི། གུང་ཁྲན་གཞུང་གི་གཉའ་གནོན་འོག་གཅིག་གྱུར་གྱི་མནར་གཅོད་མྱོང་བཞིན་པ། བོད་དང་ཡུ་གུར། སོག་པོ་དང་ཁ་ཆེ་བ་སོགས་ཤོད་མ་དགོས་ཐོག་རྒྱ་རིགས་དཀྱུས་མའི་མི་སེར་རྣམས་ཀྱང་དེའི་ཁུངས་སུ་འདུས་དགོས་གི་རེད།
རྒྱ་རིགས་དཀྱུས་མ་དག་ནི་རྩ་རླུང་སྒོམ་བསྒྲུབ་དང་དམངས་གཙོ་དོན་གཉེར་བ། ཡོང་སྒོར་དམའ་བའི་ཚོང་བ་དང་བཟོ་བ། གྲོང་གསེབ་ཞིང་བ་སོགས་རེད།
འདི་རྣམས་དུས་གཅིག་ལ་ལངས་ཐུབ་ན་གུང་ཁྲན་ཏང་གི་བླ་སྡོང་གཅོད་རྒྱུ་རྩ་མོ་རེད། ཡིན་ན་ཡང་དཀའ་མོ་དེ་་དེ་ཡི་གཞུག་ལ་ཡོད་པ་རེད།
དགོངས་འགལ་མེད་པ་ཞུ། རྒན་ལྷ་མོ་ལགས། འུ་ཐུག་པ་དང་ངར་ཤུགས་མེད་པའི་འབོད་ཚིག་དེ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཟེར་པའི་འབོད་ཚིག་དེ་དེ་ཙམ་ཡིད་དུ་འཐད་པ་ཞིག་མ་རེད།
དེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞུང་གི་ཚབ་བྱས་པ་དེར་འགྱོད་པ་མ་བྱུང་ཡང་། དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཚབ་ཏུ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཟེར་པ་དེར་ཡིད་མོས་བྱུང་མ་སོང་།
ཆབ་བྲག་ཚང་གི་དགོངས་ཚུལ་ཧ་ཅང་ཡག་པོ་འདུག འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་ལག་ལེན་བསྟར་མཁན་དཀོན་པོ་རེད།
དཔེར་ན།
དེ་སྔ་རྒྱ་གར་རྡོ་རྗེ་གདན་དུ་བོད་མི་ཚོས་༸གོང་ས་མཆོག་དང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོའི་སྐུ་མདུན་དུ་མནའ་གན་ཐུ་བོ་ཆེ་བཞག་ཡོད་ཀྱང་། མནའ་ཚིག་དོན་ཐོག་འཁྱོལ་ཐུབ་པ་ཞིག་བྱུང་མེད།
ཉིས་སྟོང་བརྒྱད་ལོའི་བོད་ནང་གི་གྱེན་ལངས་ཆེན་པོའི་རྗེས་སུ་ཡང་མི་དམངས་མང་པོ་ཞིག་གིས་བསམ་འཆར་བརྒྱ་ཕྲག་ཞུས་མཐར་གྲོས་ཚོགས་ནས་བཀའ་ཁྲོལ་ཐོབ་ཙམ་བྱུང་ནས། སྔོན་གཤེགས་དཔའ་བོའི་ཆེད་དུ་རྡོ་རིང་ནག་པོ་ཆུང་ཆུང་ཞིག་རྡ་ས་གཙུག་ལག་ཁང་གི་སྲང་ལམ་ཁུག་ཀྱོག་ཞིག་ཏུ་ཁྲལ་སེལ་དུ་བསླངས་ནས་སྒོ་འབྱེད་མཛད་སྒོ་ཚར་རྗེས། ཡ་མེད་ཐལ་བ་འཚུབ་བེར་འདུག དེ་དག་ལོ་རྒྱུས་ཀྱི་མཐོང་སྟངས་ཤིག་ལས་དགོས་པ་ཆེ་བར་མ་མཐོང་།
དགོངས་ཚུལ་ནི་དགོངས་ཚུལ་ཙམ་རེད།
དེ་བས་ལག་ལེན་བསྟར་རྒྱུ་གལ་ཆེ།
ད་ལྟའི་འཆར་བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་ཆེན་པོ་ཞིག་སྤེལ་ན། བཙན་བྱོལ་ནང་གི་མི་མང་ཕལ་མོ་ཆེས་སྒེར་གྱི་ལས་དོན་ཆེ་བཞག་ཆུང་བསྐྱུར་བྱས་ནས་མཉམ་བཞུགས་གནང་ངེས། གང་ལགས་ཟེར་ན། བོད་ནང་ཛ་དྲག་ཡོད་པས་སོ།།
དེ་མིན་རྡ་སའི་འུ་ཚོའི་བཙན་བྱོལ་བོད་གཞུང་འདིའང་རྒྱ་ནག་གུང་ཁྲན་གྱི་བཀའ་འོག་ཏུ་གནས་ཡོད་པའི་ཚོར་སྣང་ཡོང་གི་འདུག
ཆབ་བྲག་ལྷ་མོ་ལགས་ཀྱི་བསམ་ཚུལ་ལ་མོས་མཐུན་ཡོད། རྒྱ་དམར་གྱི་འོག་མནར་གཅོད་མྱོང་མཁན་རྣམས་ཆིག་སྒྲིལ་བྱེད་དགོས་ཀྱི་འདུག
ཆབ་བྲག་ལགས།ད་ཁ་ཕོ་དེ་འདྲ་སྒྲོག་ནས་བོད་ནང་གི་མི་ཚོའི་གཤོག་ཞབས་ལ་རླུང་མ་བརྒྱག་རོགས་ཞུ།ལྷག་པར་དེང་སང་གི་གནས་སྐབས་སུ་ཨ་མདོ་རྔ་པ་གཅིག་པུ་མ་གཏོགས་བོད་ཀྱི་ས་གནས་གང་སར་གྲགས་འགུལ་གང་ཡང་མེད་པས།རྔ་པ་ས་གནས་སུ་མི་མང་པོ་ཅིག་མེ་ལ་བསྲེག་ཚར་མང་པོ་མནར་གཅོད་ཀྱིས་འཕྲོ་བརླག་ཏུ་ཕྱིན་ཚར།མང་པོ་བཙོན་ལ་བཅུག་ཚར།བོད་མིའི་ཆོས་རིག་གི་ལྟེ་གནས་ཆེན་པོ་ཀིརྟི་དགོན་པ་ནི་འཇིག་ལ་ཉེ་སྐབས་འདིར།མང་ཚོགས་ཀྱི་གཤོག་ཐོག་རྡོ་ཡིས་གནོན་ཐབས་བྱེད་ཚབ་ཏུ་མི་མང་ལ་སེམས་ཚོར་ཤུགས་ཆེ་བསླངས་པ་ཡིན་ན།མཐར་གྱོང་རག་ས་དེ་རྔ་པ་མི་མང་ཡིན་པ་དང་ལས་འགུལ་དེ་ཕམ་རྒྱུ་ཉག་གཅིག་མ་གཏོགས་དེ་ལ་ཐོབ་བྱ་གང་ཡང་མེད་པ་གསལ་པོ་ཡིན།
དོན་གནད་དེ་འདྲར་གཟིགས་ནས་༧རྒྱལ་དབང་རིན་པོ་ཆེས་ད་ལོ་གྲྭ་ཕུན་ཚོགས་ཀྱི་རང་ལུས་མེར་བསྲེགས་སྐབས་ལས་འགུལ་མ་སྤེལ་རོགས་ཞེས་གསལ་བོ་བཀའ་གནང་སོང་ང་།
ད་དུང་མི་མང་པོས་རང་ལུས་མེར་བསྲེག་དང་སྐད་འབོད་བྱེད་དགོས་རེད་མདོག་མདོག་མ་བྱེད་རོགས།ཁྱོད་རང་གི་ཕ་ཡུལ་དང་སྤུན་མཆེད་ཉེ་འབྲེལ་སྟེང་སྡུག་དེ་འདྲ་ཡོང་གི་ཡོད་ན་ལམ་སྟོན་འདི་འདྲ་གནང་ཐུབ་བམ།མི་ཐོག་ཏུ་ཁ་མ་ཆེ་ན་ལེགས།
ཨོ་གཅིག་བརྗེད་འདུག།གནའ་གན་སོགས་བཞག་མ་བཞག་གང་ཡང་མེད་པ་རེད།དེ་ཚོ་སྔོན་མའང་བོད་པ་ཚོས་མང་པོ་བྱས་རེད་མོད།མཐའ་མར་མནའ་གན་དང་༧རྒྱལ་བའི་བཀའ་རྡོག་རོལ་གཏོང་མཁན་གཙོ་བོ་རྣམས་གནའ་གན་༧གོང་སའི་མདུན་འཇོག་དགོས་རེད་ཅེས་བཤད་མཁན་རྣམས་ཡིན་པ།
དེ་ཚོ་ཚང་མ་སྲིད་དོན་པ་ཚོའི་འཁྲབ་སྟོན་རང་ཡིན་སྙིང་པོ་གང་ཡང་མེད་པ་རེད།
སོག་པོ་དང་ཡུ་གུར་རྒྱ་ནག་མང་གཙོ་པ་རྣམས་དང་ལྷན་ཅིག་བྱེད་མདོག་སྟོན་པའང་གྲུབ་འབྲས་ལ་མིག་བཙུམ་ན་གསལ་བོ་འཆར་ཀི་འདུག།དེ་ཚོ་ཚང་མ་རྒྱལ་སྤྱིའི་སྟེང་ནུས་མེད་ཉམས་ཞན་ཚོགས་ཁག་ཞེ་གཅིག་ཡིན་པས།
ད་ལྟ་བར་བོད་གཞུང་གིས་གྲུབ་འབྲས་མེད་པའི་འཚོགས་ཆེན་གང་མང་བསྡུས་པ་དང་གཅིག་པ་རང་ཆགས་ཀི་རེད།
དེ་ལས་ཞི་འཇམ་ངང་རང་གི་ཆོས་རིག་སྲུང་སྐྱོབ་མིང་མཚུངས་པ་ཅིག་བྱས་ཏེ་གོ་སྐབས་ལ་སྒུག་རྒྱུ་མ་གཏོགས་ང་ཚོར་གདམས་ཀ་གང་ཡང་མེད།
གོང་གི་རྒན་ལྷ་མོ་ལགས་ཀྱི་གྲོས་གཞི་རེ་རེ་བཞིན་ཀློག་དུས་ད་ལྟའི་ཛ་དྲག་གི་སྐབས་འདིར་དེ་འདྲའི་ལས་གཞི་རེ་སྤེལ་རྒྱུ་ནི་དངོས་གནས་གལ་ཆེན་དུ་མཐོང་སོང་བས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ལ་རྒྱབ་སྐྱོར་ཀྱང་ཡོད།
ཞོར་དུ་གོང་གི་”བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་”ཅེས་པའི་ཚིག་འདི་མཐོང་དུས་ངེད་ལ་ཚོར་སྣང་ཐག་ཉེ་ཞིག་ཡོང་གི་འདུག ད་ལོའི་དབྱར་ཁའི་གུང་གསེང་སྐབས་ངེད་མཚོ་སྔོན་བརྒྱུད་ཟི་ཁྲོན་ཁྲིན་ཏུ་སོགས་སུ་སོང་ནས་ཟླ་གཅིག་ལྷག་ལ་བསྡད་པ་ཡིན། ཁྲིན་ཏུ་ནས་ཤེས་ལྡན་པ་འགའ་དང་མཉམ་དུ་ཟ་མ་ཡང་ཐེངས་འགར་ཟོས། དེ་དུས་ཁོང་ཚོས་འདི་ལྟར་བཤད་ཀྱིན་འདུག “དེང་སང་ཟི་ཁྲོན་ཕྱོགས་ཀྱི་བོད་རིགས་འདུ་འཛོམས་དང་སྤྲོ་ཚོགས་ཀྱི་སྐབས་སུ་གཞས་པ་གཞས་མ་ཚོས་ཀྱང་ལ་རྒྱའི་གླུ་ཞིག་གཏོང་མ་ཐུབ་ཚེ་དེ་ལ་མི་མང་གིས་དགའ་བསུ་དང་སྤྲོ་བ་མེད”ཟེར།
དེ་བཞིན་དུ་མཚོ་སྔོན་ནས་ཀྱང་མི་མང་པོ་ཞིག་དང་མཇལ་ཕྲད་བྱུང་། དེ་དུས་ཁོང་ཚོས་”དེང་སང་མཐོ་དཔོན་པོ་དང་། མཁས་པ། མི་དཀྱུས་མ་གང་ཞིག་ཡིན་རུང་སྐད་ཆ་བཤད་སྟངས་དང་འགྲོ་འདུག་སྤྱོད་གསུམ་ལ་རྟག་ཏུ་ཡིད་གཟབ་མ་བྱས་ན་སྟག་འབུམ་རྒྱལ་ནང་བཞིན་ཆགས་རྒྱུའི་ཉེན་ཁ་ཡོད”་ཟེར། ངས་ཁོང་ཚོར་”སྟག་འབུམ་རྒྱལ་ནས་ག་རེ་བྱས་པ་རེད་”ཅེས་དྲིས་པ་ཡིན། དེ་དུས་གཞོན་ནུ་ཞིག་གིས་འདི་ལྟར་ལབ། “སྟག་འབུམ་རྒྱལ་ནི་མཚོ་ལྷོའི་གྲོང་ཚོ་ཞིག་གི་ཏང་གི་ཧྲུའུ་ཅི་ཡིན་ལ། ཁོས་ཉིས་སྟོང་བརྒྱད་ཀྱི་ལོར་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ལག་ཏུ་བཟུང་ནས་སྟེང་དུ་འོ་སྤྲོད་བཞིན་པའི་པར་ཞིག་ཡོད། ཕྱིས་སུ་སུ་ཞིག་གིས་པར་དེར་འགྱུར་བ་བཏང་སྟེ་དཔལ་འབར་གྱི་ཚབ་ཏུ་སྐྱག་པ་ཞིག་བཞག ད་དུང་ཁོ་ལ་རྔ་མ་ཞིག་སྐྱེས་ཡོད་པའི་པར་ཞིག་ཏུ་བསྒྱུར་ཏེ་བོད་ནང་གི་དྲ་ཚིགས་དང་རི་ལུང་ཀུན་ལ་ཁྱབ། དེ་ནས་བཟུང་ཁོ་ནི་ཤེས་ཡོན་ཅན་དང་སློབ་ཕྲུག་ཚོ། ཞིང་འབྲོག་མང་ཚོགས་བཅས་མི་མང་གི་མིག་ནང་གི་མིག་དཔེ་དང་སེམས་ནང་གི་འཕྱ་སྨོད་ཁོ་ན་རུ་གྱུར་”ཟེར།
གཤམ་དུ་དྲ་ནང་གི་གྲོགས་པོ་ཚོར་ཁྱེད་ཚོས་བལྟས་ན་བོད་ནང་གི་བོད་མི་རེའི་སེམས་ནང་གི་བདེན་པའི་འོད་སྣང་དང་བསམ་བློའི་གོ་རྟོགས་ཀྱི་ཚད་གཞི་དེ་ད་ལྟ་གང་ཞིག་ཏུ་འདུག་གམ།
མནའ་གན་མཐུ་མོ་ཆེ་བཞག་ན་ཕན་ཚོད་ཆེར་མི་འདུག་བསམས། དེ་ལས་ཚོགས་འདུ་དེ་ཡག་པོ་འདུག ཕྱི་སྡོད་རྒྱ་རིགས་ཚོགས་ཆེན་ཟེར་བ་དེ་ཁ་སང་ཤར་ཕྱོགས་པའི་བཀའ་ཤག་མདུན་ལམ་ཟེར་བའི་རྩོམ་ཡིག་དེར་འཁོད་འདུག དེ་ཚོགས་མི་ཚོགས་ང་ཚོས་ལག་ཏུ་མེད་པ་རེད།
གཉིས་ནས། རྔ་བའི་དོན་རྐྱེན་འདི་དག་ཕྱི་ཟླ ༣ ནས་འགོ་བཙུགས་པ་རེད། ༧རྒྱལ་བ་རིན་པོ་མཆོག་དང་། དེ་བཞིན་བཀའ་ཤག གྲོས་ཚོགས། གཞུང་འབྲེལ་མིན་པ་ཁག་སུ་ལའང་ཅི་ཡང་བཤད་རྒྱུ་མ་རེག་པར་གནས་སྟངས་ལ་གཟིགས་སྡོད་ཀྱི་ཡོད་པ་གསལ་བོ་རེད། འདིའི་གནས་སྟངས་གཞན་ཞིག་མཚོན་ཐུབ་ཀྱི་ཡོད་པ་རེད།
ཚོགས་པ་ཞིག་གི་ངོས་ནས་བཤད་ན་ཆབ་བྲག་ལགས་ཀྱི་བསྒྲགས་གཏམ་འདི་ཨང་དང་པོ་རེད། དེར་ཁྱད་ཆོས་ཤིག་འདུག ཡིན་ནའང་། རྒན་ལགས་ཀྱི་མུ་མཐུད་ནས་མཆོད་མེ་སྦར་གྱིས་འདོད་པ་བསྟེན་པ་འདི་ཚད་ལྡན་ཞིག་མ་རེད།
གང་ལྟར་གཞུང་སྒེར་སུ་ཡིན་ཡང་། ཀླད་པ་ཚད་ལྡན་དཀྲུག་ནས་རིན་ཐང་མ་བརླག་པ་བྱེད་གལ་སྲིད་ཀྱི་སྐད་ཆ་འདི་རྩོམ་འབྲི་འབྲི་བྱས་ཆོག་པ་ཞིག་མ་རེད། ཚོར་བ་བཤད་བཤད་བྱས་ཆོག་པ་ཞིག་ཀྱང་མིན། དེ་བས། གནས་དོན་འདི་དག་གི་ཐད། ང་ཚོས ༧རྒྱལ་མཆོག་ཚང་དང་། བོད་གཞུང་། གཞུང་འབྲེལ་མིན་པ་ཁག་ལ་ཅུང་ཙམ་སྒུག་ཆོག་གི
ཡིན་ཡང་། ནར་འགྱངས་ཡུན་ནར་དུ་བཏང་ན་གནས་ཡུལ་མི་མང་ལ་མཐོང་ཆུང་བཏང་བ་ཡིན་པས་དེ་ལའང་གཟབ་དགོས་པ་རེད། གང་ལྟར་འདི་ཛ་དྲག་ཆེན་པོ་ཞིག་གི་སྟེང་གནས་མེད་འགྲོ་ཁོ་བོས་བསམས།
རྒན་ལྷ་མོ་ལགས་ཀྱི་ལྷག་བསམ་གྱི་དགོངས་བཞེད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ།
འོན་ཀྱང་མནའ་བསྐྱེལ་བའི་ལམ་སྲོལ་དེ་ནི་གདོད་མའི་བླུན་རྨོངས་སྤྱི་ཚོགས་ཀྱི་འགྲོ་ལུགས་ཤིག་གམ། ཡང་ན་ཁས་ལེན་དང་དམ་བཅའི་ཆེད་དུ་སྲོག་ཀྱང་གཏོང་ཕོད་ཀྱི་བསམ་གཤིས་ཡོད་མཁན་ཚོའི་དབར་གྱི་དོན་སྒྲུབ་སྟངས་ཀྱི་ཆོ་ག་ཞིག་ཡིན་པ་ལས། དེང་སང་མནའ་བཟའ་བ་དང་སྤགས་བཟའ་བ་ཚོད་མཉམ་དུ་གྱུར་པའི་དུས་ཚོད་འདི་འདྲར་མནའ་ལ་ཡིད་ཆེས་བྱ་རྒྱུ་ཞིག་གཏན་ནས་མེད།
མནའ་བསྐྱལ་ནས་བདེན་དོན་གྱི་ཆེད་དུ་ཆིག་སྒྲིལ་བྱེད་པ་ལས། ཤེས་ཡོན་གྱི་གནས་ཚད་ཇེ་མཐོར་བཏང་ནས་ཆིག་སྒྲིལ་གྱི་གནས་བབ་མངོན་འགྱུར་ཡོང་རྒྱུར་འབད་ན་མི་བཟང་ངམ།
ཆབ་བྲག་ལྷ་མོ་སྐྱབས་ཀྱི་རྩོམ་འདི་ལ་བསྔགས་བརྗོད་ཡོད།།
ལྷོ་ཕྲུག་སྣ་བོ་ཆེ་ལགས་སུ། བསམ་འཆར་བཏོན་པར་དགའ་བསུ་ཞུ། ང་ཚོའི་སྤྱི་ཚོགས་ཀྱི་ངོས་འཛིན་མི་འདྲ་བ། རིག་གནས་ཀྱི་སེམས་ཁམས་མི་འདྲ་བ་སོགས་ཀྱིས་བསམ་ཚུལ་གཅིག་གྱུར་ཡོང་དཀའ། མནའ་གན་དེ་གདོད་མའི་ལུགས་སྲོལ་ལྟ་བུ་ཞིག་ཡིན་ན་ཡང། གདོད་མའི་དམར་མཆོད་སོགས་དང་མི་འདྲ་སྟེ། བདག་གིས་མནའ་ཚིག་རྡོ་རིང་ལ་འབྲི་དགོས་ཟེར་གྱིན་ཡོད། དེ་བས་འདི་དེང་སང་གི་གན་རྒྱ་དང་ཆིངས་ཡིག་དང་དོན་སྙིང་འདྲ་བ་ཡིན། རྒྱ་ཡིག་ཐོག་དང་བོད་ཚིག་ཐོག་ཟེར་བའི་གཏམ་དཔེ་དེ་ཧ་ཅང་སྔ་ན་ཡང་ད་དུང་ཡང་མི་རིགས་འདིའི་རིག་གནས་སེམས་ཤིག་ཡིན་པར་འདོད། ཕལཆེར་ཁྱེད་རང་ཚོས་ཀྱང་ནམ་རྒྱུན་མནའ་སྐྱེལ་ཁས་ལེན་བྱེད་ཀྱིན་ལོས་ཡོད་བསམས། སྐད་ཆ་གཞན་ཞིག་ནས་བཤད་ན་ཁས་ལེན་དམ་བཅའ་རེད། གནའ་དེང་གི་གཉིས་དང་རྨོངས་དད་ཡིན་མིན་གྱི་ཚད་གཞི་དེ་བྱེད་སྟངས་ཀྱི་ཆ་དང་བསམ་པའི་ངོས་འཛིན་གྱི་ཆ་ནས་དགར་དགོས་སྙམ།
ལྷོ་ཕྲུག་སྣ་བོ་ཆེ་ལགས། ཀྱེད་ཅག་གིས་འདི་ལྟར་བསམ་འཆར་བཏོན་པར་དགའ་བསུ་ཞུ། ང་ཚོའི་སྤྱི་ཚོགས་ཀྱི་ངོས་འཛིན་མི་འདྲ་བ། རིག་གནས་ཀྱི་སེམས་ཁམས་མི་འདྲ་བ་སོགས་ཀྱིས་བསམ་ཚུལ་གཅིག་གྱུར་ཡོང་དཀའ། མནའ་གན་དེ་གདོད་མའི་ལུགས་སྲོལ་ལྟ་བུ་ཞིག་ཡིན་ན་ཡང། གདོད་མའི་དམར་མཆོད་སོགས་དང་མི་འདྲ་སྟེ། བདག་གིས་མནའ་ཚིག་རྡོ་རིང་ལ་འབྲི་དགོས་ཟེར་གྱིན་ཡོད། དེ་བས་འདི་དེང་སང་གི་གན་རྒྱ་དང་ཆིངས་ཡིག་དང་དོན་སྙིང་འདྲ་བ་ཡིན། རྒྱ་ཡིག་ཐོག་དང་བོད་ཚིག་ཐོག་ཟེར་བའི་གཏམ་དཔེ་དེ་ཧ་ཅང་སྔ་ན་ཡང་ད་དུང་ཡང་མི་རིགས་འདིའི་རིག་གནས་སེམས་ཤིག་ཡིན་པར་འདོད། ཕལཆེར་ཁྱེད་རང་ཚོས་ཀྱང་ནམ་རྒྱུན་མནའ་སྐྱེལ་ཁས་ལེན་བྱེད་ཀྱིན་ལོས་ཡོད་བསམས། སྐད་ཆ་གཞན་ཞིག་ནས་བཤད་ན་ཁས་ལེན་དམ་བཅའ་རེད། གནའ་དེང་གི་གཉིས་དང་རྨོངས་དད་ཡིན་མིན་གྱི་ཚད་གཞི་དེ་བྱེད་སྟངས་ཀྱི་ཆ་དང་བསམ་པའི་ངོས་འཛིན་གྱི་ཆ་ནས་དགར་དགོས་སྙམ།
ཁྲི་རལ་ལགས། གནའ་སྔོན་མར་ཁྲི་རལ་སྐབས་སུ་རྒྱ་བོད་ཆིངས་ཡིག་རྡོ་རིང་བཞེངས་པ་དེ་ཡང་རྣམ་པ་གཞན་ཞིག་ནས་མནའ་གན་མཐུ་བོ་ཆེ་ཞིག་རེད། དེས་སྐབས་དེ་དང་ཐ་ན་དེང་སང་ཡང་ཕན་ནུས་ཆེན་པོ་ཐོན་གྱིན་ཡོད། མ་གཞི་དེ་དུས་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གིས་འཇོག་དགོས་བྱུང་བ་ལོས་ཡིན། དེ་དཔེ་མཚོན་གཅིག་ཡིན།
དེ་ནས་༡༩༦༠མནའ་གན་མཐུ་བོ་ཆེ་འཇོག་མཁན་དང་དེའི་རྗེས་འཇུག་བོད་མི་ཚང་མར་དབྱུག་པ་ལེབ་བརྡུངས་ཀྱིས་ཁྲེལ་མེད་མནའ་གཟན་ཞིག་ཏུ་འཇོག་འོས་སམ། གཡོ་ཅན་སྲིད་དོན་པ་དག་ནི་ནམ་ཡང་དེ་འདྲ་རང་ཡིན། དེ་ལ་བཅོས་སུ་མེད་ན་ཡང། རྒྱ་ཆེ་བའི་མི་མི་དམངས་རྣམས་བསམ་པ་གཙང་མ་དང་ཡིད་ཆེས་ཆོག་པའི་མི་ཡིན་ལ། མིས་མི་ཟ་བ་མནའ་དང་ཁྱིས་མི་ཟ་བ་ལྕགས་ཀྱི་གཏམ་དཔེའི་སེམས་ཁམས་དེ་ད་དུང་ལུས་ཡོད་པ་བདག་གིས་མཐོང། ཁས་ལེན་དང་དམ་བཅའ་ཟེར་བ་དེ་གལ་ཅི་ཙམ་ཆེ་མིན་ཁྱེད་ཀྱིས་ཀྱང་ལོས་ཤེས། དེ་བས་དུས་འཁོར་དབང་ཆེན་ལྟ་བུའི་སྐབས་སུ་མནའ་གན་རྡོ་རིང་ཞིག་བཞེངས་ཐུབ་ན་དེ་ལ་དོན་ངོ་མའི་མཐུ་སྟོབས་ཆེ་བར་ཚོད་དཔག་ཐུབ་པ་ཞིག་རེད། འདི་དག་བསམ་ཚུལ་རང་ཡིན་པས་ཐག་སུས་ཀྱང་གཅོད་དཀའ་འོ།
ཁྲི་རལ་ལགས། ཁྱེད་ཀྱིས་བོད་ནང་ནི་ཆུ་བོའི་རྒྱུན་བཞིན་གྱི་ངོ་རྒོལ་འདི་དག་ང་ཚོས་གཤོག་འོག་ལ་རླུང་བརྒྱབ་པར་ངོས་བཟུང་བ་ཡིན་ན་ནོར་བ་རེད། རང་སྲོག་བློས་གཏོང་གི་ངོ་རྒོལ་འདིས་དགྲ་ཕྱོགས་ལ་ངོ་རྒོལ་གྱི་ཤུགས་ཧ་ཅང་ཆེ་ན་ཡང་རང་རིགས་དག་གི་གཅེས་སྲོག་འ་ཕངས་སེམས་ཀྱིས་ང་ཚོས་ངོས་ནས་འཚེ་མེད་ཞི་བའི་ཐབས་ཚུལ་གཞན་དག་གིས་ངོ་རྒོལ་བྱ་འོས་པར་གཞེན་སྐུལ་བྱས་དང་བྱེད་ཀྱིན་ཡོད། དེ་གཅིག་ཡིན།
