ཆུ་སྐྱེས་སྒྲོལ་མ།
༡ ང་རང་གི་ལྟ་སྟངས་ལ། བོད་ཀྱི་བུད་མེད་སྐོར་གླེང་མཁན་དང་བགྲོ་གླེང་གནང་མཁན་མང་པོ་ཞིག་གིས། བུད་མེད་ཀྱི་ཐོབ་ཐང་ཟེར་བ་ཞིག་གླེང་ནས་བསྡད་ཡོད་པར་མཐོང༌། ངས་བལྟས་ན། བོད་ཀྱི་བུད་མེད་གླེང་བའི་བརྗོད་གཞིའི་ཁྱབ་ཁོངས་དེ་ཐོབ་ཐང་ཁོ་ན་གླེང་བ་ཙམ་ལས། དེ་ལས་བརྒལ་ནས་གླེང་རྒྱུ་མེད་པ་དེ་འདྲ་གང་ཡང་མ་རེད།
༢ ངའི་འདོད་ཚུལ་དང་ལྟ་ཚུལ་ལ། བུད་མེད་ཚོས་ཐོབ་ཐང་མི་འདུག ཐོབ་ཐང་རྩོད་དགོས་རེད་ཞེས་སྡུག་སྐད་རྒྱག་པ་ལས་གང་ཡོད་ཀྱི་ཐོབ་ཐང་དེ་བེད་སྤྱོད་ཡག་པོ་ཞིག་གཏོང་དགོས་རེད་སྙམ། བོད་བཙན་བྱོལ་སྤྱི་ཚོགས་འདིར། ལས་ཀྱི་སྣེ་མོ་མང་དག་ཅིག་ལ་བུད་མེད་མ་སླེབས་པ་མི་འདུག་སྙམ། འོན་ཀྱང༌། བཙན་བྱོལ་དུ་གནས་པའི་བུད་མེད་མང་པོ་ཞིག་གིས་གང་ཡོད་པའི་ཐོབ་ཐང་དེ་སླ་བཅོས་བྱས་ནས་ཞག་སྐྱེལ་ཉིན་སྐྱེལ་བྱས་འབྲས་ལ་རིམ་བཞིན་སྤྱི་ཚོགས་ཀྱིས་མཐོང་མ་སྤྲད་པ་རེད། དེར་བརྟེན་ནས་ཐོབ་ཐང་མི་འདུག་སྙམ་པ་དང་རྩོད་དགོས་པའི་བསམ་བློ་ཞིག་ངམ་ངམ་ཤུགས་ཀྱིས་བྱུང་བར་མངོན། དེས་ན་ང་ཚོས་ཐོབ་ཐང་མ་གླེང་གོང་ལ་གང་ཡོད་ཀྱི་ཐོབ་ཐང་དེ་བེད་སྤྱོད་ཡག་པོ་ཞིག་གཏང་དགོས་ཀྱི་འདུག་སྙམ་པ་བྱུང༌།
༣ དེ་བཞིན་ཕོ་མོ་འདྲ་མཉམ་ཞེས་པ་དེའང་ཁྲིམས་ལུགས་ཤིག་གམ། ཡང་ན་ཡིག་ཆ་ཞིག་ནང་འདྲ་མཉམ་ཞེས་བཀོད་པ་ཙམ་ལས་རྩ་བའི་ཆར་འདྲ་མཉམ་ཡོང་མི་ཐུབ་པ་མིག་ལྡན་ཀུན་གྱིས་མ་དཔྱད་ཀྱང་ལོས་ཤེས། འདྲ་མཉམ་ཞེས་པ་ནི་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་ཆ་བགོས་བྱས་ན་དེ་འདྲ་མཉམ་རེད། འོན་ཀྱང་དེ་ཡོང་ཐབས་རྩ་བ་ནས་མེད། དེ་ནི་སྐྱེས་པ་ཚོས་ཐུབ་པའི་ལས་མང་དག་ཅིག་བུད་མེད་ཚོས་བྱེད་ཐུབ་ཐབས་མེད་པ་ཞིག་དང༌། དེ་བཞིན་བུད་མེད་ཚོས་ཐུབ་པའི་ལས་མང་དག་ཅིག་ཀྱང་སྐྱེས་པོ་ཚོས་མི་ཐུབ་པས་ཤེས། དཔེར་ན། རྡོ་བཟོ་མཁས་པ་ཞིག་གིས་ལྷ་བཟོ་མཁས་པ་ཇི་བཞིན་མི་ཡོང་བ་དང་ཡོངས་སུ་མཚུངས། འོན་ཀྱང་གང་ལ་སུ་འཇོན་གྱི་ལས་ལ་ལྷག་བསམ་རྣམ་དག་གིས་འཇུག་དུས་རང་བཞིན་གྱིས་ཕོ་མོ་འདྲ་མཉམ་རེད། དེར་བརྟེན་ལུས་ཁམས་ཆགས་སྟངས་སོགས་གང་ས་ཅི་ཐད་ནས་ཕོ་མོ་འདྲ་མཉམ་སྔ་ནས་ད་བར་བྱུང་མེད། དེ་ན་ང་ཚོས་ཕོ་མོ་འདྲ་མཉམ་དང༌། ཕོ་མཆོག་མོ་དམན་རྩོད་ནས་ཅི་བྱེད། བོད་པའི་ཁ་དཔེར་༼ཆུ་དཀྲོགས་ནས་མར་མི་ལོན་༽ཞེས་པའི་དཔེ་དང་མི་མཚུངས་སམ།
༤ བོད་པའི་སྤྱི་ཚོགས་ནང༌། རྒྱ་གར་ནང་གི་བུད་མེད་བཞིན་ཁྱོ་ག་ཤི་རྗེས། ཆུང་མ་ས་སྦས་གཏོང་བ་དང༌། ཡང་ན་མཉམ་དུ་མེ་སྲེག་གཏོང་བ། དེ་བཞིན་རྒྱ་ནག་དུ་ཆ་བཞག་ཀྱང་བུད་མེད་ཚོའི་རྐང་པ་ཀོ་བ་རློན་པའི་ནང་ཀོ་བཏུམས་བརྒྱབ་པའི་༼རྒྱ་མོ་རྐང་རིལ་༽ཞེས་འབོད་པ་སོགས་ཀྱི་ལོ་རྒྱུས་ཡོད་པ་དེ་འདྲ་ང་ཚོའི་ལོ་རྒྱུས་ནང་བྱུང་མྱོང་མེད། དེ་བཞིན་མི་རིགས་ནག་པོར་མཚོན་ནའང༌། སྔ་རབས་བུད་མེད་ཚོའི་ཐོབ་ཐང་དེ་ཧ་ཅང་སྐྱོ་བ་ཡོད། བོད་པའི་བུད་མེད་ཚོེར་དེ་ལྟ་བུའི་ཐབས་སྐྱོ་བའི་གནས་ལ་ལྷུང་མེད་པའང་བུད་མེད་རྣམས་ནས་མཁྱེན་དགོས་པར་མཐོང༌།
༥ ད་ལྟ་ང་རང་ཚོ་འཚོ་སྡོད་བྱེད་སའི་རྒྱ་གར་ལུང་པ་ལྟ་བུར་མཚོན་ན། གཞུང་ཞབས་བུད་མེད་དང༌། སློབ་གྲྭ་ཁག་གི་དགེ་རྒན། སྨན་པ་སོགས་མ་གཏོགས། བུད་མེད་མང་ཆེ་བས་ནང་ལས་དང་ཕྲུ་གུ་གསོ་སྐྱོང་གི་ལས་གཉེར་པ་ལས།་མཐའ་ན་ཚོང་ཁང་ནང་དུའང་བུད་མེད་ཚོང་དཔོན་མིག་ལམ་དུ་མངོན་དཀོན་པ་ཞིག་མ་ཡིན་ནམ། བོད་པའི་བུད་མེད་ནི་དེ་ལྟར་མ་ཡིན་པར་ལས་ཀྱི་སྣེ་མོ་ཀུན་ལ་འཛེགས་ནས་ཡོད་པས་ན་ཐོབ་ཐང་ཟེར་བ་ཞིག་རྩོད་དགོས་པར་དང་གླེང་དགོས་པ་ཅི་ཡོད།
