༼༡༽ བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁ་དམག་སྒར་ལྟེ་བའི་ལས་ཁུངས་ཁག་དང་འགན་འཛིན་ལྷན་ཚོགས་ཀྱི་ངོ་སྤྲོད་མདོར་བསྡུས།
བེ་རི་འཇིགས་མེད།
ཉེ་རབས་ཀྱི་ལོ་རྒྱུས་ཁྲོད། ནམ་ཡང་བསུབ་ཐབས་མེད་པའི་མཚན་སྙན་གྱི་བ་དན། འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་གཡོ་བའི་བོད་ཤར་ཕྱོགས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བོད་ཀྱི་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་ལོ་རྒྱུས་ཀྱི་སྐོར་ལ། རང་རེ་བོད་ནང་ཁུལ་ཙམ་དུ་མ་ཟད། ཨ་རིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་དུ་མར་ཡོངས་སུ་གྲགས་ཤིང༌། ལྷག་དོན་ཉེ་སྔོན་ཨ་རིའི་གསང་བའི་ལས་ཁུངས་ནས་བོད་འབྲེལ་སྡེ་ཚན་འགན་ཁུར་ལས་བྱེད་རྙིང་པ་ཁག་གིས་བཏོན་པའི་དེབ་དང༌། རྒྱ་ནག་ནས་ཉམས་ཞིབ་པ་དང་རྩོམ་པ་པོ་མང་པོས་ངོ་ལོག་ཇག་པ་ཞོད་འཇགས་དང༌། ངོ་ལོག་ཇག་པའི་གཏོར་བཤིག ཁམས་པའི་ཇག་པ་སོགས། མིང་ངན་འདྲ་མིན་བེད་སྤྱོད་བྱས་ནས་རྩོམ་པའི་དེབ་ཕྲེང་དུ་མའི་ནང་དུ་འཇིག་རྟེན་གྱི་གཏམ་དཔེར། བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད།
བུ་མོ་མ་ཡིས་མི་བསྟོད་གནས་ཀྱིས་བསྟོད། ཟེར་བ་ལྟར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་དང་དམག་དོན་བཀོད་ཇུས། ཆིག་སྒྲིལ་ནུས་ཤུགས་གང་ཅིའི་ཐོག་ནས།དམག་མི་འབུམ་ཕྲག་མང་པོ་དང་ག་ོལག་མཚོན་ཆ་དཔེ་གསར་སྣ་ཚོགས་ཡདོ ་པའི་རྒྱ་ནག་སྐམ་ས་ཆེན་པའོ ་ིདམག་སྲིད་ལས་ཁུངས་ལྟེ་བ་ནས་ཀྱང་མི་བཟོད་པའི་སྐད་ངན་ཤོར་དགོས་བྱུང་པའི་གནས་ཚུལ་འཁོད་ཡོད།
རང་རེ་བཙན་བྱོལ་དུ་ཡོད་པའི་ཆུ་བཞི་སྒང་དྲུག་གི་སྒྲིག་བཙུགས་ནས་ཀྱང༌། ལོ་མང་པོ་ཞིག་ལ་རྩོམ་སྒྲིག་ལས་ཁུངས་མ་ལག་དང་བཅས་པ་བཙུགས་ནས། རྒྱལ་སྲུང་དམག་འཐབ་སྐབས་ཀྱི་གཞུང་དམངས་གཉིས་ནས་བཏང་བའི་ཡིག་འཕྲིན་ཁག་དང༌། གན་རྒྱའི་རིགས་སོགས་རྩ་ཆེན་ཡིག་ཆ་མང་པོ་བདག་ཉར་ཐོག དགྲ་འཐབ་བཙན་རྒོལ་གྱི་བཀོད་འདོམས་པ་དང༌། རྒྱལ་སྲུང་དགྲ་འཐབ་ནང་དངོས་སུ་ཞུགས་པའི་མདོ་དབུས་རིས་མེད་ཀྱི་བསྟན་སྲུང་དང་བླངས་དཔའ་བོ་ཞལ་བཞུགས་ཡོད་རིགས་ཁག་སྔ་ཕྱིར་མི་ངོ་ལྷན་འཛོམས་ཀྱི་ཚོགས་འདུ་བསྐོང་ནས། རྒྱལ་སྲུང་དམག་འཐབ་སྐབས་ཀྱི་དོ་བདག་སོ་སོས་དངོས་བྱུང་ལོ་རྒྱུས། ངག་ཐོག་ནས་གསུང་བ་ཟུར་བྲིས་ཕབ་པ་ཁག་དང༌། སྔ་ཕྱིའི་ཚོགས་འདུའི་ཐོག་ཞུགས་ཐུབ་མེད་པའི་གྲས་ནས། མང་པོ་ཞིག་གིས་སྒྲ་ཐག་དང་ཡིག་ངག་གཉིས་ཐོག་ནས་དབུས་རྩོམ་སྒྲིག་ལས་ཁུངས་ལ་འབྲེལ་མཐུད་བྱས་པའི་ཟིན་ཐོ། དཔྱད་གཞིའི་ཡིག་ཆ་སྔ་ཕྱི་མང་པོ་ཞིག་ཡོད་ཀྱང་རྒྱ་ཆེ་མང་ཚོགས་ཀྱི་སྤྱན་ལམ་དུ་བསྟར་རྒྱུར། ཡུལ་དུས་གནས་བབ་གང་ཞིག་གི་རྐྱེན་པས་ཕྱི་འགྱངས་སོང་སྟབས། མང་ཚོགས་ཁྲོད་ནས་མང་པོ་ཞིག་གིས་དངོས་བྱུང་རྒྱལ་སྲུང་དམག་འཐབ་ཀྱི་ལོ་རྒྱུས་འདི་ལ་གཟིགས་འདོད་ཡོད་པ་མ་ཟད། སྐད་ཡིག་དང་མི་རིགས་གཞན་དང་གཞན་དག་གི་ཁྲོད་ནས་ཀྱང་ལོ་རྒྱུས་འདིར་དོ་སྣང་ཧ་ཅང་ཆེ་རུ་འགྲོ་བའི་སྐབས་དང་བསྟུན་ནས།ཆུ་སྒང་དཔའ་བོའ་ིལོ་རྒྱུས་ལས། ཆུ་སྒང་གཙོ་འཛིན་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་འཁྲིད་པའི་བྱང་བསྐྱོད་དམག་དཔུང་གིས། རྒྱལ་སྐྱོབ་བཙན་རྒོལ་གྱི་དགྲ་འཐབ་རབ་དང་རིམ་པར་བྱས་ཚུལ་རྣམས། ལོ་རྒྱུས་དེབ་ཕྲེང་སྔ་མའི་ཐོག་བཀོད་ཟིན་ནས།
ད་ནི་བྱང་བསྐྱོད་དམག་དཔུང་ཐོན་ཚར་བའི་རྗེས་ཤུལ་དུ། ལྷོ་ཁར་བཅའ་སྡོད་བསྟན་སྲུང་དྭངས་བླངས་དམག་གི་དགྲ་འཐབ་རྒྱལ་སྐྱོབ་ཀྱི་དངོས་བྱུང་ལོ་རྒྱུས་རགས་ཙམ་འགོད་པར་འདོད་དེ། དེ་ཡང་དང་པོ་ལྷོ་ཁར་རྟེན་གཞིར་བྱས་ནས་ལྷོ་ཁའི་རྫོང་ཁག་ཡོངས་ཀྱི་ས་ཁུལ་གྱི་དགྲ་བོ་འབུར་འཇོམས་དང་མཐའ་བསྐྲོད། དེ་བཞིན་རྒྱ་དམག་ལྷོ་ཁའི་ཕྱོགས་སུ་རྩ་མེད་ས་གཙང་བཏང་བ་བཅས་ཀྱི་དགྲ་འཐབ་དང༌། ༧གོང་ས་མཆོག་གིས་དབུས་རིས་མེད་ཆོས་སྡེ་ཁག་གི་བླ་ཆེན་དང་། དགེ་འདུན་འདུས་སྡེ། གྲྭ་བཙུན་སེར་སྐྱ་རིས་མེད་ཕེབས་ལམ་གཙང་སེལ་ཐོག ༧གོང་ས་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་བསྐྱེལ་གྲ་རྒྱས་ཞུས་པ། རྒྱ་ཆེའི་བོད་རིགས་ཀུན་གྱི་བྲོས་ལམ་བསལ་བ་དང༌། ཕྱི་འདེད་རྒྱ་དམག་ཁྲི་ཕྲག་ལངས་པར་འཐབ་རྒོལ་དྲག་པོ་བྱས་པ་བཅས་ཡིན་ལ། བྱང་བསྐྱོད་དམག་མིའི་གཙོ་འཛིན་དང་། དམག་སྤྱི་བརྒྱ་དཔོན་སོགས་ཀྱི་ཐོ་གཞུང་དང་ཐོག་མར་རྒྱ་རྒོལ་འཐབ་འཛིངས་ཀྱི་དམག་དོན་ལོ་རྒྱུས་འདིའི་ནང་གསལ་མེད་པ་དང༌། ད་ལན་གྱི་ལོ་རྒྱུས་འདིའི་ནང་ལྷོ་ཁ་ཁུལ་དུ་ཡོད་པའི་གཙོ་འཛིན་དང་དམག་སྤྱི་བརྒྱ་དཔོན་སོགས་དང༌། དམག་འཐབ་ཀྱི་ལོ་རྒྱུས་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་བཀོད་ན།
(1) དང་པོར་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་ཤུལ་སྡོད་དམག་སྒར་གྱི་གཙོ་འཛིན་དངོས་སུ་ཡོད་པ་ཁག་གི་མཚན་གཞུང༌།
༡༽ ཀ་དང་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་འཛིན་གསུམ་ནི།
སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ།
ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ།
ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ།
༢༽ ཁ་དང་འབའ་པ་གཙོ་འཛིན་ཕྱག་མཛོད་བཀྲ་ཤིས
༣༽ ག་དང་ཀོང་རག་གཙོ་འཛིན་ཀླུ་སྒྲུབ་ཕྱག་མཛོད།
༤༽ ང་དང་ཆ་ཕྲེང་གཙོ་འཛིན་སྲས་དགེ་སློང་དང༌། ཐུབ་བསྟན།
༥༽ ཅ་དང་ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ། ལེགས་བཤད།
༦༽ ཆ་དང་འཇོལ་པ་ཟམ་གདོང་ཕྱག་མཛོད།
༧༽ ཇ་དང་ལི་ཐང་གཙོ་འཛིན་འཇང་ཚ་ཆོས་མཛད། ཇ་མ་བསམ་འཕེལ།
༨༽ ཉ་དང་ཉག་རོང་གཙོ་འཛིན་སྐལ་བཟང་རྡོ་རྗེ།
༩༽ ཏ་དང་ཚ་རོང་གཙོ་འཛིན་དམ་པ་བློ་གྲོས།
༡༠༽ ཐ་དང་རྒྱལ་ཐང་གཙོ་འཛིན་མཁར་ཆེན་ཕྱག་མཛོད།
༡༡༽ ད་དང་དཀར་མཛེས་གཙོ་འཛིན་སྐྱབས་མགོན་ཕྱག་མཛོད་ཚུལ་ཁྲིམས། ལམ་གྲགས་ཕྱག་མཛོད།
༡༢༽ པ་དང་དར་དགོན་གཙོ་འཛིན་སྐལ་བཟང་དབང་ལྡན་དང༌། པད་རྡོར་རྒྱ་བོ།
༡༢༽ པ་དང་དར་དགོན་གཙོ་འཛིན་སྐལ་བཟང་དབང་ལྡན་དང༌། པད་རྡོར་རྒྱ་བོ།
༡༣༽ ཕ་དང་རྟའུ་གཙོ་འཛིན་ནོར་བུ།
༡༤༽ བ་དང་གོ་འཇོ་གཙོ་འཛིན་ཆོས་དྲུག་དོན་འགྲུབ་ཕུན་ཚོགས།
༡༥༽ མ་དང་ཞི་ཚེ་མཁའ་འགྲོ་དར་རྒྱས།
༡༦༽ ཙ་དང་བྲག་འགོ་གཙོ་འཛིན་སེམས་ཉིད་རྡོ་རྗེ།
༡༧༽ ཚ་དང་ཆབ་མདོ་གཙོ་འཛིན་རྡོ་ཚེ།
༡༨༽ ཛ་དང་སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ།
༡༩༽ ཝ་དང་བྲག་གཡབ་གཙོ་འཛིན་ཨ་ཕྲུག་བླ་མ། བཀྲ་རྣམ།
༢༠༽ ཞ་དང་རྒྱལ་རོང་གཙོ་འཛིན་ཤེས་རབ་དང༌། ཐུབ་བསྟན་ཡར་འཕེལ།
༢༡༽ ཟ་དང་སྒ་བ་གཙོ་འཛིན་དབང་ཆེན་ལྷ་མགོན་དང༌། གྲའུ་དཔོན་རིན་ཆེན་ཚེ་རིང༌།
༢༢༽ འ་དང་སྟོང་སྐོར།
༢༣༽ ཡ་དང་སྨར་ཁམས་གཙོ་འཛིན་གྲགས་པ་བླ་བྲང་ཕྱག་མཛོད་བསྟན་པ་འཕྲིན་ལས་དང༌། གུ་གྲགས།
༢༤༽ ར་དང་མི་ཉག་གཙོ་འཛིན་ཨ་ཕོ་ཡོན་ཏན།
༢༥༽ལ་དང་གླིང་ཚང་གཙོ་འཛིན་སྲས་འཇིགས་མེད་༼མཚོ་སྣ་ནས་གཙོ་འཛིན་བྱས༽ དམག་སྤྱི་ཡར་གླིང་དབང་རྒྱལ།
༢༦༽ ཤ་དང་ཀོང་པོ་གཙོ་འཛིན་ཀོང་སྟོད་དྲི་མེད་སྟེང་དཀར་པད་མ་ཀུན་བཟང༌།
༢༧༽ ས་དང་ས་འདུ་གཙོ་འཛིན་བློ་བཟང་སྙན་གྲགས།༼ལྷ་རྒྱ་རི་ནས་གཙོ་འཛིན་ལ་བསྐོས༽
༢༨༽ ཧ་དང་དགའ་ལྡན་གཙོ་འཛིན་བཅས།
གོང་གསལ་འདི་དག་ཆུ་སྒང་མ་ཡིག་དང༌། དང་བླངས་དཔའ་བོ་འཚོ་བཞུགས་ཡོད་པའི་རྒན་རབས་ཚོར་དྲིས་ནས་བཀོད་པ་ཡིན་ཞིང༌། ད་དུང་ལྷོ་ཁའི་ཁུལ་ཡོད་གཙོ་འཛིན་གྲས་ཀྱི་མིང་གཞུང་མ་འཁོད་པ་ཡོད་ན་མཚམས་འདིར་འཇུག་དགོས།
(2) ལྷོ་ཁ་ཁུལ་དུ་ཡོད་པའི་དམག་སྤྱིའི་གོ་གནས་ཡོད་པ་ཁག
དེ་འོག་ལྷོ་ཁ་ཁུལ་ཡོད་བསྟན་སྲུང་དང་བླངས་དཔའ་བོའ་ིཁྲོད་ནས་དམག་སྤྱི་ཇི་ཡོད་ཀྱི་མིང་གཞུང་གཤམ་གསལ།
ཁ་དང་འབའ་པ་དམག་སྤྱི་རྒན་ཡེ་ཤེས་དང༌། རྒན་རྣམ་རྒྱལ། རྒན་ཨ་ལེགས།་ལེགས།
ང་དང་ཆ་ཕྲེང་དམག་སྤྱི་ཟླ་བ། ཀུན་བཟང་ཆོས་འཛིན།
ཅ་དང་ཨ་མདོ་དམག་སྤྱི་ཆོས་གྲགས། བླ་བྲང་ལེགས་བཤད། ཁྲ་མོ།
ཆ་དང་གཡང་འཕེལ་ཚེ་རིང༌།
ཇ་དང་ལི་ཐང་དམག་སྤྱི་ཨ་ལོ་ཟླ་བ་དང༌། དབྲ་ཕྲུག་ངག་དབང༌། ངག་
དབང་བསྟན་པ། རྒྱ་རྡི་དོན་འགྲུབ།
ཉ་དང་ཉག་རོང་དམག་སྤྱི་སྐལ་བཟང་རྡོ་རྗེ།
ཏ་དང་ཚ་རོང་དམག་སྤྱི་ཨ་དཔག
ཐ་དང་རྒྱལ་ཐང་དམག་སྤྱི་ཨ་ཡང་སྟེང་པ།
ད་དང་དཀར་མཛེས་དམག་སྤྱི་པདྨ་ཡེ་ཤེས། ལྷག་པ་ཚེ་དབང༌། ཀོང་པོ་རྒྱ་ཞིང་དུ་དམག་འཐབ་སྐབས་དཔའ་བོའ་ིབྱས་རྗེས་སུ་དམག་སྤྱིར་བསྐོས།
པ་དང་དར་དགོན་དམག་སྤྱི་གསེ་གསེ་དང༌། དཔལ་ཆེན།
ཕ་དང་རྟའུ་དམག་སྤྱི་མཁས་གྲུབ། དབང་ཆེན་དར་རྒྱས། རིན་ཆེན་དརརྒྱས།
བ་དང་གོ་འཇོ་དམག་སྤྱི་ཆོ་དྲུག་དོན་ལྷ། ཨ་སངས།
མ་དང་ཞི་ཚེ་དམག་སྤྱི་ཡ་སྐྱབས།
ཙ་དང་བྲག་མགོ་དམག་སྤྱི་སེམས་ཉིད་རྡོ་རྗེ།
ཚ་དང་ཆབ་མདོ་དམག་སྤྱི་བྱང་རི་ལྷ་རྒྱལ། བློ་ཉི། པདྨ་དབང་འདུས། ཚེ་རྡོར།
ཛ་དང་སྡེ་དགེ་དམག་སྤྱི་ཕུ་མ་རིན་རྣམ། འབའ་ཆུང་དཔོན་མཐུ་སྟོབས་
མགོན་པོ། ཀ༔ཐོག་ཕུར་པ་འཕྲིན་ལས། ཆུ་རྡོ་བུ་དབང་ཕྱུག་ཚེ་རིང༌།
ཝ་དང་བྲག་གཡབ་དམག་སྤྱི་ཨ་ཕྲུག་བླ་མ་དང༌། ངག་དབང་ཡོན་ཏན།
ཞ་དང་རྒྱལ་རོང་དམག་སྤྱི་ལྷ་རྒྱལ།
ཟ་དང་སྒ་པ་དམག་སྤྱི་བུ་བཀྲ་ཡག་དང༌། ཚེ་རྒྱལ། བེ་ཅང་རིན་འཛིན་ཚེ་དབང༌། དགེ་ལརགས་ཕུན་ཚོགས།
འ་དང་སྟོང་སྐོར།
ཡ་དང་སྨར་ཁམས་དམག་སྤྱི་བསྟན་འཕེལ།
ལ་དང་གླིང་ཚང་དམག་སྤྱི་ཡར་གླིང་དབང་རྒྱལ།
ཤ་དང་ཀོང་པོ་དམག་སྤྱི་བྱམས་པ། ཀོང་པོ་ཉིང་ཁྲི་དབང་ར་ལྷ་དབང་ཚེ་རིང༌། ཀོང་སྨད་དེ་མོ་བདེ་སྐྱིད་ཁང་གསར་པད་མ་ཚེ་དབང༌།
ས་དང་ས་འདུ་དམག་སྤྱི་གཤོང་གཉེར་བསོད་ནམས་དབང་རྒྱལ།
ཧ་དང་དགའ་ལྡན་དམག་སྤྱི་རྒན་བུ་སྡིག
ཨ་དང་གཙང་པ་དམག་སྤྱི་སྤེལ་ཟུར་རྡོ་རྗེ་ནོར་བུ་བཅས་ཡིན།
དམག་སྤྱིའི་མིང་གཞུང་འདི་དག་ནི་ཆུ་སྒང་ཡིག་ཚང་དང་རྒྱུས་ཡོད་འཚོ་བཞུགས་དྭངས་བླངས་དཔའ་བོ་རྒན་པོ་ཁག་གཅིག་ལ་བཅར་འདྲི་བྱས་ནས་བཀོད་པ་ཡིན་ལ། མིང་གཞུང་འདིའི་ནང་མ་ཚུད་པའི་ལྷོ་ཁའི་དམག་སྤྱི་གང་རྙེད་མཚན་གཞུང་འདིའི་ནང་འཇུག་དགོས། ཕྱོགས་མཐར་བཞུགས་པའི་ཆོལ་གསུམ་རིས་མེད་ཀྱི་དང་བླངས་དཔའ་བོའ་ིདམག་སྤྱིའི་མཚན་ཐོ་གང་ཞིག་མཁྱེན་ན། འདི་གར་བསྐུར་གནང་མཛད་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོས་ཤ་ཁྲག་གི་རིན་ཐང་བོད་དོན་དུ་བཏང་བའི་དཔའ་བོ་དེ་དག་གི་མཚན་སྙན་ནམ་ཡང་མི་བརྗེད་པའི་དྲན་རྟེན་གྱི་ཆེད་དུ་དེབ་ཕྲེང་རྗེས་མ་རྣམས་སུ་འགོད་རྒྱུ་ཡིན།