ང་ཚོས་ཅི་ཡང་མ་བྱས་པར་ཁུ་སིམ་མེར་བསྡད་ན་བོད་ནང་གི་ངོ་རྒོལ་རིགས་མཚམས་འཆད་རྒྱུར་མ་ཟད་སེམས་ཡང་ཤི་རྒྱུ་རེད། མ་གཞི་ནས་དམར་པོའི་དམག་སྲིད་ཀྱི་དབང་འོག་ནས་ཚད་མཐོའི་ཐོབ་ཐང་ཞིག་རྩོད་ལེན་བྱེད་ཀྱིན་ཡོད་པས་ཁྲག་དང་མཆི་མའི་འགྲོ་གྲོན་གང་ཡང་མེད་པར་ལྷོད་ལྷོད་བདེ་བདེ་ཞིག་གི་ངང་ནས་ཁ་བཤད་ཁོ་ནས་གྲུབ་འབྲས་ཐོན་རྒྱུ་ནི་སྲིད་མཐའ་ཙམ་ཞིག་རེད། བདག་གིས་བོད་ཁམས་ཡོངས་ནས་འཚེ་མེད་ཞི་བའི་ངོ་རྒོལ་དེ་སྒྲིག་འཛུགས་དང་འཆར་གཞི་ཡོད་པའི་ཐོག་ནས་སྤེལ་དགོས་ངེས་སུ་མཐོང་གིན་ཡོད། གལ་ཏེ་གཤོག་འོག་ལ་རླུང་རྒྱག་གིན་ཡོད་པ་ཡིན་ན་ཡང་རྔ་བ་དང་གསེར་རྟ་གཅིག་པུ་ཙམ་མིན་བོད་ཀམས་ཡོངས་དང་བོད་མི་ཡོངས་ལ་རླུང་རྒྱག་གིན་ཡོད། དེ་གྲོགས་པོས་ཤེས་དགོས།
འདྲེ་མགོ་རྡོ་ལགས། མནའ་གན་རྡོ་རིང་དེ་གཙོ་བོ་བོད་མིའི་སམེས་ཁམས་ཀྱི་ཆ་ནས་ད་དུང་ཡང་ནུས་པ་ལྡན་པར་མཐོང་བ་ཡིན་ལ། དུས་དབང་སྐབས་རྒྱལ་ཁོངས་མང་པོ་ནས་བོད་མི་དད་ལྡན་པ་མང་པོ་ཞིག་ཡོང་རྒྱུ་རེད་ལ་ལྷག་པར་གཞིས་ལུས་བོད་མི་ཡང་མང་ཙམ་འབྱོར་ཐུབ། དེ་བས་མནའ་གན་གྱི་ངོ་བོའི་ཆ་ནས་ཀྱང་རིན་ཐང་ཆེ་བར་མཐོང།
བདག་གིས་ད་ལྟ་མཆོད་མེའི་པར་རིས་ངོ་དེབ་སོགས་སུ་འགོད་རོགས་ཞུས་པ་འདི་དཔའ་བོ་རྣམ་པར་མྱ་ངན་དང་གུས་འདུད། བསྔོ་བ་དང་སྨོན་ལམ་བཅས་མཚོན་ཕྱིར་ཡིན། མུ་མཐུད་དེ་ཁོང་ཚོས་རང་ལུས་མཆོད་མེར་སྒྲོན་དགོས་པའི་སྐུལ་བརྡ་ཞིག་མིན་མོད། ལ་ལ་ཞིག་ལ་དེ་འདྲའི་ཚོར་སྣང་དང་སྐུལ་བརྡར་འགྱར་ཡང་སྲིད། བདག་གིས་རང་གི་དྲ་ངོས་སུ། ” བཀུར་འོས་རྒྱལ་གཅེས་དཔའ་བོ་རྣམ་པ་ལགས། ཁྱེད་ཅག་གིས་བོད་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་འདི་ལྟར་རང་ལུས་མཆོད་ སྦྱིན་གྱི་ལས་འགུལ་སྤེལ་བ་ཤིན་ཏུ་ངོ་མཚར་ཞིང་རླབས་ཆེ་ན་ཡང། ཁྱེད་ཅག་གི་མི་ལུས་རིན་པོ་ཆེ་རེ་རེ་འདི་ལྟར་ཉམ་ཉེས་སུ་གྱུར་དུས་བདག་ནི་ཤིན་ཏུ་ཕངས། སེམས་ནས་བཟོད་དཀའ། དེ་བས་ཐབས་ལམ་གཞན་ཐོག་ནས་ཞི་རྒོལ་སྤེལ་རོགས་མཁྱེན་མཁྱེན་མཁྱེན་ཞུའོ།”ཞེས་འབོད་སྐུལ་ཞུས་ཡོད།
འདོད་ལྷ་ཁམས་པ་ལགས། “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག” ཅེས་པ་འདི་འདིར་ངར་ཤུགས་དང་ནུས་པ་མེད་པ་ཞིག་གཏན་ནས་མིན། དོན་ངོ་མ་ང་ཚོ་མང་པོ་ཞིག་བདེན་པའི་རྒྱབ་དཔུང་དང་སྟོབས་ཀྱིས་འགྲེངས་ཡོད། ང་ཚོར་ལོ་རྒྱུས་ཀྱི་ཆ་ནས་བདེན་པ་དང། ས་ཁོངས་ཀྱི་ཆ་ནས་བདེན་པ། སྐད་ཡིག་དང་རིག་གཞུང་གི་ངོས་ནས་བདེན་པ། ཆབ་སྲིད་ཀྱི་གནས་བབ་ཆ་ནས་བདེན་པ། མི་རིགས་ཀྱི་མངོན་འདོད་ཀྱི་བདེན་པ། འཚེ་མེད་ཞི་བའི་ཐབས་ཚུལ་གྱི་བདེན་པ། དེའི་ཕུགས་དམིགས་འཛམ་གླིང་ཞི་བདེའི་བདེན་པ། ད་དུང་ཆོས་ཕྱོགས་ནས་ལས་འབྲས་དང་མཆོག་གསུམ་གྱི་བྱིན་མཐུའི་བདེན་པ་སོགས་མང། ང་ཚོ་ཚང་མ་བདེན་པ་འདི་དག་གི་ཁྱབས་ཁོངས་རེ་རེ་ན་ཡིད་ཆེས་དང་རེ་བ། སྤོབས་པ་ཞིག་གིས་འགྲེངས་ཡོད་པར་བདག་གིས་གསལ་བོ་མཐོང་ཐུབ། “བདག་རང་ཉིད་ལ་མཚོན་ན་ཡང་ངེས་པར་དེ་ལྟར་ཡིན།”
གྲོགས་པོ་ཚོ་ང་ཚོ་བདེན་པའི་ནུས་པ་དང་དཔུང་ལ་བརྟེན་མདུན་དུ་སྐྱོད་ཐུབ་ཀྱིན་ཡོད། ད་དུང་མུ་མཐུད་དེ་དྲང་བདེན་གྱི་དཔུང་སྟོབས་དང་ཁ་མ་བྲལ་བར་མདུན་སྐྱོད་ཐུབ་ན་ལོ་རེ་ནས་ལོ་རེ་བཞིན་དུ་བདེན་པའི་སྐྱ་རེངས་ཇེ་གསལ་ཡིན། སྔོན་གཤེགས་དཔའ་བ་རྣམ་པ་ཡང་བདེན་དོན་ཆེད་དུ་་བདེན་སྟོབས་ཀྱིས་གཤེགས་པ་ཞིག་ཅི་ལ་མིན། དེས་ན་བདེན་སྟོབས་ལས་ངར་ཤུགས་དང་ནུས་པ་ཅན་ཞིག་ཡོད་དམ། ཀྱེ་་”བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”
ཆབ་བྲག་པ་ལགས། དྲ་ལམ་མཆོད་མེའི་སྲོལ་འབྱེད་མཁན་དེ་ཡང་ཁྱེད་ཡིན་པ་རེད་འདུག རྗེས་སུ་ཡི་རང་ཡོད། དེ་བཞིན་གོང་འཁོད་ཁྱེད་ཀྱི་དགོངས་ཚུལ་གཞན་དག་ལའང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ང་ཚོ་ཚང་མ་མཉམ་རུབ་ཀྱིས་ཁྱེད་ཀྱི་དགོངས་ཚུལ་དེ་ཁ་ཡོད་ལག་ཡོད་ཞིག་ལ་སྒྱུར་ཐུབ་པར་སྨོན།
དུས་དབང་སོགས་ཀྱི་སྐབས་སུ་མནའ་གན་འཇོག་རྒྱུར་ཧ་ཅང་མོས་འཐུན་ཡོད། ཆབ་སྲིད་དང་གཡོ་རྒྱུ་འཁྲབ་མཁན་ཁ་ཤེས་རྒྱུ་མཚན་དུ་བྱས་ནས་བོད་མི་ཡོད་ཚད་མི་ངན་དེའི་རིགས་ཀྱི་རང་བཞིན་ཡིན་པར་རློམས་པ་ནི་རང་ཉིད་རང་ལ་ཡིད་ཆོས་མེད་མཁན་ཆུ་སྣ་གར་འཁྲིད་ལྟ་བུའི་ཅོལ་ཆུང་གི་སེམས་ཚོར་རེད། དེ་འདྲའི་མི་ངན་རང་ངོས་ནས་ངོ་ཚ་མེད་པ་དང་གཞན་ངོས་ནས་ཁྲེལ་མེད་མཁན་དེ་འདྲ་ང་ཚོའི་སྤྱི་ཚོགས་ནང་ལ་བརྒྱ་ཆ་བགོས་ན་ཉུང་ཉུང་རེད། ངོ་ཚ་མེད་པའི་མི་ངན་ཁ་ཤེས་མ་གཏོགས་མནའ་གན་འཇོག་མཁན་ཞིག་ཡིན་ཕྱིན་བྱ་བ་སྔ་ཕྱི་བར་གསུམ་ལ་བསམ་གཞིག་བྱས་སྟེ་རང་སེམས་ལ་མི་འགྱུར་དམ་བཅའི་རི་མོ་བྲིས་ནས་ཡོང་གི་རེད། རྒན་ལྷ་མོ་ལགས་ཀྱི་དགོངས་འཆར་དེ་ལ་རྒྱབ་སྐྱོར་ཡོད། འདས་བའི་རུལ་སོང་གི་བྱ་ངན་གང་ལ་ཡང་ང་ཚོས་ཐེ་གཏོགས་བྱེད་རིན་མེད།
མནའ་གན་ཡིན་ནམ་དེ་ག་འདྲ་བྱས་ནས་འཇོག་དགོས་པ་རེད། ང་རང་ཚོའི་འབྲོག་པ་ཚོའི་བྱེད་སྲོལ་བཞིན་མྣའ་རྡོ་ལག་ཏུ་བླངས། མནའ་ཆུ་ཁར་བཏུང་། གསེར་སྐུ་མགོ་ཐོག་ཏུ་བཞག་ནས་ཚང་མས་མནའ་སྐྱེལ་དགོས་པ་རེད་དམ། རྒནགལྷ་མོ་སྐྱབས་ལགས་ཀྱིས་འདིའི་སྐོར་ཞིག་ངོ་སྤྲོད་གནང་ཐུབ་ན་ལེགས། དེ་ནས་ང་ཚོས་མནའ་གན་ཡིན་ནམ་དེའི་ནང་ལ་ཞུགས་ཐུབ་མིན་ལྟ་གི་ཡིན།
ཨ་ར་དཀར་པོ་ནས། བསམ་པ་དཀར་པོས་རྒྱབ་སྐྱོར་གནང་བ་དགའ་བོ་བྱུང།
“ཉེ་ཆར་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོར་མྱ་ངན་དང་གུས་འདུད། བསྔོ་བ་དང་སྨོན་ལམ། གདུང་སེམས་མཉམ་སྐྱེད་བཅས་ཀྱི་བསམ་འདུན་མཚོན་སླད་གནམ་ཡིག་དང་ངོ་དེབ་ཡོད་པ་ཚང་མས་མས་རང་ཉིད་ཀྱི་པར་གྱི་ཚབ་ལ་གནས་སྐབས་རིང་མར་མེ་རེ་རེ་འཇོག་རོགས་ཀྱི་འབོད་སྐུལ་འདི་ཀུན་ལ་ཞུ་རོགས། བོད་ཀྱི་པེན་ནས།”འདི་ང་ཚོས་བརྡ་འཕྲིན་ཡིན།
ཨ་ར་དཀར་པོ་ལགས་ནས་བསམ་པ་དཀར་པོས་རྒྱབ་སྐྱོར་གནང་བ་དགའ་བོ་བྱུང།
“ཉེ་ཆར་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོར་མྱ་ངན་དང་གུས་འདུད། བསྔོ་བ་དང་སྨོན་ལམ། གདུང་སེམས་མཉམ་སྐྱེད་བཅས་ཀྱི་བསམ་འདུན་མཚོན་སླད་གནམ་ཡིག་དང་ངོ་དེབ་ཡོད་པ་ཚང་མས་མས་རང་ཉིད་ཀྱི་པར་གྱི་ཚབ་ལ་གནས་སྐབས་རིང་མར་མེ་རེ་རེ་འཇོག་རོགས་ཀྱི་འབོད་སྐུལ་འདི་ཀུན་ལ་ཞུ་རོགས། བོད་ཀྱི་པེན་ནས།”
འདི་ང་ཚོའི་བརྡ་འཕྲིན་ཡིན།
ཡོན་ཏན་ལགས་ཀྱིས་བཤད་པ་བདེན་གི ང་ཚོས་ཡིད་ཆེས་དང་རེ་བ་བྱེད་ས་གཙོ་བོ་རྒྱ་ཆེ་བའི་མི་དམངས་ཡིན།
མཁྱེན་ལྡན་ཆབ་བྲག་ལགས་ནས་ལན་གནང་བར་སྤྲོ་སྣང་བྱུང་ཞིང་།ཡང་དགོས་སྐུ་ཉིད་བོད་མི་རིགས་ཀི་རིག་གཞུང་ལ་ལག་རྗེས་ཅན་ཅིག་ཡིན་པར་གུས་ཞབས་ཡོད།ཡིན་ནའང་།སེམས་ཚོར་མ་འདྲེས་པར་དངོས་གནས་ལ་བསམ་གཞིག་བྱས་ན་ད་ཆ་ང་ཚོ་ཧ་ཅང་གཟབ་དགོས་གཉན་འཕྲང་གི་དུས་དང་གནས་བབ་ཅིག་ན་ཡོད་པ་རེད།
དཔེར་ན་སྔོན་རྒྱ་ནག་མན་ཇུ་རྒྱལ་རབས་ལྟ་བུའི་སྐབས་འགྲིམ་འགྲུལ་མི་བདེ་བ་དང་གྲི་མདུང་མདའ་གསུམ་གི་ལག་ཆ་ཙམ་ལས་མེད་རུང་།མདོ་སྨད་ལྷོ་བྱང་གི་རྒྱུད་དུ་མན་ཇུ་ལ་འཐབ་རྒོལ་བྱས་འབྲས་སུ་དེང་སང་ཨ་མདོ་བྱང་རྒྱུད་སྐབས་དེའི་བོད་རྫོང་ཧ་ཅང་མཐུག་ས་མང་ཆེ་བ་རྒྱ་སོག་གི་ཡུལ་གྲུ་བཟོས་ཡོད་ཅིང་།ཡང་མདོ་སྨད་ལྷོ་རྒྱུད་རྒྱལ་མོ་རོང་གི་ཆུ་ཆེན་དང་བཙན་ལྷ་སོགས་མན་རྒོལ་གྱི་ས་ཁུལ་ཁག་ད་ཆ་བོད་མི་ཡིན་པ་ངོ་མི་ཟིན་པ་ཅིག་བཟོས་ཡོད།དེ་དུས་ཀྱི་མི་ཚོར་བློ་སྟོབས་མེད་པ་དང་དཔའ་ངར་མེད་པ་བློས་གཏོང་མ་ཐུབ་པ་དེ་འདྲ་གང་ཡང་མེད།འོན་ཀྱང་སྟོབས་ཆེ་ཆུང་དང་མང་སྣ་ཉུང་གིས་མ་བསྟེན་པ་རང་ཡིན།
ད་ཆ་ཉིད་ནས་གསུང་བ་བཞིན་བོད་ནང་བོད་མི་ཚོར་སེམས་ཤུགས་མེ་འབར་པ་ནང་བཞིན་ཅིག་ཡོད་པ་བདེན་དོན་རེད་མོད།རྒྱ་ནག་གཞུང་གི་སྟོབས་ཤུགས་དང་རྒྱ་མིགས་ཀྱི་གྲངས་འབོར།ལྷག་པར་རྒྱ་རིགས་རིང་ལུགས་ཀི་ལྟ་བ་མཁྲེགས་པོ་དེ་ཚོའི་བར་བོད་མི་ལྷུང་ཡིན་ན།རྒྱ་ནག་གིས་ཆེད་དུ་ང་ཚོས་ཁ་གཏད་གཅལ་མི་ཐུབ་པའི་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་སྣ་ཚོགས་བོད་ནང་སྤེལ་ཀི་རེད།
དེ་དུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་གང་གིས་བོད་སྐྱབས་ཐུབ་ཀི་མ་རེད་ལ་སྐྱབས་ཀིའང་མ་རེད།ཁོང་ཚོར་ཛམ་བྷ་བེ་དང་ཁན་ཡ་ལྟ་བུ་རྒྱལ་ཁབ་ནུས་མེད་དབུལ་ཕོངས་དེ་ཚོས་མི་རིགས་རྩ་མེད་སྲིད་ཇུས་ལ་ཁ་གཏད་ཀི་ནུས་པའང་མེད་པ་རེད།
དེ་འདྲར་སོང་ང་ཚོས་རང་ཉིད་སྐྱིད་ས་བདེ་ས་ནས་བསྡད་དེ་བོད་ནང་གི་མི་ཚོར་ཤ་ཁྲག་གིས་འགྲོ་སོང་མ་བཏང་ན་རང་དབང་མི་ཐོབ་ལུགས་གཤོག་ཞབས་ལ་རླུང་བརྒྱབ་ན།སྐད་ཆ་འདི་ཉེན་འགན་ལྗི་མོ་རེད་སྙམ།ཕར་དེད་ན་སྐད་ཆ་འདི་བཤད་མཁན་ལྷག་བསམ་མ་དག་པ་ཡིན་མིན་གང་ལྟར་འདི་འདྲའི་གྲས་ཀྱིས་མཐར་ཐུག་བོད་མི་རིགས་རྩ་མེད་འགྲོ་ཉེན་གྱི་སོ་མཚམས་ན་ཡོད་པ་ཤེས་ན་ལེགས།
སྤོབས་པ་མཐའ་ཡས་ལགས། མནའ་གན་དེ་༸སྐྱབས་མགོན་ཆེན་པོའི་དབང་གནང་སྐབས་ཡིན་པས་སྐབས་དེའི་མནའ་དཔང་ཡང་བླ་མ་ཁོང་གིས་གཙོས་ (མཆོག་གསུམ་དང་ཆོས་སྐྱོང་སྲུང་མ་ཡང་ལོས་ཆོག)གཞན་བཅའ་ཁྲིམས་རིན་པོ་ཆེ་དང། སྔོན་གཤེགས་དཔའ་བོ་དཔའ་མོ་ཚོ་མནའ་དཔང་ལ་འཇོག་དགོས་སྙམ།མནའ་ཚིག་ཀྱང་དོན་སྙིང་ལྡན་ལ་ལག་ལེན་ཐུབ་པའི་དམ་ཚིག་འགའ་ཤས་ཤིག་གཏན་འབེབས་ཀྱིས་དེ་དོན་མི་དམངས་ལ་གསལ་བཤད་དང་འབྲེལ་དམ་བཅའ་འབུལ་དགོས་ལ་དམ་ཚིག་དེ་ཉིད་རྡོ་རིང་ངོས་སུ་འབྲི་དགོས། འདིའ་ཐད་ལ་འཆར་གཞི་དང་གོ་སྒྲིག་བྱེད་ཕྱོགས་ལ་ཡང་ངས་བསམ་བློ་རེ་བཏང་ཡོད། དེ་དག་བས་གཞན་དུ་འབྲི་ཆོག
བོད་ནང་རང་སྲོག་བློས་བཏང་གི་ལས་ཀ་བྱེད་་་་རྡ་རམ་ས་ལ་ཕུང་སེ་ཏོ་ལུག་ཚོས་དབང་ཆ་ཟིན་ཡ་དང་དངུལ་རག་ཡ་གི་ལས་ཀ་བྱེད་་་་བོད་དེ་ཤ་ཚ་་་་
ཁྲི་རལ་པ་ལགས། འོ་ན་འཚེ་མེད་ཞི་བའི་ལས་འགུལ་ཡང་སྤེལ་མི་རུང་ངམ། མི་རིགས་ས་གནས་རང་སྐྱོང་དོན་ཕན་དགོས་པ་དང་དེའི་གལ་ཆེའི་རང་བཞིན་ངས་དེ་སྔོན་ཞིག་ནས་ཡིག་ངག་གཉིས་ཐོག་ནས་མང་པོ་བསྒྲགས་པ་ཡིན། དེ་ཐུབ་ཀྱིན་མི་འདུག ངོ་རྒོལ་འདི་རིགས་ཀྱིས་ང་ཚོར་རང་ཉིད་ཇི་ལྟར་སྲུང་སྐྱོབ་དགོས་ཚུལ་ལ་བློ་མིག་ཅིག་འབྱེད་ངེས་ཡིན། དྲག་པོའི་ལམ་དུ་ཞུགས་ན་ལམ་སང་རྩ་མེད་འགྲོ་རྒྱུ་གདོན་མི་ཟ། ཡིན་ན་ཡང་བོད་གཅིག་པུ་མིན་པར་མི་རིགས་མང་པོ་མ་བདེ་མ་སྐྱིད་པའི་འཁོན་ལན་ཞིག་ཡོད་པས་རྒྱ་ཆེ་ས་ནས་སྒོ་དུ་མ་ནས་ཐབས་མཁས་པའི་ལས་དོན་སྤེལ་རྒྱུར་བདག་གིས་ཡང་དག་པ་ཞིག་ལ་མཐོང་གིན་ཡོད།
བཙན་སྨྱོན་ལགས་ཀྱིས་ཅི་ཞིག་ཟེར་གྱིན་པ་ཧ་གོ་མ་སོང། གསལ་བཤད་ཅིག་་་་
ཁྲི་རལ་ལགས་ཀྱིས་སོག་པོ་དང་ཡུ་གུར་་རྒྱ་ནག་དམངས་གཙོ་དོན་གཉེར་བ་དང་་་ཧྥ་ལུང་གོང་་སོགས་ནུས་མེད་ཕན་མེད་ཅིག་ལ་ངོས་བཟུང་བ་ཡང་དམའ་འབེབས་ཚད་མེད་ཅིག་རེད། འདི་དག་ཀྱང་པེ་ཅིང་སྲིད་གཞུང་སྐྲག་ས་ཞིག་ཆགས་ཡོད། ལྷག་པར་ཧྥ་ལོང་གོང་ནང་ལ་རྒྱ་རིགས་མངས་བས་་་གུང་ཁྲན་ཏང་ལ་དགྲ་མང་རུ་འགྲོ་བཞིན་པ་དང་དགྲ་དེ་དག་གི་ནུས་པ་གཅིག་སྒྲིལ་དང་སྟོབས་ཤུགས་སླར་གསོའི་སྤོབས་པ་སྐྱེད་དགོས། རང་གིས་རང་ཉིད་ལ་རེ་བ་མེད་པར་བྱེད་པ་ནི་ཉམ་རྒུད་ཀྱི་རྩ་བ་ཡིན།
ངས་བལྟས་ན་ཁྱེད་ཀྱིས་་འཆི་ཐག་ཅུང་ཇེ་རིང་ལ་བཏང་ནས་་ནད་པས་སྨན་ཁང་དུ་ངལ་གསོ་བ་བཞིན་སྡོད་འདོད་ཡོད་པ་འདྲ།
ལུང་རིགས་རྒྱལ་ལགས་ནས་ལྷ་སྐྱིད་ཟེར་བ་ཞིག་ལ་ལན་ཞིག་བྲིས་འདུག ངས་ལྷ་སྐྱིད་ཅེས་པས་ཅི་ཞིག་བཤད་སོང་མཐོང་མ་སོང། ཕལ་ཆེར་དྲ་བདག་གིས་རྒྱང་ཕུད་བཏང་བ་འདྲ།
དྲ་བདག་ལགས། སུ་ཞིག་གིས་ང་ལ་ངན་བཤད་འདྲ་བོ་ག་རེ་ཡོད་ཡང་རང་འཇགས་བཞག་ན་ཆོག དེ་ཚོ་ལ་ཡང་རང་རང་གི་སེམས་ཀྱི་ན་ཚ་རེ་ཡོད་པས་ཁབ་གཙགས་འབུག་གཙགས་རེ་བྱེད་ན་བྱེད་གི་བཅུག་ན་བཟང།
ཆབ་བྲག་ལགས་ཀྱི་དགོངས་ཚུལ་ལ་རྒྱབ་སྐྱོར་ཡོད།
ཁྱེད་ཀྱི་དགོངས་ཚུལ་རྣམས་མགྱོགས་པོ་ཕུལ་རན་འདུག
ངེད་ཅག་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིཚོགས་གཙོ་མཆོག་གིས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་་ཚབ་བྱས་ཏེ་འདི་ལྟར་དབྱེ་ཞིབ་ལྡན་ཞིང་མི་རིགས་ལ་ཕན་རླབས་ཆེ་བའི་དགོངས་ཚུལ་གསུངས་པ་སེམས་གཏིང་ནས་དགའ་ཡོད།
རྒན་ལྷ་མོ་སྐྱབས་ལགས་ཀྱིས་དགོངས་ཚུལ་ལྷུག་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་བཙན་བྱོལ་སྤྱི་ཚོགས་དང་འབྲེལ་ཡོད་ལྷན་ཁང་ཁག་གིས་ཡུ་གུར་དང་ནང་སོག་སོགས་ལ་འབྲེལ་ལམ་འཛིན་སྟངས་ཐད་དཀའ་ངལ་མེད་ཀྱང་། བོད་ནང་ནས་འབྲེལ་ལམ་འཛིན་རྒྱུ་དེ་ཧ་ཅང་དཀའ་ངལ་ཆེན་པོ་རེད། གལ་སྲིད་བོད་ནང་ནས་ཕན་ཚུན་འབྲེལ་ལམ་བཙུགས་ཏེ་ལས་འགུལ་སྤེལ་མ་ཐུབ་ཚེ། ཕྱི་ཕྱོགས་ཀྱི་ལས་འགུལ་གྱིས་བོད་དང་འབྲེལ་ཡོད་ས་གནས་ཁག་ཏུ་ནུས་པ་དེ་ཙམ་མི་ཐོན་པ་དང་། ལྷག་པར་རྒྱ་ནག་ནང་ནས་འགྱུར་བ་གང་ཡང་མི་ཐོན་པ་མཁྱེན་གསལ་ཡིན་པས། དེའི་སྐོར་ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།
བདེན་དོན་གྱི་ཆེད་དུ་རང་ལུས་མེ་ལ་སྒྲོན་མཁན་གང་མང་ཞིག་བྱུང་འདུག་པ་འདི་ནི་ང་ཚོས་གུས་འདུད་བྱེད་རྒྱུ་གལ་ཆེན་ཞིག་མ་ཡིན་ནམ།
སྐུ་ངོ་ལྷ་སྐྱབས་ཀྱིས་ཉོག་གཏམ་མང་དྲག་འདུག ཁ་བཤད་དོན་ལ་གནས་ཐུབ་ན་རབ་ཡིན། འོན་ཀྱང་དེང་གི་བོད་པའི་ནང་དུ་ཁ་བཤད་དོན་ལ་གནས་ཐུབ་མཁན་རྩ་ཉིད་ནས་མི་འདུག་གི
རྒན་ལྷ་མོའི་་གསུང་ལ་ལགས་སོ་ལགས་སོ། དེ་དེ་བཞིན་ནོ། ཞེས་ཞུ་རྒྱུ་ཡིན།