༦ རྒྱ་གར་བའི་ཁྱིམ་ཚང་ནང་གི་མནའ་མ་ཞིག་ལ་ཆ་བཞག་ན། ཕྲུ་གུ་བུ་ཞིག་སྐྱེས་མ་ཐུབ་ཚེ་གནའ་མ་དེ་ཁྱིམ་ཚང་ནང་ཐོབ་ཐང་མེད་ཁར་ཁྱིམ་མི་ཀུན་གྱིས་བརྙས་ནས་མི་ཚེ་འཁྱོལ་དཀའ། བྱིས་པ་མའི་ཁོག་པའི་ནང་ཡོད་དུས་ནས་བུ་མོ་ཞིག་ཡིན་པ་ཤེས་ཚེ་མི་ལུས་ལེན་རྒྱུའི་ཐོབ་ཐང་ཡང་ཧ་ལམ་མེད་པ་ལྟ་བུ་རེད། འོན་ཀྱང་བོད་པའི་བུད་མེད་ཚོས་དེ་ལྟ་བུའི་སྡུག་བསྔལ་མྱོང་མི་དགོས་པ་དང༌། བྱིས་པ་བཙས་རྗེས། མ་དེ་ཉིད་ལ་ཁྱིམ་མི་ཀུན་ནས་བྱམས་སྐྱོང་དང་བལྟ་སྐྱོང་གང་ཡག་བྱེད་ཀྱི་ཡོད། དེར་བརྟེན་བུད་མེད་ཚོས་ཐོབ་ཐང་རྩོད་དགོས་དོན་ཨེ་ཡོད་སྙམ།
༧ ལུང་ཚན་མི་འདྲ་བའི་དབར་ལ་བུད་མེད་ཀྱི་ཐོབ་ཐང་དང་ལྟ་སྤྱོད་མི་མཐུན་པ་རེ་ཡོད་སྲིད་པ་རེད། དེ་ནི་༼ལུང་པ་རེ་ལ་ཆ་ལུགས་རེ། བླ་མ་རེ་ལ་ཆོས་ལུགས་རེ་༽ཞེས་པའི་དཔེ་ལྟར་བོད་མདོ་དབུས་ཁམས་གསུམ་གྱི་བུད་མེད་ཚོའི་གནས་སྟངས་ཕྲན་བུ་མི་འདྲ་བ་ཡོད་སྲིད་ཀྱང་རྩ་བའི་ཆ་ནས་གནམ་ས་ལྟ་བུའི་བར་ཁྱད་ཨེ་ཡོད། དབུས་ཕྱོགས་ལ་མཚོན་ན། བུད་མེད་ཚོའི་ཐོབ་ཐང་ནི་ཧ་ལམ་སྐྱེས་པ་ཚོ་དང་འདྲ་མཉམ་ཡོད། དུས་དེང་སང་བོད་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། ༼དམངས་ལ་བདེ་སྐྱིད་སྤྲད་ན། རྒྱལ་པོ་བཙུན་མས་བྱས་ཀྱང་ཆོག༽ཞེས་པའི་གཏམ་དཔེ་ལྟར་བུད་མེད་རང་ཉིད་ནས་ཐུབ་ན་མདུན་ཕྱོགས་ཀྱི་འགྲོ་ལམ་དེ་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན། དེས་ན་ང་ཚོར་མ་ཐོབ་པར་ལྷག་བསྡད་པ་ཞིག་དང་བརྩད་ནས་ལེན་དགོས་པའི་གནད་དོན་ཞིག་ཨེ་ཡོད་སྙམ།
༨ ད་བར་བོད་ཀྱི་བུད་མེད་ཚོགས་པ་སོགས་ནས་དབུ་འཁྲིད་པའི་བུད་མེད་ཚོས། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཕྱག་ལས་མི་ཉུང་བ་ཞིག་གནང་ནས་འབྲས་བུའང་མིན་དམན་པ་ཞིག་ཐོབ་ཡོད། དེར་དུས་ནམ་ཡང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། འོན་ཀྱང་ཐོབ་ཐང་ཞེས་པ་དེ་ནི་ཚོགས་པ་ཞིག་གི་ངོས་ནས་རྩོད་དགོས་པའི་གནད་དོན་ཞིག་ཨེ་ཡིན། མཐོན་པོའི་ཁྲི་ལ་བཞུགས་པ། དཔེར་ན། དབུ་བུད་མེད་ཀྱི་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོས་མཚོན་ཐོབ་ཐང་ཡོད་དུས་ལས་ཆུང་ཚག་དག་ལ་ལྟ་ཅི། བུད་མེད་ཚོགས་པ་སོགས་བུད་མེད་ཀྱི་དབུ་ཁྲིད་རྣམ་པས་གཞོན་སྐྱེས་བུད་མེད་ཚོར་དམིགས་པའི་སློབ་གསོའི་ལས་འགུལ་དང༌། མ་འོངས་བོད་ཀྱི་བུ་ཕྲུག་རྣམས་རང་མི་རིགས་ཀྱི་ཡ་རབས་གོམས་གཤིས་དང༌། སྐད་ཡིག་རིག་གཞུང་སོགས་ལ་བྱང་ཆུབ་པའི་ཤེས་འཇོན་གཉིས་ལྡན་གྱི་བུ་ཕྲུག་ཞིག་སྐྱེད་བསྲིང་ཐད། དང་ཐོག་ནང་གི་ཨ་མ་རྣམས་དེ་ལྟའི་སྤུས་ཀ་ལྡན་པ་ཞིག་དགོས་པས། ཨ་མ་ཚོར་སློབ་གསོ་དང་སྦྱོང་བརྡར། ཟབ་སྦྱོང་སོགས་ལ་དམིགས་ནས་ལས་འགུལ་གང་མང་ཞིག་སྤེལ་དགོས་པ་དེ་ཁ་ཚ་དགོས་བཏུགས་ཡིན་པ་ལས་ཐོབ་ཐང་རྩོད་རྒྱུ་དེ་ཁ་ཚ་དགོས་གཏུགས་མིན་པར་སྙམ།
༩ དེ་བཞིན་རྒྱ་གར་གྱི་མཐོ་རིམ་སློག་གྲྭ་ཁག་ཐོན་མཁན་གྱི་བུད་མེད་ཚོར་མཚོན་ན། ཧ་ལམ་བོད་ཡིག་ཐོག་གཏོང་ཡིག་ཆ་ཚང་བ་ཞིག་ཀྱང་འབྲི་ཤེས་མཁན་ཞིག་ཀྱང་མེད་ཅེས་བཤད་ན་ཧམ་པ་ཆེ་དྲགས་ཨེ་ཡོད། བུད་མེད་ཚོགས་པ་སོགས་ནས་ད་བར་ཟབ་སྦྱོང་མང་དག་ཞིག་སྤེལ་གྱི་ཡོད་མོད། འོན་ཀྱང་གོང་ཞུས་ཀྱི་བུད་མེད་ཚོེར་དམིགས་པའི་རིག་གཞུང་ཡར་རྒྱས་དང༌། བུད་མེད་རྩོམ་པ་པོ་སྐྱེད་བསྲིང་གི་ཆེད་དུ་ད་བར་ཟབ་སྦྱོང་སྤེལ་བ་གོ་ཐོས་མ་བྱུང༌། གཅིག་བྱས་ན་ང་རང་ཐོས་རྒྱ་དང་མཐོང་རྒྱ་ཆུང་བས་ལན་སྲིད། གཞོན་སྐྱེས་ཚོ་ནི་ང་ཚོའི་རེ་ཡུལ་ཡིན་ལ། གཞོན་སྐྱེས་ཚོ་ནི་ང་ཚོའི་མ་འོངས་པའང་ཡིན་ཕྱིར། ཁོང་རྣམ་པར་སྦྱོང་བརྡར་སྤྲོད་རྒྱུ་དེ་བོད་སྤྱི་ཚོགས་ཡོངས་ཀྱི་འོས་འདན་དང༌། བུད་མེད་རྒན་གྲས་རྣམས་ཀྱི་ལས་འགན་ཡིན། དེ་ན་བུད་མེད་ཀྱི་ཐོབ་ཐང་རྩོད་པ་ལས་དེ་འདྲའི་རིོགས་ཀྱི་བྱེད་སྒོ་སྤེལ་ན་ཅི་མ་རུང༌།