གོང་གསལ་གཙོ་འཛིན་དང་དམག་སྤྱི་གཅིག་ལྕོག་ཡིན་པའང་འགའ་ཞིག་ཡོད་པ་ནི། སྐབས་དེར་ལུང་ཚན་སོ་སོའ་ིའཐུས་ཚབ་ལྟ་བུ་འདང་མིན་ཐོག་ནས་ཡིན་པ་དང༌། ཡང་བཤད་སྲོལ་གཅིག་ལ་འགན་འཛིན་ཚོགས་འདུ་ནང་ཞུགས་མཁན་ཚོ་ལ་གཙོ་འཛིན་དང༌། འགན་འཛིན་ཚོགས་མི་ཡིན་པར་མ་ཟད། དྲག་པོའ་ིགཡུལ་སར་དམག་འཐབ་འགྲོ་མཁན་ཡང་ཡིན་པ་ཚོ་དམག་སྤྱི་ཡང་ཡིན་པ་རེད་ཟེར། ད་དུང་གྲི་གུ་དམག་སྒར་ཐོག་མར་ཆགས་དུས་མེད་ཀྱང་ཕྱིས་སུ་མཚོ་སྣ་དང་ལྷ་རྒྱལ་རི་སོགས་ནས་གཙོ་འཛིན་དང་དམག་སྤྱི་བསྐོ་བཞག་བྱས་པ་དང༌། འགའ་ཞིག་བྱང་དམག་ཁ་འཐོར་ནས་ལྷོ་ཁའི་ཁུལ་དུ་ལོག་པ་དང༌། ཡང་དམག་སར་དགྲ་འཐབ་བཙན་རྒོལ་གྱི་བྱས་རྗེས་གཞག་མཁན་ཁག་ལ་དམག་སྤྱིའི་གོ་གནས་གནང་བ་སོགས་ཅི་རིགས་ཚུད་ཡོད།
(3) ལྷོ་ཁའི་དམག་སྒར་གྱི་བརྒྱ་དཔོན་ཁག་གི་མཚན་གཞུང་གང་རྙེད་བཀོད་པ།
ལྷོ་ཁའི་དམག་སྒར་གྱི་བརྒྱ་དཔོན་ཁག་གི་མཚན་གཞུང་གང་རྙེད་བཀོད་ན།
ཁ་དང་འབའ་བ་བརྒྱ་དཔོན་རྫིང་ཞབས་ཆོས་མཛད།འབའ་པ་ལེ་རྒྱ་ཆོས་འཕེལ།
ག་དང་ཀོང་རག་བརྒྱ་དཔོན་ཨ་བཟང༌། བློ་བཟང་ཕུན་ཚོགས། ངག་དབང་སྦྱིན་པ། བློ་བཟང་བསྟན་པ། རྟ་མགྲིན།
ང་དང་ཆ་ཕྲེང་བརྒྱ་དཔོན་བློ་བཟང་ཤེས་རབ། ཡེ་ཤེས་ཉི་མ། ཟླ་བ། བསྟན་པ་ཤེས་རབ། ཆོས་འཕེལ། བློ་བཟང་རྒྱལ་མཚན། ཨ་རྒྱལ་སྐལ་ལྡན། ཀོ་བ་བསྟན་པ་རྒྱ་མཚན། བསྟན་པ་རབ་རྒྱས། ངག་དབང༌།
ཅ་དང་ཨ་མདོ་བརྒྱ་དཔོན་ཚེ་བཟང༌། ཝེ་མ་རྒྱལ། བླ་ཁོ། བསོད་ནམས་ཚེ་རིང༌། འཇིགས་མེད། རྡོ་སྦོས་སྒྲོལ་མ་སྐྱབས། བསོད་ནམས་རྒྱལ། བློ་གྲོས།
ཆ་དང་འཇོལ་པ་བརྒྱ་དཔོན་ཀརྨ་བསྟན་འཛིན། དབང་གྲགས། གེ་སར། སྐལ་བཟང་བསྟན་པ།
ཇ་དང་ལི་ཐང་བརྒྱ་དཔོན་བློ་བཟང་ནོར་བུ། རག་ར་རྒྱས་དར། སྐྱ་ལི་ཚེ་འཕེལ། བློ་བཟང་བཀྲ་ཤིས། ཆོས་གྲགས། ཕུན་ཚོགས་སེ་སྦེ༌། སྐལ་ལྡན། ངག་དབང་བསྟན་འཛིན། རུ་དཔོན་ཀུན་དགའ་བསམ་གཏན། ཨ་མཁྱེན།
ཉ་དང་ཉག་རོང་བརྒྱ་དཔོན་ཨ་ཚེ། ཨ་རྡོ།
ཏ་དང་ཚ་རོང་བརྒྱ་་དཔོན་བཀྲ་ཤིས་རབ་བརྟན། ཨ་བརྟན། བསོད་ནམས་རབ་བརྟན། དར་རྒྱས། ཚ་བ་སྒང་པ་ནོར་བུ།
ཐ་དང་རྒྱལ་ཐང་བརྒྱ་དཔོན་རྒྱལ་མཚན། དམ་ཆོས་རྒྱལ་མཚན། འབྲོག་ཆུང༌། ཆབ་རྫོང་བློ་བཟང༌། ཨ་དཔོན། ཚུལ་ཁྲིམས། ཁྱིམ་གསར་བསྟན་པ་ཡར་འཕེལ། ཡང་ཐང་པ་ངག་དབང་བསྟན་འཕེལ།
ད་དང་དཀར་མཛེས་བརྒྱ་དཔོན་དཔལ་ལྡན་བཟང་པོ། དཀར་མཛེས་ཚེ་དབང་མགོན་པོ། ཕུན་རྒྱལ། སྐལ་རྒྱན། ཚེ་དཔག་དར་རྒྱས། བརྒྱ་དཔོན་སྒྲོལ་མ། བློ་བཟང་འཕྲིན་ལས། སྡེ་ར་ཤག་རི་ཚང་གསེར་དགའ།
པ་དང་དར་དགོན་བརྒྱ་དཔོན་ངག་དབང་ཕུན་ཚོགས། བློ་ཚེ། བློ་བཟང་ཤེས་རབ། ཚེ་རིང༌།
ཕ་དང་རྟའུ་བརྒྱ་དཔོན་འགྱུར་མེད་དབང་ལྡན། དབང་ཆེན་དར་རྒྱས།
བ་དང་གོ་འཇོ་བརྒྱ་དཔོན་འཇམ་དབྱངས། རྡོ་ཚ་མགོན་པོ་བསམ་འགྲུབ།
མ་དང་ཞི་སེ་བརྒྱ་དཔོན་གསེར་དགའ།
ཙ་དང་བྲག་མགོ་བརྒྱ་དཔོན་གཡུང་དྲུང༌།
ཚ་དང་ཆབ་མདོ་བརྒྱ་དཔོན་ཁམས་ཕྲུག་ཚེ་རིང༌། ཕུན་ཚོགས་དབང་འདུས། བསོད་ནམས། ཆབ་མདོ་བུ་ལགས་སམ། ཕུན་ཚོགས་དབང་འདུས།
ཛ་དང་སྡེ་དགེ་བརྒྱ་དཔོན་དཔལ་ཚ་ཁྲ་རིང༌། རིན་ཆེན་དར་རྒྱས། སྤམ་ཁ་མགོན་པོ། གནས་ར་དགེ་ལེགས། ཚེ་དབང་མགོན་པོ། སྦ་ལུག། འཛི་སྒ་ཨ་འཇིགས། བདུན་པ་ཨ་རྡོ། བུ་ཡེ་རྣམ་རྒྱལ། ནོར་བུ། འཇུ་ཆེན་བསོད་ནམས་ཕུན་ཚོགས། བླ་མ་ཆོས་གྲགས་རྒྱ་མཚོ།
ཝ་དང་བྲག་གཡབ་བརྒྱ་དཔོན་རིན་ཆེན་དར་རྒྱས། བསྟན་པ་བློ་བཟང༌། ངག་དབང་བསྟན་པ། ལོ་འདོད། འཇམ་དབྱངས། འཆི་མེད།
ཞ་དང་རྒྱལ་རོང་བརྒྱ་དཔོན་བསྟན་པ། རྒྱལ་རོང་བསྟན་འཛིན། རྒྱལ་རོང་ལྷ་རྒྱལ།
ཟ་དང་སྒ་བ་བརྒྱ་དཔོན་ཡོན་ཏན་ཚུལ་ཁྲིམས། ཨེ་ཅུང༌། རྡོ་རྐོ་སྒ་པ་སྟོབས་ལྡན། གུ་ཤུ་འཇམ་དགའ། བསོད་ནམས། པ་སངས། ཀུན་བཟང་འཕྲིན་ལས། ཨུ་རྒྱན་ལྷ་སྐྱབས། དབྱངས་ཚེ་རིང༌། ངག་དབང༌།
འ་དང་སྟོང་སྐོརབརྒྱ་དཔོན་ཀརྨ།
ཡ་དང་སྨར་ཁམས་བརྒྱ་དཔོན་རབ་རྒྱས། བློ་གྲོས་རྒྱ་མཚོ། དགེ་འདུན་བྱང་ཆུབ། བྱང་ཆུབ་རྒྱལ་མཚན། རྒྱལ་མཚན་ཆོས་གྲགས། བྱང་དམར་བློ་བཟང་ཚེ་རིང༌། དཀར་ཚང་ངག་དབང་བློ་བཟང༌། ངག་དབང་ཟླ་བ། ངག་དབང་བློ་བཟང༌། དགའ་གཡང༌། ཆོས་མཛོད། ལྡིང་དཔོན་དཔལ་རྒྱལ། ལྡིང་དཔོན་དགེ་འདུན་ཡེ་ཤེས། ལྡིང་དཔོན་བློ་གྲོས་རྒྱལ་མཚན།
ལ་དང་གླིང་ཚང་བརྒྱ་དཔོན་རྡོ་རྗེ། ནོར་བུ་ཚེ་རིང༌།
ས་དང་ས་འདུ་བརྒྱ་དཔོན་གཙང་ཁ་བསྟན་པ་དར་རྒྱས། བདག་པོ་ཚེ་དབང་འཕྲིན་ལས། ས་འདུ་བསོད་ནམས།
ཧ་དང་དགའ་ལྡན་བརྒྱ་དཔོན་འགའ་ཞིག་ཡོད་ཅེས་པ་ལས། མིང་འཁོད་གསལ་པོ་མི་འདུག (གཞན་ཡང་རྒྱ་ཤོད་བན་དཀར་བ་རྨར་ཚ་ཚང་རབ་འབྱོར། སྲ་སྟེང་རྒྱལ་སྟོན་རྫོང་དམག་སྤྱི་ཤོག་བཅུ་ལྡེང་དཔོན་དངོས་གྲུབ་རྡོ་རྗེ། ཁྱུང་པོ་དཀར་རུ་དཔོན་ཚེ་དབང་སྟོབས་རྒྱལ། ཧོར་སྦྲ་ཆེན་དཔོན་སོག་སྲས་སངས་རྒྱས་རྣམ་རྒྱལ།) དབུས་པ་དྭངས་བླངས་བརྒྱ་དཔོན་རྡོབ་རྡོབ། རྒྱལ་རྩེ་བརྒྱ་དཔོན་ལྷ་དར། གྲྭ་བཞི་དང་རྒྱལ་རྩེའི་གཞུང་དམག་བསྟན་སྲུང་དང་བླང་དམག་ཁོངས་སུ་ཞུགས་པའི་གྲས་ནས། གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ། ཆུ་ཤུལ་བར་སྨད་ཀུན་བཟང༌། ཞལ་ཟུར་བློ་བཟང་ཡེ་ཤེས། རྒྱལ་རྩེ་ལྡིང་དཔོན་རྣམ་རྒྱལ་དབང་འདུས། ལྡིང་དཔོན་པད་མ་རྒྱལ་པོ། ཇོ་ལགས་འཆི་མེད་མགོན་པོ། སྐུ་ངོ་མདུན་རབ། གཙང་པ་པད་ཟུར་རྡོ་རྗེ་ནོར་བུ། རྗེས་སུ་དམག་སྤྱིའི་གོ་གནས་སྤྲད། ཆུ་སྒང་ཕོག་དཔོན་འབྲི་གུང་བ་བསོད་ནམས་བག་བྲོ། (ཀོང་པོ་བརྒྱ་དཔོན་གྲ་མདའ་དབང་ཕྱུག ཀོང་པོ་བརྒྱ་དཔོན་ལྕང་ར་རྡོ་རྗེ། ཀོང་པོ་བརྒྱ་དཔོན་གཏམ་སྙན་སངས་རྒྱས་རྡོ་རྗེ། ཀོང་པོ་བརྒྱ་དཔོན་གྲས་མ་སྒང་ཨ་དར་དབང་ཕྱུག ཀོང་པོ་བརྒྱ་དཔོན་གནས་སྤར་རྒྱ་ར་གཞིས་ཀ་ཟླ་བ་རྡོ་རྗེ། ཀོང་པོ་བརྒྱ་དཔོན་ཕན་མཁར་བློ་བཟང་བསྟན་འཛིན། འདི་ཚོ་ལྷོ་ཁའི་དམག་སྒར་ནང་ཞུགས་མེད)།