འདིར་་ངས་་སངས་རྒྱས་ལ་ཀ་ཁའི་དཔེ་རུ་འགྲོ་བའི་ཚུལ་འདི་མི་འོས་ཤིང་མི་འཚམ་མོད། ཡིན་ཡང་། རང་གི་བརྗོད་གང་དེར་གསལ་ཁ་མེད་ན་རྒན་ལྷ་མོའི་གསུང་ལ་གུས་མེད་ཀྱི་རྣམ་པ་མངོན་གྲབས་འདུག་པས་འདིར་ཚིག་གསུམ་ཞུས་ཆོག་པ་ཞུ།
ངས་་༿་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག༾ ཟེར་པའི་ཚིག་གྲུབ་འདི་ནི་འུ་ཐུག་པ་དང་ངར་ཤུགས་མེད་པའི་ཚིག་ཅིག་རེད་ཟེ་ཞུས་པ་ཡིན། དེ་བདེན་པ་ཡིན། ངས་དེ་ལྟར་འདོད་པ་ཡིན།
དེ་ལྟར་ཟེར་དོན་ཡང་ཚིགའདི་་མི་རིགས་འཐབ་རྩོད་ཀྱི་ཛ་དྲག་གི་སྐབས་འདིར་ཁ་ཐག་ཧ་ཅང་རིང་བའི་ཚིག་ཅིག་རེད་འདོད་གི ཚིག་འདི་ལ་མི་སེམས་སྒུལ་ཐུབ་པ་དང་། མི་ཡི་ལུས་པོར་ཚ་ཤར་ལངས་ཐུབ་པའི་རྣོ་ངར་ཞིག་མི་འདུག
དེ་བཞིན་ཚིག་འདི་ནི་མི་རིགས་འཐབ་རྩོད་ཀྱི་གཡུལ་ས་དང་། བདེན་རྫུན་འཐབ་རྩོད་ཀྱི་ཁྲིམས་རྭ་ལ་བེད་སྤྱོད་འཚམ་པ་ཞིག་ཀྱང་མ་རེད། ཚིག་འདི་ནི་དགོན་པ་དང་ལྷ་ཁང་རུ་ཉམས་ཐག་པའི་ང་རོས་པུས་མོ་ས་ལ་བཙུགས་ཤིང་ལག་གཉིས་ཐལ་མོ་སྦྱར་ཏེ་སྐྱབས་དཀོན་མཆོག་ཁོ་ན་ལ་རེ་བའི་རྣམ་པ་ཞིག་རང་བཞིན་གྱིས་ཡིད་ལ་འཁོར་གིས།
ཡིན་ཡང་། ང་ཚོ་ལ་ལོ་རྒྱུས་དང་སྐད་ཡིག ཆོས་ལུགས་དང་རིག་གཞུང་། ཞི་བ་དང་ལས་འབྲས་སོགས་དཔང་དུ་བཞག་ཆོག་པའི་བདེན་པ་ལོས་ཡོད།
དེ་བཞིན་་ཕྲེང་བ་ལག་ཏུ་འཆང་ནས་རལ་གྲིའི་གཡུལ་སར་རྒྱུགས་ན་དགྲ་བོས་ཕྲེང་བའི་ཁ་ངོར་མི་ལྟ་བ་བདེན་པ་ཡིན། ཕ་མཐའ་ཡས་པའི་རྩ་ཐང་དག་ན་ཤྭ་བ་རི་དྭགས་སྤྱང་ཀི་དང་འཕྲད་ན་བདེན་རྫུན་ཤོད་སའི་གནས་མེད་པ་དེ་ཡང་བདེན་པ་ཡིན།
དམག་མི་བརྒྱ་ཕྲག་གིས་དམག་དཔུང་ཁྲི་ཕྲག་དང་གཡུལ་བཤམས་ན་མཐར་མགོ་སུག་ཙམ་ལས་མི་ལྷག་པ་དེ་ཡང་བདེན་པ་ཡིན།
དགྲ་བོ་དང་བྲལ་ནས་དགྲ་བོར་རྒོལ་བ་ཞིག་མེད་པ་དེ་ཡང་བདེན་པ་ཡིན། མེད་པ་ཞིག་ལ་ཡོད་ཁུལ་བྱས་ན་གྲུབ་འབྲས་མེད་པ་དེ་ཡང་་བདེན་པ་ཡིན། དེ་འདྲ་ག་ཚད་བྱས་ནས་མི་ལོ་ལྔ་བརྒྱ་སོང་ཡང་འབྲས་བུ་གཅིག་མཚུངས་ཡིན་པ་དེ་ཡང་བདེན་པ་ཡིན། འདི་ཚོ་ནི་དཔེ་ཙམ་དང་། བདེན་པ་ནི་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་གི་འབྱུང་རིམ་ཏེ་ཆོས་ཉིད་ཡིན་ཙང་དེར་མི་རྒྱལ་པའི་དུས་ཤིག་ནམ་མེད་པར་འདོད།
དཔེར་ན། རྩ་མེ་དང་འཕྲད་ན་ཚིགས་འགྲོ་བ་ལྟ་བུ། དོན་དེ་བདེན་པ་དང་ཆོས་ཉིད་གཉིས་ཀ་ཡིན། དེར་་་རྩྭ་མེ་དང་འཕྲད་ན་ཚིགས་པར་ཤོག་ཟེར་བ་ན། མི་དེས་རྩྭ་དང་མེ་གཉིས་ཀྱི་འབྲེལ་བ་ག་འདྲ་ཡིན་པ་ད་དུང་ཡང་ཤེས་མེད་པའི་སྣང་ཚུལ་རང་བཞིན་གྱིས་སྟེར་འོང་བ་འདུག།
རྒྱུ་མཚན་དེས་་་་་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་་་་ཅེས་པའི་ཚིག་འདི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་རྟགས་སུ་བཀོད་པ་ནི་བདེན་པ་དང་བདེན་པའི་ཆོས་ཉིད་གཉིས་ངོ་མ་འཕྲོད་པའི་བཟོད་ལྟ་ཙམ་རེད།
དགོངས་དག ཅིག་བྱས་ན། གོ་བ་གཞན་དུ་ལེན་པ་ཡང་ཡོད་སྲིད།
བཀུར་འོས་རྒན་ལྷ་མོ་སྐྱབས་ལགས་ཀྱིས་ལས་འགུལ་སྤེལ་ཕྱོགས་ཀྱི་དགོངས་ཚུལ་གསལ་འདོན་གནང་བ་དེ་ཚོར་བརྒྱ་ཆ་བརྒྱའི་རྒྱབ་སྐྱོར་དང་། རྗེས་སུ་ཡི་རང་ཞུ་བ་དང་སྦྲགས་ནས། དེ་དག་གཞིར་བཞག་ཐོག་ད་དུང་ང་ཚོས་བསམ་བློ་གཏོང་ཡུལ་ཤིན་ཏུ་ནས་མང་པོ་ཡོད་པ་དེ་དག་ལས་གལ་གནད་ཆེན་པོར་མཐོང་བ་ཁག་ཅིག་རྒན་ལགས་གཙོས་པའི་དྲ་གྲོགས་ཡོངས་ལ་གྲོས་འདེབས་སུ་འབུལ་འདོད་བྱུང་།
༼གྲོས་འདེབས་དངོས་གཞི། ༽
དུས་རབས་སྔ་མའི་དུས་དཀྱིལ་ཙམ་ནས་རྒྱ་ནག་གཞུང་དང་བོད་གཞུང་དབར་དང་། རྒྱ་ནག་གཞུང་དང་བོད་མི་དམངས་ཀྱི་དབར་ལ་གདོང་ཐུག་ཆེ་ཆུང་སྣ་ཚོགས་ཤིག་བྱུང་མགོ་ཚུགས་པ་ནས་དུས་དེ་རིང་གི་བར་དུ། དེང་རབས་ཚད་མཐོའི་དྲག་པོའི་གཡུལ་འཐབ་ཀྱི་མེ་མདའ་ཕྲག་ལ་གཟར་མཁན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་མི་ཟེར་བ་དེ་ཚོས། བོད་ཀྱི་རི་ལུང་མང་པོ་གཡས་བཅད་གཡོན་བཅད་ཀྱིས་དགོན་སྡེ་གཙུག་ལག་ཁང་དྲུག་སྟོང་ལྷག་ཙམ་ཐང་ལ་བསྒྱེལ། མཁས་པ་དང་ཤེས་ཡོན་པ། ཆབ་སྲིད་དང་དམག་དོན་པ། མི་དམངས་དཀྱུས་མ་བཅས་ཀྱི་དབྱེ་བ་མེད་པར་གསོད་རྡུང་ཅི་རིགས་ཀྱི་མནར་གཅོད་ཡ་ང་བ་བྱས། གསོན་པའི་ཁེ་དབང་ཙམ་ཡོད་པ་ཚོར་ཡང་ཉིན་མཚན་དུས་དྲུག་ཏུ་མི་དམངས་བཅིངས་འགྲོལ་དམག་དང་། ཉེན་རྟོག་དམག་དཔུང་གིས་གཡས་གཅུན་གཡོན་གཅུན་གྱིས་འགྲོ་བའི་ལམ་བཀག བཤད་པའི་ཁ་བཀག་ནས་དུས་རབས་གཅིག་གི་ཕྱེད་ཀ་ལྷག་ཅིག་ཕྱིན་ཡོད།
ད་ཆ་ནི། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་ཀྱི་ཡང་རྩེ་དང་། སྤྱི་ཚོགས་འཆམ་མཐུན་དང་རྒྱལ་ཁབ་གཅིག་གྱུར་གྱི་འཕེལ་རྒྱས་དེ་ཡང་བླ་ན་མེད་པའི་ཚོད་དུ་ཡོད་ཅེས་རྒྱ་ནག་གཞུང་གིས་སྒྲོག་གིན་ཡོད། ཡང་སྙིང་། བོད་མི་དམངས་ལ་མཚོན་ན། མི་དམངས་བཅིངས་འགྲོལ་དམག་མི་ཟེར་བ་དེ་ཚོས། བོད་འདི་མུན་ནག་གི་སྤྱི་ཚོགས་ཤིག་ཏུ་བསྐྱལ་བ་ལས་འོད་སྣང་གི་སྤྱི་ཚོགས་ཤིག་ལ་བསྐྱལ་མེད་པས་ན། གདོང་ཐུག་གི་ཐོག་མའི་དུས་རིམ་ནས། དེ་རིང་གི་བར་དུ། བོད་མི་ཚོས་ལོ་ནས་ལོ་བསྟུད་རྒྱ་ནག་གཞུང་ལ་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བའི་མཚམས་ཆད་མྱོང་མེད། མཚམས་མེད་པའི་ལས་འགུལ་གྱི་རླབས་རྒྱུན་འཕྱུར་ཐེངས་མཐོ་ཤོས་དེ་ནི། ཕྱི་ལོ་ ༢༠༠༨ ལོ་སྟེ་བོད་མི་ཚོས་ས་བྱི་ཞི་རྒོལ་ཆེན་མོ་ཞེས་འབོད་པ་དེ་ཆགས་ཡོད།
ས་བྱི་ཞི་རྒོལ་མ་བྱུང་སྔོན་གྱི་ལོ་ངོ་བཅུ་དེ་ནི། རྒྱ་ནག་ལྟར་ན། བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་བྱུས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཆེ་ཤོས་ཐོབ་པའི་ལོ་བཅུ་ཚན་ཞིག་ཡིན་པར་ཤོད་ཀྱི་ཡོད། ཡིན་ནའང་། སྲིད་བྱུས་དེ་ནི་ས་བྱི་ཞི་རྒོལ་ཆེན་མོའི་སྣ་འདྲེན་ནམ་རྒྱུ་རྐྱེན་གྱི་ཁུངས་སྣེ་ཞིག་ཆགས་པ་དེར། རྒྱ་ནག་གཞུང་གིས་བསྐྱར་ཞིབ་ཀྱི་བྱུས་གཞི་གང་ཡང་གླེང་སློང་བྱེད་ཀྱི་མེད། བོད་མི་དམངས་ལ་མཚོན་ན། ལོ་བཅུ་ཚན་འདི་དང་། འདིའི་ཡན་གྱི་བཅུ་ཚན་དུ་མ་ཞིག་ལ་སྤེལ་བའི་སྲིད་བྱུས་དེ་ཚོ་ནི་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་དང་། བོད་ཡུལ་རྒྱུ་ཡུལ་དུ་བསྒྱུར་བའི་བྱུས་གཞི་ཞིག་ཡིན་པའི་ངོས་འཛིན་གསལ་པོ་ཐོབ་པའི་དན་རྟགས་གསལ་ཤོས་ནི། ཉིས་སྟོང་བརྒྱད་ལོ་ནས་ད་དབར་དུ་མཚམས་འཇོག་བྱ་མྱོང་མེད་པའི་ལས་འགུལ་གྱི་རླབས་རྒྱུན་འདི་དང་། ལྷག་ཏུ་ཁ་སང་དེ་རིང་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་རེ་འདུན་སྟོན་བཞིན་པ་འདི་རེད།
དངོས་ཐོག་བདེན་འཚོལ་ཟེར་བ་དེ་རྒྱ་ནག་གཞུང་གི་གཞི་རྩའི་ལངས་ཕྱོགས་ཤིག་ཡིན་པ་བདེན་ན། བདེན་དོན་ལ་བདག་སྤྲོད་ཅིག་ཀྱང་མཉམ་དུ་ཡོང་དགོས་ནའང་། དེ་ནི་ད་ལྟའི་རྒྱ་ནག་གཞུང་གིས་སྒྲུབ་ཕོད་ཀྱི་མེད། དེར་བདག་སྤྲོད་བྱེད་པ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་གཞིའི་གྲས་ཤིག་ཏུ་བལྟ་ཡི་ཡོད་པ་རེད།
དེ་བས་ན། ང་ཚོས་གཞི་རིམ་གྱི་ལས་འགུལ་སྤེལ་སྟངས་ལ་འགྱུར་གཏོང་དགོས་ལ། ལས་འགུལ་ལ་ཁ་ཕྱོགས་ངེས་ཅན་ཡོད་དགོས་པ་ཞིག་བྱ་དགོས། ཐུན་མོང་གི་ནུས་པ་དང་ཆིག་སྒྲིལ་གྱི་སྟོབས་ཤུགས་ལས་ལྷག་པའི་ནུས་པ་ཞིག་མེད་པ་ཡིན་སྟབས། བདག་གིས་བསམས་ན། ཤེས་ཡོན་པའི་དཔུང་སྡེས་སྣེ་ཁྲིད་ཀྱི་ནུས་པ་ཞིག་འདོན་ཐུབ་དགོས་པ་དང་། འདོན་པའི་དུས་ལ་བབ་ཡོད་པར་མཐོང་།
ཀ༽ འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་པའི་ཆོས་ཚོགས་ཆེ་ཆུང་ཚང་མར་བོད་ཀྱི་བདེ་སྡུག་གནས་སྟངས་གསལ་སྟོན་བྱེད་པའི་འགན་ལྷག་པོ་རེ་བཞེས་གནང་ཡོང་བའི་འབོད་སྐུལ་ཞུས་ཏེ། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དག་གི་མི་དམངས་དཀྱུས་མའི་ནང་ང་ཚོའི་གནས་བབ་སྤྱི་དང་། ཉེ་བའི་ལོ་ཤས་རིང་གི་ཛ་དྲག་གནས་སྟངས་གསལ་སྟོན་གྱི་ཐབས་ལམ་འཚོལ་བ་བརྒྱུད་ནས། མི་དམངས་དཀྱུས་མའི་སྟོབས་ཤུགས་དེ་གཞུང་དང་སྒྲིག་འཛུགས་གང་རུང་ལ་གནོན་ཤུགས་སྤྲོད་པའི་སྟོབས་ཤུགས་ཅན་དུ་སྐུལ་འདེད་བྱ་རྒྱུ།
ཁ༽ འཛམ་གླིང་ཤར་ནུབ་ཀྱི་སྤྱི་ཚོགས་ལས་རིགས་ཁག་ན་སློབ་དཔོན་དང་དགེ་རྒན། ཉམས་ཞིབ་པ་སོགས་ཀྱིས་མཚོན་པའི་ཕྱག་ལས་གནང་མུས་ཀྱི་བོད་པ་དང་། བོད་པའི་ཆོས་དང་རིག་གཞུང་སློབ་གཉེར་དང་ཉམས་ཞིབ། ཉམས་ལེན་བཅས་ལ་དོ་སྣང་ཡོད་མཁན་གྱི་ཕྱི་རྒྱལ་མི་སྣ་ཁག་དབར་གོ་རྟོགས་སྤེལ་རེས་དང་། མཉམ་ལས་སོགས་ཀྱི་ལས་གཞི་སྣེ་མང་སྤེལ་བ་བརྒྱུད་ནས་བོད་ཀྱི་གནས་སྟངས་སྐོར་གཞི་རིམ་སྤྱི་ཚོགས་ནང་ཁྱབ་སྤེལ་བྱ་རྒྱུ།
ག༽ བོད་ཀྱི་ཆོས་བརྒྱུད་སོ་སོའི་བླ་ཆེན་ཁག་གིས་ཆོས་དང་རིག་གཞུང་སྲུང་སྤེལ་གྱི་གནང་སྒོའི་མཛད་འཕྲིན་སྐྱོང་བའི་ཐུགས་འགན་བསྐྱེད་བཞེས་དང་ཆབས་ཅིག བོད་ཀྱི་ཆབ་སྲིད་གནད་དོན་དང་བདག་དབང་གནད་དོན་སྐོར་འདི་བོད་ཀྱི་ཆོས་དང་རིག་གཞུང་གནས་དང་མི་གནས་ལ་ཐད་ཀར་འབྲེལ་བ་ཡོད་པ་ལས་འཕྲོས་པའི་གསུང་གླེང་ཡང་ཡང་གནང་བ་བརྒྱུུད་ནས། གཞི་རིམ་མང་ཚོགས་ནང་བོད་ཀྱི་གནས་སྟངས་ཁྱབ་སྤེལ་ཡོང་བའི་རེ་འདུན་ཞུ་རྒྱུ།
ང༽ ལོ་ངོ་ལྔ་བཅུ་ལྷག་གི་དུས་ཚོད་ལ་བསམས་ན། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་ཡུལ་གཙོ་བོ་རྒྱ་གར་གྱི་གཞི་རིམ་སྤྱི་ཚོགས་ནང་བོད་ཀྱི་གནད་དོན་ནི་ས་ཁྱབ་རྡོ་ཁྱབ་ལྟ་བུ་ཆགས་དགོས་པའི་ཚོད་དུ་ཡོད་ནའང་། རྒྱ་གར་ནང་དུའང་བོད་པའི་གནས་སྟངས་སྐོར་གསན་ཐོས་མེད་པའི་ཡུལ་ལུང་དང་མི་གྲངས་ཧ་ཅང་མང་བ་ནི་མཐོང་ཆོས་སུ་ཡོད་པ་ཞིག་རེད། འདི་ནི་ང་ཚོའི་འཐུས་ཤོར་གྱི་ཆ་ཡང་རེད། ཆོལ་ཁ གསུམ་གྱི་དབུས་རྒྱུན་དང་། གཞོན་ནུ་བུད་མེད་སོགས་ཚོགས་སྡེ་ཁག་གི་ཚོགས་མི་ཤེས་ཡོན་ཅན་དག་གིས་རྐང་འགན་བཞེས་ནས་རྒྱ་གར་རྒྱལ་ཡོངས་ནང་བོད་པའི་གནས་སྟངས་ཀྱི་གོ་རྟོགས་སྤེལ་བའི་ནུས་པ་འདོན་རྒྱུ།
ཅ༽ བོད་ཕྱིོ་ནང་གི་དགེ་རྒན་དང་། རྩོམ་པ་པོ། ཉམས་ཞིབ་པ་སོགས་ཀྱི་དབར་སྤྱི་ཚོགས་འབྲེལ་ལམ་ཞུ་ཕྱོགས་ཐད་ལའང་ཤེས་ཡོན་པ་དག་གིས་སོ་སོའི་ནུས་པ་སྤྱི་ལ་སྤུངས་སའི་གླེང་སྟེགས་ལྟ་བུར་གྱུར་པའི་དྲ་རྒྱའི་བརྒྱུད་ལམ་ནས་ཐུགས་སྣང་མང་ཙམ་གནང་བར་སྐུལ་འདེད་བྱ་རྒྱུ།
ངས་བསམས་ན། འདི་ཚོའང་གལ་ཆེན་དོན་ཆེན་གྱི་གྲས་རེད། འདི་ལྟར་བསྒྲུབ་པ་ནི་སྐབས་ཐོག་དུས་ཐོག་གི་ནུས་པ་མིག་མཐོང་ལག་ཟིན་ཡོང་བ་ཞིག་མིན་ནའང་། ཕུགས་རྒྱང་རིང་པོའི་གཞི་གདན་འདིང་དགོས་ན། གཞི་རིམ་གྱི་རྨང་གདན་འདི་དག་ཀྱང་འདོར་མི་རུང་བའི་གྲས་རེད། སྐབས་ཐོག་གི་དྲན་འགྱུ་ཙམ་ཡིན། དཔྱད་རིན་ལྡན་པ་ཆེར་མེད་ནའང་། མི་ཆུང་གི་བསམ་བློའི་འཁོར་རྒྱ་ལ་འདི་འདྲ་ཞིག་འཆར་བ་དེ་རྒན་ལགས་གཙོས་པའི་དྲ་གྲོགས་ཚོར་གྲོས་འདེབས་སུ་ཕུལ་བ་ལགས།
འཇམ་དབྱངས་ལགས། བོད་ནང་ལ་གཞུང་ངོས་ནས་ཐད་ཀར་འབྲེལ་བ་ཡོད་ས་དང་མེད་ས་གཉིས་ཀ་ཡོད་རེད། ཡིན་ན་ཡང་ཚོགས་པ་ཁག་དང་མི་སྒེར་ངོས་ནས་བོད་ནང་ལ་འབྲེལ་བ་མང་ཚན་བྱེད་ཐུབ་ངེས་རེད། གཙོ་བོ་རྒྱལ་སྤྱིའི་ཐོག་ནས་བོད་དོན་གླེང་སློང་ཅི་ཙམ་ཆེ་ན་དེས་བོད་ནང་ལ་ཡང་སེམས་ཤུགས་དང་ལམ་སྟོན་ཐུབ་པ་ཞིག་རེད། དེང་སང་བརྒྱུད་ལམ་དང་ཐབས་ཚུལ་མང་བས། དཔེར་ན་ང་ཚོ་མི་རེ་རེའི་ངོས་ནས་ཀྱང་བོད་ནང་གི་མི་བཅུ་ལྷག་རེར་འབྲེལ་བ་བྱེད་ཐུབ་ན་དེ་དག་གིས་གཞན་དག་བརྒྱུད་ནས་གནས་ཚུལ་མང་པོ་མཁོ་སྤྲོད་ཐུབ་པ་རེད། དོན་དག་འདི་ལྟ་བུ་ད་ལྟ་ནས་རང་ངོས་ནས་འབད་བརྩོན་བྱེད་དགོས། ང་རང་ཉིད་ལ་མཚོན་ན་ཡང་འདི་ནི་དང་བླང་གི་འོས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ཡིག་འབྲེལ་ཉིན་བཞིན་བྱེད་ཀྱིན་ཡོད།
ཨ་རིག་དགེ་མཐོང་ལགས། ཁྱེད་རང་ཚོགས་མི་ཞིག་ཡིན་པའི་ཆ་ནས་སེམས་གཏིང་ནས་དགའ་བ་དེ་རྒྱབ་སྐྱོར་ཆུང་ཆུང་ཞིག་མ་རེད། ཚོགས་མི་ཚང་མར་མོས་མཐུན་མེད་ན་ཡང་ཡོད་པ་ཚོས་འདིའི་ཐད་ལ་བསམ་བློ་རེ་བཏང་ནས་རོགས་ཕན་རེ་གནང་ཐུབ་ན་ཧ་ཅང་བཟང། ཡིག་ཐོག་རང་ཡིན་མི་དགོས་ངག་ཐོག་ནས་ཕན་ཚུན་ལ་བགྲོ་གླེང་སོགས་་་་
ཇ་མ་ལགས། ཇ་མས་ཇ་བསྐོལ་ན་ཇ་ཁོལ་ངེས་ཡིན། དེ་ནས་ཇ་འཐུང་མཁན་ཡང་དགོས། དཔེ་དེ་བཞིན་དུ། ཐབས་ལམ་འཆར་འགོད་བྱེད་མཁན་དང་སྒྲུབ་མཁན། དེ་ལ་རྒྱབ་སྐྱོར་བྱེད་མཁན་བཅས་གལ་ཆེ། གཞེན་སྐུལ་འདིར་ང་ཚོ་ཚང་མས་འོས་འགན་རེ་སྒྲུབ་རྒྱུ་དང་སྒྲུབ་ཐུབ་པ་རེ་ལོས་ཡོད། ཁྱེད་རང་གཞུང་མི་དམངས་ལ་ཡིད་ཆེས་བརླགས་སོང་ན་ཉམས་པ་སླར་གསོ་བྱ་རྒྱུ་གལ་ཆེ།
འདོད་ལྷ་ཁམས་པ་ལགས། ཐུགས་ཁག་མི་འདུག་ལྷག་པར་དུ་ཡང་ཁམས་པ་དཔའ་རྒོད་ཚོའི་གཤིས་ཀ་ལ་མཚོན་ན་འདི་ནི་སྡར་མ་དང་བླ་མ་དག་གི་སྐྱབས་འཇུག་གམ་གསོལ་འདེབས་ཙམ་ལས། ལོངས་ཤོག རྒྱུག་ཡ། རྒྱོབ་ཡ། སོད་ཡ། དཔའ་ངར་གྱིས་མདུན་དུ་མཆོངས་་ལྟ་བུའི་ངར་ཉམས་དང་སྐུལ་འདེད་མེད་པ་བདག་གིས་ཁས་ལོས་ལེན། འོན་ཀྱང་ཁྱེད་ཀྱི་སེམས་ཁྲལ་ནི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ། ཞེས་པའི་ཚབ་འདིས་བྱས་པ་དེ་རེད། ཕྱོགས་ལས་རྣམ་རྒྱལ་དེ་ཡང་ང་ཚོའི་རྒྱལ་གླུའི་ནང་ལ་བཀོད་པ་དེ་འདྲ་བ་ལས་གཡུལ་ལས་རྣམ་པར་རྒྱལ་བའི་གོ་དོན་མེད།
གན་དྷི་ནི་བདེན་པའི་ཨུ་ཚུགས་ཀྱི་དམག་དཔོན་ངོ་མ་དེ་ཡིན། ཁོང་དང་ཁོང་གི་རྗེས་འཇུག་པ་དག་ནི་བདེན་པ་ཉིད་ལ་བརྟེན་ནས་རྣམ་པར་རྒྱལ་བ་རེད། ཡིད་བཞིན་ནོར་བུ་ཚང་ཡང་བདེན་པ་ཉིད་ལ་བརྟེན་ནས་འཛམ་གླིང་ན་རྒྱལ་དང་རྒྱལ་བཞིན་ཡོད། དེ་བཞིན་རྒྱལ་ཁབ་གཞན་དག་གི་རྒྱལ་རྟགས་སུ་འདི་འདྲ་ཡོད། རྒྱལ་སྤྱི་དང་འཛམ་གླིང་གི་མི་རིགས་ཁག་ཀྱང་ང་ཚོའི་བདེན་དོན་འཐབ་རྩོད་ཀྱིས་བཀུག་ད་ངའགུགས་ཀྱིན་ཡོད། དེ་བས་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆེན་པོ་གང་གིས་དབུ་ཁྲིད་པའི་བོད་མི་རིགས་ཀྱི་དར་ཆའི་ངོས་སུ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་་་ཅེས་པ་འདི་ཅི་འདྲའི་འོས་འཚམས་དང་གཟི་བརྗིད་ཅིག་མ་རེད་དམ།