༡༠ ང་ཚོས་བོད་ཀྱིོ་བུད་མེད་ཚོའི་སེམས་ཁམས་སྐོར་བརྗོད་གཞིར་བཟུང་ནས་གླེང་ན་མི་ཆོག་པ་མེད། དཔེར་ན། བོད་པའི་བུད་མེད་སྤྱིའི་གཤིས་སྤྱོད་དང་འབྲེལ་བའི་སེམས་ཁམས་དང༌། དེའི་བྱམས་བརྩེའི་ནུས་པ། ཁ་རྒྱུན་ལ་བོད་པའི་བུད་མེད་ཚོ་ནི་༼ངང་རྒྱུད་ཆུ་ལས་རིང་བ་དང་གཤིས་རྒྱུད་བལ་ལས་འཇམ་པ་༽ཞེས་བཤད་སྲོལ་ཡོད། དེ་ལྟའི་མ་བྱམས་སེམས་ཅན་ཞིག་ཡིན་ན། དེས་གསོ་སྐྱོང་གནང་བའི་ཕྲུ་གུ་དེའང་རང་བཞིན་གྱིས་བྱམས་དང་སྙིང་རྗེ་ལྡན་པ་ཞིག་འོས་ཡོད། དེ་ལྟའི་བརྗོད་གཞི་བཟུང་ནས་བགྲོ་གླེང་དང་ཤེས་འཇོན་དང་ཉམས་མྱོང་ལྡན་པའི་མི་སྣ་གདན་འདྲེན་ཞུས་ནས་སློབ་གསོའི་ལས་འགུལ་སྤེལ་ན། དུས་ནམ་ཞིག་རང་བཞིན་གྱི་དཔའ་མཛངས་ལྡན་པའི་བུད་མེད་ཁྱུ་ཞིག་གསོ་སྐྱོང་བྱེད་ཐུབ། དེས་ན། ཐོབ་ཐང་རྩོད་པའི་བགྲོ་གླེང་གོ་སྒྲིག་ཞུ་པ་ལས་གོས་ཞུས་བུད་མེད་ཀྱི་ཤེས་ཡོན་སྐོར་སོགས་ལ་བགྲོ་གླེང་གྲ་སྒྲིག་རེ་གནང་ན་ཅི་མ་རུང༌།
ཡིད་ལ་གང་ཤར་མཛུབ་མོའི་རྩེ་ནས་ཤོར།།
སུ་དང་གང་ལའང་འཐབ་ཆེད་བྲིས་མེད་པས།།
གཞན་གྱིས་བཀླགས་ནས་ཡིད་ལ་ཕོག་གྱུར་ན།།
བཟོད་པར་འཚལ་ཞེས་སྙིང་ནས་རབ་ཏུ་གསོལ།།
མི་ཤེས་ཡ། ད་ཧ་ཅང་བཤད་རྒྱུ་མང་དྲག་སོང་བའི་རྒྱུ་མཚན་གྱིས་གོ་ན་མི་འདོད་རྒྱུའི་སྐད་ཆ་གཉིས་ཡོད། གཅིག་དོལ་རྒྱལ་སྐོར་དང་། གཉིས་བུད་མེད་ཀྱི་ཐོབ་ཐང་ཟེར་བ་དེ་རེད། བུད་མེད་ལ་སུས་ཐོབ་ཐང་མ་སྤྲད་པ་རེད། ཨ་མདོའི་ལུང་པར་མཚོན་ན་ཁྱོ་གས་མི་ལ་འབྲེལ་བ་འཛུགས། ཚོང་བྱེད། བུད་མེད་དང་ཕྲུ་གུ་ལ་རྒྱན་ཆ་དང་གོན་པ་བསྒྲིགས་པ་སོགས་ཁྱིམ་ཚང་གི་ཁ་གསོ་བའི་འགན་ཕྱི་ལོགས་ནས་ཁུར་གྱི་རེད། བུད་མེད་ཀྱིས་ཁ་ལག་བཟོ་བ་དང་ཕྲུ་གུ་སྐྱོང་བ་སོགས་ནང་གི་འགན་ཁུར་ཀྱི་རེད། ལྷ་ས་བ་ཚོར་མཚོན་ན་སྐྱེས་པ་ལས་བུད་མེད་མགོ་མཐོ་བས་སྐྱེས་པའི་ཐོབ་ཐང་རྩོད་དགོས་པའི་ཚད་ལ་སླེབས་འདུག བཙན་བྱོལ་ལུང་པར་མཚོན་ན་བཀའ་བློན་དང་། སྤྱི་འཐུས་ཚོགས་གཞོན་སོགས་ནས་ཆེ་ས་གཉན་ས་ཐམས་ཅད་ལ་བུད་མེད་འདུག ད་དུང་༢༠༡༡ལོའི་བཀའ་བློན་ཁྲི་པར་ཡང་སོ་སོས་འཇོན་ན་རྒྱ་རི་སྒྲོལ་མ་སོགས་བུད་མེད་ཅིག་འགྲོ་སྲིད་པ་རེད། ད་བུད་མེད་ཀྱི་ཐོབ་ཐང་གང་ནས་རག་མི་འདུག སུ་ལ་རྩོད་ཀྱི་ཡོད། ཅི་ཞིག་ཆད་འདུག ངོ་མ་མི་ཤེས་ཀི་ཡ། ངས་སྔོན་མ་ཚེ་རིང་སྐྱིད་ལ་སྐད་ཆ་འདི་དྲིས་པ་ཡིན། འོན་ཀྱང་ཐོབ་ཐང་དགོས། ཐོབ་ཐང་དགོས་ཟེར་བ་ལས། གང་ནས་རག་མེད་པ་དང་། སུ་ལ་རྩོད་ཀྱི་ཡོད་པ་སོགས་ཀྱི་གསལ་ཆ་མོ་རང་ལ་ཡང་མི་འདུག ངོ་མ་ཡ་མཚན་རེད།
བུད་མེད་ཚོས་ཐོབ་ཐང་རྩོད་ལོས་དགོས། བུད་མེད་ལ་ཐོབ་ཐང་དགོས་ངེས་རེད།
འཛམ་གླིང་སྟེང་ཐོབ་ཐང་མེད་ས་ན་ཐོབ་ཐང་རྩོ་ད་བཞིན་ཡོད། རང་དབང་མེད་ས་ན་རང་དབང་རྩོད་བཞིན་ཡོད། འདྲ་མཉམ་མེད་ས་ན་འདྲ་མཉམ་རྩོད་བཞིན་ཡོད་པ་རེད།
བོད་ཀྱི་བུད་མེད་ཚོའང་དེ་དེ་བཞིན་རེད། ཡིན་ན་ཡང་། གོ་བདེ་བའི་ཚིག་གཅིག་གིས་ཞུས་ན།
བོད་ཀྱི་བུད་མེད་སུ་ལ་ཐོབ་ཐང་གང་ཞིག་དུས་ནམ་ཞིག་ལ་མ་རག་པ་དེ་གསུམ་པོ་གསལ་ཁ་འདོན་རྒྱུ་ཧ་ཅང་གལ་ཆེ་གི
བོད་ཀྱི་ཞི་མོ་ཚོས་། རྩོམ་ཟེར་ན་འདི་མོ་འབྲི་དགོས་ནི་རེད། ཚིག་དོན་གཉིས་ཀར་གོ་རྒྱུ་དང་ལེན་རྒྱུ་འདུག
བུད་མེད་ཚོགས་པའི་ཁོངས་སུ་ཡང་བསམ་བློ་འདི་འདྲ་གཏོང་ཐུབ་མཁན་ཞིག་ཡོད་ན། བུད་མེད་ཀྱི་ཐོབ་ཐང་གི་སྒང་ལ་བགྲོ་གླེང་འདྲ་བྱེད་ཀྱི་མ་རེད་།
སྐུ་མགྲོན་ཚོའི་ཆུ་ཚོད་འཕྲོ་བརླག་ལ་བཏང་། ཚོགས་པའི་དངུལ་འཕྲོ་བརླག་ལ་བཏང། ཐབས་སྐྱོ་བོ་རེད།