དེ་དག་ལ་སོགས་པའི་ལྷོ་ཁའི་དམག་སྒར་(ཀོང་པོ་དང་ལྕགས་ར་དཔའ་འབར་)ནང་གི་དགྲ་འཐབ་དཔའ་རྩལ་གཟེངས་སུ་འཐོན་པ་དང༌། དཔའ་མཛངས་རྟུལ་ཕོད་གཞན་དྲིང་མི་འཇོག་པའི་བརྒྱ་དཔོན་མང་པོ་ཞིག་ཡོད་ནའང༌། ཆུ་སྒང་མ་ཟིན་ཡིག་ཚང་དུ་མིང་གཞུང་ལོགས་སུ་མེད་སྟབས་འགོད་རྒྱུ་མ་རྙེད། རྒྱ་ཆེ་ཀློག་པ་པོ་ཚོའི་ངོས་ནས། བསྟན་སྲུང་དང་བླང་དམག་ཁོངས་ཀྱི་བརྒྱ་དཔོན་གང་དང་གང་གི་མཚན་གཞུང་མཁྱེན་ན། འདི་ག་རྩོམ་སྒྲིག་ཁང་དུ་འབྲེལ་མཐུད་གནང་རོགས།
འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ན།།
སྟག་སེང་ཁྱུང་འབྲུག་ཚོགས་པའི་དཔའ་བོའ་ིསྡེ།།
ལྕགས་ཚ་གྲི་གུ་ཐང་དུ་འཛོམས་པ་ཡི།།
སྙན་པོའི་གཏམ་རྒྱུད་འཛམ་གླིང་ཡོངས་ལ་ཁྱབ།།
༡ འདི་ཚོ་ལོ་རྒྱུས་འབྲི་སྟངས་འདྲ་བོ་ཞིག་བྱས་ནས་བྲིས་མི་འདུག ཞལ་འདེབས་གནང་མཁན་གྱི་མིང་ཐོ་འདྲ་བོ་ཞིག་འདུག་ག
༢ ལོ་རྒྱུས་འབྲི་སྐབས་རྩོམ་པ་པོ་རང་ངོས་ནས་བསྟོད་སྨད་བྱེད་པའི་རིགས་འདོར་ཐུབ་ན་བཟང་། བཟང་ངན་ཅི་ཡིན་དེ་ལོ་རྒྱུས་རང་ལ་ཁ་གྲག་བཅུག་ན་མི་བཟང་ངམ།
༣ ཐོ་ཡིག་འདྲ་བོ་རིང་བོ་དེ་ཚོ་ཤོག་བུ་དང་དུས་ཚོད་འཕྲོ་བརླག་གཏོང་བྱེད་ལྟ་བུར་མཐོང་། དེའི་སྐོར་དེ་རེའུ་མིག་བཟོས་པ་ཡིན་ན་རྩོམ་པ་པོས་ཀྱང་དཀའ་ལས་རྒྱབ་ནས་མང་པོ་ཞིག་འབྲི་མི་དགོས་པར་ཕན། ཤོག་གུ་ཡང་བསྲི་ཚགས་བྱེད་ཐུབ། ཀློག་མཁན་རྣམས་ལའང་སྟབས་བདེ། དེབ་གང་ཆེ་ཆེ་ཞིག་ལ་རེ་བ་རྒྱག་གི་ཡོད་ན་གང་ཤེས།
༤ མ་དགོས་པའི་ཚིག་ཐལ་བ་ཡང་མང་པོ་ཞིག་འདུག དེ་ཚོ་བསྐྱུང་བ་ཡིན་ན་དེའི་ཚབ་ལོ་རྒྱུས་ཀྱི་དངོས་དོན་མང་པོ་ཞིག་ཁ་གསབ་བྱེད་ཐུབ་པ་འདྲ། དཔེར་ན། འཇིག་རྟེན་གྱི་གཏམ་དཔེར། བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། བུ་མོ་མ་ཡིས་མི་བསྟོད་གནས་ཀྱིས་བསྟོད། འདི་ནི་ཐལ་བ་ལྟ་བུ་ཞིག་ཡིན་པ་མ་ཟད་དང་པོ་ནས་ལོ་རྒྱུས་ལ་བསྟོད་པ་ཞིག་ཡིན་པ་གསལ་བཤད་བྱས་འདུག བསྟོད་པ་འབྲི་སྟངས་དང་ལོ་རྒྱུས་འབྲི་སྟངས་ལོགས་ཀ་ཡིན་རྒྱུ་རེད།
༥ ་་ཉེ་རབས་ཀྱི་ལོ་རྒྱུས་ཁྲོད། ནམ་ཡང་བསུབ་ཐབས་མེད་པའི་མཚན་སྙན་གྱི་བ་དན། འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་གཡོ་བའི་བོད་ཤར་ཕྱོགས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བོད་ཀྱི་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་ལོ་རྒྱུས་་་ ཟེར་བ་འདི་ཡང་བསྟོད་པ་ཞིག་ཡིན་པ་མ་ཟད་བསྟོད་པ་ཐལ་ཆེ་འདུག བསྟོད་ཤེས་མི་འདུག འདི་དབྱིན་ཡིག་ལ་ཅིག་བསྒྱུར་དགོས་བྱུང་ན་ངོ་ཚ་བ་ལས་མི་འདུག
འཛམ་གླིང་ནང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་སྐོར་ཞིག་མ་གཏོགས་ད་རུང་བོད་ངོ་ཤེས་ཀྱི་མེད་ས་ནས་ཆུ་བཞི་སྒང་དྲུག་གང་ང་ཤེས་ནི། ནམ་ཡང་བསུབ་ཐབས་མེད་པའི་མཚན་སྙན་གྱི་བ་དན་ཟེར་བ་འདི་ཚོ་ཚིག་ལྷག་རེད།
༦ དབྱིན་ཡིག་གི་དེབ་དེ་ཚོའི་ནང་བསྟོད་པ་ཅང་བྱས་ཡོད་པ་མ་རེད། ལོ་རྒྱུས་ཇི་མ་ཇི་བཞིན་བྲིས་ཕྱིན་དུས་བཟང་ངན་གྱི་གནས་ཚུལ་ཅི་ཡིན་ཀློག་མཁན་ལ་རང་བཞིན་གྱིས་སྟེར་གྱི་བསྡད་ཡོད་པ་རེད།
༧ རྒྱལ་རབས་ལོ་རྒྱུས་ཤིག་བྲིས་ན་ཡང་དེ་བཞིན་རེད། ཁྱོད་ཀྱིས་དང་པོ་ནས་བོད་རྒྱལ་ཁོངས་མ་རེད་ཡང་ན་བོད་རྒྱ་ཁོངས་རེད་བསམ་པའི་ཀུན་སློང་དེ་འདྲ་ཞིག་བཟུང་ནས་བྲིས་དུས་ཁྱོད་ཀྱི་ལོ་རྒྱུས་དེ་ལོ་རྒྱུས་མ་རེད། དེ་གད་རྙིགས་ནང་གཡུགས་པ་ལས་འོས་ཡོད་མ་རེད། རྒྱ་ཁོངས་ཡིན་མིན་ལོ་རྒྱུས་རང་ལ་སྐད་ཆ་བཤད་ཆུག
ཡང་དགག་ལན་དེ་འདྲ་ཡིན་ན་ལོགས་ཀ་རེད།
མཚན་སྙན་གྱི་བ་དན། འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་གཡོ་བའི་ཟེར་བ་འདི་འདྲ་ངས་རྒྱལ་བ་རིན་པོ་ཆེར་སྦྱར་ཐུབ་ས་མ་རེད། དེ་ངོ་མ་ཡིན།
ཨ་ཧ་བོ ཚང་མས་ཁ་བཟུང་ན་ཨུ་བ་གི རྙོག་དྲ་མ་གཏོགས་བཤད་མི་ཤེས་ནི་ཨེ་རེད།
གྲོགས་པོ་མྱི་ཆེན་ལགས། བསམ་བློའི་ན་མ་སོན་པའི་ཕྱི་སྡོད་ལས་ མེད་བོད་མི་ཚོར་སློབ་གསོ་རེ་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་ཚོད་ཡོད་དུས་ཆུ་སྒང་ལོ་རྒྱུས་དུམ་ཚན་རེ་གཉིས་འགོད་རྩིས་ཡོད། གཟིགས་རོགས་གནང༌།
རྩོམ་པ་པོ་བེར་འཇིགས་ལགས།
བོད་གཞུང་དཔེ་མཛོད་ལ་སོགས་པས་ཡོན་བདག་འདྲ་རག་སོང་ངམ། དེབ་ཕྲེང་གཉིས་པོ་དེ་རིན་མེད་རག་གི་རེད་པས། གང་ནས་རག་གི་རེད།
མེ་སྒྱོགས་རྒྱ་མཚོ་ལགས། ང་ལ་ཡོནབདག་སུ་ཡང་མེད། དེབ་ཕྲེང་པ་(པོ)དེ་ང་ལ་གཅིག་མ་གཏོགས་མེད། དཔེ་མཛོད་ཀྱིས་དཔེ་སྐྲུན་བྱས་པའི་དེབ་དེ་ཚར་གྲངས་20ང་ལ་ཡོད་ཀྱང་ད་ལྟར་རྫོགས་ཚར་སོང༌། ཁྱོད་རང་གྲྭ་པ་འདྲ་ཡིན་ན་ཕྲན་གྱིས་བྲིས་པའིཀུན་འདུན་གྱི་དགེ་སློང་སྡོམ་རྒྱུན་བླ་བརྒྱུད་རྣམ་ཐར་དེ་ཆོས་དོན་ལས་ཁུངས་ནས་རག་མདོག་ཁ་ཕོ་རེད། ངས་ཞུ་ཆོག ང་ལ་ཡོད་པ་རྣམས་རྫོགས་ཚར་སོང༌།