ཁྱེད་ཀྱིས་ཆོས་ཉིད་སོགས་དང་སྦྱར་ནས་གོ་བ་གཞན་ཞིག་ལ་འཁྲིལ་ན་ད་ཡང་དེ་བཞིན་ཏེ་བདག་ནི་ཅི་ཡང་མི་རྩོད་དོ།
མི་ནག་མདུང་ཐུང་ལགས་ཀྱིས་རྒྱབ་སྐྱོར་དང་ལྷག་པར་ཁ་སྣོན་གྱི་བསམ་ཚུལ་བཏོན་པར་ཧ་ཅང་དགའ་བོ་བྱུང།
ཀ༽ དེ་ཡང་ཐབས་ཤེས་ཤིག་རེད། འབད་བརྩོན་བྱེད་འོས། འོན་ཀྱང་ཆོས་ཚོགས་མང་པོ་ཞིག་ལ་རེ་བ་ཅང་མེད། ཐ་ན་བོད་རང་གི་བླ་ཆེན་ཚོར་གཟིགས་ན་ནུས་པ་འདོན་མིན་དང་ཐོན་མིན་གསལ་ཡོང།
ཁ༽འདི་ལའང་མོས་མཐུན་ཡོད། ཕན་ནུས་ཀྱང་གང་འཚམ་ཐོན་ངེས།
ག༽ འདིའི་ཐད་ལ་ཡང་ད་སྔ་བསམ་ཚུལ་མང་ཙམ་རེ་བཏོན་མྱོང་ཡོད་རེད། དངོས་གནས་ཡིན་ན་བླ་ཆེན་རྣམ་པ་ཚོར་ཡར་ཞུ་མ་དགོས་པར་མར་གནང་དགོས་པའི་འོས་འགན་ཞིག་ཆགས་ཡོད། ཡག་ཤོས་དེ་ས་སྐྱ༸གོང་མ་མཆོག་དང་༸རྒྱལ་བ་ཀརྨ་པ་ཚང་ཡིན་པར་འདོད།
ང༽ འདི་ཧ་ཅང་གལ་ཆེ། ངས་ཀྱང་དེ་སྔོན་ནས་སྐད་མང་པོ་ཤོར་མྱོང། ངས་བསམ་ཚུལ་ལ་ང་ཚོས་ལོ་རྟག་པར་གསུམ་བཅུའི་དུས་དྲན་ཡག་ཤོས་དེ་ཡང་རྡ་རམ་ས་ལ་གཙོས་གཞིས་ཆགས་སོགས་བོད་པ་རང་ཉིད་ཡོད་སའི་ཁོར་ཡུག་ཆུང་ཆུང་ཞིག་ལ་རྒྱ་བསྐྱེད་མེད། ལོ་རེ་བཞིན་བོད་མི་ཚོ་ཁག་བགོས་ཀྱིས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཚང་མ་དང་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འཁྲབ་སོགས་སུ་སྐད་འབོད་སོགས་ངོ་རྒོལ་སྣ་མང་ཤུགས་ཆེར་སྤེལ་ན་རྒྱ་གར་མི་མང་གིས་ཚོར་ཐུབ། དེང་སང་རྒྱ་གར་གྲོས་ཚོགས་འཐུས་མི་ལ་ཡང་འབྲེལ་བ་འབྱུང་གིན་ཡོད་པས་ཨོ་ཙམ་རེད།
ཤུགས་ཇེ་ཆེར་ངེས་པར་གཏོང་དགོས་པ་ཞིག་རེད།
ཅ༽ འདི་ཐད་ལ་ནུས་པ་གང་འཚམ་རེ་འདོན་བཞིན་འདུག ཤུགས་ཆེར་སྤེལ་རྒྱུར་དང་བླང་ངོས་ནས་ནུས་པ་འདོན་དགོས།
རྒན་ལྷ་མོ་སྐྱབས་ལགས་ནས་གསུང་པ་དེ་དངོས་གནས་ཡག་པོ་ཞིག་འདུག་
ཕལ་ཆེན་དེ་འདྲ་བའི་ལས་འགུལ་ཞིག་བྱེད་ཐུབ་ན་ནུས་པ་ཞིག་ལོས་ཐོན་
ཁོང་གི་བསམ་ཚུལ་དེ་དེ་སྔ་བོད་ས་ཁུལ་དུ་སྐྱེས་པའི་རྒྱ་རིག་བུ་མེད་བུ་རམ་པ་ཞིག་གི་བསམ་ཚུལ་དགའ་ཞིག་དང་མཐུན་པར་སྣང་བས་ དོན་ངོ་མ་དམར་ཤོག་གཞུང་འཛིན་མགོ་སྟེང་གློག་རྒྱུའི་ལས་འགུལ་འཕེལ་
ན་བོད་མི་ཙམ་མ་ཡིན་པར་རྒྱ་ནག་གི་མི་མང་པོ་ཞིག་ཀྱང་མཉམ་རུ་ངེས་པ་བྱེད་གི་རེད་
དེ་ནི་རང་དབང་གི་ལས་འགུལ་དང་ཁྱད་མེད་ཞིག་རེད་།
སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཡང་དག་པའི་དགོངས་འཆར་ཞིག་བཏོན་པར་རྒྱབ་སྐྱོར་དང་ཡི་རང་མོས་མཐུན་ཡོད། ང་ཚོའི་གཞུང་གིས་ཀྱང་དགོངས་ཚུལ་དེར་སྣང་མེད་མི་གནང་པར་ལག་ལེན་གང་ཐུབ་གནང་རྒྱུར་འབོད་སྐུལ་ཞུ།།
མནའ་བསྐྱལ་ཟེར་བ་འུ་ཐུག་ཐབས་ཟད་ཀྱི་ལས་ཀ་ཞིག་རེད་མོས་མཐུན་གཏན་ནས་མེད།
ཁ་བརྡ་དྲ་བ་འདི་དྲང་མོ་གཏན་ནས་མི་འདུག་ཆབ་བྲག་གི་སྐད་ཆའི་རྒྱབ་སྐྱོར་མེད་ན་མི་དཀོད་པའི་རྒྱབ་ལོགས་ཀྱི་གནས་ཚུལ་གང་ཡོད།
མི་གཞན་ལ་དགག་པ་རྒྱག་ཆོག་ལ་ཆབ་བྲག་ལ་དགག་པ་རྒྱ་མི་ཆོག་པའི་རྒྱུ་མཚན་གང་ཡིན
ངའི་མཆན་མང་པོ་མར་འཐེན་སོང་ཁྱེད་ཚོ་ལ་ངོ་ཚ་རྒྱུ་མི་འདུག་གམ།
མུ་མཐུད་ནས་ཁ་བརྡ་ཚང་གིས་འདི་འདྲའི་དྲང་བདེན་མ་ཡིན་པའི་ལས་ཀ་བྱས་སོང་ན་ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པ་ཚོའི་མི་གཞི་ལ་རྨ་འབེབས་བྱ་རྒྱུ་ཡིན།
ལ་སྟོད་པ་ལགས། གོ་སྐབས་དམ་འཛིན་དང་ནུས་པ་ཆིག་སྒྲིལ། བྱེད་ཐབས་ཡང་དག་བཅས་ནི་རྒྱལ་ཁའི་གཞི་རྩ་ཡིན་པར་ཚང་མས་ངོས་འཛིན་ཐུབ་ན་ལག་བསྟར་ཡང་བྱེད་སླ་བ་ཞིག་རེད་ཡ།
ལྷ་སྐྱིད་ལགས། མ་གཞི་ཁྱོད་ཀྱི་ཁ་དེའི་སྐྱོན་རེད་པ། ཡང་གཤེ་གི་འདུག་ག་ དེ་བྱས་ན་དེས་འགོ་གི་རེད། དེ་ལས་གནས་ལུགས་ཤོད་ར།
རང་ང་ཁ་ངན་བཤད་ན་འགོག་གི་རེད། བསམ་ཚུལ་བརྗེ་རེས་བྱེད་དུས་་་བསམ་ཚུལ་རང་བཤད་ནས་་་ངན་བཤད་མ་བྱས་ན་་་གླེང་མོལ་ཡང་དོན་ལྡན་ཞིག་ཡོང་གི་རེད། ཁྱོད་ཀྱིས་ང་ལ་ཅི་ཞིག་བཤད་ནས་བཀག་སོང་བ་ངས་ངོ་མ་མ་ཤེས། ཡང་མིན་ན་ངའི་གློག་ཀླད་འདི་ནང་ལ་རང་གིས་བཤད་རྒྱུ་དམོད་རྒྱུ་ག་རེ་ཡོད་ན་སྐུར་རོགས། chapbrag@gmail.com
ད་ང་ཚོ་ཚང་མ་ཕྱི་སྡོད་ཀྲུང་གོ་བ་རེད། ང་ཚོས་ཀྲུང་གོ་མི་མང་དང་མི་རིགས་ཁག་གི་ཆེད་དུ་གུང་ཁྲན་དང་ལྟ་བ་མི་མཐུན་མཁན་ཡོད་དོ་ཅོག་རྡོག་རྩ་གཅིག་སྒྲིལ་གྱིས་ལས་འགུལ་འདྲ་མིན་སྤེལ་རྒྱུར་ཤུགས་རྒྱག་དགོས། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག ཚང་མས་མུ་མཐུད་ཤུགས་རྒྱོབས།
འུ་ཐུག་ཐབས་ཟད་ཀྱི་ལས་ཀ་ཡིན་པའི་རྒྱུ་མཚན་ཅི། འུ་ཐུག་ཐབས་ཟད་ཀྱི་ལས་ཀ་ལ་ཡང་ཡག་པོ་ལོས་ཡོད། མ་གཞི་ད་ལྟའི་བོད་ཀྱི་གནས་བབ་འདི་འུ་ཐུག་སྐབས་ཤིག་མ་རེད་ཅེས་ཀྱང་བཤད་དཀའ།
ཨ་ར་དཀར་པོ་འདི་་དམག་སྤྱི་ཞིག་གི་ཚུགས་ཀ་ཡོད་གི རྒྱག་གཅིག་མཆོང་གཅིག་ཟེར་བའི་གླུ་གཞས་དེ་ཡང་དྲན་འོང་གི ཧ་ཧ་ཧ་
ཨ་རོགས་ཁམས་ལགས་ནས་་རྒྱབ་སྐྱོར་གནང་བར་དགའ་བོ་བྱུང། ད་དུང་ལས་གཞི་ལམ་ལྷོང་ཐད་ལ་ལས་དོན་བྱེད་སྟངས་ཐད་ལ་ཚང་མས་བསམ་འཆར་འདོན་ཐུབ་ན་བཟང་གི
རྒན་ལྷ་མོ་སྐྱབས་ལགས་ཀྱིས་གནས་ལུགས་དང་རྒྱུ་མཚན། གནས་སྟངས་བཅས་གསལ་བཤད་གནང་གིན་པ་དེ་ཚོ་ཀློག་གིན་བསྡད་ཡོད། འདི་ལྟར་གླེང་བ་ཡིན་ན། ང་ཚོ་གནས་སྟངས་ཤིག་གི་ཐག་གི་ཉེ་སར་ཕར་བཅར་གྱི་ཡོད་པའི་ཚོར་སྣང་ཡོང་གི་འདུག ང་ཚོས་མུ་མཐུད་གླེང་ནས། གནས་སྟངས་གང་ཞིག་གི་ཐག་ཉེར་བཅར་ཐུབ་པ་བྱས་ཏེ། གནས་སྟངས་ཕྱི་གསལ་ནང་གསལ་དང་། འོས་འགན་ཕྱི་གསལ་ནང་གསལ། ཐབས་བྱུས་ཕྱི་གསལ་ནང་གསལ་ཡོང་བའི་གླེང་མོལ་མང་ཙམ་ཞུས་པ་ཡིན་ན། དེ་ནི་ངེས་པར་གླེང་དགོས་པ་ཞིག་རེད། རྒན་ལྷ་མོ་སྐྱབས་ལགས་གཙོ་བྱས་པའི་གླེང་སློང་བ་ཚང་མར་རྗེས་སུ་ཡི་རང་ཞུ་གི་ཡོད། ཐུགས་རྗེ་ཆེ་ཞུ་གི་ཡོད།
དམག་རྒྱབ་ན་ཞི་བདེ་ཡོང་གི་རེད་ཟེར་ན་རྣ་བར་མི་འགྲོ་བའི་སྐད་ཆ་ཡིན་ན་ཡང་། དེ་ལའང་བདེན་པ་ཅུང་ཞིག་ཡོད་པ་འདྲ་བོ་འདུག ཡིད་མི་ཆེས་ན། ཡོ་རོབ་ལ་ལྟོས་དང་།
དང་པོ་དམག་རྒྱབས། དམག་ཡག་ཐག་ཆོད་ཅིག་རྒྱབས་། དམག་ཡག་ཐག་ཆོད་པ་ཅིག་རྒྱབས་རྗེས། འདོད་པ་ཚིམས་ཚིམས་བར་དུ་དམག་རྒྱབས། འདོད་པ་ཡག་ཐག་ཆོད་ཅིག་ཚིམས་རྗེས་ཞི་བདེ་ཡག་ཐག་ཆོད་ཅིག་ཡོང་ཡོད་པ་རེད། མ་ཟད། དེང་སང་དམག་ལ་ཞེན་པ་ལོག་ནས་བསྡད་ཡོད་རེད།
ཡིན་ནའང་། ངས་བོད་མིས་ཡིན་གཅིག་དམག་རྒྱག་དགོས་རེད་ཟེ་ཤོད་ཀིན་མེད། ཡོ་རོབ་པ་ཚོ་དེ་འདྲ་རེད་ཟེ་ཤོད་ཀིན་ཡོད། ཧཧཧ
ཆབ་བྲག་ལགས།
ངས་ནམ་ཡང་ཁྱེད་ཀྱི་མི་གཞི་ལ་རྨ་འབེབས་བྱས་མེད་་་་་་་་་་་་་་་་་ལུང་ཚན་ཆོས་ལུགས་ཀྱི་ཕྱོགས་ཞེན་ཟེར་བ་དེ་ནམ་ཡང་ངོ་ལྐོག་རྒྱབ་མདུན་མེད་པར་ཕྱག་ལས་གནང་ལ་དོན་ངོ་མའི་མཐུན་འབྲེལ་གྱི་རྡོ་རིང་དེ་ག་རང་རེད།
གནས་ཚུལ་འདི་སྤྱི་ཚོགས་ཁྱོན་ཡོངས་ལ་བཤད་ཀྱི་ཡོད་པ་ལས་ཁྱེད་ལ་བཤད་ཀྱི་མེད།
མནའ་བསྐྱལ་ཟེར་བ་དེ་ཆེས་མ་མཐའི་འུ་ཐུག་གི་ལས་ཀ་ཞིག་ཡིན་པས་འདིས་ཕན་ཐོག་གང་ཡང་མེད།
བཙན་བྱོལ་ནང་དུ་མི་ལོ་ལྔ་བཅུའི་རིང་ལ་ཕྱིར་མིག་དང་ཉམས་ཞིབ་གཅིག་བྱ་ན་རྒྱ་ནག་དམར་པོ་ལས་ལྷག་པའི་ནང་ཁུལ་དུ་ཁ་གཏད་བཀྱགས་རེས་བྱས་འདུག་གནས་ཚུལ་འདི་ཚོ་མ་འགྲིགས་པ་རེད་ཞུ་གི་ཡོད།
མ་འོངས་པར་གནས་ཚུལ་འདི་འདྲ་མི་ཡོང་བའི་འབད་བརྩོན་མི་རེ་ངོ་རེ་ནས་བྱ་ན་མནའ་གན་གྱི་རྡོ་རིང་དེ་ག་རང་རེད་ཞུ་གི་ཡོད།
དེ་ལྟར་མ་བྱས་ལས་ཀ་བྱ་དུས་དེ་སྔོན་ལྟར་ལྐོག་རྒྱབ་མདུན་གྱི་ལས་ཀ་རྐྱང་རྐྱང་བྱ་ན་མནའ་གན་གྱི་རྡོ་རིང་གནམ་གྱི་ཀ་བ་འདྲ་བོ་ཞིག་བསླངས་ཀྱང་ཕན་ཐོག་སྣ་གཅིག་ཡོད་མ་རེད་ཞུག་གི་ཡོད་ཁྱེད་ཀྱི་མི་གཞི་ལ་རྨ་འབེབས་བྱས་མེད་ཀྱང་སྐད་ཆ་འདི་ཐེངས་མང་པོ་འཐེན་ཚར་སོང་དེ་འདྲ་བྱས་ན་ཡག་པོ་མ་རེད།དྲང་བདེན་མ་རེད།ངས་མི་གཞི་ལ་རྨ་འབེབས་བྱས་མེད་ན་གཞི་མེད་སྐྱོན་འཛུགས་སོགས་ཉེན་ཁ་ཆེ་བའི་སྐད་ཆ་གང་ཡང་བཤད་མེད།
གནམ་ས་འགེངས་བའི་འབྲུག་སྐད་ཅིག།།
ཨ་མདོ་རྔ་བའི་ཕྱོགས་ནས་མཆེད།།
བོད་རྣམས་རྨོངས་གཉིད་ལས་གྲོལ་ཏེ།།
བདེན་པའི་རྒྱལ་རྔ་བརྡུང་བར་ངེས།།
ངོ་ལྐོགས་རྒྱ་མདུན་གྱི་ཕྱག་ལས་གནང་མཁན་ནང་དུ་ཡུལ་ལྷ་གཞི་བདག་་དུ་མ་ཚུད་ཡོད་ཁོང་ཚོ་སུ་ལ་ཡང་་དམིགས་བསལ་བྱ་ཐུབ་ཀྱི་མེད།
འདོད་ལྷ་ཁམས་པ་ལགས། དམག་འཁྲུག་གི་ཞི་བདེ་ཟེར་བ་དེ་གཅིག་ཕམ་ནས་གཅིག་རྒྱལ་རྗེས་ད་གཟོད་ཅིག་ཤོས་འུ་ཐུག་ནས་ཁ་རོག་བསྡད་པ་འདྲ་བོ་ཞིག་རེད། དཔེར་ན་འཇར་པན་ལྟ་བུ། དཔེར་ན་མི་དཔའ་བོ་གཉིས་རྒྱག་རེས་བརྒྱབ་ན་ཡང་འདྲ་འདྲ་ཡིན་ན་རྟག་པར་རྒྱག་རེས་རྒྱག་གི་རེད། གཅིག་གིས་མགོ་སྒུར་སོང་ན་ཕྱི་ནས་ལྷིང་འཇག་འདྲ་བོ་ཞིག་ཡོད་པ་རེད། མགོ་མ་སྒུར་མ་རྒྱག་རེས་བརྒྱབ་མཐར་གཅིག་འཆི་གི་རེད། མཐའ་འབྲས་དེ་གཉིས་རེད། དེ་བས་བོད་དང་རྒྱ་དམག་ཐུག་ན་ང་ཚོ་འཆི་གི་རེད།
འཕྲུལ་ཆས་དང་བརྡ་འཕྲིན་གྱི་དུས་རབས་ཞེས་འབོད་བཞིན་པའི་དུས་འདིར། ཚན་རིག་ཐོག་གི་ཆ་འཕྲིན་གསར་བ་ཡོངས་ཀྱི་བརྒྱ་ཆའི་དགུ་བཅུ་ཙམ་དབྱིན་ཡིག་བེད་སྤྱོད་བྱེད་བཞིན་ཡོད་ལ། ང་ཚོའི་མི་རབས་གསར་བ་རྣམས་ཀྱིས་ཀྱང་ལམ་ཁ་འདིར་ཞུགས་ནས་དོན་ཡོད་པ་དང་གཟི་བརྗིད་ལྡན་པའི་བརྙན་འཕྲིན་དང་དྲ་ཚིགས་བརྒྱུད་ནས་གནས་ཚུལ་མཁོ་སྤྲོད་བྱེད་པ་དང་། དུས་རབས་ཀྱི་ཁ་ཕྱོགས་དང་མཐུན་པར་དགོན་པ་གྲྭ་ཚང་ཁག་ནའང་དྲ་རྒྱའི་སྒོ་མོ་ཕྱེ་ཡོད་པ་དང་ལྷག་པར་བོད་མིའི་གནས་སྡོད་ས་གནས་ཁག་ལ་མཚོན་ན་གློག་ཀླད་དང་ལག་ཐོགས་ཁ་པར་གཉིས་ཧ་ཅང་མཁོ་རྒྱུག་ཆེ་བ་སྨོས་ཅི་དགོས། ཛ་དྲག་ཆེ་བའི་སྐབས་བོད་ནང་གི་གནས་ཚུལ་རྒྱུས་ལོན་དང་ཕན་ཐོགས་ཡོད་པའི་ཆ་རྐྱེན་གཙོ་བོར་གྱུར་ཡོད་པ་རེད། །
ཨོ་བདེན་གི ལྷ་སྐྱིད་ཀྱིས་གནས་ལུགས་བཤད་གི་འདུག གོ་སོང། ངས་ཀྱང་དེ་སྔོན་ནས་མཐུན་སྒྲིལ་ལ་གནོད་པའི་འགལ་བ་མང་པོ་ཡོད་ཚུལ་གླེང་མྱོང། འཆམ་མཐུན་དེ་དག་ཚད་མཐོ་ས་ནས་བཤད་ན་བསམ་བློའི་སྨིན་ཚད་ཅིག་གི་ངོས་ནས་ཡོང་དགོས། དེ་ང་ཚོར་མཚོན་ན་ད་དུང་ཐག་རིང་གི་འདོད། མནའ་ཟེར་བ་དེ་ཁས་ལེན་དང་དམ་བཅའ་ལ་གོ་ན་ཆོག ཁས་ལེན་དམ་བཅའ་དེ་མི་རིགས་ཚང་མར་ཡོད། ཁྱེད་རང་གིས་ཀྱང་ལས་ལེན་དང་དམ་བཅས་ནས་ལས་ཀ་བྱས་མྱོང་ལོས་ཡོད། མ་ཟད་གནའ་སྔ་མོ་ནས་བརྒྱུད་པའི་མནའ་བཅད་དམ་མནའ་ཤག མནའ་གྲོགས་ཟེར་བ་ཞིག་ཡོད། དེ་དག་གིས་རང་སྲོག་ལ་བབ་ན་ཡང་དམ་བཅའ་སྲུང་གི་རེད། ང་ཚོའི་རིག་འཆལ་དང་ལྟ་ལོག སྐོར་ལོག རྨོངས་རྒན་རིགས་ཉུང་ཤས་རེ་ཕུད་པའི་བོད་མི་རིགས་ཀྱི་རང་གཤིས་ན་བོད་ཚིག་ཐོག་ཟེར་བའི་བག་ཆགས་འདི་བསྡད་ཡོད། དེ་བས་མནའ་གན་གྱིས་མ་ཕན་ཡང་མི་གནོད་པ་ཐག་ཆོད་ཡིན།
རྡོར་དབང་ལགས། “གནས་སྟངས་ཕྱི་གསལ་ནང་གསལ་དང་། འོས་འགན་ཕྱི་གསལ་ནང་གསལ། ཐབས་བྱུས་ཕྱི་གསལ་ནང་གསལ་ཡོང་བའི་གླེང་མོལ་མང་ཙམ་ཞུས་པ་ཡིན་ན། དེ་ནི་ངེས་པར་གླེང་དགོས་པ་ཞིག་རེད”གསུངས་པ་དེ་ག་རང་རེད། མུ་མཐུད་དེ་དོན་གནད་དེ་དག་ཐད་ལ་བསམ་གཞིགས་དང་དགོངས་འཆར་གནང་བའི་རེ་བ་ཡང་ཁྱེད་རང་གཙོས་ཚང་མར་ཞུ་གིན་ཡོད།
ཧཧ།ཆབ་བྲག་ལ་སེམས་ཤུགས་འཕར་འདུག་མོད་དེང་སང་གོ་ལའི་ཚ་དྲོད་དབང་གིས་མགྱོགས་པོ་བཞུར་འགྲོ་ཀི་རེད།བདེན་མིན་ང་ཚོས་རིམ་པར་ལྟོས་དང་མགྱོགས་པོ་གྲུབ་འབྲས་མཐོང་གི་རེད།
ནང་སོག་པ་ཚོར་སྟོབས་ཤུགས་མེད་པས་བཙན་བྱོལ་བོད་གཞུང་གིས་མཐོང་དང་ཆ་འཇོག་གང་ཡང་མེད་པ་ང་ཚོར་དངོས་ཡོད་མྱོང་གྲུབ་ཡིན།ཡུ་གུར་པ་ཚོས་འཇིགས་སྐུལ་དོན་རྐྱེན་མང་པོ་བཟོ་ཀི་ཡོད་སྟབས་བོད་གཞུང་སྐྲག་ནས་འབྲེལ་བ་འཛིན་ཕོད་ཀི་མེད།
རྒྱ་ནག་མང་གཙོ་དོན་གཉེར་ཅན་ཚོར་བོད་གཞུང་གིས་རེ་བ་ཆེན་པོ་བརྒྱབ་ཏེ་ནམ་རྒྱུན་རྒྱ་ནག་གི་ཅིག་མིག་ཟེར་ཚད་ལ་བོད་གཞུང་གིས་བཞུགས་ཁྲི་ཐོག་དང་ཕེབས་ཁྲེ་ཐོག་ཟ་གཞུང་ཐོག་གནང་གི་ཡོད་རུང་།རྒྱ་རྒན་ཡུལ་གྱར་པ་ཁ་ཕོ་ཅན་དེ་ཚོ་དང་གདན་ས་ཁག་གི་སོག་ཕྲུག་དམིགས་བསལ་ཐོབ་ཐང་ཅན་དེ་ཚོས་མཐར་ཐུག་བོད་མི་ལ་ཕན་ཐོགས་གང་ཡང་སྒྲུབ་མྱོང་མེད།
ལར་རྒྱ་ནག་མང་གཙོ་པ་ཚོ་༡༩༨༩ལོའི་ཡར་ལངས་ཙམ་མ་གཏོགས་ནུས་པ་འཐོན་པའི་ལས་འགུལ་གང་དག་སྤེལ་ཡོད།ཁོ་རང་ཚོ་ནང་ཁུལ་གཅིག་འོག་གཅིག་ལ་མ་འདུས་པར་རི་ལུག་པ་ཐག་པས་མ་འདོམས་པར་བསྡད་འདུག་ག
དེ་ནས་འཚེ་མེད་ཞི་བ་ཡིན་ན་ཅིག་བཤད་ཁུལ་བྱས་འདུག་མོད་དེ་ནི་ཉིན་མོ་རྟ་བརྐུ་ཁ་ལ་སླ་རུང་།མུན་ནག་གཅིན་གཏོང་ཕྱི་ལ་དཀའ་ཟེར་བའི་དཔེ་ཡོད་ལྟར།ང་ཚོའི་གནས་བབ་འདི་འདྲ་ལ་འཚེ་མེད་ཞི་བའི་གང་ཡང་བྱེད་མི་ཐུབ་པ་༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་ལན་མང་གསུངས་ཡོད།ཡིད་མི་ཆེས་ན་ཏཱ་ལའི་བླ་མར་ཕུལ་བའི་དྲི་བ་བཅུ་ཟེར་བའི་དངོས་བྱུང་གློག་བརྙན་ནང་།༧རྒྱལ་དབང་མཆོག་གིས་འཚེ་མེད་ཞི་བའི་སྐྱོན་གནད་ཆེ་ཤོས་རང་སྲུང་གི་ནུས་པ་མེད་པ་དེ་ཡིན་ལ།དབྱིན་ཇི་སྡུག་ཅག་ཡིན་ནའང་སྐབས་དེར་གང་འཚམས་གུ་ཡངས་ཡག་པོ་ཡོད་པས།གན་ངྷི་ནས་རྩོམ་ཡིག་སྤེལ་བ་དང་ཁྲིམས་རྩོད་བྱེད་པ་ལས་འགུལ་སྣེ་ཁྲིད་སོགས་གནང་ཐུབ་ཀི་ཡོད།འོན་ཀྱང་།ང་ཚོ་བོད་མི་ལ་མེ་མདའ་ཁོ་ན་མ་གཏོགས་ཁ་གཏད་གཅལ་ས་དང་སྐད་ཆ་བཤད་ས་མེད་ཅེས་གསུངས་བའི་བཀའ་དེ་འདྲ་ལྡི་ལི་ནེ་རུ་མཐོ་སློབ་ཏུའང་སྤྱི་ལོ་༢༠༠༧ལོ་གནང་གི་འདུག