བུད་མེད་ཚོགས་པ་འདི་གནའ་ནས་ད་བར་དུ་ལས་འགུལ་ལ་འགོ་མཇུག་མེད་མཁན་གྱི་ཚོགས་པ་ཨང་དང་པོ་དེ་རེད་།
བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་སྤེལ་བའི་སྐབས་སུ་ཡང་། མཚམས་མཚམས་ལ་བུད་མེད་ཚོགས་པས་གཞོན་ནུའི་མཉམ་དུ་རང་བཙན་རྩོད་ཀྱི་ཡོད་རེད།
ཡང་མཚམས་མཚམས་ལ་བུད་མེད་ཚོགས་པས་དབུ་མའི་ལམ་རྩོད་ཀྱི་ཡོད་རེད། རབ་བྱུང་ན་བུད་མེད་ཚོགས་པ་འདི་ལ་གསར་བརྗེ་ཞིག་བྱེད་དགོས་ཀྱི་འདུག
རྡ་ལམ་ས་ལའི་དབུས་བུད་མེད་ཚོགས་པའི་དཀའ་ངལ་གསུམ།
༡ ལས་འགུལ་ལ་ལམ་སྟོན་བྱེད་ཐུབ་མཁན་གྱི་འགོ་འཁྲིད་ཚད་ལྡན་མེད་པའི་དཀའ་ངལ།
༢ ལས་འགུལ་སྤེལ་དུས་དགོས་བ་དང་དམིགས་ཡུལ་གསལ་བོ་མེད་པའི་དཀའ་ངལ།
༣ བོད་ཀྱི་རྩ་དོན་གྱི་ཕུགས་དང་སྤྱི་ཚོགས་ཀྱི་དགོས་མཁོ་མ་མཐོང་བའི་དཀའ་ངལ།
ཆུ་སྐྱེས་སྒྲོལ་མ་ལགས
ཁྱེད་ཀྱི་བསམ་ཚུལ་ཕྱེད་ཀར་མོས་མཐུན་ཡོད་ལ་ཕྱེད་ཀར་མེད་ཀི།
སྤྱིར་བུད་མེད་ཀྱི་ཐོབ་ཐང་དེ་བརྩད་ན་རྩོད་རྒྱུ་མེད་པ་ཞིག་མ་རེད་ལ་བརྩད་ནས་ཐོབ་རྒྱུ་ཡོད་པ་ཞིག་ཀྱང་མ་རེད།་་་གང་ལྟར་བུད་མེད་ལ་ཐོབ་ཐང་ཡོད་མེད་ཀྱི་དཔྱད་བརྗོད་ཅིག་སྤེལ་ཚེ་དཔྱད་གླེང་མཁན་མང་ཆེ་བས་ཕྱོགས་གཉིས་ལ་མཛུབ་མོ་བཙུགས་ཏེ་ལས་གནས་བྱེ་བྲག་པ་རེ་རེའི་ཐོག་བུད་མེད་ཞུགས་ཡོད་ན་ཐོབ་ཐང་འདྲ་མཉམ་དང་མེད་ཚེ་ཐོབ་ཐང་འདྲ་མཉམ་མིན་པའི་ལྟ་ཚུལ་བཟུང་སྟེ་རྩོམ་ཡིག་མང་བོ་སྤེལ་མོད།་་དོན་དུ་འབྲས་བུ་གང་ཡང་ཐོབ་ཐུབ་རྒྱུ་ཡོད་པ་མ་རེད།་་་དེ་ནི་དཔྱད་བརྗོད་པ་དག་གིས་བརྗོད་གཞིའི་གནས་ལུགས་ངོས་མ་ཟིན་པའམ་རྩ་གནད་དུ་མ་ཁེལ་བས་རེད།་སྤྱིར་བུད་མེད་ཀྱི་ཐོབ་ཐང་གླེང་སྐབས་རྒྱལ་ཁ་གཞན་དང་མི་རིགས་གཞན་ལ་དཔེ་འཇོག་མི་དགོས་པར་བོད་རང་གི་མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་ཌྷཌྷཌྷའགོ་བཙུགས་ཏེ་གླེང་དགོས།
དེས་ན་བོད་མིཌྷཌྷཌྷའི་བསམ་སྤྱོད་ཀྱི་འདུ་ཤེས་ཁྲོད་ཕོ་མཆོག་མོ་དམན་གྱི་ལྟ་བ་ཞིག་ཡོད་མེད་ལ་བལྟ་དགོས།
གལ་ཏེ་སྤྱི་ཡོངས་ནས་ཕོ་མཆོག་དང་མོ་དམན་པའི་འདུ་ཤེས་རེ་ཡོད་ན་རྒྱུ་རྐྱེན་གང་ལ་བརྟེན་ནས་དེ་ཡོང་བ་རེད་ཕོས་བྱེད་ཐུབ་པའི་བྱ་བ་མོས་མ་ཐུབ་པ་རྒྱུ་མཚན་དུ་བྱས་ནས་ཡོང་བ་ཡིན་ན་དེ་ཕོ་མོའི་ལུས་སེམས་ཀྱི་གནས་ལུགས་ངོས་མ་ཟིན་པས་ལན་པ་རེད།་་་སྤྱིར་ཕོ་མོ་གཉིས་ཕྱོགས་ཡོངས་ནས་བསྡུར་བ་དེ་གནས་ལུགས་ལ་གུས་བརྩི་མ་བྱས་པ་ཞིག་ལས་ཕན་ཁ་གང་ཡང་མེད།་་་་དེ་བས་ཕོ་མོ་སོ་སོའི་ལུས་སེམས་ཀྱི་ནུས་པ་ངོས་ཟིན་པའི་ཐོག་ནས་རང་རང་གི་གང་མཇོན་པའི་ལས་ལ་ཞུགས་ན་འཚམ་པ་ཡིན།
མདོར་ན་མིའི་རིགས་གཅིག་བུ་མིན་པར་ཕོ་མོ་གང་དང་གང་ཡིན་ཡང་བསྡུར་མི་རུང་རྒྱུ་མཚན་ལུས་ཀྱི་གྲུབ་ཚུལ་མ་འདྲ་བས་བསམ་བློའི་འདུ་ཤེས་ཀྱང་མི་འདྲ་བཌྷའི་གནས་ལུགས་དེ་ཤེས་དགོས།
གནས་ལུགས་དེ་ངོས་ཟིན་ན་རྩོད་རྒྱུ་མེད་ལ་བརྩད་ན་ཕན་པ་མེད་དེ་ལྟར་མིན་ན་བརྩད་ནས་གནས་ལུགས་དེ་ངོས་ཟིན་པར་བྱ་དགོས།་
རྡ་ལམ་ས་ལའི་དབུས་བུད་མེད་ལྷན་ཚོགས་ལ་སློབ་སྟོན་གནང་དགོས་བ་གསུམ།
༡ སྤྱི་བའི་དངུལ་དང་ཆུ་ཚོད་བེད་སྤྱོད་གཏོང་སྟངས་ལ་སློབ་སྟོན།
༢ བུད་མེད་ཀྱིས་སྤྱི་ཚོགས་ལ་འགན་ལེན་བྱེད་སྟངས་ཐད་སློབ་སྟོན།
༣ བོད་ཀྱི་རྩ་དོན་ཐད་ཕྱག་ལས་གནང་སྟངས་ལ་སློབ་སྟོན།
གཅིག་བྱས་ན་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཀྱི་ནང་ན་བུད་མེད་ཀྱི་ཐོབ་ཐང་ཤོར་ཚར་བ་དེ་འདྲ་ཡོད་སྲིད་པ་རེད།
དཔེ་མཛོད་ཀྱི་ནང་ཆོས་འཛིན་གྲ་དེ་ཚར་སོང་ན། ང་མེག་ལོར་ལ་གཅིག་འགྲོ་གི་ཡིན་། དེ་དུས་བུད་མེད་ལྷན་ཚོགས་སུ་སོང་ནས་རྒྱུན་ལས་ཚོར་སྐད་ཆ་འདྲི་གི་ཡིན།