ངས་ཟེར་དོན་ནི་དེབ་དེ་དག་ལ་དཔར་འགྲེམ་གྱི་ཡོན་བདག་འདྲ་རག་ཡོད་ན་རིན་མེད་སྤྲོད་ཀྱི་ཡོད་རྒྱུ་རེད་བསམས་སོང་། དེང་སང་ཕི་རིས་ཕི་རིས་ཟེར་རྒྱུ་འདི་རྣ་བར་སྙན་པོ་ཞེ་དྲག་འདུག
དགེ་སློང་སྡོམ་རྒྱུན་གྱི་དེབ་དེ་རག་ཐབས་བྱའོ་ཟེར་བར་བཀྲིན་ཆེ། དེབ་དེ་གནས་སྐབས་ལ་དགོས་མཁོ་མི་འདུག ད་ལྟ་ངས་སྡོམ་པ་ཞུས་མེད། མི་སྐྱ་མི་ནག་ཡིན། ཧཧཧ།
གཅིག་བྱས་ན་འདི་ཕྱོགས་ཀྱི་དཔེ་མཛོད་ཁང་དུ་གོང་གི་དེབ་ཕྲེང་དེ་དག་ཡོད་སྲིད།
ཨ་རོགས་བེ་རི།
ཁྱེད་རང་གིས་ལོ་རྒྱུས་འདྲ་བོ་མང་པོ་ཞིག་འབྲི་གི་ཡོད་པ་འདྲ། གཅིག་བྱས་ན་མ་འོངས་པ་ན་ཁམས་ཀྱི་ལོ་རྒྱུས་ཀྱང་འབྲི་དགོས་བྱུང་གི་རེད། ཡིན་ནའང་། ཁྱེད་རང་གི་གོང་གསལ་གྱི་རྩོམ་འདི་ནི་ངོ་མ་ལོ་རྒྱུས་འབྲི་སྟངས་འདྲ་བོ་ཞིག་བྱས་ནས་བྲིས་མི་འདུག
ངས་ལྷག་བསམ་རྣམ་དག་གིས་ཁྱེད་ཀྱི་ལོ་རྒྱུས་འབྲི་བར་གཅིག་བྱས་ན་ཕན་ནའང་ཐང་བསམ་ནས་གོང་རྩོམ་ལས་ཞན་ཆའམ་ཕྱིན་ཆད་གཟབ་དགོས་ས་འགའ་རེ་ཟུར་འདོན་གྱིས་རང་གི་བསམ་ཚུལ་ཙམ་བརྗོད་པ་ཡིན། དེ་ལ་མྱི་ཆེན་ཟེར་བ་ཞིག་ནས། ་་ཨ་ཧ་བོ ཚང་མས་ཁ་བཟུང་ན་ཨུ་བ་གི རྙོག་དྲ་མ་གཏོགས་བཤད་མི་ཤེས་ནི་ཨེ་རེད།་་ ཅེས་མཆན་བྲིས་འདུག ངས་ནམ་རྒྱུན་ནས་ཕྱེ་གཏོར་བྱས་སྡོད་པ་ལས་རྙོག་དྲ་མང་ཟིག་བཤད་ཐུབ་ན་ཕན་ཐོགས་ཡོད་པར་བསམ་མཁན་ཞིག་ཡིན། གང་ས་གང་དུ་རང་དབང་ཅན་གྱི་གསར་གནས་བརྒྱུད་ལམ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་དེའང་གནད་དེ་ལ་ཐུག་པ་རེད།
དོན་དངོས་སུ་ཁྱེད་ཀྱིས་ང་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་འདྲ་ཞིག་རེད་དེ། ང་ཁ་བཟུང་ཟེར་མཁན་ལ་མ་གཏོགས་ཐུགས་རྗེ་ཆེ་ཞུས་མི་འདུག་ག
ཁྱེད་ལའང་ཁག་མེད། དུས་སྙིགས་མའི་གྲྭ་བ་ཟེར་ན་དེ་འདྲ་ཡིན་རྒྱུ་རེད། བསམ་བློ་གུ་དོག བསྟོད་ན་དགའ་བ། དྲང་གཏམ་དང་ཁ་ཐུག་བཤད་མཁན་ལ་མི་འགའ་བ། ད་རུང་གཞན་གྱི་ཐོག་ལ་ཀ་རྩོམ་འདྲ་ཞིག་འབྲི་ཁ་བྱས་ངོ་ཚ་དགོས་པ་རེད།
མགོན་ཕྱག་ལགས་ཀྱི་སྐྱོན་འདོན་བྱེད་སྟངས་ལ་མོས་མཐུན་ཡོད། ལོ་རྒྱུས་འབྲི་དུས་ཐལ་ཆེ་བའི་ཚིག་ཚོགས་རྣམས་འདོར་དགོས་ཀྱི་འདུག མཐའ་ན་སྙན་ངག་ཅིག་འབྲི་གི་ཡོད་ནའང་དོན་དངོས་དང་མཐུན་པའི་ཚིག་སྦྱོར་སྤེལ་ན་སྙན་ཆ་ཆེ་བ་འདུག
མི་གཅིག་གི་ལོ་རྒྱུས་དང་བླ་མ་ཞིག་གི་རྣམ་ཐར་གང་ཞིག་འབྲི་གི་ཡོད་ནའང་འུར་ཤོབ་གནམ་ས་ལ་མི་ཤོངས་པ་དེ་འདྲ་འབྲི་ན་རྩ་བ་ནས་རྣ་བར་འགྲོ་གི་མིན་འདུག
ཡིན་ནའང་ངོས་ལེན་བྱེད་དགོས་པ་ཞིག་ནི་ནད་གཞི་ཅན་གྱི་རྩོམ་གཤིས་འདི་ནི་བོད་ཡིག་ཏུ་བྲིས་པའི་ཆོས་འབྱུང་དང་རྒྱལ་རབས་ལ་སོགས་པའི་བརྩམས་ཆོས་མང་ཆེ་བར་འགོས་སྡོད་ཡོད་པ་རེད། རྩོམ་གཤིས་འདི་རིགས་ཀྱི་ཁ་ཕྱོགས་ངེས་པར་དུ་བསྒྱུར་དགོས་ཀྱང་དུས་ཡུན་ཐུང་ངུ་ཞིག་གི་མང་དུ་འགྲུབ་ཐུབ་པའི་བྱ་བ་ཞིག་མ་རེད་སྙམ།
གོང་གི་ལོ་རྒྱུས་ཀྱི་དེབ་ཕྲེང་དེའི་སྤུས་ཚད་གང་འདྲ་ཞིག་ཡིན་མིན་གཞི་ནས་བཀླག་རྒྱུ་ཡིན།
དེའི་ནང་དུ་རྩོམ་པ་དང་སྒྲིག་པ་གང་བཀོད་འདུག་གཞི་ནས་བལྟ་རྒྱུ་ཡིན། ཧ་ཧ་ཧཧ།
རེད། ང་ཡང་སྐྱོན་འདོན་བྱ་རྒྱུ་ལ་དགའ་བ་ཞིག་ཡིན། འདི་ངེད་གཉིས་གཅིག་པོའི་གཤིས་ཀ་ཞིག་མིན་པ་བོད་མི་མང་ཆེ་བའི་གཤིས་སུ་ཡོད་པ་ཞིག་རེད། སེམས་ཁམས་འདིའི་རྒྱབ་ལོག་ལ་བསམ་བློ་གཏང་རྒྱུ་ཡོད་ལ་རྒྱུ་མཚན་ཡང་ཡོད།
ངེད་བོད་ཕྲུག་ཚོ་སྐྱེས་ནས་ཕ་མས་གསོ་སྐྱོང་བྱེད་སྟངས་མང་ཆེ་བ་བསྟོད་ར་གཏོང་ནས་སློབ་གསོ་བྱེད་ཀྱི་མེད། ལེགས་བཅོས་ཡོང་ཕྱིར་སྐྱོན་འདོན་བྱས་ནས་ཕ་མས་བུ་ཕྲུག་ཚོ་ལ་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད།
འཁོར་ཡུག་དེ་འདྲའི་ནང་ནས་འཚར་ལོངས་བྱུང་པའི་བོད་ཕྲུག་རེད་ཡ།
སྐྱོན་བརྗོད་བྱེད་ཚད་ཀྱི་རྒྱབ་ལོག་ལ་རྒྱུ་མཚན་ཤོད་དགོས་བྱུང་ན་དུས་ཚོད་འཕྲོ་བརླག་རེད། མུ་མཐུད་ངས་ཀྱང་རང་ཉིད་ཀྱིས་གང་ལྕོགས་ཀྱིས་སྐྱོན་འདོན་བྱ་རྒྱུ་ཡིན། དེ་ལུགས་དགོངས་པར་འཇོག
མ་གཞི་ནས་དྲ་དེབ་འདི་ཚོའི་སྟེང་བཟང་རྒྱུ་ཅང་མེད་པའི་མི་བཟང་རིང་ལུགས་འཁྲབ་མཁན་ཡང་མང་ནས་མང་དུ་འགྲོ་གི་འདུག འདི་ལའང་སྐུ་དྲག་གི་དབྱིངས་སྐྱུ་མོ་དེ་འདྲ་སླེབས་ཡོང་གི་འདུག
་་ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་བ།། དེ་ལྟར་མཁས་པའི་ཚིག་ནི་ལྐུགས་འགྱུར་བས་་ ཞེས་དགེ་ཆོས་སྨྱོན་པས་གསུངས་པ་ལྟར། དོན་དངོས་ཀྱི་གནས་ཚུལ་ཞིག་འབྲི་རྒྱུ་དང་དོནདངོས་ཀྱི་གནས་ཚུལ་དེ་ཇི་བཞིན་ཀློག་པ་པོའི་ཡིད་ངོར་འཇོག་རྒྱུ་དེ་ལས་སླ་པོ་ཞིག་མིན་པ་རེད།
སྙནངག་གི་ནང་ཡང་བཟང་ངན་གྱི་ཆ་བརྗོད་པའི་ཆེད་རབ་ཏུ་བཏགས་པ་དེ་འདྲ་ཡོད་པ་རེད། དོན་དངོས་སུ་དེའང་རབ་བཏགས་ཤིག་མིན་པར་སྐབས་དེའི་རྩོམ་པ་པོའི་སེམས་གཤིས་ངོ་མ་ཞིག་གི་མཚོན་བྱེད་རེད། ངས་སྔོན་མ་ཞིག་ལའང་བཤད་ཟིན། དཔེ་བཞག་ན། ཁྱེད་ལ་སེམས་གདུང་རི་ལས་ཆེ་ཞིང་མཚོ་ལས་གཏིང་ཟབ་པ་ཞིག་བྱུང་ན་དེ་ཇི་ལྟར་འབྲི་དགོས་པ་རེད། དེའི་སྐབས་ང་ཚོ་ལྐུགས་པ་ནང་བཞིན་ཆགས་གི་རེད།