དེ་འདྲ་སོང་ཙང་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ནའང་གང་ལྟར་གུང་བྲན་གཞུང་ལ་ངོ་རྒོལ་ཡིན་ཕྱིན་ང་ཚོའི་ཐོག་གྲུབ་འབྲས་གཅིག་མ་གཏོགས་ཡོང་རྒྱུ་མེད།དེ་སྔ་སྤྱི་ལོ་༡༩༥༠ང་གྲངས་ནང་༧གོང་ས་ཆེན་པོ་རྒྱ་གར་ནང་ཐོག་མ་གཟིགས་སྐོར་སྐབས་སྟག་འཚེར་དང་རྒྱལ་ལོ་བརྒྱུད་ཨ་རིའི་གསང་བའི་མི་སྣས་༧གོང་ས་ཆེན་པོར་མཇལ་འཕྲད་ཀིས་བོད་ནང་མཚོན་ཆ་དམག་སྦྱོང་སྤྲོད་རྒྱུ་དང་མཐའ་ན་ཨ་རིའི་དམག་བོད་ནང་གཏོང་རྒྱུ་འདོད་མོས་ཡོད་པ་སོགས་བརྗོད་ཡོད་པ།མཛད་རྣམ་བཙན་བྱོད་ཁྲོད་ཀི་རང་དབང་ནང་འཁོད་འདུག་ཅིང་།དེ་དུས་༧གོང་ས་མཆོག་ནས་དམག་འཁྲུག་ནི་མི་གསོད་ཁྲག་སྦྱོར་ཡིན་པས་གལ་ཏེ་བོད་ལ་རྒྱལ་ཁ་ཐོབ་རུང་བོད་རྒྱ་མང་པོའི་སྲོག་ཤོར་དགོས་པ་དང་།ལྷག་པར་རྒྱལ་ཁ་མ་ཐོབ་ན་བོད་མིས་སྡུག་བསྡལ་མྱང་གི་རེད་སྙམ་ནས།སྲིད་བློན་ནེ་རུས་ལམ་སྟོན་བཞིན་རྒྱ་ནག་དང་མཉམ་འབྲེལ་ཞི་འགྲིག་རྒྱུན་བསྲིངས་ཀི་སྲིད་ཇུས་བཟུང་ནའང།མཐར་རྒྱ་ནག་ལ་ཞི་རྒོལ་དང་གྲོས་མོལ་གནང་མཁན་བོད་གཞུང་འོག་གི་ས་ཁུལ་དང་དྲག་པོའི་འཐབ་རྒོལ་གནང་མཁན་མདོ་སྟོད་སྨད་བར་མི་ཤི་གོད་ཀི་གནས་སྟངས་ཧ་ལམ་གཅིག་མཚུངས་ཡིན།
ད་ཆ་ཡང་ང་ཚོས་འཕག་འཚག་མང་པོ་བརྒྱབ་ན་ཞི་དྲག་གང་ཡིན་རུང་རྡོ་དོན་དམར་གཞུང་ལ་གནོད་ཀི་ཡོད་པས།གནམ་གྱིས་ས་བཀབ་ལྟ་བུ་གཞི་ཁྱོན་ཆེ་བའི་དྲག་གནོན་ཅིག་བྱེད་རྒྱུར་ཐེ་ཚོམ་མེད།གནད་འགག་འདི་འདྲར་ཐག་གཅོད་ནོར་པ་བྱས་ན་རྩ་བ་ནས་འགྱེལ་ཉེན་ཡོད་པ་བརྗེད་མི་ཉན།སྔོན་མི་ཉག་རྒྱལ་ཁབ་སྙན་གྲགས་ཅན་དེས་ཀྱང་བསྟུན་མཁས་མ་ཐུབ་པར་སོག་པོ་ལ་ཁ་གཏད་ཐེངས་གཅིག་གཅལ་པས་རྒྱལ་ཁབ་དེ་དང་མི་རིགས་དེ་ད་ཆ་འཇིག་རྟེན་འདིར་ཤུལ་མེད་བཟོས་ཡོད།
ཆབ་བྲག་ལགས་ཀྱིས་དགོངས་ཚུལ་དེ་མ་རེད་ཞུ་ཡས་མི་འདུག་ཀྱང་། ཡུ་གུར་དང་སོག་པོ་བོད་གསུམ་མནའ་འབྲེལ་འཛུགས་ཐུབ་ན་དགེ་མཚན་ཆེན་པོ་ཡོད་ངེས་ཀྱང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཡིན་ནའང་འདྲ་རྩ་ཀླུང་སྒོམ་སྒྲུབ་ཚོགས་པ་ཡིན་ནའང་འདྲ་གང་ལྟར་འདི་ཚོའི་རིགས་དེ་ཚོ་ཁ་ཕྱི་ལ་བསྐོར་ཡོངས་དུས་རང་བཞིན་གྱི་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་མངོན་ཡོང་གི་འདུག། མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་ཇི་སྲིད་མ་འདོར་བ་དེ་སྲིད་དུ་ཆིག་བསྒྲིལ་དང་། མཉམ་འབྲེལ། མནའ་འབྲེལ་སོགས་ཡོང་རྒྱུ་དཀའ་མོ་མ་རེད་པས། མ་གཞི་ཆབ་བྲག་ལགས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཞལ་དགྱེས་འདོད་རྩ་བ་ནས་མེད་ཙང་། དེར་དགོངས་པ་མིན་དྲོ།
ལྷ་སྐྱིད་ལགས། མངོན་ཀློག་རྒྱབ་མདུན་ནང་གི་ཡུལ་ལྷ་གཞི་བདག་དེ་དག་གད་དག་ཡིན་ནམ་། ངའི་བསམ་པའི་མནའ་གན་ནང་ལ་ཡུལ་ལྷ་གཞི་བདག་མེད། མཆོག་གུམ་དང་ཡེ་ཤེས་ཀྱི་སྤྱབ་ལྡན་ཆོས་སྐྱོང་སྲུང་མ་དག་ཡོད། དེ་འགྲིགས་སམ།
གསེར་འབྲུག་སྡེར་ལྔ་མིང་དོན་མཚུངས་ཀི ཡིན་ན་ཡང་གོ་གུང་གཉིས་ཀྱིས་རྒྱལ་ཕམ་རྩོད་དུས་ཀྱང་འཇར་པན་གྱི་བཙན་འཛུལ་ལ་མཉམ་འབྲེལ་བྱས་མྱོང་ཡོད། གཙོ་བོ་ཆེ་སའི་དགྲ་ལ་བལྟ་དགོས། ང་ཚོའི་ཆེ་སའི་དགྲ་གཅིག་ཡིན་ན་དེ་ལ་མཉམ་རྒོལ་གྱི་ནུས་པ་ངེས་པར་འདོན་གལ། ཡིན་ན་ཡང་དགྲ་ཆེན་པོར་ཁ གཏད་གཅོག་ཞོར་ལ་ད་དུང་མཉམ་འཇོག་དང་ཐེར་འདོན་སོགས་བྱེད་དགོས་ས་དེ་ཡང་བརྗེད་མི་ཉན། དེ་བས་འཐབ་ན་མི་རྒྱལ་བ་མེད་པའི་བྱུས་དེ་ཤེས་དགོས།
ཁྲི་རལ་ནི་ཁྲི་རལ་རང་རེད། གནའ་སྔ་མོའི་དམག་འཁྲུག་གི་བག་ཆགས་ཤུགས་ཆེ་ས་རེད། ང་ཚོས་དམག་རྒྱག་གི་ཟེར་གི་མེད་ཡ། དཔེར་མཚོན་གཅིག་བཤད་ན་རྒྱལ་སྤྱིའི་པེན་གྱི་ལོ་རེའི་ཚོགས་ཆེན་ནང་ལ་སོག་པ་ལོ་གཉིས་ཙམ་སྔོན་གསར་ཞུགས་ཙམ་རེད། ནུས་པ་ཅུང་ཟད་ཡོད་པ་དེ་བོད་ཡིན། ཅིའི་ཕྱིར་ཟེར་ན་རྒྱ་ནག་གཞུང་འབྲེལ་གྱི་སྐུ་ཚབ་ལ་རྩོད་གླེང་གིས་ཚོགས་ཆེན་ནང་ན་རྒྱལ་ཁ་ལེན་ཐུབ་ཀྱིན་ཡོད། དེ་བཞིན་རྒྱ་ནག་གི་རང་དབང་རྩོམ་པ་པོ་དག་གིས་ཀྱང་ནུས་པ་ཐོན་གྱིན་ཡོད། གལ་ཏེ་ཚོགས་ཆེན་དེ་འདྲའི་ཐོག་ལ་སོག་པོ་དང་ཡུ་གུར་བཅས་པས་ནུས་པ་སྤུངས་ཐུབ་ན་རྒྱ་ནག་གི་སྐུ་ཚབ་དག་ཕམ་ཉེས་དང་འབྲེལ་རྒྱ་གཞུང་ཡང་ཕམ་ཉེས་འགྲོ་གིན་ཡོད་པ་རེད།
གཉིས་ནས་ཕྱི་སྡོད་རྒྱ་རིགས་མང་པོ་ཆབ་སྲིད་ཁྲོད་ཞུགས་གིན་མེད་པ་དང་དམངས་གཙོ་དོན་གཉེར་བ་ཚོའི་ནང་ལ་ཡང་ལྟ་སྤྱོད་མི་མཐུན་ཡོད་པ་བདེན་པ་རེད། འོན་ཀྱང་དེ་དག་སོ་སོས་ས་ནས་ངོ་རྒོལ་གྱི་རྣམ་སའགྱུར་ཞིག་བསྟན་དང་སྟོན་བཞིན་པ་རེད། ད་ལྟ་ཁ་ཐོར་དང་ཉམ་ཐག་ལ་འགྲོ་བཞིན་པའི་ཚོགས་སྡེ་འདི་རིགས་ལ་མགོ་འདོན་གྱིས་ཉམས་པ་སླར་གསོ་བྱས་ནས་དྲང་བདེན་གྱི་འཚེ་མེད་ཞི་བའི་ནུས་པ་ཞིག་འདོན་རྒྱུར་ང་ཚོའི་བཙན་བྱོལ་གཞུང་དམངས་ལ་རག་ལས་ཡོད་པ་ཞིག་ངས་མཐོང་གིན་ཡོད།
ཚོད་ལྟ་འདིར་གྲུབ་འབྲས་བཟང་པོ་ཞིག་འབྱུང་མིན་ལ་མ་བལྟས་པར་ངེས་པར་ལག་བསྟར་བྱེད་དགོས་པ་ཞིག་རེད། གལ་ཏེ་ང་བཀའ་ཁྲི་གསར་བ་འདི་ཡིན་ན་སེང་གེའི་མཚན་དོན་ལྡན་པ་ཞིག་བྱེད་ངེས།
ང་ཚོས་ཡུ་གུར་དང་སོག་པོ། རྒྱ་ནག་དམངས་གཙོ་དོན་གཉེར་བ་སོགས་དང་མཉམ་འབྲེལ་གྱིས་ལས་འགུལ་ཅི་ལྟར་སྤེལ་ཀྱང་རྒྱ་ནག་གི་སྲིད་ཇུས་དང་དེའི་ལངས་ཕྱོགས་ལྕགས་རི་སྔར་ལྟར་བརྟན་ངེས་རེད།
ང་ཚོས་ངོ་རྒོལ་ཉུང་ཙམ་དང་ལས་འགུལ་ཆེན་པོ་སྤེལ་མ་ཐུབ་པས་བོད་དོན་གྱི་དབུ་འཕང་དགུང་དུ་བསྟོད་མ་ཐུབ་པ་དེ་འདྲ་མ་རེད། ང་ཚོས་ཉེ་ཆར་བྱུང་བའི་ཁ་ཆེའི་མི་དམངས་ཀྱི་ལས་འགུལ་དེ་འདྲ་ཏན་ཏན་སྤེལ་ཐུབ་ངེས་རེད། ཡིན་ནའང་། རྒྱ་ནག་གི་དཔོན་རིགས་ཚོའི་ྐླད་པ་ནི་ཁ་ཆེའི་རྒྱལ་ཁབ་ཁག་གི་དཔོན་ཆེན་ཚོའི་ྐླད་པ་ལྟར་སྙི་མོ་མ་རེད། མཁྲེགས་པོ་རེད། དེ་ནས་ཁ་ཆེ་མི་དམངས་ཀྱི་རྒྱབ་ཏུ་ཨ་རི་དང་ཡུ་རོབ་གཙོས་པའི་སྟོབས་ཤུགས་རྒྱལ་ཁབ་ཁག་ཡོད་པ་རེད། གལ་ལ་ཐུག་ན་མཚོ་དམག་གནམ་དམག་གཏོང་གི་འདུག་གཱ ང་ཚོས་ངོ་རྒོལ་རྒྱ་ཆེན་ཞིག་བྱེད་པའི་དབང་དུ་བཏང་རུང་སྟོབས་ཆེན་རྒྱབ་ཁབ་ཚོ་ང་ཚོའི་རྒྱབ་ཏུ་འགྲེང་གི་མ་རེད། ཁོང་ཚོ་རྒྱ་ནག་ལ་ཞེད་ཀྱིན་ཡོད་པ་རེད། ཁོང་ཚོར་རྒྱ་ནག་དགོས་མཁོ་ཡོད་པ་རེད། གནད་འགག་འདི་རེད། ད་ང་ཚོས་རྒྱ་ནག་འདི་སྤྲང་པོ་ཞིག་ཏུ་བཟོ་དགོས་པ་རེད། རྒྱ་ནག་སྤྲང་ནག་ཏུ་གྱུར་ཚར་ན་བོད་ཀྱི་བདེན་མཐའ་སེལ་བ་རེད།
གཡུང་དྲུང་ཚེ་རིང་ལགས། བསམ་འཆར་བཤད་པར་དགའ་བསུ་དང། རྒྱ་ནག་སྤྲང་ནག་ཏུ་བཟོ་སྟངས་ཤིག་གསུང་རོགས་ག།
ང་ཚོས་རྒྱ་དམར་པེ་ཅིང་གཞུང་གྲོགས་མེད་ཁེར་རྐྱང་དུ་ལྷག་རྒྱུར་ནུས་པ་འདོན་ཐུབ། ཟིང་འཁྲུག་གི་ལས་འགུལ་སྤེལ་འོས་ཟེར་གྱིན་མེད། འཛམ་གླིང་ཡོངས་ཀྱིས་ཀྲུང་གོའི་ངོ་གདོང་གསལ་བོ་ཞིག་ཤེས་སུ་འཇུག་པ་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་གཙོས་རྒྱ་མི་རིགས་རང་གིས་ཀྱང་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེར་བསྟན་ཐུབ་ན་་་རྒྱལ་ཡོངས་རང་བཞིན་གྱི་མི་དམངས་ཀྱི་ངོ་རྒོལ་རྣམ་འགྱུར་དེ་ནི་ཕྱིའི་དམག་རོགས་ཤིག་ཅིག་གི་ནུས་པ་ལས་ལྡབ་དུ་མས་འཇིགས་སྣང་དང་ནུས་པ་ཆེ་ཚུལ་ལ་ང་ཚོས་ངོས་འཛིན་ཐུབ་དགོས། དཔེར་ན་སངས་རྒྱས་བསྟན་པ་ཡང་ནང་ནས་མ་འཇོིག་ན་ཕྱི་ནས་འཇིག་པར་མི་ནུས་ཚུལ་གྱི་གནས་ལུགས་དང་གཅིག་པ་ཡིན།
སྐུ་ཞབས་ལྷ་མོ་སྐྱབས་ལགས།
ངས་ཀྱང་རྒྱ་ནག་སྤྲང་ནག་ཏུ་བཟོ་སྟངས་མ་ཤེས་པར་བསྡད་ཡོད། རྩ་ནས་མ་ཤེས་པའང་དེ་འདྲའང་མིན། ལོ་བཅུ་ཕྲག་འགའི་གོང་དུ་ཏིན་ཞོ་ཕིན་གྱིས་བཅོས་བསྒྱུར་སྒོ་འབྱེད་མ་བྱས་པའི་སྔོན་ཏུ་རྒྱ་ནག་སྤྲང་པོ་རེད། གློ་བུར་དུ་ཕྱུག་པོ་གྱུར་བ་རེད། དེ་ནི་རྒྱ་ནག་གིས་དངོས་ཟོག་འབོར་ཆེན་ཕྱིའི་རྒྱབ་ཁབ་ཁག་ལ་དྲངས་པ་བརྟེན་ནས་བྱུང་བ་རེད། ད་དུང་ཡང་འདྲེན་གི་ཡོད། ད་ང་ཚོས་ཚོང་ཟོག་གི་འབྲེལ་བའམ་རྒྱ་ནག་གི་ཅ་ལག་མི་ཉོ་རྒྱུ་བྱེད་དགོས་པ་རེད། ཤར་ལྷོ་ནུབ་བྱང་གི་རྒྱལ་ཁབ་ཚང་མར་འབོད་སྐུལ་བྱེད་དགོས་པ་རེད། འདི་ཡང་ཁག་པོ་རེད། ངས་ཁྱོད་ལ་ཁག་པོ་ཡིན་པའི་རྒྱུ་མཚན་གཅིག་བཤད། ལོ་གསུམ་གྱི་སྔོན་ཏུ་ངས་རྒྱ་ནག་གི་ཅ་ལག་གཅིག་ཀྱང་མི་ཉོ་བའི་དམ་བཅའ་བྱས། ཐ་ན་འཛེར་མ་གཅིག་ཀྱང་མི་ཉོ་རྒྱུ་བྱས། ཟླ་གཅིག་གི་གོང་དུ་ངས་དམ་བཅའ་ཤོར་སོང་། ང་ལ་སྒོར་མས་འབུར་འཇོམས་བྱས་སོང་། ང་ལྟ་བུ་ཞིག་ལ་འདི་ལྟར་འབུར་འཇོམས་བྱས་ཡོང་ན་དཔལ་འབྱོར་ཉམས་རྒུད་དུ་འགྱུར་བཞིན་པའི་རྒྱབ་ཁབ་ཅིག་ལ་བཤད་ཅི་དགོས། འདི་གཅིག་ཡིན།
ང་ཚོས་ཕྱི་ལོགས་ནས་ངོ་རྒོལ་ཞེ་དྲག་བྱེད་རྒྱུ་མི་འདུག དེའི་ཤུགས་རྐྱེན་བོད་དུ་སླེབས་ནས་གཞིས་ལུས་མི་མང་ཡར་ལངས་སྲིད་པ་རེད། རྒྱ་གཞུང་གིས་བོད་མི་མང་པོ་འཆི་ལམ་དུ་བརྫང་ངེས་རེད། དེང་སྐབས་བོད་མི་གཅིག་ཤི་ནའང་མི་རིགས་གྲངས་འབོར་གྱི་ཐད་ནས་བཤད་ན་ཤིན་ཏུ་ཚབས་ཆེན་རེད། ངས་ཁྱོད་ལ་རྒྱུ་མཚན་གཅིག་བཤད། རྒྱ་ནག་གིས་དྲངས་འོངས་པའི་འཆར་ལྡན་བུ་སྐྱེས་ཟེར་བའི་སྲིད་ཇུས་དེས་བོད་མིར་འགྱུར་ངེས་པའི་རྣམ་ཤེས་མང་པོ་ཞིག་རྨེག་མེད་དུ་བཏང་བ་རེད། ཨམ་ཕྲག་ཏུ་སྒོར་མོ་ཉུང་བའི་བོད་ཀྱི་རོང་འབྲོག་མི་དམངས་ཚོས་ཀྱང་བྱིས་པ་བཟོ་བར་སྟངས་འཛིན་བྱས་པ་རེད། སྟངས་འཛིན་དེ་ཡང་སྒོར་མོས་བཅུམས་པ་རེད། དེང་སང་རྒྱ་ནག་གི་རྒྱ་ཁ་ཆེ་བ་ཚོས་ཁ་ཆེའམ་ཧེ་ཧེ་གྲངས་ཉུང་མི་རིགས་འདི་གྲངས་མང་བཟོ་ཐུབ་ཀྱིས་ཐེབས་རྩ་ཚོགས་པ་མང་པོ་བཙུགས་ཏེ་འཆར་ལྡན་བུ་སྐྱེས་ཀྱི་དངུལ་སྤྲོད་མི་ཐུབ་པའི་ཁྱིམ་ཚང་མང་པོའི་དཀའ་ངལ་སེལ་ཐབས་དང་། བྱིས་པ་མང་དུ་བཟོ་བར་རེ་སྐུལ་དང་ཁྱིམ་ཚང་དཀའ་ངལ་ཅན་ལ་རོགས་འདེགས་བྱེད་ཀྱིན་འདུག་ཟེར། ང་ཚོ་ནི་དེ་འདྲ་མ་རེད། བོད་མི་གཅིག་ཤི་ནའང་ཕམ་པའི་གནས་རེད་ཅེས་བཤད་ཀྱི་ཡོད།
གསེར་འབྲུག་སྡེར་ལྔ་ལགས་ ཁྱོད་རང་གི་རྒྱ་ནག་དམངས་གཙོ་དོན་གཉེར་བའི་དོན་དེ་ཤེས་སམ་
མ་ཤེས་ན་དེ་ནི་མི་རིགས་ཆེན་པོའིརིང་ལུགས་ཀྱི་ལྟ་བ་ག་ལ་འདོད་ མི་རིགས་ཆེན་པོའི་རིང་ལུག་ལྟ་བ་ནི་
ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བམ་དམར་ཤོག་གཞུང་འཛིན་གྱི་ལྟ་བ་རྒྱུད་ལྡན་གྱི་གང་ཟག་སྟེ་
དམངས་གཙོ་དོན་གཉེར་བ་ནི་དེ་ལས་ལྡོག་གོ་
བོད་པ་རེ་གཉིས་ཤིག་གིས་རྒྱ་ནག་གི་ཅ་ལག་མི་ཉོ་རྒྱུའི་ལས་འགུལ་སྤེལ་སོང་ལ། དེ་ནི་ལས་འགུལ་ཞིག་ཡིན་ན་ཐང་མོད། དེས་རྒྱ་ནག་སྤྲང་པོ་བཟོ་ཐུབ་པར་སྙམ་པ་ནི་གླེན་རྟགས་རེད། འཛམ་གླིང་ནང་རྒྱ་ནག་གི་དངོས་ཟོག་ནི་ཟུངས་ཁྲག་གི་རྒྱུ་བ་ཇི་བཞིན་གང་སར་ཁྱབ་ཡོད་པ་རེད། བོད་ནང་གཏེར་ཁ་བསྔོག་འདོན་དང་ཤིང་ནགས་གཅོད་འབྲེག །འབྲོག་པའི་རྩ་ས་མང་པོ་ཞིག་རྒྱ་ལག་ཏུ་ཤོར་ཚར་བ་དང་འབྲོག་པ་རྣམས་གྲོང་ཁྱེར་ཁག་ཏུ་གནས་སྤོར་བྱེད་དུ་བཅུག་པ་སོགས་རྒྱ་ནག་གི་ལས་འགུལ་སྤེལ་སྟངས་དེ་འདྲ་རེད། ང་ཚོའི་སྒོར་མོས་ཉོས་བའི་རྒྱ་མིའི་ཇ་དེམ་ཁ་ཤས་ཤིག་བཅགས་ནས་ལས་འགུལ་སྤེལ་བ་ནི། བྲག་ལ་སྒོ་ང་བརྡབས་པའི་ལས་འགུལ་རེད།
ལ་ལས་ཞི་བའི་ཐོག་ནས་རྩོད་དགོས་ཟེར། །
ལ་ལས་དྲག་པོའི་ཐབས་ཀྱིས་རྩོད་དགོས་ཟེར། །
ལ་དང་ལུང་ཁུག་འགྲོ་ལམ་མི་གཅིག་པས། །
ལ་ལའི་རྐང་བ་གང་ལ་འཇོག་མི་ཤེས། །
དེང་སེང་གྲ་ས་ཁག་ཏུ་ཡོད་པའི་སོག་གྲ་དེ་ཚོ་ཕྱི་སོག་པ་རེད། ནང་སོག་དང་ཕྱི་སོག་ཁ་ཁ་རེད། འདས་པའི་བྱུང་རིམ་ནང་ར་ཤི་ཡས་དམིགས་ཡུལ་ངན་བཅངས་ཀྱིས་དཀྲུགས་ཤིང་རྒྱབ་པར་བརྟེན་དེ་གཉིས་ད་ལྟའི་ལྷོ་བྱང་གི་ཀོ་རི་ཡ་ལྟར་དགྲ་དགྲ་ནག་ཏུ་གྱུར་ཡོད། དེ་ཕྱིར་རང་དབང་རང་བཙན་ཡིན་པའི་ཕྱི་སོག་པས་ང་ཚོ་ལྟར་རྒྱའི་བཙན་དབང་འོག་མནར་གཅོད་མྱོང་བཞིན་པའི་ནང་སོག་པའི་ཚབ་བྱེད་མི་ཐུབ།
གཉིས་ནས་རྒྱ་མི་མང་གཙོ་དོན་གཉེར་བ་ཡིན་ན་འདྲ། ཧྥ་ལུང་གུང་ཚོགས་མི་ཡིན་ན་འདྲ་ཁོ་ཚོར་མི་རིགས་ཆེན་པོའི་ལྟ་བ་འཛིན་མཁན་ཕལ་མོ་ཆེ་རེད། ཡིན་ནའང་ཁོ་ཚོ་དང་ང་ཚོའི་བར་ལ་ཐུན་མོང་གི་མངོན་འདོད་ཞིག་ཡོད་པ་འདི་ང་ཚོ་ཚང་མའི་ནུས་པ་མཉམ་སྤུང་གི་ཆ་རྐྱེན་དེ་ཡིན་པས་བོད་འཆི་ལམ་ནས་སྐྱོབ་ཆེད་ཆ་རྐྱེན་དེ་བེད་སྤྱད་ནས་བསྟུན་མཁས་མི་བྱེད་ཐབས་མེད་རེད་ལ་བྱེད་མི་ཐུབ་པའང་མི་འདུག་སྙམ།
གསུམ་ནས་ཁ་ཆེ་བ་སྐོར་ཅིག་ཟེར་བཞིན་འདུག ཁ་ཆེ་བ་ནང་བཞིན་གྱི་སེམས་ཤུགས་དང་ལ་རྒྱ་གཅིག་སྒྲིལ་སོགས་ང་ཚོ་ལ་དཀའ་ཚོད་རེད། ཁ་ཆེ་བ་ཞིག་འཚོ་བའི་ཁ་སྟབས་ཅི་ཙམ་སྐྱོ་བའི་དབང་དུ་བཏང་ཡང་བུ་ཕྲུག་སྐྱེ་འཕེལ་ལ་ཚོད་འཛིན་ཡེ་མི་བྱེད། ཆོས་ལུགས་ཀྱི་ལྟ་བའི་དབང་གིས་སམ་འཛམ་གླིང་ཧྲིལ་བོར་ཁ་ཆེ་ཆོས་ལུགས་པས་དབང་སྒྱུར་རྒྱུའི་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་བཞིན་ཡོད། ང་ཚོས་ཀྱང་ཁོ་ཚོའི་ས་ནས་ལེགས་ཆ་ལེན་དགོས་པ་དང་མིད་དཔེ་ལྟ་འོས་པ་མང་པོ་འདུག
ཆབ་བྲག་ལྷ་མོ་ལགས།
ཡུལ་ལྷ་གཞི་བདག་ཟེར་བ་དེ་་་་་་་་་་་སྡ་སའི་རི་གྲོང་གི་བླ་ཆེན་མི་ཆེན་སྐུ་དྲག་རིང་ལུགས་དེ་ཚོས་མི་མངོན་པའི་འཆིང་ཐག་བར་ནས་མི་ལོ་ལྔ་བཅུ་ནང་དུ་ཕོར་ཁ་ནང་དུ་རྩོད་ནས་གསབ་མི་ཐུབ་པའི་འཐུས་ཤོར་བཏང་བ་དེ་ཚོ་ལ་གོ་དགོས།
བླ་ཆེན་མི་ཆེན་ཚོས་རང་གི་ཕོར་ཁ་སྲུང་སྐྱོབས་ཀྱི་ཆེད་དུ་ལུང་ཚན་དང་ཆོས་ལུགས་རྒྱབ་ལ་ཁྱེར་ནས་བོད་པའི་སྤྱི་ཚོགས་ནང་དུ་བག་ཆགས་ངན་པ་བཞག་ཏུ་བཅུགས་འདུག་གནས་ཚུལ་དེ་ལོ་རྒྱུས་ཐོག་ལ་བསུབ་མི་ཐུབ་པའི་ནག་ཐིག་ཞིག་རེད་བསམ་གྱི་ཡོད།
ད་དུང་ཡང་མི་མངོན་པའི་འཆིང་ཐག་དང་ངོ་ལྐོག་རྒྱབ་མདུན་གྱི་ལས་ཀ་དེ་ཚོ་མངོན་པ་གསལ་མི་གསལ་གཉིས་ཀ་ནས་མཇུག་སྒྲིལ་ཐུབ་མེད།
རྡ་སའི་རི་གྲོང་དུ་མི་མངོན་པའི་འཆིང་ཐག་བར་ནས་ད་དུང་ཡང་བཀའ་ཁྲི་དང་སྤྱི་འཐུས་ལ་དབང་ཚད་བརྒྱ་ཆ་བཞི་བཅུ་ཙམ་ལས་བསླེབས་ཐུབ་མེད་གནས་ཚུལ་འདི་འགྲིག་གི་མི་འདུག་ཞུ་གི་ཡོད།