སྤྱིར་བཏང་ནས་ཞི་མོ་ལོ་ཆུང་དེ་ཚོར་དགའ་རོགས་འདྲ་ཡོད་ན་མ་གཏོགས་ད་དུང་ཁྱོ་ཀ་མེད་རེད་ཟེར་བ་ཞིག་ཁ་སང་གྲོགས་པོའི་ཁ་ནས་གོ་སོང་།
ག་རེ་ཡིན་ན་ཡིན། དེ་རིང་སོང་ནས་གཅིག་བལྟ་གི་ཡིན།
བུད་མེད
ཆུ་སྐྱེས་སྒྲོལ་མ་ལྟ་བུའི་བུད་མེད་ཤེས་འཇོན་ཅན་ལ་ང་ཚོས་ཡི་རིང་དང་རྒྱབ་སྐྱོར་བྱེད་འོས།
དཔྱད་བརྗོད་པ་མྱིག་རྫོད་་ལགས།
ང་ཚེ་རིང་སྐྱིད་ཡིན། བུད་མེད་གླེང་བཞིན་པའི་བུད་མེད་སུ་ཡིན་ཡང་རུང་མོད། དེ་དག་གི་ལངས་ཕྱོགས་འདྲ་གིན་མ་རེད་བསམ་གྱིན་ཡོད། གལ་ཏེ་ཁྱེད་ཉིད་བདེན་པ་བརྡར་མཁན་གྱི་མི་ཞིག་ཡིན་ན་གནས་ལུགས་བཤད་རོགས།
ཉིད་ཀྱིས་ངའི་ཟིན་བྲིས་སུ་ཡོད་པའི་རྩོམ་ཡིག་རྣམས་ཀློག་ཏེ་ངས་གང་བརྗོད་འདོད་པ་དེར་མ་ལྟོས་པར་གནས་ལུགས་མི་ཤོད་པའི་འུར་རྒྱག་རྒྱུའི་གཤིས་ཀ་དེ་ཁྱེད་ལ་སུས་བསླབ་སོང༌།
སྔ་ཕྱི་མང་པོ་དང་སྤྱི་ཚོགས་གང་མང་ཞིག་ནས་ང་ལ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་པའམ་ཡང་ན་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་རེད་ཟེར་ནས། ཟིན་བྲིས་དང་ཡང་ན་མི་སྒེར་སོགས་ནས་ཀུ་རེ་དང་དངོས་ཡོད་བསྒྲགས་ནས་མིང་ཐོ་གང་མང་གིས་འབོད་ཀྱིན་ཡོད། ཡིན་ཡང་ང་རང་བློ་ཕམ་ས་དང་ཡིད་སྐྱོ་ས་ནི་མི་དེ་ཚོས་ངས་ག་རེ་ཤོད་འདོད་པའི་གོ་བ་མ་ལོན་པར་ཡོད་ཚད་ལ་ལོག་འགྲེལ་བྱེད་ཀྱིན་པ་འདི་རེད། དེ་བས་ངས་སླར་ཡང་འདི་ལྟར་གསལ་བོ་ཞིག་བཤད་པར་ཐལ་སོང་། བུད་མེད་རིང་ལུགས་པ་མང་པོ་ཞིག་གི་ཁ་གཏད་ས་འདྲ་བོ་ཡོད་ཀྱང་གླེང་ཕྱོགས་དང་གནས་ལུགས་འདྲ་གིན་མ་རེད། དེ་བས་ངས་ཟིན་བྲིས་འདི་ཝ་ཤིན་ཀྲོན་གྱི་དཔེ་མཛོད་ཞིག་གི་ནང་ནས་ཐད་ཀར་སྤེལ་བ་ཡིན། གལ་ཏེ་ཡིག་ནོར་དང་ཆཅད་ལྷག་ཡོད་ཚེ་དགོངས་པ་དྭངས་བར་ཤོག གང་ཤོད་འདོད་པ་དེ་ངའི་ཀློག་མཁན་ཚོས་གོ་ལ་ལོན་པར་ཤོག
ཐོབ་ཐང་རྩོད་མཁན་སུ་རེད།
བུད་མེད་ལགས། ཁྱེད་ལ་མུན་པ་དང་རླུང་བུ་ལ་གདོང་གཏོད་ཕོད་ན། དེའི་ཕ་རོལ་དུ་མཛེས་སྡུག་གི་ཤེས་ཡོན་དང་སྟོབས་ཤུགས་ཡོད། རྒྱ་ཆེ་བའི་ལམ་བུ་ཡང་ཡོད།
སྐྱེས་པ་ལགས། ང་བུད་མེད་ཡིན། ཡིན་ཡང་ང་ལ་དམིགས་བསལ་ཐོབ་ཐང་དང་དམིགས་བསལ་ཀྱི་ས་མིག་མི་དགོས།
ངས་ཐོབ་ཐང་རྩོད་ཀྱིན་མེད། ངས་བུད་མེད་ཚོས་འགན་ལེན་དགོས་ཟེར་གིན་ཡོད། བཙན་བྱོལ་གཙོས་པའི་རང་དབང་གི་ལུང་པར་བུད་མེད་ལ་ཐོབ་ཐང་མེད་པ་སུ་ཡིས་བརྗོད་འདུག ཡང་ན་བུད་མེད་ལ་ཐོབ་ཐང་མི་སྤྲོད་མཁན་སུ་རེད། སུ་ཡང་མེད་དེ་ངས་ད་ལྟ་བར་དུ་བྲིས་པའི་རྩོམ་ཡིག་གི་ནང་དུ་ང་ལ་ཐོབ་ཐང་སྤྲོད་རོགས་དང་། ང་ལ་ཐོབ་ཐང་མི་འདུག ང་ལ་ཐོབ་ཐང་མི་སྤྲོད་མཁན་འདི་རེད་ཅེས་པའི་རྩོམ་ཡིག་ནམ་ཡང་བྲིས་མ་མྱོང་། ངས་ནི་མི་རིགས་ཤིག་གི་འབྱུང་འགྱུར་མི་རབས་སྐྱེད་སྲིང་བྱ་བར་བུད་མེད་ཚོར་འགན་ཆེན་པོ་ཡོད་པ་དང་། བྱིས་པ་ནི་འབྱུང་འགྱུར་གྱི་མི་རབས་ཡིན་ལ་མི་རིགས་ཀྱི་སོན་རྩ་ཡིན་པས་མི་རིགས་ཀྱི་ཁེ་ཕན་དང་མཐུན་པའི་བྱིས་པ་སྐྱེད་སྲིང་བྱ་དགོས་ན་བུད་མེད་ཚོའི་བསམ་བློ་ དང་སློབ་གསོ་ཡར་རྒྱས་གཏོང་དགོས་པ་ནི་མི་རིགས་ཤིག་དང་སྤྱི་ཚོགས་ཤིག་གི་ཐོག་མའི་གནད་དོན་ཡིན།འདི་ནི་ངས་བརྗོད་འདོད་བྱེད་བཞིན་པའི་རྩ་དོན་ཡིན།