་་སེམས་པ་སྐྱོ་བའི་སྐད་ཆ།། རི་མ་འདབས་ལ་བཤད་པས། རི་བོ་ས་རྡོ་ཡིན་ཡང་།། མགོ་ཡིས་འཇོག་འཇོག་གནང་བྱུང་།། ་་ ཚིག་འདི་འདྲ་ཞིག་བྲིས་ན། ཕྱི་ཚུལ་ནས་བལྟས་ན་རབ་བཏགས་ཀྱི་སྲོལ་འདྲ་པོ་ཞིག་ཡོད་པ་རེད། དོན་དངོས་སུ་འདི་རབ་བཏགས་ཅང་མིན་པར་རང་གི་སེམས་གཤིས་ངོ་མ་དེ་སྟོན་པར་ཚིག་འདི་ལས་ལྷག་ཅིག་མ་རྙེད་པ་རེད།
རྩོམ་རིག་སྒྱུར་རྩལ་ཟེར་ན། ངས་འབུ་ནག་ར་ཅོ་ཅན་ལ་འབྲོང་། ས་འབུ་ནག་རིང་ལ་འབྲུག་ཟེར་བ་ཞིག་ལ་ངོས་འཛིན་གྱི་མེད། དེ་ནི་དོན་དངོས་པོའི་གནས་ཚུལ་ཇི་བཞིན་དུའམ་ཡང་ན་ཉེ་བའི་སྒོ་ནས་ཀློག་མཁན་ཚོའི་བློ་ངོར་འཇོག་ཐུབ་པ་ཞིག་ལ་ཟེར་གྱི་ཡོད། ཐ་ན་སྙན་ངག་ཅིག་ཡིན་ནའང་། ཇི་ལྟར་དངོས་པའི་གཤིས་དང་ཉེ་གྱུར་བ། དེ་ལྟར་མཁས་པའི་ཡིད་དབང་འཕྲོག་གྱུར་ན། རང་རྣམ་ལོ་རྒྱུས་སོགས་ནི་བཤད་ཅི་དགོས།། བླུན་པོ་མཁས་མང་ཅན་དག་གཟབ་པར་འཚལ།།
སྙན་རྩོམ་གྱི་རིགས་ཤིག་འབྲི་ན་རང་གི་དགའ་སྐྱོ་ཆགས་སྡང་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས་དེ་སྟོན་ཐབས་རྩལ་དུ་བཏོན་ནས་འབྲི་ལོས་དགོས་ཏེ། རྒྱལ་རབས་ལོ་རྒྱུས་ཤིག་འབྲི་ན་རང་གི་ཞེན་ཕྱོགས་དགའ་སྡུག་སོགས་བསྲེ་གི་བསྡད་ན་དེ་སུ་ཞིག་གིས་ཀྱང་ཚད་ལྡན་ཞིག་ཏུ་འཛིན་གི་མ་རེད་ཟེར་ནས་ཡང་སྐྱར་བོང་རྒན་དར་ཐོག་ལ་འགྲོ་མཁན་ཚོའི་མདུན་དུ་ས་ཁེམ་འགའ་བླུགས་ནས་འགྲོ་སའི་ལམ་ཞིག་བཏོད་པ་ཙམ་ཡིན།
མེ་སྒྱོགས་རྒྱ་མཚོ།
ཁྱོད་སྐྱོན་འདོན་བྱེད་མཁན་ལ་དགའ་མཁན་ཞིག་ཡིན་ན་ང་ཚོ་མཐུན་དུས་དཔུང་བ་མཉམ་གཤིབ་ཡིན། མ་མཐུན་ཕར་ཐུག་ཚུར་ཐུག་ཡིན།
ཁྱོད་ཀྱིས་མིང་ལ་མེ་སྒྱོགས་བཏགས་ཡོད་པ་དེར་བལྟས་ན་ང་གཉིས་བར་ན་མཐུན་པའི་གཤིས་ཀ་ཞིག་ཡོད་པ་འདྲ། ཟླ་སྔོན་མའི་ནང་ང་བདུན་ཕྲག་རེ་ཟུང་ལ་དྲ་ཁང་ནང་ཡོང་ཐུབ་མ་སོང་། གྲོགས་པོ་རེ་ཟུང་གིས་ཁ་པར་བཏང་ནས། ཁྱེད་རང་ལ་གོ་རྒྱུ་མེད་པ་ག་རེ་རེད་ཟེར། ངས་མིང་བརྗེས་ཡོད་ལབ་པར། སུ་ཡིན་ཟེར། སེམས་ལ་གང་ཤར་འདི་ཤར་མེད་པར་ད་ལྟ་ང་མེ་སྒྱོགས་རྒྱ་མཚོ་ཡིན་ད་ལབ་ནས་ཀུ་རེ་བྱས་པ་ཡིན། དོན་དངོས་སུ་ཁྱེད་རང་གིས་ད་བར་མཆན་ག་འདྲ་བཏབ་ཡོང་མིན་ང་ལ་བཤད་རྒྱུ་མེད་ཀྱང་མིང་དེ་ངའི་ཁར་རང་བཞིན་གྱིས་སླེབས་སོང་། མུ་མཐུད་དུ་མེ་སྒྱོགས་འཕོངས་ཤིག
ང་ཚོའི་དྲ་ཁང་འདི་ནའང་བཅོས་མའི་གདོང་འབག་བཤུ་དགོས་ས་འགའ་རེ་ཡོད་པ་འདྲ། མི་བཅོས་མའི་ཐོན་རྫས་དེ་ཚོ་ཕལ་ཆེ་བ་སྤྱི་ཚོགས་གང་འདྲ་ཞིག་ནས་ཐོན་གྱི་ཡོད་པ་རེད་ཟེར་ན། ཞེ་ས་དང་ཆེ་བསྟོད་མང་ས། ཡ་རབས་ལུགས་བཟང་ཁ་ན་མ་ཎི་བཞིན་འདོན་བཞིན་པའི་སྤྱི་ཚོགས་དེ་འདྲ་ཁོ་ནའི་བཟོ་གྲྭའི་ནང་མི་བཅོས་མ་མང་ཞིག་བཟོ་འདོན་བྱེད་ཀྱི་ཡོད་པ་དེ་ཤེས་དགོས་པ་རེད།
མི་བཅོས་མ་དེ་ཚོ་འཚོ་བྱེད་ཀྱི་སྲོག་དབུགས་ཉག་ཅིག་ཡོད་པ་ནི་ཡ་རབས་དང་ཆོས་མཐུན་ཁ་ལ་ཁྱེར་འགྲོ་བ་དེ་རེད།
སྐུ་ཞབས་བེ་རི་ལགས་འདི་ཤ་ཚ། དྲང་མོ་བཤད་ན་བཙན་བྱོལ་ནང་རྩོམ་པ་པོ་ཞིག་ལ་བློ་དྲང་ཚུགས་ཅན་ཁོང་ལས་དྲག་པ་སུ་ཡང་མེད་པ་ཁོང་གི་གསུང་རྩོམ་ཀློག་མཁན་ཚིས་མཁྱེན་ངེས་རེད། ༸གོང་ས་མཆོག་དང༌། ཟམ་གདོང་སྤྲུལ་སྐུས་གཉིས་ཀས་ཐུགས་མཉེས་པོའི་བསྔགས་བརྗོད་ཀྱང་གནང་ཡོད། ཡིན་ནའང་དེང་སང་ཕ་ཡུལ་ནས་ཁྱིམ་ཁུངས་མ་འཁྱོལ། རྒྱ་གར་ནས་གྲྭ་ཁུངས་མ་འཁྱོལ། ནུབ་གླིང་ནས་ལས་ཁུངས་མ་འཁྱོལ། ཕ་ཡུལ་ནས་ཕ་མ་དང་བྲལ། རྒྱ་གར་ནས་སྡོམ་པ་དང་བྲལ། ནུབ་གླིང་ན་ས་སྐྱེས་དམན་དང་བྲལ། བཙན་བྱོལ་གཞུང་དང་བོད་རིགས་གནད་ཡོད་ཚོར་དམའ་འབེབས་བྱེད་ཅི་ཐུབ་བྱེད། ནུབ་གླིང་རྒྱ་རིགས་འབྱོར་ལྡན་ཚོའི་རྐུན་གཡོགས་རྒྱུག་པའི་ལས་གླ་ཡོང་འབབ་ཕལ་ཆེ་བ་མེཀ་སི་ཁོ་བུ་མོ་ཚོའི་རྐུབ་ལ་སྐྱེལ་མཁན་ཨ་མདོའི་ཟ་ལེ་རྒྱ་དེའི་གྲས་ཀྱིས། བེ་རི་ལ་ཚོད་འཇལ་ཁུལ་བྱས་འདུག་པ་འདི་ཚོ་དངོས་གནས་ཡ་མཚན་དགོས་པ་ཞིག་རེད།
མེ་སྒྱོགས་རྒྱ་མཚོ་ལགས། དེབ་དེ་ཚོ་རིན་མེད་མ་རེད། རྟགས་འགྲེལ་དེར་ཧིན་སྒོར་ 230་རེད་འདུག་འཚོང་འབྲེལ་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་ནས་གནང་གི་འདུག ཆུ་སྒང་ལོ་རྒྱུས་ལ་ཧིན་སྒོར་ 250་རེ་རེད་འདུག ཚོང་འབྲེལ་གནང་མཁན་ཆུ་སྒང་ལས་ཁུངས་རེད། ཕི་རི་ིམན་པ་དེ་ཡག་པོ་རེད་དྲན་གྱིཡོད། དེང་སང་དེབ་ཕི་རི་མང་དྲགསནས་དེབ་ལ་རང་བཞིན་གྱིས་རིན་ཐང་ཆགས་འགྲོ་གི་འདུག
ཕུན་ཚོགས་ཟེར་བ་ཞིག་ནས་མགོ་མ་ཚོས་པར་མང་པོ་ཞིག་ལབ་ཡོང་གི་འདུག་པས་ཁ་རྩམ་རྡོག་འདིས་ཆོད་པར་གྱིས་ལ་ཁ་རོག་སྡོད།
ངས་གང་ཟག་ལ་བལྟས་ནས་བརྗོད་གི་མེད། ཚིག་ལ་བལྟས་ནས་བརྗོད་གི་ཡོད། དེ་ཡང་ཁོའི་བརྩམས་ཆོས་ཧྲིལ་བོར་བལྟས་ནས་ཅང་བརྗོད་གི་མེད། འདིའི་གོང་གསལ་གྱི་རྩོམ་འདི་གཅིག་པོའི་ནང་ལ་སྐྱོན་སེལ་བྱས་པ་ཙམ་ཡིན།
མ་གཞི་སྐྱོན་བརྗོད་དང་དམའ་འབེབས་གཉིས་ལོགས་ཀ་རེད། ངས་སྐྱོན་བརྗོད་བྱེད་ནའང་རྒྱུ་མཚན་པང་བསྒྲིགས་ནས་སྐྱོན་བརྗོད་བྱེད་གི་ཡོད་མ་གཏོགས་འགའ་རེ་ནང་བཞིན་ཁུངས་མེད་དང་གཞི་མེད་ཀྱི་སྐྱོནབརྗོད་བྱེད་གི་མེད།
གོང་གསལ་བྲིས་པ་དེ་ཚོའི་ནང་མི་བདེན་པ་ཡོད་ན་ཁྱེད་རང་ནས་དག་སེལ་གྱིས་དང་ངས་ལམ་སང་ནོར་བ་ངོས་ལེན་བྱེད་གི་ཡིན། དེ་མིན་མཚམས་རེར་བོད་གཞུང་ལ་ཤ་ཚ་ནས་ཤོད་ཀྱི་ཡོད་པ་འདྲ་བོ། མཚམས་རེར་གང་ཟག་སྒེར་བ་རེར་ཕྱོགས་ཞེན་གྱིས་རྒྱབ་རྩ་བྱེད་གི་ཡོད་པ་འདྲ་བོ།