ཆབ་བྲག་ཚང་གི་དགོངས་ཚུལ་ཧ་ཅང་ཡག་པོ་འདུག
འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་ལག་ལེན་བསྟར་མཁན་དཀའ་བས་ཞེད་སྣང་ཞིག་འདུག
དཔེར་ན།
དེ་སྔ་རྒྱ་གར་རྡོ་རྗེ་གདན་དུ་བོད་མི་ཚོས་༸གོང་ས་མཆོག་དང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོའི་སྐུ་མདུན་དུ་མནའ་གན་ཐུ་བོ་ཆེ་བཞག་ཡོད་ཀྱང་། མནའ་ཚིག་དོན་ཐོག་འཁྱོལ་ཐུབ་པ་ཞིག་བྱུང་མེད་པས་སྐྱེ་བོ་ཉམ་ངའི་གཡང་དུ་ལྷུང་བའི་རྒྱུ་ལས་མ་འདས།
ཉིས་སྟོང་བརྒྱད་ལོའི་བོད་ནང་གི་གྱེན་ལངས་ཆེན་པོའི་རྗེས་སུ་ཡང་མི་དམངས་མང་པོ་ཞིག་གིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ཞིག་བསླངས་ནས་ལོ་ལྟར་དེའི་མདུན་དུ་ང་ཚོས་དྲན་གསོལ་བྱས་ནས་བུ་རབས་ཚ་བརྒྱུད་ནས་ནམ་ཡང་ང་ཚོའི་བདེན་དོན་མ་བརྗེད་སྙིང་བཅངས་ཞུ་རྒྱུའི་བསམ་འཆར་བརྒྱ་ཕྲག་ཞུས་མཐར། སྔོན་གཤེགས་དཔའ་བོའི་ཆེད་དུ་རྡོ་རིང་ནག་པོ་ཆུང་ཆུང་ཞིག་རྡ་ས་གཙུག་ལག་ཁང་གི་སྲང་ལམ་ཁུག་ཀྱོག་ཞིག་ཏུ་ཁྲལ་སེལ་དུ་བསླངས་ནས་སྒོ་འབྱེད་མཛད་སྒོ་ཞིག་བྱས། དེ་རྗེས་ཡ་མེད་ཐལ་བ་འཚུབ་བེར་འདུག དེ་དག་ལོ་རྒྱུས་ཀྱི་མཐོང་སྟངས་ཤིག་ལས་དགོས་པ་ཆེ་བར་མ་མཐོང་།
དགོངས་ཚུལ་ནི་དགོངས་ཚུལ་ཙམ་རེད།
དེ་བས་ལག་ལེན་བསྟར་རྒྱུ་གལ་ཆེ།
ད་ལྟའི་འཆར་བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་ཆེན་པོ་ཞིག་སྤེལ་ན། བཙན་བྱོལ་ནང་གི་མི་མང་ཕལ་མོ་ཆེས་སྒེར་གྱི་ལས་དོན་ཆེ་བཞག་ཆུང་བསྐྱུར་བྱས་ནས་མཉམ་བཞུགས་གནང་ངེས། དེས་གནས་སྐབས་བོད་ནང་ཛ་དྲག་དཀའ་ངལ་སེལ་ཐུབ་ངེས། དེ་ནས་རིམ་བཞིན་ལས་འགུལ་གཞན་རྣམས་སྤེལ་ཆོག
དེ་མིན་རྡ་སའི་ང་ཚོའི་བཙན་བྱོལ་བོད་གཞུང་འདིའང་རྒྱ་ནག་གུང་ཁྲན་གྱི་བཀའ་འོག་ཏུ་གནས་ཡོད་པའི་ཚོར་སྣང་ཡོང་གི་འདུག
ད་ཁ་བརྡ་དྲ་རྒྱའི་ནང་གཅིག་ལས་གཅིག་རྫིག་གཏམ་དང་། ལ་ལས་སྙན་ངག་ཤེས་ངོམས། ཁ་ཤས་ཀྱིས་ལོ་རྒྱུས་མཁས་རློམས་སོགས་འཇོན་རབས་མང་པོ་བཤད་ཀྱང་རྫོགས་རྒྱུ་དང་ཕན་རྒྱུ་མེད།
དེ་བས་ལྷ་མོ་སྐྱབས་ཁྱེད་ཀྱི་དགོངས་འཆར་དེ་དག་སྐབས་སུ་བབ་པ་ཞིག་འདུག་པས་འཕྲལ་མར་བོད་གཞུང་ལ་ཚིག་ཟིན་ཞིག་བཟོས་ནས་ཕུལ་དང་། དེའི་རྗེས་སུ་ང་ཚོས་མཆོངས་ཆོག
དེ་མིན་བརྒྱ་བཤད་སྟོང་ལ་བབ་ཀྱང་། ཡོས་ལ་བབ་རྒྱུ་རྩམ་པ་ལས་མེད།
ཁྲི་རལ་པ་ཞེས་པ་འདིས་བཙན་པ་སྙིང་སྟོབས་འབྲོང་ལ་འགྲན་མཁན་ཁོང་གི་མཚན་ཁྱེར་ནས་བླ་འདར་སྙིང་འཁུམ་གྱི་སྐད་ཆ་བཤད་པ་ནི་ཞབས་འདྲན་རེད། ང་ཚོས་ཚིག་ཅིག་མ་བཤད་ན་ཡང་རྒྱ་གཞུང་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་གཟོ་རྒྱུ་ཡིན་པ་ནི་ལོང་བས་བསྟས་ཀྱང་མཐོང་ཐུབ་པ་ཞྀག་ཡིན་པས། དེ་ལས་མི་རིགས་དང་རིག་གཞུང་རང་དབང་བཅས་ཀྱི་ཆེད་དུ་ཤི་བ་ནི་གཟི་རྗིད་ཞིག་ལས་ཚེ་སྲོ་འཕྲོ་རླགས་ལ་སོང་བ་ཞྀག་ག་ལ་ཡིན། མ་གཞི་ནས་ཁྲག་དང་དངུལ་ཆུའི་འགྲོ་སོང་གཏོང་མི་དགོས་པར་རང་དབང་ཐོབ་མཁན་ཞིག་འཛམ་གླིང་འདིའི་གང་ལ་སུ་ཡང་བྱུང་མྱོང་མེད་པས་བོད་མི་རིགས་ཀྱང་དེ་ལས་མ་འདས་པ་རེད། དེང་སང་ཨ རབ་རྒྱལ་ཁབ་ཁག་ནང་ལ་ཡང་མི་བརྒྱ་ཕྲག་མང་པོས་རང་དབང་གི་ཆེད་ད་ཚེ་སྲོག་གཏོང་བཞིན་པ་ང་ཚོས་མཐོང་གསལ་རེད། དུས་ཚོད་ཀྱི་དབང་གིས་དེར་མཚམ་འཇོག་བྱེད་དགོས་བྱུང་སོང་ལ། དག་ཆར་ཡང་ཡག་པོ་ཞིག་བལྟ་རྒྱུབྱུང་མ་སོང་བས་དག་ནོར་ཡོད་ན་དགོང་སེལ་ཞཱུས་པ་ཡིན།
གཞན་ལས་ཁ་བརྡ་དྲ་ཚིགས་ལ་ལྟ་མཁན་མང་ནས་མང་དུ་འགྲོ་བ་དང་ཆབས་ཅིག །རྩོམ་སྤེལ་མཁན་དང་མཆན་བུ་འདེབས་མཁན་ཚོས་ཡིད་གཟབ་བྱེད་དགོས་པ་ཞིག་ལ་ཆབ་སྲིད། རིག་གནས། སྒྲུང་གཏམ། ཆོས་ལུགས། མི་སྣ་ངོ་སྤྲོད། སྙན་ངག །མཚར་གཏམ། ཉིན་ཐོ་སོགས་ག་ཚོད་ཡོད་ན་བཟང་གི །དོན་ཆེན་པོར་འགྱུར་བ་དང་ཆིག་སྒྲིལ་ལ་ཕན་པའི་ཕྱོགས་སུ་འབད་རོགས། ཚང་མས་བལྟས་ནས་བསྡ་ཡོད་པ་རེད། ཡིན་ན་ཡང་དོན་འཁྱོལ་ཐུབ་པ་ཞིག་ཡོང་དགོས་ཟེར་ན་ཁག་པོ་རེད།
དྲ་གྲོགས་ལུང་མི་རྟོགས་ལ།ཁྱོའི་ཡིག་ནོར་གྱིས་ཁེངས་པའི་དོན་སྟོང་གི་སྐད་ཆ་དེར་དེ་ཙམ་ལན་སློག་སྙིང་མི་སྤྲོ་མོད།ཡང་བསམ་བློ་རེ་བཏང་ན་ཁྱོད་ཅན་པོའི་རིགས་ཁ་སྟོང་ནང་གི་ཚིག་སྟོང་བཤད་དེ་རང་ལ་ཉེན་ཁ་མེད་ས་ནས།གཞན་སྲོག་རྩེད་ཆས་བྱེད་མཁན་ལབ་རྒན་ཚོ་རྒྱ་ཡན་བཏང་ན་བོད་ནང་གི་མི་ཚོ་སྙིང་རྗེ།
འདིར་ལབ་རྒན་ལུང་མི་རྟོགས་ཁྱོད་དང་ཧོར་རྒན་ཆབ་བྲག་སོགས་ཅོལ་ཆུང་རེ་ཟུང་གིས་གཟི་བརྗིད་ངང་ཤི་དགོས་རབས་མཆོངས་དགོས་རབས་ཞེ་གཅིག་བཤད་ཀི་འདུག་མོད།གཏམ་མང་པོ་བཤད་ན་མདོ་མེད།།ཆུ་རྙོག་པོར་བརྒལ་ན་རབ་མེད་ཟེར་བ་བཞིན།།མང་པོ་བཤད་དགོས་མེད་པར་ཨ་ལེ་དང་པོར་གཞན་མདུང་རྩེ་ལ་བསྐྱོན་རྒྱུ་བཞག་ནས་ཁྱོད་རང་ཚོས་སྲོག་བློས་གཏོང་བྱོས་དང་དེ་ནས་ཁྱོའི་ཡིག་ནོར་གྱི་ཁེངས་པའི་སྐད་ཆ་ལའང་གདེང་འཇོག་ཡོད།
གཉིས་བོད་ནང་གི་མི་ཚོར་ཞི་ལྷིང་ཙམ་ཡོང་བ་དང་སྲོག་བླུ་རྒྱུ་མིག་ཡོད་གཡང་མཆོངས་མི་ཡོང་ཆེད་དུ་ང་ཚོས་ཁོང་ཅག་གི་གཤོག་ཞབས་ལ་རླུང་བརྒྱག་མི་ཉན་ཟེར་བ་དེ་སྡར་མ་སྙིང་འཁུམས་ཡིན་ན་༧རྒྱལ་བ་རིན་པོ་ཆེས་ཀྱང་དེ་འདྲ་ཐེངས་མང་གསུངས་འདུག་ག
ཐག་རིང་མི་དགོས་བར་ལམ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེག་སྐབས་ཀི་བཀའ་སློབ་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་ཁ་གཡར་ས་ལས་འགུལ་ཕྲ་མོ་ཙམ་ཡང་མ་སྤེལ་ཞེས་གསུངས་འདུག་ག
དེ་བས་ཁྱོད་ལྟར་ན་༧རྒྱལ་དབང་ཚང་ཡང་སྡར་མ་སྙིང་འཁུམས་ཀི་གྲས་རེད་ལ།ལར་ང་ལ་ཁྱོས་སྙིང་རྗེ་ཁྲི་རལ་གྱི་མིང་ན་ཅིག་བེད་སྤྱོད་བཏང་རབས་བཤད་འདུག་མོད།དེ་ང་ལ་ལོ་རྒྱུས་ཀི་ཐོབ་ཐང་ཡོད་པ་ཅིག་ཡིན།རང་ཉིད་གང་ལྟར་ལོ་རྒྱུས་ཐོག་ཡོངས་གྲགས་ཡིན་པ་ཁྲི་རལ་མི་རྒྱུད་དང་ལྟོས་འབྲེལ་གྱི་ཕྱོགས་ཁག་ཅིག་ནས་སྐྱེས་པས་ཡིན།
ཡང་ཕྱོགས་གཞན་ནས་ཁྲི་རལ་གྱི་མཚན་ལ་ནག་ཐིག་གང་ཡང་ཕབ་མེད།ཁྱོད་ཚོ་ལྟ་བུ་རང་ཉིད་སྐྱིད་ས་བདེ་ས་ནས་བསྡད་དེ་སྤུན་ཟླ་ལག་སྣེར་བསྐོན་མཁན་ཚོ་དང་བསྡུར་ན་ངའི་བཤད་པའི་སྐད་ཆར་ལྟོས་དང་།
བོད་མི་རིགས་ལ་བཅིངས་བའི་ལྷད་མེད་ལྷག་བསམ་གྱི་རང་མདངས་གསལ་བོར་མངོན་ཐུབ་བོ།།
ལུང་རྟོགས་ལགས་ཀྱི་མཐོང་ཚུལ་འདི་བོད་ཀྱི་གནས་བབ་ངོ་མ་རེད་འདོད། གལ་ཏེ་ང་ཚོ་ཁུ་སིམ་མེར་བསྡད་ནས་ཚེ་རིང་རྒྱུ་ཞིག་དང་དོན་འགྲུབ་རྒྱུ་ཞིག་ཡོད་ན་ད་དེ་ལས་ཡག་ཅིག་གང་ལ་ཡོད་མོད། དེ་ལས་ལྡོག་པའི་ན་ཞི་བའི་ངོ་རྒོལ་ད་མི་བྱེད་རང་བྱེད་ཅིག་རེད་འདོད།
གུ་རུའི་སྲས་ལགས། མིས་མི་ཟ་བ་མནའ་ཡི་རང་གཤིས་ལས་ལྡོག་པའི་མནའ་གཟན་བོད་མི་སྲིད་དོན་པ་དང་སྒེར་ཕན་གཉེར་མཁན་ཡང་ཡོད་པ་བདེན་ན་ཡང། གཙོ་བོ་རྒྱ་ཆེ་སའི་མི་དམངས་ལ་བལྟ་དགོས། ལྷག་པར་དུ་གཞིས་ལུས་མི་དམངས་བསམ་དགོས། ཡང་གཅིག་བཤད་ན་ད་ལྟའི་རྡ་སའི་གནས་བབ་དེ་ཡང་དེ་སྔོན་གྱི་ནམ་ཟླ་དང་གཅིག་པ་མིན་ཚུལ་ཡང་ཤེས་དགོས། ད་དུང་ཁྱེད་རང་རྗེས་རབས་པ་གཞོན་སྐྱེས་མང་ཆེའི་བསམ་པ་གཙང་ཞིང་རེ་སྤོབས་ཆེ་བའི་ངང་ཚུལ་འདི་ལ་ཡང་བསམ་དགོས། གངས་ཅན་གཞོན་སྐྱེས་རྣམ་པའམ་དུས་རབས་ཉེར་གཅིག་པའི་བོད་མི་ཚོས་སྔར་ལྷག་གི་མཐུན་སྒྲིལ་དང་མཉམ་ལས་ལ་འབད་དགོས། དེ་བས་མནའ་གན་འདི་ནི་མི་རིགས་ཀྱི་རིག་གནས་སེམས་ཁམས་དང་མཐུན་པའི་ལས་དོན་མཉམ་ཞུགས་ལ་སྐུལ་འདེད་ཀྱི་ནུས་པ་ཆེ་བར་ང་རང་ཡོད་ཆེས་བརྟན་པོ་ཡོད།
ད་ཁྲི་རལ་ལགས་ཐུགས་ཁྲོས་འདུག ཧོར་རྒན་ཟེར་སྟངས་ལ་བལྟས་ན་མི་རིགས་རིང་ལུགས་དང་མི་རིགས་ཕྱོགས་ཞེན་གྱི་ཚོར་སྣང་ཡང་ཆེ་ས་རེད། ང་རྒྱུགས་དང་མཆོང་ཟེར་མཁན་མིན་ལ་ཐུབ་ཀྱང་མི་ཐཱུབ་དེ་བས་ངས་ཁྱོད་ལ་ཪྩོད་ཀྱང་མི་ཕོད། ད་ང་གཉིས་བར་ནས་ཁྱོད་ཐོབ་སོང་ནི་བྱོས། ད་ཆོག་ག བཙན་པོ་ཁྲི་རལ་གྱིས་ཀྱང་དམག་བརྒྱབ་རྗེས་ཞི་ཆིངས་བཞག་ཡོད་ད་མོས།
གུ་རུའི་སྲས་ལགས། བདག་གིས་བསམ་ཚུལ་འདི་ཁ་བརྡ་དང་དུས་བབ། སྤྱི་འཐུས་གསུམ་ལ་དུས་གཅིག་ལ་བསྐུར་ཡོད། ཁ སང་དེ་རིང་བཀའ་སྤྱི་གཉིས་ཀྱིས་ཚོགས་འདུ་ཞིག་འཚོགས་བཞིན་འདུག་ཟེར་གནད་དོན་འདི་གླེང་སློང་བྱེད་མཁན་ཡོད་མེད་མི་ཤེས། སྤྱིར་ཡིན་ན་འདི་ལྟར་དྲ་ཚིགས་དང་གསར་ཤོག་རིགས་ལ་བཀོད་ན་ཡང་གོང་རིམ་ནས་ཐུགས་སྣང་གནང་འོས་པར་མཐོང། སྐུ་སྒེར་ཡིག་ཚང་དང་བཀའ་ཁྲི་ལ་ཡང་སྐུར་ན་ཆོག་གི དྲན་སྐུལ་གནང་བ་བཀའ་དྲིན་ཆེ།
ཆབ་བྲག་གིས་གསུང་པ་ལ་རྒྱབ་སྐྱོར་ཡོད་མནའ་གན་གང་འཇོགས་དགོས་ཀྱང་འཇོགས་དགོས་བ་ཞིག་རེད།
རྡ་ས་ནས་མི་ལོ་ལྔ་བཅུའི་ནང་དུ་མི་ཚང་ཁ་ཤས་ཀྱི་ངོ་སྲུང་དང་གནོན་ཤུགས་འོག་ལ་རྫོགས་ནས་ཁོང་ཚོས་མི་མངོན་པའི་འཆིང་ཐག་བར་ནས་བོད་པའི་སྤྱི་ཚོགས་འདི་ད་དུང་ཡང་དམང་གཙོ་ཡང་དག་གཅིག་ཆགས་ཐུབ་མ་སོང་་་་་་་་མཐུན་འབྲེལ་མེད་བ་བཟོ་མཁན་དེ་མི་ཚང་ཁ་ཤས་ཡིན་མི་ཚང་ཁ་ཤས་ཀྱི་ནུས་པ་མཇུག་སྒྲིལ་སོང་མི་ཚང་ཁ་ཤས་ཀྱི་འཆིང་ཐག་ད་དུང་ལྷག་ཡོད་་་་་་འདི་ཚོས་ངོ་སྲུང་དང་གནོན་ཤུགས་མཇུག་མ་སྒྲིལ་བར་དུ་བོད་པའི་སྤྱི་ཚོགས་འདི་མཐུན་འབྲེལ་ཆགས་ཐུབ་ཀྱི་མི་འདུག་་་་་་་མི་ཚང་དེ་ཚོ་ཞེས་པ་ཡས་གཞིས་དང་་་་་་འཇུ་ཆེན་་་་བཀྲས་མཐོང་གསུམ་ཡིན་་་་་་འཇུ་ཆེན་གྱི་ནུས་པ་དེ་ཉམས་ཚར་བ་འདྲ་ཡང་བཀྲས་མཐོང་དང་་་་ཡབ་གཞིས་ཀྱི་དབང་ཤུགས་དེ་་་་ད་དུང་ཡང་མངོན་པ་གསལ་དང་མི་གསལ་གཉིས་ཀ་ནས་གྲ་མ་ཉམས་པར་ལྷག་ཡོད་་་་་འདི་ཚོས་ཕྱོགས་རིས་ཀྱི་ན་ཚ་ངན་པ་དེ་མཇུག་མ་སྒྲིལ་ན་མནའ་གན་བཞགས་ཀྱང་ན་ཚ་དེ་དྲག་ཐུབ་ཀྱི་མ་རེད་་་་་་་་་ཆོས་ལ་ཟེར་བ་དང་ཆོས་ལུགས་ཟེར་བའི་ན་ཚ་ངན་པ་འདིའི་འབྱང་ཁུང་འདི་ན་ཐུག་ཡོད་་་་་་་་་་ཆབ་བྲག་གི་མནའ་གན་བཞགས་དགོས་ཟེར་བའི་ནང་དུ་ཁོང་ཚོའི་མི་སྣ་ཨང་དང་པོའི་ནང་དུ་མ་ཚུད་ན་གཞན་པ་ཚོས་མནའ་ལ་ནུས་པ་ཐོན་གྱི་མ་རེད།
འདི་ཚོ་གསུམ་གྱི་རྒྱབ་ལོགས་སུ་ཆོལ་ཁ་དང་ཆོས་ལུགས་ཁྱེར་ནས་མི་ལོ་ལྔ་བཅུའི་ལོ་ནག་དེ་བཟོས་སོང།
ལྷ་སྐྱིད་ལགས། འདིར་བསམ་ཚུལ་དྲང་བརྗོད་དང་དམར་འདོན་བྱེད་ཀྱིན་པས་རྣམ་པ་ཚོས་གབ་ཚིག་དང་སྦོམ་བཤད་མིན་པར་ཞིབ་ཅིང་ལྷུར་པར་སྨྲ་བའི་རེ་བ་ཞུ།
མང་ཆེ་ཤོས་ཀྱིས་བདག་གི་བསམ་ཚུལ་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད་པ་མཐོང་སོང། ཁ་ཅིག་གིས་ཕན་ནུས་མེད་ཚུལ་དང་ལག་བསྟར་མི་ནུས་ཚུལ་བཤད་སོང། ཡང་ལ་ལ་ཞིག་གིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མི་འོས་པའི་བསམ་ཚུལ་ཞིག་དང་བཅས་གཙོ་བོ་འདི་གསུམ་ལ་ཕྱོགས་སྡོམ་བྱས་ན་འགྲིགས་ས་རེད་སྙམ་བྱུང།
ད་དུང་བསམ་ཚུལ་མི་མཐུན་པ་དང་གསལ་བཤད་བྱེད་རེས་ཅི་ཡོད་ན་ཡང་ཚིག་རྩུབ་དང་མཐོང་ཆུང་མེད་པའི་སྒོ་ནས་རྒྱུ་མཚན་གཅིག་གཉིས་རེ་ཡོད་ན་ཅིས་ཀྱང་སྨྲ་བར་རིགས་སོ། ཞེས་ཞུ་འདོད་བྱུང།
མཆོད་མེ་རྐང་གཅིག མཆོད་མེའི་ལས་འགུལ་སྤེལ་སྐབས་འདི་མིང་འདི་ཧ་ཅང་འཚམ་གི མནའ་གན་ནང་ལ་མཐོ་དམའ་བར་གསུམ་ཚང་མ་ཞུགས་དགོས་པར་འདོད།
མིང་འདོན་བྱས་པའི་ཁྱིམ་རྒྱུད་ཆེན་པོ་དེ་དག་ལ་ཉེས་པ་ཆེན་པོ་དེ་འདྲ་ཞིག་ཡོད་བདག་ནི་ངོས་འཛིན་མི་ཐུབ། སྐྱོན་ཡོན་གཉིས་ནས་བལྟས་ནས་ཡང་ལྕི་འཇོག་དགོས། གཙོ་བོ་རྒན་རབས་པ་ཁ་ཤས་ཤིག་ལ་ནོར་འཁྲུལ་བྱུང་ཡོད་ངེས་ཀྱང། དེ་དག་གི་མི་རབས་གསར་བ་དག་ལ་སླར་ཡང་ནོར་འཁྲུལ་མི་འབྱུང་བར་ང་ཚོས་འགན་ཞིག་འཁུར་ཐབས་བྱེད་དགོས།
རྣམ་པ་ཚོས་དུསབ་བབ་ནང་གི་བགྲོ་གླེང་མཆན་བུ་ལ་ཡང་གཟིགས་རོགས་ཞུ། བསམ་ཚུལ་ལྷུག་བརྗོད་དང་བརྗེ་རེས་བརྒྱུད་རྗེས་ང་ཚོས་དྲ་ཐོག་ནས་གྲོས་ཆོད་ཅིག་འཇོག་ན་འདོད། གྲོས་ཆོད་དེ་ཡར་ལ་འབུལ་རྩིས་ཡོད།
ཆབ་བྲག་ལགས་ཁྱེད་རང་གི་རྣམ་དཔྱོད་ལྡན་པའི་གཟུར་གནས་བློ་ལྡན་རང་ཚུགས་ཐུབ་མཁན་ཞིག་ཡིན་བསམ་ཡོད་ཀྱང་དེ་རིང་སྐད་ཆ་བཤད་སྟངས་འདིས་ཁྱོད་ཀྱང་མི་ཆེན་སྐུ་དྲག་ཁྱིམ་རྒྱུད་ཆེན་པོ་དེ་ཚོའི་གཉའ་གནོན་དང་འཆིང་ཐག་ངོ་སྲུང་གི་འོག་ནས་ཐར་མི་འདུག་ཨ།
དེ་མ་ཐར་ན་དྲང་བདེན་ཟེར་བ་དེ་ཐག་རིང་པོ་ཆགས་སོང་བ་རེད།ཁྱིམ་བརྒྱུད་དེ་ཚོས་མངོན་གསལ་དང་མངོན་གསལ་མེད་པའི་གནོན་ཤུགས་འོག་ནས་བཀའ་ཁྲི་དང་བཀའ་བློན་ཚོ་ལ་ནུས་པ་ཆུང་ཆུང་བཟོ་གི་འདུག་བཀའ་ཤག་དང་བཀའ་བློན་སྤྱི་འཐུས་ཚོ་ཡང་ཁྱིམ་ཚང་འདི་ཚོའི་ངོ་སྲུང་འོག་ནས་མ་ཐར་མ་ཐུབ་ན་ཡང་བསྐྱར་ལོ་བརྒྱ་སོང་ཡང་གྲུབ་འབྲས་གང་ཐོན་གྱི་མ་རེད།
ཁྱོད་ཀྱི་ཁྱིམ་བརྒྱུད་འདི་ཚོ་ལ་ནོར་བ་བྱས་ཡོད་མེད་ཁས་བླང་དང་མ་བླང་གནས་ཚུལ་ཁ་ཁ་རེད།དོན་ངོ་མའི་ཆ་ནས་བཙན་བྱོལ་བོད་པ་མཐུན་འབྲེལ་གྱི་གོང་བུ་བཤིགས་མཁན་མི་ཚང་འདི་ཚོ་ཡིན།
མི་ཚང་གཅིག་གི་ནུས་པ་མཇུག་རྫོགས་འདུག་ཀྱང་མི་ཚང་གཉིས་ཀྱིས་མངོན་གསལ་དང་མངོན་གསལ་མ་ཡིན་པའི་ཐོག་ནས་བཀའ་ཁྲི་དང་བཀའ་བློན་སྤྱི་འཐུས་ཚོ་ཡང་ཉམས་ཆུང་ཆུང་ནུས་པ་མེད་པ་བཟོ་གི་ཡོད་པ་མངོན་གསལ་རེད།
མུ་མཐུད་ནས་ཁ་གསལ་པོ་བཤད་རྒྱུ་ཡོད་ཆབ་བྲག་ལགས།
རང་སྣང་གང་ཤར་ཚོར་སྣང་ཙམ་མིན་ལོ་རྒྱུས་དང་དངོས་ཡོད་གནས་ལུགས་མཐུན་པའི་ཁུང་བསྐྱལ་རྒྱུ་ཡོད།
ཆབ་བྲག་ལགས།
མིང་འདོན་དང་དུས་ཚོད་ཁ་གསལ་བྱ་ནས་ཁྱིམ་རྒྱུད་འདི་ཚོས་ནོར་བ་རྣམ་རེ་རེ་ནས་ཧ་མ་གོ་བའི་དྲ་གྲོགས་ཚོ་ལ་མུ་མཐུད་ནས་བཤད་འདོད་ཡོད།
ངས་ཁྱོད་རང་ལ་གསལ་བཤད་ཅི་དགོས་རེད་རྡ་རམ་ས་ལ་བོད་བཞུང་གི་སྐུ་ངོས་ཚོ་་རིམ་པ་བཞིན་དུ་རང་སྲོག་བློས་བཏང་བྱིས་དང་ང་ཚོའི་དགའ་སྲུ་ཞུ་གི་ཡིན་་་་