བུད་མེད་ཚོས་རང་ཉིད་ནི་འབྱུང་འགྱུར་མི་རབས་འདི་ཡི་རླབས་ཆེན་གྱི་མ་ཡུམ་ཡིན་པར་ཡིད་ཆེས་གནང་དགོས། འདི་དང་མཉམ་དུ་བུད་མེད་ལ་རང་གི་མི་རིགས་དང་རྒྱལ་ཁབ་སྐྱོང་བའི་འགན་ལེན་རང་བཞིན་གྱི་ཕུགས་བསམ་དགོས་ལ། རང་གི་ལྷན་སྐྱེས་ཀྱི་མཛེས་པའི་ཁྲོད་ནས་བྱིས་པའི་ཨ་མ་ཆགས་རྒྱུ་ཡོད་པའི་རྒྱུད་རིམ་འདིའི་བར་ན་ཁྱེད་ལ་དེ་ལས་ཀྱང་མི་རིགས་ཀྱི་འབྱུང་འགྱུར་དང་བྱིས་པའི་འབྱུང་འགྱུར་ལ་བསམ་གཞིགས་ཤིག་དང་འཆར་གཞི་ཞིག། ད་དུང་གནད་དུ་འཁེལ་བའི་ཁེར་ཚུགས་ཀྱི་བསམ་བློ་ཞིག་ཡོད་དགོས། བྱིས་པའི་དགེ་རྒན་ཐོག་མ་ནི་ཨ་མ་ཡིན་པ་བཞིན་ཨ་མས་བྱིས་པའི་སློབ་གསོའི་ཁ་ཕྱོགས་ལ་ཤན་ཤུགས་ངེས་ཅན་ཐེབས་ཐུབ་ཀྱིན་ཡོད་པས་བྱིས་པ་གང་འདྲ་ཞིག་སྐྱེད་བསྲིང་བྱེད་མིན་དེ་ཨ་མའི་བསམ་བློ་ལ་འབྲེལ་བ་དམ་ཟབ་ཡོད། བྱིས་པ་ནི་འབྱུང་འགྱུར་གྱི་མི་རབས་ཡིན་ལ་མི་རིགས་ཀྱི་སོན་རྩ་ཡིན་པས་མི་རིགས་ཀྱི་ཁེ་ཕན་དང་མཐུན་པའི་བྱིས་པ་སྐྱེད་བསྲིང་བྱ་དགོས་ན་བུད་མེད་ཚོའི་བསམ་བློ་དང་སློབ་གསོ་ཡར་རྒྱས་གཏོང་དགོས་པ་ནི་མི་རིགས་ཤིག་དང་སྤྱི་ཚོགས་ཤིག་གི་ཐོག་མའི་གནད་དོན་ཡིན།
༼སྤྱི་ཚོགས་ཀྱི་གྲུ་ཟུར་གང་ཞིག་ནས་ལངས་ཀྱང་སྙིང་དུ་མི་སྡུག་པའི་དོན་བྱ་གང་མང་གིས་དུས་ནམ་ཡང་རང་ཉིད་ལྷོད་ལྷོད་དུ་མི་འཇོག ངས་ནམ་ཡང་རང་ཉིད་ལ་འདི་ལྟ་བུའི་རབ་རིབ་དང་སྐྱོ་གདུང༌། ཡང་ན་འགན་ཁུར་ཇི་འདྲ་ཞིག་སེམས་ངོར་ལེན་དོན་གསལ་ཆ་མ་མཆིས་ཀྱང་སྤྱི་ཚོགས་གང་མང་གི་རྡོག་སྣེ་རུ་གོམ་པ་རྒྱབ་ཚེ་གཞི་ནས་དོར་མི་ཐུབ་པའི་གྲིབ་རིས་ཤིག་དང༌།གྲིབ་རིས་དེ་ཡིས་ང་ལ་བཞག་པའི་སྡུག་བསྔལ་ཇེ་ཆེ་དང་ཁ་ཇེ་གསལ་རེད། དེ་ནི་ཕ་ཡུལ་གྱི་རི་གྲོང་ན་ལང་ཚོ་དོན་མེད་དུ་ཟད་བཞིན་པའི་བོད་ཡུལ་གྱི་ཨ་མ་དང་བུད་མེད་ཚོའི་ཆེད་དུ་རེད་ལ། གྲོང་ཁྱེར་གྱི་སྲང་བར་དང་རྫོང་འཐུག་པའི་མི་ཚོགས་ཁྲོད་དུ་རུལ་སུངས་ནས་འཇིག་ཉེན་ལ་འགྲོ་བཞིན་པའི་བོད་ཀྱི་བུད་མེད་ཚོའམ་ཡང་ན་བོད་ཀྱི་མ་འོངས་པ་ཡིན་པའི་མི་རབས་གསར་བ་དག་གི་ཨ་མ་ཚོའི་ཆེད་དུ་རེད། ༽ འདི་ནི་ངས་བོད་ཀྱི་བུད་མེད་དང་མི་རབས་གསར་བ་ཞེས་པའི་ནང་གི་གླེང་བརྗོད་ཙམ་ཡིན་ལ་འདིའི་ནང་དུ་ངས་བོད་ཀྱི་བུད་མེད་ཚོར་གང་ཡང་མེད་པར་བཤད་ཀྱིན་མེད་པར་དུས་རབས་གསར་བ་འདིའི་ནང་དུ་ཅི་ཡང་ཡོད་ཀྱང་། རང་གི་མི་རིགས་དང་མི་རིགས་ཀྱི་འབྱུང་འགྱུར་མི་རབས་ལ་འགན་ཁུར་བའི་བུད་མེད་ཀྱི་དཔུང་སྡེ་ཡོད་མེད་སྐོར་བྲིས་ཡོད།
༼མང་པོ་ཞིག་གིས་ཁ་གཅིག་གྲགས་ལ་སྲོལ་རྒྱུན་དང་ཆོས་ལུགས།ལོ་རྒྱུས་སུ་ཡོད་པའི་བུད་མེད་ཀྱི་སྟོང་ཆ་སོགས་ལ་ལེ་བདའ་དང་འཁང་ར་བྱས་ཏེ་ད་ལྟའི་བོད་རིགས་བུད་མེད་ཚོའི་གནས་བབ་འདི་སྲོལ་རྒྱུན་གྱི་ནག་ཉེས་ཁོ་ནར་རྩིས་ཏེ་ཡོད་ཚད་འདས་ཟིན་པའི་རྒྱབ་ལོགས་ཀྱི་ནག་ཉེས་ཡིན་པར་སྒྲུབ་ཀྱིན་འདུག སྤྱི་ཚོགས་གང་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་འཕེལ་རིམ་ཞིག་ཡོད་པས་ང་ཚོས་ཡོད་ཚད་སྔར་སོང་ལ་ལེ་བདའ་ཙམ་བྱེད་པ་ལས་རང་ཉིད་ནས་མགོ་མི་རྩོམ་པར་བསྡད་ན་ནམ་ཞིག་མི་རབས་རྗེས་མ་དག་གིས་ང་ཚོ་ལ་ཡང་ལེ་བདའ་མི་བྱེད་པ་ག་ལ་སྲིད། ཡོད་ཚད་གཞན་ལ་ཁག་དཀྲི་བྱེད་པ་དང་ཡོད་ཚད་སྲོལ་རྒྱུན་དང་སྤྱི་ཚོགས། ལོ་རྒྱུས་དང་ཆོས་ལུགས་ལ་ཁག་དཀྲི་བ་ལས་དེ་རིང་གི་དུས་རབས་དང་གནས་སྟངས་དེ་ང་ཚོ་མི་རེ་རེ་ཡི་ལག་ན་ཡོད་པས།ང་ཚོ་རང་ཉིད་ནས་མགོ་རྩོམ་དགོས། ཐོབ་ཐང་ཟེར་བ་དེ་ཁྲིམས་ལུགས་ནང་འདྲ་མཉམ་འཁོད་ཐུབ་པ་ཞིག་དང་གནས་བབ་ཟེར་བ་དེ་ཡར་རྒྱས་གཏོང་ཐུབ་པ་ཞིག་ཡིན་ཡང༌། རྩ་་བའི་འདུ་ཤེས་ཀྱིས་བསླངས་པའི་བསམ་བློ་ལ་འགྱུར་བ་གཏོང་མ་ཐུབ་པ་ཡིན་ན་དམིགས་བསལ་གྱིས་གོ་གནས་སྤྲོད་པ་དང་ཐོབ་ཐང་སྤྲད་པ་ཙམ་གྱིས་སྤྱི་ཚོགས་སྤྱིའི་རྣམ་པ་དང་གནད་དོན་འདིའི་མགོ་ཁུངས་ལ་འགྱུར་བ་གཏོང་ཐུབ་པ་མ་རེད།༽ འདི་ནི་ངས་བུད་མེད་ཀྱི་མིག་ཅིག་གིས་བོད་ཀྱི་བུད་མེད་ལ་ལྟ་བ་ཟེར་བའི་རྩོམ་ཡིག་དེའི་ཁྲོད་ཀྱི་གླེང་བརྗོད་ཡིན་ལ། འདིའི་ནང་དུ་ངས་བོད་རིགས་བུད་མེད་ཚོར་ཐོབ་ཐང་ཡོད་མེད་དང་གོ་གནས་ཡོད་མེད་སོགས་ནི་བཤད་འགྲོས་ཙམ་ཡིན་པ་དང་། ང་ཚོར་དགོས་པ་ནི་སྐྱེས་ཕོ་མོ་སུ་ཡིན་ཡང་རང་རང་གི་མདུན་དུ་ལྷག་པའི་ལས་གནས་དང་འཚོ་བ། སྤྱི་ཚོགས་དང་མི་རིགས་ལ་འགན་ལེན་གྱི་འདུ་ཤེས་བརྟན་པོ་དང་སློབ་གསོའི་རྨང་གཞི་བརྟན་པོ་ཞིག་དགོས་པ་བརྗོད་ཡོད་པ་ལས། བུད་མེད་ཚོ་གནའ་ནས་ད་བར་སྐྱེས་པ་ཚོའི་བྲན་གཡོག་རེད་དང་མ་རེད། ང་ཚོར་ཐོབ་ཐང་ཡོད་དང་མེད་སོགས་ཀྱི་གནད་དོན་འདི་དག་གནད་འགག་ལ་བརྩི་གིན་མེད། ༼བོད་རིགས་བུད་མེད་ཚོ་གླེང་བ་ནས་ཁ་ཅིག་གིས་ལོ་རྒྱུས་སུ་གསལ་བའི་བོད་རིགས་བུད་མེད་ཚོའི་སྟོང་ཆ་དང༌། སྲོལ་རྒྱུན་གྱིས་བུད་མེད་ཚོར་འདྲ་མཉམ་མིན་པའི་གོ་གནས་ཤིག་སྤྲད་ཡོད་པར་བརྗོད་ལ༌།ཡང་ཁ་ཅིག་གིས་ལོ་རྒྱུས་སུ་ཡོད་པའི་བུད་མེད་མཁས་པ་དང་འཇོན་ཐང་ཅན་རེ་གཉིས་ཀྱི་མིང་ནས་བཟུང་ཏེ། བུད་མེད་ཀྱི་འཇོན་ཐང་ལ་རྒྱབ་རོགས་འཚོལ་བ་སོགས་མདོར་ན་ལྟག་རྒྱབ་གྱི་ལོ་ཟླ་གླེང་བ་ལས་མིག་མདུན་གྱི་དངོས ་དོན་ལ་སྣང་འཇོག་དེ་ཙམ་བྱེད་ཀྱིན་མི་འདུག༽ཅེས་བརྗོད་ཡོད་ལ། འདི་ཡོད་ཚད་ལས་ངས་བརྗོད་འདོད་བྱེད་བཞིན་པ་ནི་ང་ཚོ་ལ་གང་ཡང་མི་འདུག ཁྱེད་ཚོར་ཡོད་ན་ང་ཚོ་ལ་ཡང་དགོས་ཟེར་གྱིན་མེད་པར། བུད་མེད་ཚོས་ད་ལྟའི་སྐལ་བཟང་དུས་རབས་འདི་ནས་རང་རང་གི་མི་རིགས་དང་སྤྱི་ཚོགས་ལ་འགན་ཁུར་གྱིས་མཉམ་ཞུགས་གནང་དགོས་པར་འབོད་སྐུལ་གཏོང་གི་ཡོད་ལ། ངས་ནི་དམིགས་བསལ་གྱིས་རང་དབང་ལུང་པར་འཚར་བའི་བོད་རིགས་བུད་མེད་ཚོ་ནི་ཡིག་རྨོངས་ལས་གྲོལ་ཞིང་ཕལ་ཆེ་ཤོས་ལ་དེང་རབས་ཀྱི་བསམ་བློ་ཡོད་པར་བསམ་གྱིན་ཡོད། ཡིན་ཡང་ཅིའི་ཕྱིར་རང་གི་མི་རིགས་ཀྱི་བདེ་སྡུག་ལ་མཉམ་ཞུགས་ཀྱིས་སྤྱི་ཚོགས་ནང་གི་གནད་དོན་མང་པོར་འགན་ལེན་གྱིན་མེད་དམ། དེ་ཡང་སྤྱི་ཚོགས་ཀྱིས་གོ་གནས་མ་སྤྲད་པ་མ་ཡིན་ལ་སྤྱི་ཚོགས་ཀྱིས་ཐོབ་ཐང་མ་སྤྲད་པ་ཡང་གཏན་ནས་མ་རེད། དམིགས་བསལ་གྱིས་བཙན་བྱོལ་བོད་གཞུང་གི་ངོས་ནས་དམིགས་བསལ་ས་མིག་དང་གོ་སྐབས་སྤྲོད་བཞིན་པ་མ་ཡིན་ནམ།
མདོར་ན་ངས་རང་དབང་ལུང་བའི་བུད་མེད་ཚོས་མི་རིགས་ཀྱི་བདེ་སྡུག་ལ་སྐྱེས་པ་ཚོ་དང་མཉམ་དུ་འགན་མཉམ་ལེན་བྱ་དགོས་ཟེར་གྱིན་ཡོད། ངས་བོད་ཀྱི་བུད་མེད་ཚོས་རང་གི་ནུས་པ་དང་བློ་རིག ཡོན་ཏན། སྐྱེས་སྟོབས་སོགས་མི་རིགས་འདིའི་བདེ་སྡུག་གི་ཕྱོགས་སུ་ཅུང་ཙམ་འཁོར་ནས། ཅུང་ཙམ་དོ་སྣང་གིས། ཅུང་ཙམ་བློས་གཏོང་གིས་འགན་མཉམ་ལེན་བྱེད་ན་བསམ་གིན་ཡོད།
ཆུ་སྐྱེས་སྒྲོལ་མའི་འཇོན་ཐང་ཟོ་ཟེར་ན་མི་ཤེས་ལ། རྩོམ་ཡིག་བྲིས་ནོ་ལ་ཁ་ཐོག་མྱིག་ཐོག་ལ་ཤར་བསྡད་ནོ་འདི་རེད། ངོ་ནས་བསམ་བློ་གཏོང་ཕྱོགས་རྒྱ་ཆེ་ལ་གཏིང་ཟབ་པ་རེད། ད་རུང་ངག་བདེ་མོ་ཟིག་ལ་ཡོད་ཀི ཡག་མོར་སྒོ་ཟེར་ན་རིག་མ་མྱོང་བས་བཤད་དཀའ་གི མདོར་ན་ཁྱོ་ཀས་སྐྱིད་བརྒྱབ་དང་ན་འགྲིག་གི བྱིས་པ་ཚོའི་ལ་ཡང་སྐྱིད་རེག་རྒྱུ་རེད། ཁྱིམ་ཚང་དྲོ་ལུག་ལུག་ལོས་བཟོ་འདོ་ཀི འོ་ད་ཁྱོ་ཀ་ཆང་སྐྱ་ཟིག་འཁེལ་སོང་ན་འདག་རྒྱུ་རེད། ངས་བལྟས་ན་ཨམ་མདོ་ཕྱོགས་ལ་ཡང་ཁྱོ་ཀས་སྐྱེས་སྨན་ལ་རྡུང་བ་ལྟར་བུད་མེད་ཀྱིས་ཀྱང་ཁྱོ་ཀ་ལ་རྡུང་བའི་ལུགས་སྲོལ་ཅིག་ཡོད་ཀྱི་ན་ཧྲ་གི་འདོད་ཀི
དྲ་གྲོགས་རྣམས་ནས་རང་རང་གི་འདོད་ཚུལ་དང་བསམ་ཚུལ་ལྷུག་པོ་གནང་འདུག་པར་ཐུགས་རྗེ་ཞུ་བ་ཡིན།
ཉེ་བའི་ཆར་རང་སྐྱོང་ལྗོངས་སྐྲི་ཞུ་གཞོན་པ་ཧོ་ཕམ་དབུས་པའི་བལ་ཡུལ་གཞུང་འབྲེལ་སླེབས་སྐབ་
བལ་ཡུལ་བློ་མཐུན་ཚོགས་པའི་དཔོན་རིག་རྣམ་ནས་ཧོ་ཕམ་དང་རྒྱ་མི་སྐུ་ཚབ་རྣམ་ལ་ཐུག་འཕྲད་དང་སྒྲོ་གླིང་
བཅས་བྱེད་ཡོད་པའི་གནས་ཚུལ་་༢༠༠༩་ཟླ་༡༢ ཚེས ༡ ཉིན་དགོང་མོ་ལྷ་ས་བོད་ལྗོང་གསར་འགྱུར་གཉན་ཕྲིན་ནང་ཁ་གསལ་མངོན་བཞིན་གནས་རྟང་ཛ་དྲག་དེ་ཐོག་ལ་བོད་མི་རྣམས་གིས་ཐབས་ཤེས་ག་འདྲ་དགོས་མེད་ཐུག་འགན་བཞེས་རྒྱུ་གནད་ཆེ་བ་དང་།