བཙན་བྱོལ་སྤྱི་ཚོགས་ནང་ན་ཚ་སྡུག་ཤོས་དེ་ཕྱོགས་རིས་ཕྱོགས་ཞེན་རེད། དེ་སེམས་ལ་ཟུངས་། སྐྱོན་སེལ་བྱེད་པ་ནི་ན་ཚ་གང་ཞིག་འཆོས་བྱེད་ཀྱི་སྨན་ཐུན་དང་སྣག་ཐུམ་གང་ཞིག་དབྲལ་བྱེད་ཀྱི་གཙག་བུ་རེད།
ཕུན་ཚོགས་ཟེར་མཁན་འདིའི་ཁ་རྩམ་རྡོག་གིས་འགོག་མ་ཐུབ་ན། བྱ་དེ་རྐང་པ་སྣུམ་འཚོས་ཅན་ཞིག་གིས་ཚིམ་པ་བྱས་ནས་སྡོད་རོགས། རྒྱ་མིའི་རྐུབ་གཡོག་རྒྱུག་དགོས་ཀྱི་མིན་འདུག མེ་སི་ཁོའི་མོ་རྐུབ་ཉོ་དགོས་ཀྱི་མིན་འདུག བོད་མོ་aunty ཚོས་ལྷག་བསམ་རྣམ་དག་གིས་བོད་པའི་ཕོ་གསར་ཚོ་ལ་ཞབས་ཞུ་སྒྲུབ་ཀྱིན་འདུག
བེར་འཇིགས་ལ་བསྟོད་ར་གཏོང་དགོས་པ་དེ་འདྲ་ལོས་ཡོད། ཡིན་ནའང་བསྟོད་ར་གཏོང་ནས་རག་རྒྱུ་ཅི་མིན་འདུག བློ་བསྐྱོད་ཅི་ཐོབ་ཀྱི་མིན་འདུག དུས་ཚོད་འཕྲོ་བརླག་རེད་འདུག
རིན་མེད་མིན་ནའང་འགྲིགས་འདུག རྒྱ་གར་ཡོང་ཞོར་གཅིག་ལ་བོད་ཡིག་གི་དེབ་མང་པོ་ཞིག་ཉོ་རྒྱུ་ཡོད་ས་རེད། རིམ་པས་ཉོ་རྒྱུ་ཡིན།
མགོན་པོ་ཕྱག་གཉིས་ལགས། འགྲིགས་འདུག ཁྱེད་རང་གི་ཕྱག་ལ་མེ་ཏོག་པདྨ་འདྲ་བོ་དང་། ཕྲེང་བ་འདྲ་བོ་དེ་འདྲ་བསྣམས་ཡོད་རྒྱུ་མ་རེད། དེ་དག་དགོས་ཀྱི་མིན་འདུག ང་ལ་མེ་སྒྱོགས་མང་པོ་ཡོད་པས་ཁྱེད་རང་གིས་ཕྱག་གིས་ལྕོགས་ཚད་གཅིག་སྤྲོད་ཆོག དཔུང་པ་མཉམ་གཤིབ་ཀྱིས་མེ་སྒྱོགས་འཕེན་ན་ནུས་ཤུགས་ཆེ་ཡ།
མཉམ་དུ་འཛོམས་དུས་མཉམ་དུ་འཕེན། ཁྱེད་མེད་དུས་ངས་འཕེན། ང་མེད་དུས་ཁྱེད་ཀྱིས་འཕེན། གཉིས་ཀ་མེད་དུས་ཁོང་ཚོ་ལ་དབུགས་རིང་འཐེན་དུ་ཆུག
མགོན་ཕྱག་ཁྱེད་ཀྱིས་གོང་གི་ཚིག་བཅད་ “་་་་་་་་་་་་་་་་་་་མགོ་ཡིས་འཇོག་འཇོག་གནང་བྱུང་།།” ཞེས་པས་ངའི་ཚིག་བཅད་ཅིག་ཡོད་པ་དེ་དྲན་གསོ་བྱས་སོང་།
ངའི་ཚིག་བཅད་དེ་མཁས་དབང་དགེ་ཆོས་ཀྱིས་མཛད་པའི་འདོད་པའི་བསྟན་བཅོས་ཀྱི་ཆ་ཤས་ཤིག་བཀླགས་ནས་ཚོར་སྣང་གང་བྱུང་ཤར་མར་བྲིས་བ་ཞིག་ཡིན། ཚིག་བཅད་དེ་ངས་༼སྐྱེས་པ་ཚོ། སྙིང་རྗེ་ཡོད་པ་བྱེད་རོགས་༽ཟེར་བའི་ཟིན་བྲིས་སུ་འགོད་རྒྱུ་ཡིན།
མེ་སྒྱོགས་་རྒྱ་མཚོས། མགོན་པོ་ཕྱག་གཉིས་ལགས། ཁྱེད་རང་གི་ཕྱག་ལ་མེ་ཏོག་པདྨ་འདྲ་བོ་དང་། ཕྲེང་བ་འདྲ་བོ་དེ་འདྲ་བསྣམས་ཡོད་རྒྱུ་མ་རེད། ང་ལ་མེ་སྒྱོགས་མང་པོ་ཡོད་པས་ཁྱེད་རང་གིས་ཕྱག་གིས་ལྕོགས་ཚད་གཅིག་སྤྲོད་ཆོག་ཟེར་བ་འདི་ལས་འཕྲོས་ཏེ་ཙི་ཙི་གནོན་ཐལ་ཤོར།
ཕྱག་ལག་གཡོན་པའི་ནང་ལ་ཆང་ཏམ་བསྣམས།།
ཕྱག་ལག་གཡས་པའི་ནང་ལ་ཙི་ཙི་བཟུང་།།
ནང་ལ་གྱོན་གོས་མི་གོན་དམར་ཧྲེང་སྡོད།།
མགོན་པོ་ཕྱག་གཉིས་པ་ལ་ཕྱག་འཚལ་ལོ།།
ལྟ་ཀློག་ཕྱོགས་ལ་སྤྱན་གཉིས་ཆེ་མི་ཡིན།།
འབྲི་རྩོམ་ཕྱོགས་ལ་མཛུ་གུ་ཐུང་མི་ཡིན།།
རྩོམ་དཔེ་མཐུག་པོ་མཐུག་པོ་ཡོད་མི་མིན།།
མགོན་པོ་ཕྱག་གཉིས་ཞབས་ལ་ཕྱག་འཚལ་ལོ།།
གཞན་གྱིས་བྲིས་ཟིན་ཡང་སྐྱར་འབྲི་མི་མིན།།
ལྟ་གྲུབ་གསར་བ་ད་རུང་ཡོད་མི་མིན།།
བསམ་བློ་མང་པོ་མང་པོ་གཏོང་མི་ཡིན།།
མགོན་པོ་ཕྱག་གཉིས་ཞབས་ལ་ཕྱག་འཚལ་ལོ།།
མཐོ་མཐོ་རྣམས་ཀྱི་གཉའ་ནས་གནོན་མི་ཡིན།།
བཅོས་མ་རྣམས་ཀྱི་གདོང་འབག་བཤུ་མི་ཡིན།།
སྐད་ཆ་ཁ་ཐུག་ཁ་ཐུག་སྨྲ་མི་ཡིན།།
མགོན་པོ་ཕྱག་གཉིས་ཞབས་ལ་ཕྱག་འཚལ་ལོ།།
གོ་ཏ་མ་ཡི་གསུངས་ལ་དགའ་མི་ཡིན།།
རྗེས་འཇུག་རྫུན་མ་རྣམས་ལ་གཤེ་མི་ཡིན།།
གསུང་རབ་ཀུན་ལ་ཡིད་ཆེས་ཡོད་མཁན་མིན།།
མགོན་པོ་ཕྱག་གཉིས་ཞབས་ལ་ཕྱག་འཚལ་ལོ།།
གསར་བ་ཡིན་ཟེར་ཡང་མོ་རྩྭ་འདྲ་མིན།།
རྙིང་པ་ཡིན་ཟེར་མཁྲེགས་པོ་རྡོ་འདྲ་མིན།།
གནས་ལུགས་རྒྱུ་མཚན་བཤད་ན་གོ་མི་ཡིན།།
མགོན་པོ་ཕྱག་གཉིས་ཞབས་ལ་ཕྱག་འཚལ་ལོ།།
ངས་འཇོན་ཁོས་འཇོན་ཟེར་ནས་རྒྱུག་མི་མིན།།
ང་ལ་འགན་མེད་ཟེར་ནས་འདུག་མི་མིན།།
རང་རང་ས་གི་རང་འགྲོས་རྒྱུ་སྐར་ཡིན།།
མགོན་པོ་ཕྱག་གཉིས་ཞབས་ལ་ཕྱག་འཚལ་ལོ།།
གང་རྒྱས་གང་དྲག་དགོས་པའི་ཧམ་ཆེན་མིན།།
འདོད་ཆུང་ཆོག་ཤེས་བསྟེན་པའི་བྱ་བྲལ་མིན།།
དཀྱུས་མའི་འཚོ་བ་གཅེས་སུ་འཛིན་མི་ཡིན།།
མགོན་པོ་ཕྱག་གཉིས་ཞབས་ལ་ཕྱག་འཚལ་ལོ།།
ཡ་རབས་བྱེད་དགོས་བསླབ་བྱ་རྒྱག་མཁན་མིན།།
མ་རབས་གྱིས་ཞེས་ངན་སྐུལ་བྱེད་མཁན་མིན།།
མི་ཡི་གཤིས་ལ་རྒྱུས་ལོན་ཡོད་མི་ཡིན།།
མགོན་པོ་ཕྱག་གཉིས་ཞབས་ལ་ཕྱག་འཚལ་ལོ།།
མ་དྲང་པ་ལ་ཁ་གཏད་གཅོག་མི་ཡིན།།
མ་མཐུན་པ་ལ་རྩོད་གླེང་བྱེད་མི་ཡིན།།
ཚར་བའི་རྗེས་ལ་སེམས་འཛིན་མེད་མཁན་ཡིན།།
མགོན་པོ་ཕྱག་གཉིས་པ་ལ་ཕྱག་འཚལ་ལོ།།
ཕེབས་ན་ག་ལེ་ག་ལེ་ཕེབས་མི་ཡིན།།
བཞུགས་ན་ལྷོད་ལྷོད་བྱས་ནས་བཞུགས་མི་ཡིན།།
ཆང་དང་ཕྲད་ན་ནང་མི་བརྗེད་མི་ཡིན།།
མགོན་པོ་ཕྱག་གཉིས་ཞབས་ལ་ཕྱག་འཚལ་ལོ།།
ཀུ་རེ་རྩེད་མོ་བྱེད་ལ་དགའ་མི་ཡིན།།
ཀུན་ལ་དགོད་ཁ་མང་པོ་སློང་མི་ཡིན།།
སེམས་ཀྱི་གཏིང་ནས་ཧབ་དགོད་བྱེད་མི་ཡིན།།
མགོན་པོ་ཕྱག་གཉིས་ཞབས་ལ་ཕྱག་འཚལ་ལོ།།
མ་དྲང་པ་ལ་ཁ་གཏད་གཅོག་མི་ཡིན།།
མ་མཐུན་པ་ལ་རྩོད་གླེང་བྱེད་མི་ཡིན།།
ཚར་བའི་རྗེས་ལ་སེམས་འཛིན་མེད་མཁན་ཡིན།།
མགོན་པོ་ཕྱག་གཉིས་པ་ལ་ཕྱག་འཚལ་ལོ།།
འབྲི་ན་སྙུ་གུའི་རྩེ་མོ་ཡོ་བའི་དུས།།
བཤད་ན་ཁ་སྒོ་ཕྱོགས་གཅིག་གཡོན་པའི་དུས།
མགོན་པོ་ཕྱག་གཉིས་པ་ལ་གསོལ་བ་ཐོབ།།
ནངས་རེ་དགོང་རེ་དྲ་ཁང་ནང་དུ་བྱོན།།