མཆོད་མེ་རྐང་གཅིག་ལགས། དོན་དངོས་རེ་རེ་དཔེ་མཚོན་དྲངས་ནས་བཤད་རྒྱུ་ཡོད་དམ། ཡབ་གཞིས་ཚང་ན་ཟེར་ན་མི་གཅིག་གཉིས་ཤིག་ལ་ཟེར་རམ་ཁྱིམ་ཚང་གང་བོ་ལ་ཟེར། ངས་བལྟས་ནས་ཁྱེད་ཀྱིས་ཁྱིམ་རྒྱུད་ཅིག་ཧྲིལ་བོར་ཞྭ་སྐོན་སྟངས་འདི་ཏག་ཏག་ཅིག་མ་རེད་འདོད། མུ་མཐུད་གསལ་བཤད་ཡོང་རྒྱུར་རེ་བ་ཡོད། རྒྱུ་མཚན་བདེན་རྫུན་དང་ལེགས་ཉེས་ཀྱི་བླང་དོར་གསལ་བོར་འབྱེད་ཕྱིར།
བཙན་སྨྱོན་ལགས། སྐད་ཆ་བཤད་སྟངས་ལ་བལྟས་ན་ཡང་སྨྱོན་པའི་རྟགས་འདྲ་སེ་འདུག་ག ཧ་ཧ་ཧ་་་ཀུ་རེ་ཡིན་ད། གལ་ཏེ་བོད་གཞུང་གི་སྐུ་ངོ་ཚོས་རིམ་བཞིན་རང་སྲོག་བློས་བཏང་སོང་ན་གཞུང་ཇི་ལྟར་སྐྱོང་ངམ། ཧ་ཧ་་འདི་ཡང་ཀུ་རེ་་་ མཐོ་རིམ་མི་སྣས་མི་དམངས་ལ་མགོ་ཁྲིད་དེ་ལས་འགུལ་སྤེལ་བའི་ཆ་ནས་མི་འདང་བའི་སྐྱོན་ཡོད་པར་བདག་ཀྱང་འདོད། ཁྱེད་ཀྱིས་ཀྱང་གནད་དོན་ངོ་མ་འདི་བཤད་གི་ཡོད་པ་འདྲ།
གང་ལྟར་ཡང་དེང་སང་གི་སྐུ་ངོ་ཚང་མ་དམངས་བསྐོས་མ་ཡིན་ནམ། དེ་བས་བཟང་ན་ངན་ན་གུས་བརྩི་ཅུང་ཡོད་པའི་སྐད་ཆ་རེ་བཤད་ན་བཟང།
ཁྱེད་ཀྱིས་ཀྱང་དཔེ་མཚོན་རེ་དྲངས་ནས་རྒྱུ་མཚན་རེ་བསྣན་ནས་་གསལ་བོ་ཞིག་བཤད་ན་་་ཕན་ཐོགས་ས་ཡོད་སྙམ།
ལྷ་མོ་སྐྱབས་ལགས་ཀྱིས་གནད་ལ་ཕུགས་པའི་རྩོམ་ཞིག་སྤེལ་འདུག་ལ། སྤྱི་འཐུས་གྲོས་ཚོགས་ནང་དུ་གླེང་སློང་ཡོང་ངེས་རེད། མཆན་བུ་འདེབས་པ་རྣམས་ཀྱིས་སྐབས་བབས་ཀྱི་བརྗོད་གཞིའི་འདིའི་སྒང་ལ་བསམ་ཚུལ་གང་མང་སྤེལ་ཐུབ་ན་ཡག་པོ་འདུག །དེ་མིན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་ལྟར་གང་ཟག་སྒེར་ལ་ཚིག་རྩུབ་སྨྲ་བ་དག་ནི་ཡག་རྟགས་ཤིག་མ་རེད། མུ་མཐུད་དུ་བགྲོ་བ་གྱིས་དང་ཀློག་མཁན་མང་པོ་འདུག།
ཡབ་གཞི་ཚང་ནི་བོད་མི་རིགས་ཀྱི་གཟི་བརྗིད་རེད། རྒྱལ་བ་དོན་གྱི་བདག་པོའི་སྐུ་ཚེ་མཛད་པ། སྟག་མཚེར་རིན་པོ་ཆེའི་སྐུ་ཚེ་མཛད་པ། དཔལ་རྒྱལ་ལོ་དོན་མཆོག་གི་སྐུ་ཚེའི་མཛད་པ། མངའ་རི་རིན་པོ་ཆེའི་སྐུ་ཚེའི་མཛད་པ། རྗེ་བཙུན་པདྨའི་སྐུ་ཚེ་མཛད་པ་སོགས་ཁོང་ཚང་གི་ཁྱིམ་རྒྱུད་གང་བོས་བོད་མི་རིགས་ཀྱི་དོན་དུ་རླབས་ཆེན་གྱི་མཛད་པ་ག་ཚོད་ཅིག་བཞག་ཡོད་པ་རེད། མིག་ལ་ཕུར་ཕུར་བཏང་ནས་བལྟས་དང་་་་་་་་་།
ཨ་ཨ
ཆོས་ལུགས་ཚང་མ་དགེ་ལུགས་བྱ་དགོས་ཟེར་ནས་བོད་ཚོ་ཁག་བཅུ་གསུམ་འཐོར་བ་དེ་ཡབ་གཞིས་ཚང་གི་བྱས་རྗེས་རེད་དམ།
ལོ་ལྔ་བཅུའི་ནང་དུ་ནོར་བ་ཆེ་ཤོས་གནས་ཚུལ་དེ་རེད།
འབྲུག་པ་་རྒྱལ་བོའི་ཆུང་མ་ཨ་ཅག་ཆོས་སྐྱིད་ཀྱི་བུ་འབྲུག་པ་རྒྱལ་པོ་རུ་བཞགས་བའི་བྱུས་ངན་བརྩམས་ནས་འབྲུག་ལ་ཡོད་པའི་བོད་པ་ཚོས་དམྱལ་བ་མི་ཡུལ་ནས་མྱང་བའི་བྱུས་ངན་དེ་ཡབ་གཞིས་ཚང་གི་བྱས་རྗེས་རེད་དམ།
ཨ་མདོ་གུང་ཐང་ཚུལ་ཁྲིམས་དྷེ་ར་དྷོན་དུ་བསད་པ་དེ་ཡབ་གཞིས་ཚང་ལ་འབྲེལ་མེད་དམ།
ཁྱོད་རང་ལ་མིག་བརྒྱད་ཡོད་ཀྱང་གནས་ཚུལ་འདི་ཚོ་མ་མཐོང་བ་གང་ཡིན་ནམ།
ཡབ་གཞིས་ཚང་འདི་འདྲའི་སྙན་གྲགས་ཆེན་པོ་ཆགས་པ་དེ་བོད་མི་རིགས་ཀྱི་ངོ་འབག་གྱོན་རྒྱུ་ཡོད་པའི་རྒྱུ་མཚན་ཡིན་པ་ཤེས་ཀྱི་ཡོད་དམ།
ད་རྒྱ་ནག་དམར་པོ་ལ་ཁ་གཏད་མི་བྱ་བར་ནང་ཁུལ་གྱི་ན་ཚ་རྙིང་པ་དེ་ཚོ་ཡར་མི་བསླངས་།
ཁྱེད་རང་གིས་དེ་ཚོ་ཤེས་མེད་ན་ངོ་སྤྲོད་ཙམ་ཡིན།
མཆོད་མེ་རྐང་གཅིག་ལགས། ད་རང་ལ་སེམས་རྨའི་སྒྲུང་ཞིག་ཡོད་ན་སྐབས་གཞན་དུ་འབྲི་རོགས། རབ་ཡིན་ན་ལོ་རྒྱུས་དཔྱད་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ།
ཆབ་བྲག་ཕོ་ཉ་ལགས་། གཞུང་སྐྱོང་ཡ་ཁྱོད་རང་སེམས་ཕྲན་མ་བྱེད་རྒྱ་མི་གུང་ཕྲན་ཡོད་རེད་། ག་ཚད་སྡུག་ན་བོད་བཞུང་ཡི་དྲག་རེད་ངས་ཞུ་མི་དགོས་པར་ཡུ་ཏྲུ་ནང་ལི་ཐང་ཨ་ཐར་གི་གནས་ཚུལ་ཚང་མ་བསལ་བཤད་བྱེད་ཡོད་རེད་དེ་ལ་གཟིག་རོག་ཞུ་་་་་་་ད་ཡིན་ཞེན་པ་གཏིང་ནས་ལོགས་སོང་་་་
ལྷ་སྐྱིད་ལགས། “་་་དེ་ལོ་རྒྱུས་རེད་ཡ་་ད་འཇའ་སོང་ནི་རེད་”་སྨན་བླ་སྐྱབས་ཀྱི་་ཁ་ཤགས་ནང་ན་ཡང་དེ་འདྲ་ཞིག་ཡོད་ལ་་་་ངས་བལྟས་ན་འཇའ་སོང་པ་ཡང་གླེང་ཆོག་པར་མ་ཟད་གླེང་དགོས་ངེས་རིགས་ཀྱང་ཡོད། འོན་ཀྱང་སོ་སོ་ལ་བཤད་པའི་སྐབས་ཤིག་ཡོད། འདིར་སྐབས་དོན་མིན་པས་མ་གླེང་ན་བཟང།
སྐུ་ཞབས་ལྷ་མོ་སྐྱབས་ཀྱི་དགོངས་ཚུལ་ཡག་པོ་འདུག
མཆོད་མེ་རྐང་གཅིག་ནས་བདེན་པ་གསུང་འདུག་། མིག་བརྒྱད་ཡོད་ན་ཡང་དངོས་ཡོད་གནས་ཚུལ་ཐོང་མི་འདུག་་་་་ཡང་ན་ཁོ་རང་རྒྱ་ལོ་ཚང་གི་ཉེ་རྒྱུད་ཞིག་ཡིན་པ་འདྲ་་་་ཡང་ན་ཀུན་དགའ་དོན་འགྲུབ་ཨོ་རྩེ་རག་ཡོད་འགྲོ་དེ་གཉིས་གཅིག་ཡིན་པ་འདྲ་་་་
ཆབ་བྲག་ཚང་གི་བསམ་ཚུལ་དུས་ལ་བབ་འདུག
ལོ་ཐང་ཨ་ཐར་གྱི་མཐོང་ཚུལ་ཟུར་སྣེ་གཅིག་རེད། ཁྱེད་ཀྱིས་གཡག་ཞ་རས་རྩྭ་ཟ་སྟངས་བྱེད་ཀྱིན་ཡོད་དམ།
ང་ཚོ་དེ་རིང་གི་མི་རེད། ང་ཚོས་དེ་རིང་གླེང། དེ་རིང་གླེང་ནས་སང་ཉིན་ལ་གྲ་སྒྲིག་བྱེད། དེ་བྱས་ན་ང་ཚོ་ཁྱིམ་ཚང་གཅིག་གི་སྤུན་ཟླ་ངོ་མ་ཡོང་གི་རེད། དེ་མ་གཏོགས་རྨ་ཁ་རྙིང་པ་དང་གནའ་གཏམ་གླེང་ནས་བསྡད་ན་་་ཁྱིམ་ཁ་གསུམ་པོ་ཁྱིམ་ཁ་དགུ་རུ་གྱེས་ན་ཡང་ཐང་ཡ་
ལྷ་མོ་སྐྱབས་ལགས།
གུ་རུའི་སྲས་ཀྱིས་བསམ་འཆར་དེ་ཡག་པོ་འདུག ང་ཚོས་གང་ལྟར་བསམ་འཆར་ཡག་པོ་དེ་ཚོ་དྲོད་མ་ཡལ་གོང་ནས་ལག་ལེན་བསྟར་ཐུབ་པ་ཞིག་བཟོ་དགོས་གལ་ཆེ་བས་སྐུ་ཉིད་ཀྱིས་དགོངས་ཚུལ་ཡག་པོ་དེ་དག་བོད་གཞུང་ལ་གང་མགྱོགས་འབུལ་རོགས།
ང་ཚོས་རྒྱབ་སྐྱོར་ཞུ་གི་ཡིན།
ལྷ་མོ་སྐྱབས་ལགས།
གུ་རུའི་སྲས་ཀྱི་བསམ་འཆར་དེ་ཡག་པོ་འདུག
ང་ཚོས་གང་ལྟར་བསམ་འཆར་ཡག་པོ་དེ་ཚོ་དྲོད་མ་ཡལ་གོང་ནས་ལག་ལེན་བསྟར་ཐུབ་པ་ཞིག་བཟོ་དགོས་གལ་ཆེ་བས་སྐུ་ཉིད་ཀྱིས་དགོངས་ཚུལ་ཡག་པོ་དེ་དག་བོད་གཞུང་ལ་གང་མགྱོགས་འབུལ་རོགས།
ང་ཚོས་རྒྱབ་སྐྱོར་ཞུ་གི་ཡིན།
བཀུར་འོས་པའི་སྤྱི་ཟུར་ལགས། ཁྱེད་ཀྱིས་གསུངས་བ་ཡོངས་སུ་རྒྱབ་སྐྱོར་གཙང་མ་ཡོད། རྒྱུ་མཚན་དང་ལྡན་པའི་བསམ་ཞིབ་རེ་བྱས་ཚེ་ཆིག་སྒྲིལ་ང་ཚོའི་དམག་དཔུང་དང་ལག་ཆ་ཡིན་ལ་གཅིག་གྱུར་གྱི་ངོ་རྒོལ་སོགས་ང་ཚོའི་སྟོབས་ཤུགས་དང་ཐབས་ལམ་གྱི་འབྲས་བུ་སྟོན་བྱེད་དེ་རེད་སྙམ། དེས་ན་ང་ཚོ་དང་གནས་སྟངས་འདྲ་པའི་[བཙན་གནོན] [མཐོང་ཆུང་] [དམར་གསོད] [གཅར་རྡུང་གཟེད་མྱོང་བ་ཚོ་དེ་ལྟར་མཉམ་རུབ་ཐོག་ནས་རྒྱ་གཞུང་སྟོབས་དང་ནུས་བ་རི་དྭགས་རྒྱལ་པོ་སེང་གེའི་དང་འདྲ་ཡང་ང་ཚོ་ཉམ་ཆུང་གྲོག་མ་མིག་མེད་ཚོ་སྟོབས་ཆེན་དེའི་སྒོ་དགུའི་ཁུང་དུ་འཛུལ་ནས་དོན་ལྔ་སྣོད་དྲུག་ལ་སོ་རྒྱག་དགོས་བ་ང་ཚོས་དམིག་འབེན་དུ་འཛིན་དགོས་པར་སྣང་།
འཚོ་བྱེད་བུ་ལགས། མིང་དོན་མཚུངས་གི་ཡ། གནས་ལུགས་ཀྱི་གཏིང་རིག་འདུག་ག དགའ་བོ་བྱུང།
ཆབ་བྲག་ལགས་ཁྱེད་ཀྱི་རྩོམ་པ་པོའི་ཚོགས་གཙོའི་མིང་ཐོག་ནས་སྐད་ཆ་བཤད་པ་ལ་ཡིད་རངས་ཞུ།
འོན་ཀྱང་རྩོམ་པ་པོ་མཐུན་ཚོགས་ནང་དུ་མདོ་སྨད་ཀྱི་མི་མ་གཏོགས་མེད་པའི་རྒྱུ་མཚན་གང་ཡིན་ནམ།
དྲི་བ་འདི་སྔ་མོ་ཞིག་ནས་ང་ལ་ཡོད་ཀྱང་དེ་རིང་གོ་སྐབས་འདི་ཐོག་ནས་དྲིས་བ་ཡིན།
ལུང་ཤར་ཚེ་སྟོབས་ལགས། བད་གིས་བོད་མིའི་སྒྲིག་འཛུགས་ལ་བཏང་ཟིན། ད་དབུས་ཆོལ་གསུམ་དང་ཚོགས་སྡེ་ཁག་ལ་གཏོང་བཞིན་པ་ཡིན། བཀའ་དྲིན་ཆེ།
ལྷ་སྐྱིད་ལགས་དྲི་བ་དེ་སྐབས་དོན་མ་རེད་མོད། དུས་བབ་ནང་ལ་གཅིག་དྲིས་བྱུང་བས་ལན་བཏབ་ཡོད། དོན་ངོ་མ་ཚོགས་པ་འདི་དང་པོར་ཚུགས་དུས་ང་ཚོའི་དྲུང་ཆེ་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཡིན། ཁོང་རང་ད་ལྟ་ངའི་ངའི་གྲོགས་པོ་ཡིན། མདོར་ན་ཐོག་མ་ནས་ད་ལྟའི་བར་ལ་ཆོལ་ཁ་གསུམ་གྱི་མི་ཡོད། འོན་ཀྱང་དབུས་གཙང་བ་ཉུང་ལ་ཁམས་པ་དེ་བས་ཀྱང་ཉུང། དེའི་རྒྱུ་མཚན་ངས་ཀྱང་གསལ་བོ་ཞིག་ཤེས་ཀིན་མེད་མོད། གཅིག་ནི་རྩོམ་པ་པོའི་མང་ཉུང་གི་ཆ་ནས་ཡིན་ཐག་ཆོད་རེད།
ད་རུང་དེ་བས་ག་ལ་ཚད་མཆོད་མེ་རྐང་གཅིག་ལགས་་་རྙིང་མའི་བླ་མ་བདུད་འཇོོམ་རིན་པོ་ཆེ་རྒྱ་གར་སི་ལི་གུ་རི་ལ་བཙོན་ཁང་ནང་ལ་བླུག་ཡ་དེ་ཡབ་་བཞིས་ཚང་གི་བྱས་རྗེས་རེད་་་་བླ་ཆེན་ཁག་ལ་དུག་སྤྲད་ཡ་གི་བྱུས་ངན་དེ་ཡང་ཡབ་བཞིས་ཚང་གི་བྱས་རྗེས་རེད་བོད་ཀྱི་དཔའ་འོ་རང་སྲོག་ལ་ཡང་ཕང་སེམས་མི་བྱད་ཉན་ལི་ཐང་ཨ་ཐར་ལ་ཏ་ལའི་བླ་མའི་སྐུ་སྲོག་ཀྲོང་ཉན་རེད་ཟེར་མི་ཡང་ཡབ་བཞིས་ཚང་གི་བྱས་རྗེས་་རེད་མདོར་ན་བོད་གང་ཅན་རྒྱ་ལག་ན་སྤྲད་ཉན་དེ་ཡབ་བཞིས་ཚང་གི་བྱས་རྗེས་རེད་་་་
མཚམས་འདིར་ངའི་སེམས་ལ་ཆུང་དུས་སུ་ཡང་ཡང་གོ་མྱོང་བའི་ ༼ རྟ་སྒ་ཤོད་དུས་བོང་སྒ་མ་ཤོད ༽་་་ཟེར་བའི་གཏམ་དཔེ་དེ་ཡིད་ལ་འཁོར་བྱུང་། གཏམ་དཔེ་འདི་ང་ཚོའི་སྡེ་བའི་རྒན་གཞོན་བར་ནས་རྒྱུན་དུ་བེད་སྤྱོད་བྱེད་ཀི་རེད། བྱིས་པ་ཞིག་ཡིན་ཡང་དེ་ལྟར་བྱེད་གི་རེད། ང་ཡང་རྟ་སྒ་ཤོད་དུས་བོང་སྒ་ཤོད་ན་བྲོ་བ་མེད་མཁན་ཞིག་ཡིན།
རྣམ་པ་ཚོས་ཀྱང་དེ་ལྟར་བྱེད་པའི་རེ་བ་ཡོད། མ་ཆ་ན་རོ་ཏོ། ཧཧཧ
དྲ་གྲོགས་ལྷ་སྐྱིད་ལགས།
ཁྱེད་ཀྱི་སེམས་ནང་བརྗོད་འདོད་པའི་རྨ་ཁ་མང་པོ་ཞིག་ཡོད་ཚོད་འདུག
འོན་ཀྱང་། ང་ཚོས་སྐབས་སུ་བབ་པའི་རྩོམ་ཡིག་གི་གནད་དོན་ལ་དཔྱད་བརྗོད་སྤེལ་བ་ལས།
འབྲེལ་མེད་གཏམ་འཆལ་ཡོངས་རྫོགས་གང་བྱུང་ཁྲོམ་སར་འཕངས་ན།
གནད་དོན་ཐག་གཅོད་ཡོང་རྒྱུར་བཀག་འགོག་བྱས་པ་དང་ཁྱད་མེད།
མ་ཟད་ཁྱེད་ཀྱི་དགོངས་ཚུལ་ལའང་ཡང་དག་པའི་ལན་འདེབས་ཤིག་ག་ནས་ཡོང་།
དེ་བས། ཁྱོད་ཀྱི་སེམས་ཀྱི་རྨ་ཁ་རྣམས་ཕྱོགས་གཅིག་ཏུ་སྒྲིལ་བའི་རྩོམ་ཡིག་ཞིག་དྲ་རྒྱ་ག་གེ་མོའི་ནང་ཟུར་དུ་བཀོད་ཚེ། ཚང་མས་གནས་ལུགས་དང་མཐུན་པའི་ལན་འདེབས་ཤིག་གནང་ངེས།
མཆོད་མེ་རྐང་གཅིག་གི་བསམ་ཚུལ་ངའི་ཐོག་ཏུ་མ་གཡུགས་རོགས།
དྲ་གྲོགས་འགའ་ཞིག་གིས་དོན་མེད་རྙོག་གཏམ་མང་པོ་སྤེལ་གྱི་འདུག
ད་ལྟ་དེ་འདྲའི་དུས་ཚོད་རྩ་བ་ནས་མ་རེད།
མ་ཟད། རྩོམ་ཡིག་འདིའི་ནང་དོན་ལ་སོམས་དང་། དེ་ནས་གནད་ལ་འཁེལ་བའི་དགོངས་འཆར་འདྲ་ཡོད་ན་གསུངས་དང་། དེ་གས་ཆོག
དེ་མིན་གནད་དོན་དངོས་ལ་བསམ་ཚུལ་བརྗེ་རེས་བྱེད་མཁན་ཚོར་གནོད་གཞིར་འགྲོ་བས་ཡིད་གཟབ་དགོས།
རབ་ལ་བྱུང་ན། འདི་འདྲའི་དྲ་ཐོག་བགྲོ་གླེང་སྐབས། བོད་སྤྱི་པའི་རྩ་དོན་ལ་དགོངས་པ་བཞེས་ནས། གང་བྱུང་འབྲེལ་མེད་རྙོག་ཡིག་མང་པོ་མ་བྲིས་རོགས།
དེ་ནི་ངའི་རེ་བ་ཡིན།
བཙན་སྨྱོན་ལགས། ད་ཁྱོད་ཐལ་དྲགས་སོང། རྒྱ་དམར་དམག་བོད་ལ་སླེབས་ནས་ཆབ་མདོ་ཕམ་པར་བཏང་རྗེས་གཞི་ནས་དགུང་ལོ་བཅུ་དྲུག་གི་ཏཱ་ལའི་བླ་མར་སྲིད་འགན་ཕུལ་བ་རེད། འུ་ཐིག་ནས་ཐབས་ཟད་ནས་་་་མ་གཏོགས་སྐབས་དེའི་སྐུ་དྲག་ཚོས་སྲིད་དབང་སྤྲོད་མིན་ཡང་མི་ཤེས། དེ་དག་ལ་ཡབ་གཞིས་ཚང་དང་འབྲེལ་བ་སྤུ་ཉག་ཙམ་ཡང་མེད་་་་མདོར་བསྡུས་ན་ཁྱོད་ཀྱིས་ང་ཚོར་དཀྲུག་ཤིང་ཆེ་ཙམ་སློང་ན་འདོད་ཀྱི་ཡོད་པ་འདྲ། དེང་སང་ང་ཚོ་སུས་ཀྱང་དཀྲུག་མི་ཐུབ། རེད་དམ་གྲོགས་པོ་ཚོ། ཁོས་མུ་མཐུད་དུ་ཁུངས་ལུང་མེད་པའི་སྐད་ཆ་བཤད་ན་དྲ་བདག་ཉེན་རྟོག་པ་ཡོད་རེད་ད་་་་
ཆབ་བྲག་ལགས།
དབུས་གཙང་དང་ཁམས་ལ་རྩོམ་པ་པོ་མེད་པ་རང་དང་ཨི་ཡིན་ན།
མི་འབོར་གྱི་ཆ་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དེ་ཚོ་མི་བཤད་གཡུགས་ཤོག་ཨ།
ལྷ་སྐྱིད་ལགས། དགོངས་དག ངའི་མིག་གམ་ལག་པ་་གང་ཞིག་ནོར་ནས་ཁྱེད་ལ་མ་ཉེས་ཁག་ཡོགས་བྱས་བྱུང།
འདོད་ལྷ་ཁམས་པ་ལགསནས་གཏམ་དཔེ་གཅིག་གིས་་་ཨ་ལ་ལ་་བཤད་ད་ཡ་་་ཚང་མའི་སེམས་ལ་ཕོག་ཐུག་མེད་པར་ཀུ་རེ་དང་མཉམ་དུ་སྐབས་དོན་ལ་ཕན་པའི་ཚིག་རེ་་་་མག་ལེ་ཡ་་་་་
དེ་གསལ་བོ་རེད། ཞེ་དྲག་ཡོད་པ་མ་རེད། ཡོད་པ་རྣམས་མ་ཞུགས་ན་བསུ་རུ་སོང་ནས་ཕན་ལེ་མ་རེད།
བཙན་སྨྱོན་ལགས། བོང་བུའི་རྣ་ཅོག་ནང་དུ་གསེར་བླུགས་ན་ཡང་མགོ་སྤྲུག་སྤྲུག་བྱེད་གི་རེད། ཉོན་དང་ཕྲན་རང་དཔལ་རྒྱལ་ལོ་དོན་འགྲུབ་མཆོག་གི་ཉེ་བརྒྱུད་ཅིག་གཏན་ནས་མིན་ལ། ཀུན་དགའ་དོན་འགྲུབ་ལ་དེ་བས་ཀྱང་རེ་བ་བརྒྱབ་མྱོང་མེད། ཁོང་རྣམ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རེ་རེ་ནས་ཞིབ་འཇུག་ཡག་པོ་ཞིག་གནོངས་དང་དེ་ནས་ཤེས་ངེས་རེད། དེ་མིན་རྩ་མ་ཟོས་བར་ལྕི་བ་གཏོང་འདོད་མ་སྐྱེས་ཤིག ཇ་ལན་དུག་གིས་མ་འཇལ་རོགས།
ལྷ་སྐྱིད་ལགས། ངས་ཁམས་ལ་རྩོམ་པ་པོ་མེད་གི་ཟེར་གི་མེད། ཡོད་ནས་མི་ཚད་དྲུང་ཆེ་ལ་ཡང་བཞུགས་པ་རེད། འོན་ཀྱང་ཕྱིར་ཐོན་སོང་བ་རེད། ཡིན་ཡང་ངེད་གཉིས་ད་དུང་ཡང་གྲོགས་པོ་ཡིན། ཚོགས་ཞུགས་པ་ཉུང་གི དེ་རྩོམ་པ་པོའི་མང་ཉུང་གི་ཆ་ནས་ཡིན་པ་དངོས་ཡོད་རང་མ་རེད་དམ། ཚད་ལྡན་དེ་ཚོ་ཞུགས་གི་མི་འདུག་་་ངས་ནི་ཡང་དང་བསྐྱར་དུ་རྩོམ་པ་པོ་རྒན་རབས་པས་གཙོས་རྩོམ་མཁན་ཚང་མ་ཞུགས་རོགས་ཞེས་སྙིང་ཐག་པ་ནས་འབོད་སྐུལ་ཞུས་ཡོད། ད་དུང་ལ་ལ་ཞིག་ལ་སྒེར་ངོས་ནས་ཀྱང་ཡི་གེ་བཏང་ཡོད་་་་འོན་ཀྱང་་་་ད་ངས་མི་ཤེས་གི་ཡ་་་
འབྲུག་ཞབས་དྲུང་རིན་པོ་ཆེ་མི་ན་ལིར་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་དེ་གཞན་གྱི་བཙན་གནོན་འོག་ནས་མ་ཡིན་པར་འབྲུག་ནང་ཁུལ་གྱི་འགལ་ཟླ་ལ་བརྟེན་ནས་བྱུང་བ་རེད། ང་དགུ་ལོར་གུང་དམག་གིས་བོད་ས་ཡོངས་སུ་བཙན་འཛུལ་བྱས་སྐབས་གོང་ས་མཆོག་ལ་ཐོབ་དང་གོ་ས་སྤྲད་ཀྱང་མ་བཞེས་པར་བཙན་བྱོལ་དུ་ཕེབས་པ་རེད། དེ་མིན་རྒྱུ་ན་དེང་སང་བོད་དོན་ཟེར་བ་ཞིག་རྣ་བས་གོ་རྒྱུ་གང་ན་ཡོད། མ་ཟད་འཛམ་གླིང་ཁྱོན་ན་མཚན་སྙན་གྱིས་འབར་བཞིན་པའི་ཞི་བདེ་དེད་དཔོན་ཞེས་པའི་ཡིག་འབྲུ་བཞི་པོ་གང་ནས་རེག་ཡོང་།
འདྲེ་མོག་རྡོ་དང་མིག་བརྒྱད་པ་གཉིས་ཀྱིས་མགོ་ཚོས་ནས་སྐད་ཆ་བཤད་གིན་འདུག གྲོགས་པོ་ཚོ། དྲ་བ་ནང་ལ་ནམ་རྒྱུན་གྱི་རྩོམ་པ་པོ་དང་མཁས་དབང་ཟེར་བ་དེ་ཚོ་མི་ཞུགས་དོན་ཅི་ཡིན་ནམ། ཕལ་ཆེར་ཁོང་ཚོས་འདི་འ་ཐུགས་སྣང་ཡང་གནང་གིན་མེད་ས་རེད་པ།
བོད་ཀྱི་ཆོས་ལུགས་ཚང་མ་དགེ་ལུགས་བྱ་དགོས་ཟེར་བའི་བྱུས་ངན་འདོན་མཁན་དེ་ཡབ་གཞིས་ཀྱི་བྱས་རྗེས་ཅེ་ཤོས་དེ་རེད།