བསོ་ཕོག་བཞེས་མཁན་རྣམ་མཚན་གཞུང་རིམ་བཞིན་འགོད་རྒྱུ་ལས་།
༡༽ འབའ་ཆུང་ཚང་འཇུ་དགའ།
༢༽ དགེ་རྒྱས་ཚང་ཀུན་དགའ།
༣༽ མི་སྤྲུལ་ཚང་བྱམ་པ་རྒྱལ་མཚན་།
༤༽ རྒྱལ་ཚུག་ཚང་གཏན་རྒྱལ་།
༥༽ བསོད་ཚོད་ཚང་བཀྲ་གཡང་།
༦༽ ན་ཉོད་ཚང་ཨ་མཆོག་།
འ་ འ་འ་ འ།
ད་འ་ཡེ་ཚོ་མཉམ་དུ་གཟའ་མཁོན་མི་རྒྱག་།
འ་ཡེ་ཚོས་། གང་བཤད་ན་དེ་བདེན་གི་བཟོས་ན་བཞག་དང་བཟང་། གཟའ་འཁོན་གི་བར་ལ་རྡོ་བཙུགས།
‘‘བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་’’ཞེས་པ་འདི་ང་ལ་མཚོན་ན་གསར་བ་གསར་རྐྱང་ཞིག་ཡིན། སྤྱིར་བོད་ཀྱི་བུད་མེད་ལ་དབང་ཆ་དང་གོ་གནས་ཆེ་བ་གནའ་རབས་བོད་ཀྱི་ཡིག་ཆ་ཁག་གི་གྲ་དང་ཟུར་ན་མཐོང་རྒྱུ་མང་པོ་འདུག
སྐར་ཆུང་(དཀར་ཆུང་)རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་གི་རྡོ་རིང་ངོས་སུ་བྲིས་པའི་ཡི་གེར་གཞིགས་ན། རྒྱལ་པོའི་གཤམ་དུ་དབང་ཆ་མཐོ་བ་གཅིག་རང་ཡོད་པ་ནི་བོད་ཀྱི་བཙུན་མོ་དང་ཇོ་མོ་རེད། དེའི་རྗེས་ནས་བློན་ཆེན་ཁག་རེད་འདུག གསེར་གྱི་གཞོང་བ་ལ་འཇག་མའི་ལྷན་པ་ཡིན་སྲིད་ཀྱང་། སྐབས་རེར་འདི་དག་ལའང་ཞིབ་འཇུག་མང་ཙམ་བྱེད་དགོས་མཐོང་།
བོད་ཀྱི་བུ་མེད་ཀྱི་ཐོབ་ཐང་སྐོར་ལ་། གོང་ན་འདོད་ལྷས་འདོད་པ་ཚིམས་པ་ཞིག་གསུང་འདུག་།
དེ་ཅུ་མི་བདེན་ནས།
དེ་ག་རང་རེད་བཞག།
དག་དག་རེད་།
༡ བོད་ཀྱི་བུད་མེད་སུ་ལ་
༢ ཐོབ་ཐང་གང་ཞིག་
༣ དུས་ནམ་ཞིག་ལ་མ་རག་པ་དེ་གསུམ་པོ་གསལ་ཁ་འདོན་རྒྱུ་ཧ་ཅང་གལ་ཆེ་གི
འུམ། འུམ། འུམ། ་་་
“རིགས་བཟང་གི་བུ་། རང་ང་ཤགས་པ་བདབ་ནི་ཟིག་ག་རིགས་གི་” གསེར་འདོག་གི་ཕ་ས་ལས་གཡར་།
ཨ་ལ་ལ། ད་ཡིན་ན་ཚེ་རིང་སྐྱིད་ནས་དཔྱད་བརྗོད་ཧ་ལས་པ་ཅིག་སྤེལ་འདུག ཞར་དང་ཞོར་ལ་སྨྱིག་རྫོབ་ཀྱི་མགོ་ལ་ཏྰ་ཕོ་༼མེ་སྒྱོགས༽གིས་གཅིག་བརྒྱབ་དང་ནོ། ད་སྨྱིག་རྫོབ་ཟེར་ནོ་སྔ་མ་བརླ་བར་ལ་བཅུག་ནས་བྲོས་སོང་ཟིག ད་ཁ་གྲགས་རྒྱུ་ཅིག་ག་ལ་ཡོད།
དྲ་གྲོགས་ཡོངས་ནས་བསམ་ཚུལ་ལྷུག་བརྗོད་གནང་བར་ཐུགས་རྗེ་ཆེ།
གཞན་ཡང་མཁྱེན་དགོས་པ་ཞིག་ལ། བུད་མེད་སྨྱུག་ཐོག་པ་ཡོངས་ཀྱིས་འགག་ཕྱོགས་དང་སྒྲུབ་ཕྱོགས་གང་འདྲ་ཞིག་ནས་བུད་མེད་ཀྱི་སྐོར་གླེང་སློང་བྱེད་པ་ཡིནའང་། རྩ་བའི་དམིངས་ཡུལ་ནི་གཞོན་སྐྱེས་ཚོར་བློ་སྐྱེད་ཡོང་ཆེད་དང་ཉམ་ཐག་བུད་མེད་ཚོའི་དཀའ་ངལ་སེལ་ཐབས་ལ་འབད་རྒྱུ་དེ་གཅིག་མཚུངས་དང་ང་ཚོའི་ལངས་ཕྱོགས་ཀྱང་ཡིན་ནོ།
བུད་མེད་ཀྱི་ཐོབ་ཐང་རྩོད་པའི་འདི་མཚན་མཐུན་ཆགས་སྤྱོད་ཀྱི་འབོད་པ་ཡིན། བུད་མེད་ཀྱིས་ཐོབ་ཐང་རྩོད་མཁན་ཚོས་ཕྱི་རྒྱལ་ལ་རྩད་རྩད་ནས་སྐྱེས་པ་ཚོ་སུན་སྣང་སྐྱེས། སྐྱེས་པ་དང་བུད་མེད་གཉིས་ཀྱི་བར་ལ་རྒྱང་ཐག་རིང་ཏུ་བཏང་། དེ་ནས་མཚན་མཐུན་ཆགས་སྤྱོད་འདི་མང་རུ་སོང་བ་རེད། ད་ཡིན་ན་བོད་ཀྱི་སྤྱི་ཚོགས་ནང་ལ་ཡང་འབོད་པ་འདི་ཡང་ཡང་མཐོང་རྒྱུ་འདུག་ཀ ད་ཅང་འགོར་རྒྱུ་མ་རེད། བོད་ནང་ལ་ཡང་མཚན་མཐུན་ཆགས་སྤྱོད་དུ་མ་ཟད་མཚན་མཐུན་ཆང་ས་ཡང་ཡོང་རྒྱུ་རེད།
ཨ་རོག་ཟླ་མེད་ལགས།
ཁྱོའི་མཆན་འདི་ལ་ལྟོས་དང་རྣམ་དབྱེ་ལ་བྱང་ཡོད་མེད་གསལ་བོ་རེད་ལ།
རེད་རེད་གཞོན་ནུ་ཟླ་མེད། ཚེ་རིང་སྐྱིད་ཀྱིས་ངའི་མགོ་ལ་ཏྰ་ཕོ་༼མེ་སྒྱོགས༽གིས་གཅིག་བརྒྱབ་སོང་། ངས་མོ་རང་གི་རྩོམ་ཡིག་སྔོན་མ་ཚོ་ལ་བམ་ཀློག་རེ་མ་གཏོགས་ཞིབ་ཆ་བྱས་ནས་མ་བཀླགས་པའི་སྐྱོན་རེད་འདུག ཡ་མེད་མ་འདི་ལ་ང་འདྲ་བོས་ཁ་ཡ་ཡོང་རྒྱུ་ཞིག་ཡིན་ས་མ་རེད། ཡང་གཅིག་བཤད་ན་དྲིན་ཅན་མ་འདི་བོད་ཀྱི་བུ་མོའི་ཡང་རྩེ་ཡིན་པས་མོ་རང་ལ་ཕྱག་འཚལ་བ་ལས། མང་པོ་ཞིག་ཞུ་མི་ཕོད། ང་འདི་བུ་མོ་ཞིག་གི་སྔུན་ལ་ལྷུང་སོང་ན་ཝ་ཕྲུག་ཆུང་ཆུང་ཞིག་དང་འདྲ།