ད་དུང་བཀའ་བརྒྱུད་དུབ་བུ་གཉིས་ལ་་བཏང།
ཆུ་སྒང་དུབ་བུ་གཉིས་ལ་བཏང་བ་དེ་ཡམ་གཞིས་ཀྱི་བྱེས་རྗེས་རེད།
འབྲུག་ནས་བོད་པ་ཚོས་དམྱལ་བ་མི་ཡུལ་དུ་མྱང་བའི་བྱས་རྗེས་དེ་ཡབ་གཞིས་ཚང་གི་བྱེས་རྗེས་རེད།
རྡི་ལི་རུ་ལི་ཐང་ཨ་ཐར་གསོད་དུ་མི་བཏང་བ་དེ་ཡབ་གཞིས་ཚང་གི་བྱསརྗེས་རེད།
ཨ་མདོ་གུང་ཐང་ཚུལ་ཁྲིམས་མེ་མདའ་བྲང་ལ་བརྒྱབ་ནས་བསད་པ་དེ་ཡབ་གཞིས་ཚང་གི་བྱས་རྗེས་རེད།
ད་དུང་དེ་ལས་མང་བའི་བྱས་རྗེས་ཡོད་རེད
མིག་བརྒྱདཔའི་ཁ་མིག་སྣ་གསུམ་སུས་བཀག་སོང་བ་རེད།
མཆོད་མེ་རྐང་གཅིག ཁྱོད་ཀྱིས་མི་འདིས་དུས་ཚོད་འདི་ལ་་སྐད་ཆ་འདི་བཤད་ནས་་་ཟེར་ནས་བདེན་པ་ཁུངས་སྐྱེལ་མེད་པའི་་་སྐད་ཆ་བཤད་ན་་སུས་ཀྱང་་་ཁྱོད་ལ་བདེན་ཁ སྤྲོད་མི་སྲིད་ཡ་་་
མི་ལ་ལས་ངོ་མ་སྐབས་དོན་དང་མ་འབྲེལ་བའི་སྐད་ཆ་བཤད་སྟངས་འདིར་ང་ཚོས་ཡ་ལན་མ་བྱས་ན་ཡག་གི་ ཁ་བརྡ་ཚང་གི་ཉེན་རྟོག་པ་གང་ན་ཡོད་ན་ན་་་་་ཨ་ཡཡཡ་་ད་ངས་་སྟངས་འཛིན་བྱེད་དཀའ་གི་ཡ་་་་
ལྷ་སྐྱིད་ལགས། ཁྱེད་རང་བུ་མོ་ཞིག་མིན་པ་གསལ་བོ་རེད། ཀམས་དང་དབུས་གཙང་ཞིག་ར་མ་རེད། ངས་ཚོད་དཔག་ནོར་མ་སོང་ང་་་
དེ་རིང་བཀའ་ཤག་གིས་ཡོངས་ཁྱབ་འབོད་སྐུལ་ཞིག་གནང་འདུག་པར་བསམ་ཚུལ་ཅི་ཡོད། ངའི་འདོད་པ་ཁེངས་མ་སོང་ཚུལ་དུས་བབ་ནང་ལ་མཆན་བྲིས་ཡོད།
བཀའ་ཤག་གི་གསལ་བསྒྲགས་དེ་ངས་ཀྱང་བཀླགས་པ་ཡིན། བཀའ་ཤག་འདིའི་གསལ་བསྒྲགས་འདི་གཉོམ་དྲག་འདུག་པའི་ཚོར་སྣང་དེ་ང་ལའང་བྱུང་། ཕོ་རྒོད་པོའི་ཚོད་ཀྱི་དཔའ་ངོམས་ཤིག་ཆགས་མི་འདུག ད་ཅི་བྱེད།
རྒན་ཆབ་བྲག་ལགས། ངས་དྲན་ཚུལ་ཞིག་ཞུས་ན། ད་ནི་ཁྱེད་རང་གིས་སྣེ་ཁྲིད་ཅིག་གནང་ནས། ཤེས་ཡོན་པ་དང་རྩོམ་པ་པོ་ཐུན་མོང་གི་བསྒྲགས་ཡིག་ཅིག་སྤེལ་ནས་ང་ཚོས་ང་ཚོས་ཐེག་པའི་ལས་འགུལ་རེ་སྤེལ་ན་ལེགས་པར་མཐོང་སོང་། བསྒྲགས་ཡིག་དེའི་ནང་མི་ལོ་ལྔ་བཅུའི་རིང་གི་བདེ་སྡུག་ལ་ཕྱིར་དྲན་གྱི་ཕྱོགས་བསྡོམས་དང་། སླད་ཕྱིན་ང་ཚོས་གང་ཞིག་སྒྲུབ་དགོས་པ་དང་སྒྲུབ་ཐུབ་པའི་སྐོར་ནས་གླེང་སྟེ་ཚང་མ་དགྲ་ཡོང་ན་མདུང་མོ་མཉམ་འཛིན་དང་། མགྲོན་ཡོང་ན་སྡེར་ཁ་མཉམ་བསྒྲིག་གི་རུ་དཔུང་ཞིག་ཏུ་བསྒྱུར་རྒྱུ་བྱས་ན་གང་འདྲ་འདུག
མི་ནག་མདུང་ཐུང་ཅན། ཁྱེད་རང་ངའི་དམག་སྤྱི་ཆེན་མོ་ཞིག་ལ་བསྐོ་ན་འདོད། འོན་ཀྱང་ང་ཚོའི་ལག་ཆ་ནི་ཁུ་ཚུར་རང་ཡིན་དགོས། དེ་ལ་ཁས་ལེན་བྱེད་ཐུབ་ན་ང་ཚོས་སྙུ་གུ་དང་འཚེ་མེད་ཞི་བའི་ཐབས་ཚུལ་འདྲ་མིན་ནས་ལས་འགུལ་སྤེལ་ཆོག དེང་སང་བདག་གི་སྙིང་རྩ་འདི་ལྷོག་འྷོག་འགུལ་གྱིན་འདུག དེ་སྔ་ཞིག་ལ་ཡང་འདི་འདྲ་ཐེངས་འགའ་འགུལ་མྱོང།
རྒན་ཆབ་བྲག་ལགས། ཁྱེད་རང་གིས་ད་རེས་སྣེ་ཀྲིད་ཅིག་གནོངས་དང་། ད་འདྲ་པོས་ཕན་ཐོགས་རྒྱུ་དཀའ་ཡང་། ཁྱེད་རང་ཚོའི་རྗེས་སུ་འབྲངས་ཅི་ཐུབ་ཞུ་ངེས་ཡིན། ངས་ཁྱེད་རང་གིས་སྣེ་ཁྲིད་ཅིག་གནང་བར་རེ་བ་ཆེན་པོ་བྱེད་ཀྱིན་ཡོད། ད་རེས་རྒན་ལགས་ཀྱིས་སྣེ་ཁྲིད་འདི་གནང་རོགས་ཞུ་འདོད་བྱུང་། ང་རང་གིས་གཞོགས་འདེགས་གང་བྱེད་དགོས་པའི་ཐད་ནས་དམག་དཔོན་ཅིག་ནི་གང་ནས་ཡོང་སྟེ། ལྷད་མེད་ལྷག་བསམ་རྣམ་པར་དག་པའི་དམིག་མི་དྲག་ག་ཞིག་ཡོང་བའི་གདེང་ཚོད་ཡོད། ཁུ་ཚུར་འཕྱར་མཁན་གྱི་དམག་གྲས་དེར་ངེས་པར་ཞུགས་ཀྱི་ཡིན། དགོས་གལ་བྱུང་མཚམས། མིང་ངོ་མ་ཕྱིར་འདོན་གྱིས་ཞུགས་ཡོང་གི་ཡིན།
ད་རེས་ཀྱི་གླེང་སློང་འདི་མི་ང་འདྲ་བ་ཞིག་གིས་བྱས་ཡོད་པའི་དབང་དུ་བཏང་ན། ད་ལྟའི་གླེང་སློང་འདི་འདྲའི་ཚ་ཚ་འུར་འུར་ཞིག་ཆགས་ཐབས་ཡོད་པ་མ་རེད། དེ་ནི་རྒན་ལགས་ཁྱེད་རང་ལ་སྤྱི་ཚོགས་ཀྱིས་ངོས་འཛིན་གསལ་པོ་ཞིག་ཡོད་པ་དེས་རེད། ང་རང་ལ་མཚོན་ནའང་། ཁྱེད་རང་ལ་གུས་བརྩི་ཡོད་མཁན་ཞིག་ཡིན། ད་རེས་ལྷག་ཏུ་གུས་བརྩི་འཕེལ་བ་ཞིག་བྱུང་། ཁྱེད་རང་གིས་སྣེ་ཁྲིད་ཅིག་གནང་བ་ཡིན་ན། རྗེས་སུ་འབྲངས་མཁན་འཚང་ཁ་ཤིག་ཤིག་གིས་ཡོང་རྒྱུར་ངེས་པ་རེད། དེར་གནད་འགག་ཅིག་འདུག་པར་མཐོང་ནས་ཀྱང་ཞུ་ཡི་ཡོད།
མཆོད་མེ་རྐང་གཅིག་ཅེས་པའི་མིང་གི་གདགས་གཞི་མུན་པའི་ཁུང་བུ་ལགས།།
༡༽འཛམ་བུ་གླིང་རིལ་རིལ་བཟོ་མཁན་དེ་ཡང་ཡབ་གཞིས་ཡིན་ནམ།
༢༽འབྱུང་བྱས་ཉིན་བྱེད་ཀྱི་གཟི་ཌྷའོད་མི་བཟོད་པ་འདི་ཡང་ཡབ་གཞིས་ཀྱིས་གནང་ངམ།
༣༽འཛྷཇིག་རྟེན་ཐོག་གི་ཆོས་ལུགས་སྣ་ཚོགས་པའི་ལྟ་གྲུབ་མེ་ཏོག་མཉམ་བཞད་འདི་ཡང་ཡབ་གཞིས་ཀྱིས་བཏབ་སམ།
༤༽༸འཕགས་མཆོག་འཛྷཇིག་རྟེན་མགོན་པོའི་ཀུན་གསལ་གྱི་ཉིན་བྱེད་མཁའ་ལ་འཕགས་དུས་འབྱུང་བྱ་
ཁྱེད་ཅག་མུན་པའི་ཁུང་བུ་སྐྱབས་སུ་འཛིན་པ་དེ་ཡང་ཡབ་གཞིས་ཀྱིས་མཛད་དམ།
༥༽མདོར་ན་གངས་ཅན་བོད་མིར་ལེགས་ཉེས་ཇི་འདྲ་ཞིག་བྱུང་བ་ཐམས་ཅད་འཇིག་རྟེན་མེས་པོ་ཡབ་
གཞིས་ཚང་གིས་སྐྲུན་པ་ཡིན་ནམ། ༦༽གལ་ཏེ་དེ་ལྟར་འདོད་ན་སྨྱོན་པའི་ངང་ཚུལ་ཙམ་དུ་ཟད་པས་ཁྱེད་ཀྱི་སྐད་ཆར་སུས་ཆ་འཇོག་ཡིད་རྟོན་བྱེད་
རུང་ངམ།
མཆོད་མེ་རྐང་གཅིག་ཅེས་པའི་མིང་གི་གདགས་གཞི་མུན་པའི་ཁུང་བུ་ལགས།།
༡༽འཛམ་བུ་གླིང་རིལ་རིལ་བཟོ་མཁན་དེ་ཡང་ཡབ་གཞིས་ཡིན་ནམ།
༢༽འབྱུང་བྱས་ཉིན་བྱེད་ཀྱི་གཟི་ཌྷའོད་མི་བཟོད་པ་འདི་ཡང་ཡབ་གཞིས་ཀྱིས་གནང་ངམ།
༣༽འཛྷཇིག་རྟེན་ཐོག་གི་ཆོས་ལུགས་སྣ་ཚོགས་པའི་ལྟ་གྲུབ་མེ་ཏོག་མཉམ་བཞད་འདི་ཡང་ཡབ་གཞིས་ཀྱིས་བཏབ་སམ།
༤༽༸འཕགས་མཆོག་འཛྷཇིག་རྟེན་མགོན་པོའི་ཀུན་གསལ་གྱི་ཉིན་བྱེད་མཁའ་ལ་འཕགས་དུས་འབྱུང་བྱ་
ཁྱེད་ཅག་མུན་པའི་ཁུང་བུ་སྐྱབས་སུ་འཛིན་པ་དེ་ཡང་ཡབ་གཞིས་ཀྱིས་མཛད་དམ།
༥༽མདོར་ན་གངས་ཅན་བོད་མིར་ལེགས་ཉེས་ཇི་འདྲ་ཞིག་བྱུང་བ་ཐམས་ཅད་འཇིག་རྟེན་མེས་པོ་ཡབ་
གཞིས་ཚང་གིས་སྐྲུན་པ་ཡིན་ནམ། ༦༽གལ་ཏེ་དེ་ལྟར་འདོད་ན་སྨྱོན་པའི་ངང་ཚུལ་ཙམ་དུ་ཟད་པས་ཁྱེད་ཀྱི་སྐད་ཆར་སུས་ཆ་འཇོག་ཡིད་རྟོན་
བྱེད་རུང་ངམ།
མི་ནག་མདུང་ཐུང་ཅན་ངའི་བློ་ལ་བབས་སོང། ངོ་མ་དམག་མི་ཞིག་དང་འདྲ་གི་་་བཀའ་དྲིན་ཆེ། གཅིག་བྱས་ན་་་ཉིན་ཞིག་སྐད་གཏོང་དགོས་ན་ཐང་ཡ་་
ཁྲི་རལ་པ་ལགས། ཁྱེད་རང་བཙན་པོ་ཁོང་གི་རྒྱུད་པ་ཡིན་ཞེས་གཏན་ནས་མ་བཤད་རོག ཁྱེད་རང་ངོ་མ་ཚ་ན་ཡང་ང་ངོ་མ་ངོ་ཚ་གི་འདུག བོད་ཀྱི་བཙན་པོ་རྣམས་ནི་ཁྱེད་རང་བཞིན་དུ་བླ་འཁུམ་ཆོག་ཆོག་ཞིག་མ་རེད། རང་གིས་སྲོག་བློས་གཏོང་མ་ནུས་ན་གཞན་གྱིས་རྒྱལ་ཁབ་དང་རང་དབང་གི་ཆེད་དུ་སྲོག་བློས་གཏོང་བ་ལ་བསྟོད་བསྔགས་བྱེད་མི་ཆོག་ཟེར་ན་རྣ་བར་འགྲོ་བའི་སྐད་ཆ་རེད་དམ། རང་ལུས་མེར་མཆཽད་འབུལ་མཁན་ཁོང་རྣམས་པ་ནི་བོད་རྒྱལ་ཁབ་དང་མི་རིགས་བོད་ཀྱི་ཆོས་དང་རིག་གཞུང་བཅས་ཀྱི་ཆེད་དུ་འཆི་བ་ཡིན་པས་བསྟོད་བཀུར་བསྔགས་པའི་འོས་སུ་གྱུར་པ་རེད་ལ། བུ་སྐྱེས་པའི་སྐྱེས་གོ་ཆོད་སོང་བ་རེད། ཁོང་རྣམས་པའི་མཚན་དེ་ཡང་བོད་གངས་ཅན་པའི་ལོ་རྒྱུས་ཀྱི་གསེར་དེབ་ནང་དུ་འཁོད་ངེས་ཡིན་པ་མ་ཟད་འཕགས་མཆོག་ཕྱག་ན་པད་མོས་ཀྱང་རྗེས་སུ་བཟུང་ངེས་པས་ཚེ་འདི་ཕྱི་གཉིས་ཡོད་ཡིན་པ་ལས་ང་དང་ཁྱེད་ལྟ་བུའི་བླ་འདར་བ་དེ་ཚོ་དང་ག་ལ་འདྲ། དེ་མིན་རྩྭ་ས་རྩོད་གླེངས་སོགས་གནད་དོན་
ཁྲི་རལ་པ་ལགས། ཁྱེད་རང་བཙན་པོ་ཁོང་གི་རྒྱུད་པ་ཡིན་ཞེས་གཏན་ནས་མ་བཤད་རོག ཁྱེད་རང་ངོ་མ་ཚ་ན་ཡང་ང་ངོ་མ་ངོ་ཚ་གི་འདུག བོད་ཀྱི་བཙན་པོ་རྣམས་ནི་ཁྱེད་རང་བཞིན་དུ་བླ་འཁུམ་ཆོག་ཆོག་ཞིག་མ་རེད། རང་གིས་སྲོག་བློས་གཏོང་མ་ནུས་ན་གཞན་གྱིས་རྒྱལ་ཁབ་དང་རང་དབང་གི་ཆེད་དུ་སྲོག་བློས་གཏོང་བ་ལ་བསྟོད་བསྔགས་བྱེད་མི་ཆོག་ཟེར་ན་རྣ་བར་འགྲོ་བའི་སྐད་ཆ་རེད་དམ། རང་ལུས་མེར་མཆཽད་འབུལ་མཁན་ཁོང་རྣམས་པ་ནི་བོད་རྒྱལ་ཁབ་དང་མི་རིགས་བོད་ཀྱི་ཆོས་དང་རིག་གཞུང་བཅས་ཀྱི་ཆེད་དུ་འཆི་བ་ཡིན་པས་བསྟོད་བཀུར་བསྔགས་པའི་འོས་སུ་གྱུར་པ་རེད་ལ། བུ་སྐྱེས་པའི་སྐྱེས་གོ་ཆོད་སོང་བ་རེད། ཁོང་རྣམས་པའི་མཚན་དེ་ཡང་བོད་གངས་ཅན་པའི་ལོ་རྒྱུས་ཀྱི་གསེར་དེབ་ནང་དུ་འཁོད་ངེས་ཡིན་པ་མ་ཟད་འཕགས་མཆོག་ཕྱག་ན་པད་མོས་ཀྱང་རྗེས་སུ་བཟུང་ངེས་པས་ཚེ་འདི་ཕྱི་གཉིས་ཡོད་ཡིན་པ་ལས་ང་དང་ཁྱེད་ལྟ་བུའི་བླ་འདར་བ་དེ་ཚོ་དང་ག་ལ་འདྲ།
མནའ་གན་རྡོ་རིང་ནང་དོན་རགས་ཟིན།
མནའ་གན་གྱི་དཔང་པོ། ༡།༸རྒྱལ་བ་ཡིད་བཞིན་ནོར་བུ། ༢། དམངས་གཙོའི་བཅའ་ཁྲིམས་རིན་པོ་ཆེ། སྔོན་གཤེགས་དཔའ་རྟུལ་རྣམ་པ།
མནའ་ཚིག་གི་ནང་དོན། ༡༽ ༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་བཞིན་ནམ་ཡང་གང་གི་བཀའ་དགོངས་དང་འགལ་བར་མི་བྱ། ༢༽བཅའ་ཁྲིམས་ལ་བརྩི་སྲུང་གིས་དམངས་གཙོའི་ལམ་ལུགས་ལག་བསྟར་ཡོང་བར་འབད་བརྩོན་བྱ་རྒྱུ། ༣༽ཕ་སྤྲེའུ་དང་མ་བྲག་སྲིན་ལས་མཆེད་པའི་ཤ་ཁྲག་གདུང་རྒྱུད་གཅིག་པའི་ལོ་རྒྱུས་རྗེས་སུ་དྲན་བཞིན་བོད་ཆོལ་ཁ་གསུམ་པོ་ནམ་ཡང་ཁྱིམ་ཚང་གཅིག་གི་སྤུན་ཟླར་བརྩི་རྒྱུ། ༤༽ ཆོས་ལུགས་སམ་ཆོས་བརྒྱུད་དང་ཆབ་སྲིད་ཀྱི་ལྟ་ཚུལ་མི་འདྲ་བ་སོགས་ཀྱང་ནམ་ཡང་ཕན་ཚུན་དགྲ་ཟླར་མི་འཛིན་པར་འཆམ་མཐུན་ལ་འབད་རྒྱུ། ༥༽ བོད་ཀྱི་རྩ་དོན་ཐད་ལ་མངོན་ལྐོག་རྒྱབ་མདུན་མེད་པར་བསམ་པ་རྣམ་དག་གིས་རང་གི་ནུས་པ་གང་ཡོད་འདོན་རྒྱུ།
མནའ་གན་འདི་ནི་རྒྱལ་གཅེས་དཔའ་རྒོད་རྣམ་པར་གུས་འདུད་རྗེས་དྲན་ཡིན་ལ་ད་ལྟའི་བོད་མིའི་སེམས་པ་པ་དང་ནུས་པ་ཆིག་སྒྲིལ་དང་མ་འོངས་རྗེས་རབས་རྣམས་ལ་དྲན་གསོའི་སྐུལ་ལྕག་བཅས་ཀྱི་ཆེད་དུ་ཡིན།
ནང་དོན་གཙོ་བོ་འདི་འདྲ་ཞིག་བཀོད་ན་འགབ་མིན་ཐད་ལ་ལྷག་བསམ་དང་རྣམ་དཔྱོད་ལྡན་པ་རྣམས་ཀྱིས་བསམ་གཞིགས་གནང་བར་འཚལ།
ལ་སྟོད་པ་ལགས།
རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་འདོད་མོས་མེད་པར་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མི་རིགས་ལྔ་བཅུ་ང་དྲུག་ནང་ནས་ཧཱན་མི་རིགས་མང་ཤོས་རེད་ལ་རྒྱ་ཧཱན་མི་རིགས་ལ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་ཡོད་པ་དཔེར་ན། ༢༠༠༨ ལོར་བཞི་གཅིག་བཞིའི་དོན་རྐྱེན་སྐབས་ཞིང་ཆེན་མང་པོར་རྒྱ་རིགས་གཞོན་སྐྱེས་སློབ་མ་ཚོས་ང་ཚོར་ངོ་རྒོལ་ག་ཚོད་བྱས་སོང་། མ་ཟད་ཕྱི་རྒྱལ་ཁག་ཏུ་གཙུག་ལག་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་ཚོས་བོད་རྒྱའི་དཀའ་རྙོག་གི་གནས་ཚུལ་ཆ་ཚང་རྟོགས་ངེས་ཀྱང་སྐབས་དེ་དུས་༧སྐུ་འདུན་ཕྱི་རྒྱལ་ལ་ཆིབས་སྒྱུར་གནང་སྐབས་ངོ་རྒོལ་ག་ཚོད་བྱས་སོང་། དེ་ཚོ་ཁྱོད་ཀྱིས་རིག་མ་སོང་བ་ཨེ་རེད། དེ་ཚོ་རྒྱ་ནག་གི་མ་འོངས་སོན་རྩ་ངོ་མ་ཤ་སྟག་རེད་ད། དེ་གཅིག་ཡིན། དེ་ནས་རྒྱ་ནག་ནང་ཁུལ་འགལ་ཟླ་ཧ་ཅང་ཤུགས་ཆེན་ཡོད་ཀྱང་ཁ་ཕྱིར་བསྐོར་ཡོང་དུས་ཚང་མ་ཁ་གཅིག་གྲག་རེད་ལ་ཆིག་སྒྲིལ་གྱི་རྣམ་པ་གསལ་པོ་འདུག་ལ་ཏང་ཀྲུང་དབྱང་སྲིད་གཞུང་སྲ་བརྟན་དང་སུ་གཅིག་ལ་སྐྲག་མི་དགོས་པའི་རྒྱུ་མཚན་ཡང་དེ་ལ་ཐུག་འདུག་སྙམ།
མདོ་དོན་ཁྱོད་ཀྱི་ཧཱན་མི་རིགས་ཀྱི་རྒྱུད་ལ་ཡོད་པའི་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་དང་དམར་པོའི་མཁན་པོ་མཱ་ཁེ་སི་དང་ལེ་ཉིན་རིང་ལུགས་ཀྱི་མིང་དོན་མི་མཚུངས་བའི་དམར་ཤོག་སྲིད་གཞུང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་གཉིས་ནོར་འདུག་སྙམ། དམངས་གཙོ་དོན་གཉེར་བ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་ཡོད་མེད་མི་ཤེས་མོད། ཧཱན་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་འདུག་ལ་གྲང་ཉུང་མི་རིགས་ལ་མི་དགའ་བའི་རྣམ་འགྱུར་ཡང་ངན་སེའེ་རེད་ལ་རྒྱ་ནག་ཁ་ཐོར་མི་འགྲོ་རྒྱུར་རེ་སེམས་ཆེན་པོ་བཅངས་བཞིན་འདུག།
ས་སྟེང་འདི་ན་མནའ་རྩི་མཁན་གྱི་མི་ག་ཚོད་ཅིག་ཡོད། རང་རེ་བོད་པ་ཚོའི་ནང་ན་ག་ཚོད་ཅིག་ཡོད།
སྒང་སྒང་ཟིག་ན་་་་ཆོ་མེད་རྐང་ཆག་ཟེར་བས་ཆོ་མེད་རྐང་ཆག་གི་ཚིག་འགའ་ཞིག་བྲིས་ཁུལ་བྱས་འདུག་པར་པེ་ཅིང་ནས་ཅིག་ཨེ་རག་སྙམ་ནས་ཁ་མིག་གཉིས་ཆེན་པོ་གདང་ནས་ཡོད་གི་པྭ།
དེ་མིན་ན་དེ་འདྲ་་་་་་་་་འོ་མའི་རྒྱ་མཚོར་ཁྲག་གི་ཐིགས་པ། ཅི་འདྲའི་སྐལ་བ་དམན་པ་ལའང་།
ཆིག་སྒྲིལ་གྱི་སེམས་པ། གཅིག་གྱུར་གྱི་ངོ་རྒོལ། བདེན་དོན་གྱི་གཟི་བརྗིད། རྒྱལ་ཁ་ཡི་རེ་བ།
གོང་གི་ཚིག་འདི་དང་། མཁས་དབང་མཆོག་ནས་དེ་སྔོན་དུས་བབས་དྲ་རྒྱའི་ནང་དབུལ་གཙང་གི་སྤྱི་འཐུས་སྐྱར་འདེམས་སྐོར་ལ་མཆན་བུ་བཏབས་པ་གཉིས་ཕྲན་བུའི་མི་འདྲ་བ་ཞིག་འདུག སྔོན་མ་དེའི་ནང་ངས་ནམ་རྒྱུན་ནས་དབུས་གཙང་གི་མི་རྣམས་མིག་ལོང་བ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད་གསུངས་འདུག་པ་དང་། ད་ལྟ་ཡང་ཆིག་སྒྲིལ་གྱི་སེམས་པ།
ད་མགོ་ན་སོང་
དེང་རབས་ཀྱི་དམངས་གཙོ་དང་། གཏམ་བརྗོད་རང་དབང་གི་སྐོར་ལ་ཤེས་རྟོགས་མེད་ཅིང་རང་དང་ལྟ་བ་མི་མཐུན་པ་དང་། རང་ལ་སྨད་པར་བྱེད་ན་རྩ་བ་ནས་མེད་པ་བཟོ་བ་དང་། རང་ལ་བསྟོད་ན་མཆོག་ཏུ་བཀུར་བའི་འདོད་ལྷ་ཁམས་པ་ལགས་འདོད་པའི་ལྷ་རང་རེད་འདོད་པའི་བདེ་བར་ཆགས་ནས་རང་བདེའི་ཆེད་དུ་གང་ཡིན་ན་ཡང་བྱེད་སྲིད་པ་ཞིག་རེད། གུས་ཀྱི་རེ་བ་ལ་རང་དབང་གི་དྲ་རྒྱ་འདི་རྒྱ་དམར་གྱི་དྲ་རྒྱ་བཞིན་དུ་གཏམ་བརྗོད་རང་དབང་མེད་པའི་དྲ་རྒྱ་ཞིག་མི་ཆགས་པའི་རེ་བ་ཡོད། དྲ་རྒྱ་འདིར་མངར་མོ་དགོས་ལ་སྐྱུ་མོ་ཡང་དགོས། འདོད་ལྷ་ཁམས་པ་ནང་བཞིན་སྨྲ་བརྗོད་རང་དབང་རྡོག་རྩིས་གཏོང་མཁན་དེ་ཚོ་དྲ་རྒྱ་འདི་དང་རང་དབང་མང་གཙོའི་ལུང་པར་དུས་ནམ་ཡང་མི་དགོས་པ་ཡིན། རང་དབང་གཏན་ནས་མེད་པའི་ཁ་ཆེའི་ལུང་པར་ཕྱིན་ཡང་ཕྱིར་འབུད་གཏོང་བར་ངེས།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com