ཞོགས་ཀེ་ཞོགས་ཀེ་ཞིམ་པོའི་ཟས་ཀྱིས་མཆོད།།
དགོང་མོ་དགོང་མོ་བདུད་རྩི་ཆང་གིས་མཆོད།།
དྲན་དུས་དྲན་དུས་གསོལ་བ་འདེབས་གི་སྡོད།།
གསོལ་བ་འདེབས་ས་གསོན་པོ་དྲོན་པོ་ཡིན།།
ཤོ་ལོ་ཀ་གཅིག་འབྲི་ཐལ་ཤོར་འདུག
ལས་ཀ་ཤོར་བའི་མགོན་པོ་ཕྱག་སྟོང༌༎
སྡོམ་པ་ཤོར་བའི་མགོན་པོ་ཁོག་སྟོང༌༎
སྐྱེ་དམན་ཤོར་བའི་མགོན་པོ་ལུས་སྟོང༌༎
ལུས་ངག་ཡིད་གསུམ་སྟོང་བའི་མགོན་པོ།།
ངན་པའི་རོག་པ་ངན་པ༎
དུ་བ་འཐེན་རོགས་རྒྱ་རྒན༎
ངན་པ་ཁ་སྒྲིལ། ཕུར་མའི་འོག་གི་ཆུ་དུང༌། འདི་ཚོ་ངའི་འགྲམ་ལ་ཡོད་ན་གྲི་བཙག་བྱེད་ཐག་གཅོད་ཡིན། ཡིན་ནའང་མི་ཐབས་ཆག་འདི་ཚོ་བསད་རྡུང་བྱས་ན་མི་ཁ་ལས་ཅི་ཡོད། དེ་ལས་ཁ་ཁར་བཞག་ན་ཨེ་དགའ། ཁྱི་ཨ་སག་ཁ་རྩེས་ན་ཟིངས་ཆ་ལས་ཅི་ཡོད། རྩེད་མོ་ཡིན་གོ། ཁྱོད་ཚོ་ཕྱོགས་རིས་ལ་ཐུགས་མཉེས་ན་ཅི་དགའ་གང་དགའ་གྱིས། ལམ་འགྲོ་རྒྱུག་ན་རྒྱ་དམར་པོས་གླ་རྔན་འདྲ་ཡང་ཅུང་ཟད་རེ་རགས་སྲིད། མི་འདི་འདྲ་ལ་གླ་རྔན་མང་པོ་ནི་སུས་ཀྱང་མི་སྤྲོད། ཨ་རག་འཐུང་སྤྱད་རེ་ནི་རག་སྲིད།
Tashi deleg
རྒན་བེ་རི་འཇིག་མེད་ལགས་་གནས་ཚུལ་འདི་འདྲ་མང་ཙམ་སྤེལ་དགོས་ཀྱི་འདུག་་འདི་དངོས་ཡོད་གི་ལོ་རྒྱུས་རེད་ལ་བོད་ཀྱི་ལོ་རྒྱུས་རེད་
སྐྱེད་པོ་བཏང་བ་དང་ཆམ་ས་རྒྱབ་རབ་སོགས་ཀྱི་དངོས་ཡོད་ལས་འདས་པའི་དོན་དམ་པའི་ལོ་རྒྱུས་འདི་འདྲ་ནི་་རྒན་བི་རི་འཇིག་མེད་ཁྱོད་ལྟར་བུའི་ལོ་རྒྱུས་མཁས་དབང་ཞིག་གི་འགན་ལིན་རྒྱུ་ངའི་རེ་བ་ཡིན
མི་ལ་ལས་བཤད་ན་ཆུ་སྒང་གི་དཔའ་བོ་འཚོའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ཞིག་བཟོ་ཐུབ་ན་ཅེས་བཤད་བྱུང་དངོས་གནས་འདི་འདྲ་ཞིག་བྱུང་ན་ཡག་པོ་རེད་བསམ་པ་འདུག་འོན་ཀྱང་གློག་བརྙན་གི་རྩམ་སྒྲུང་ཞིག་འབྲི་དགོས་ན་རྒྱུན་ལྡན་གི་རྩམ་རིགས་དང་ཅུང་མ་འདྲ་ཞིག་ཡོད་ཚོད་འདུག་པས་རྒན་འཇིག་མིད་ལགས་གི་དམིགས་གསལ་དགོངས་འདྲ་ཡོད་ནམ??////////////???????????
གྲོགས་པོ་བཤད་སྒྲུབ་ལགས། ཁྱོད་ཀྱིས་གསུང་པ་བཞིན། ལོ་རྒྱུས་འདི་ཚོ་ནི། ཕོ་ངན་རང་བསྟོད་མིན་པར། སྡེ་བས་རྒྱབ་བསྟོད་ཡིན་པས། དངོས་གནས་ལོ་རྒྱུས་ཐོག་ངོམ་རིམ་ཆོག་པ་རང་དུ་སེམས། ཨ་རི་CIN དང་། རྒྱ་ནག་པས་བྲིས་པའི་ཉེ་རབས་ལོ་རྒྱུས་སྐོར་ལ་གཟིགས་ན་ཤེས་ཐུབ་པ་ལས། རང་རེའི་སྤྱི་ཚོགས་འདིར་ཁ་ཕྱོགས་དང་བསམ་བློ་ག་འདྲ་ཞིག་ཡོད་པ་དྲ་ཡིག་ཐབས་ཆག་རེ་ཤེས་ཚོར་བལྟས་ན་ཚོད་དཔག་ཐུབ་པ་ཞིག་རེད་མི་འདུག གང་ལྟར་སྟག་ལམ་ཝ་མོས་བཀག་པ་དང༌། རྟ་ལམ་བོང་བུས་ཇི་ཙམ་བཀག་ན་ཡང༌། དངོས་ཡོད་ལོ་རྒྱུས་ནི་དངོས་ཡོད་ལོ་རྒྱུས་རང་ཡིན་པས་བཞག་ཐབས་དང་སྐྱུར་ཐབས་མེད་པ་ཞིག་ཏུ་ངོས་འཛིན་བྱས་ནས་<>དེབ་ཕྲེང་གཉིས་བྲིས་ནས་པར་ཡང་ཟིན་ལ། ད་དུང་དུས་ཀྱིས་ཁོམ་པ་བྱུང་ན་གསུམ་པ་ཡང་མུ་མཐུད་རྩིས་ཡོད།
ལོ་རྒྱུས་དང་སྒྲུང་རྩོམ། གློག་བརྙན་གསུམ་གྱི་ཐད། ལོ་རྒྱུས་གལ་ཆེ་ཞིག་དང་པོ་འབྲི་དུས་སུ་རྩོམ་རྩོམ་གྱི་རྣམ་པར་བྱས་ནས་བྲིས་མེད་ན་ཡང་། འཁྲབ་ཁྲིད་པའི་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་གསོན་ཉམས་ལྡན་པའི་སྒྲུང་གི་ངོ་བོར་བསྒྱུར་ནས་འཁྲབ་ཆོག་ཆོག་རེད། བོད་ན་<>དང་<>ལྟ་བུའི་ཉེ་རབས་ཀྱི་ལོ་རྒྱུས་གལ་ཚོ་དང་པོ་འབྲི་དུས་སྒྲུང་གི་རྣམ་པ་བྱས་ནས་བྲིས་མེད་ཀྱང༌། འཁྲབ་འཁྲིད་པའི་སྒྱུ་རྩལ་ཀྱི་ཉམས་མྱོང་ལ་བརྟེན་ནས། དེང་སང་སྐད་གྲགས་ཆེ་བའི་གློག་བརྙན་གྱི་ངོ་བོར་གྱུར་ཟིན་པ་རེད།
ཕུན་ཚོགས་ལགས། ཁྱོད་ཀྱིས་ང་ལ་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ། ཡིན་ན་འང་མགོན་པོ་ཕྱག་གཉིས་དང་མེ་སྒྱོགས་གཉིས་ལ་ཁ་རྡུང་གཏོང་མི་ཉན། ཁོང་གཉིས་ཀྱིས་གསུངས་པ་མང་པོ་ཞིག་ངས་ཁས་ལེན་ཞུ་གི་ཡོད། སྐབས་འགར་ཨ་རག་གིས་བཟི་བ་དང༌། ནག་མོས་འཛིངས་པ་ལྟ་བུས་དགོངས་པ་མི་སྤྲོ་བའི་སྐབས་མི་ལ་ཁ་རྡུང་པ་དེ་འདྲ་རེ་གཉིས་ཕུད་པའི་གཞན་དྲ་ཡིག་མང་པོ་ཞིག་ལ་གནས་ལུགས་ཡོངས་སུ་རྫོགས་པའམ་ཆ་ཤས་གལ་ཆེ་རེ་མཐོང་རྒྱུ་འདུག་པས། འདི་རིགས་ལ་ཕྲག་དོགས་དང་ཕྱོགས་རེས་རྩིས་ན་འགྲིགས་པ་མི་སེམས་སོ༎
རྒན་འཇིག་མེད་ལགས་བཀའ་དྲིན་ཆེ་་་་་་་་་་་་དངོས་ཡོད་ནང་གི་དངོས་ཡོད་འདས་པའི་མི་ལོ་ལྔ་བཅུ་ལས་མ་སོང་བའི་ཆུ་སྒང་དཔའ་བོའི་ལོ་རྒྱུས་གསེར་གྱི་རི་མོ་ལྟར་བུ་ཡོད་པ་འདི་ལ་གནས་ལུགས་དང་རྒྱུ་མཚན་གང་ཞིག་གི་ཡིན་མིན་མི་ཤེས་ད་བར་སེམས་ཁུལ་བྱེད་མཁན་ཧ་ལམ་མེད་པ་ལྟར་བུ་ལུས་འདུག་་་་་དྲང་མོ་བཤད་ན་འཕགས་མཆོགས་སྤྱིན་རས་གཟིགས་ཀྱི་རྣམས་རོལ་ཏུ་གྲགས་པ་རྒྱལ་པོ་སྲོང་གཙན་སྒང་པོའི་སྐུ་དུས་ན་ལྷ་དམག་དྲང་པ་ཅེས་བཤད་གསོལ་འདུག་པ་ལས་དོན་དངོས་ཐོག་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དམག་མེད་པ་གཞན་ལ་ངོ་དགའ་དཔེ་ལེགས་ཁོ་ན་བྱེད་ཏེ་དཔེ་ན་བོད་ཀྱི་ལོ་རྒྱུས་ནང་རྒྱ་ནག་རྒྱལ་པོ་ལ་ཡང་འཇམས་དབྱངས་གོང་མ་ཟེར་བ་སོགས་་མིང་གཅིག་ལས་ཅིག་རྫིག་པོ་དེ་འདྲ་རྟག་འདུག་་་་་་ཐབས་སྡུབ་གི་ངོ་གདོངས་དེར་ད་ལྟ་ལྟས་ན་ངོ་མ་ཞིན་པ་ལོག་དགོས་པ་ཞིག་རེད་འདུག་པ་དང་་དེ་འདྲའི་་གནས་ཚུལ་འོག་རང་ཡུལ་རང་ལག་མེད་པའི་གནས་ཚུལ་འདི་བྱུང་བ་རེད་ཅེས་གསུངས་མཁན་ལོ་རྒྱུས་སྨྲ་བ་རེ་གཉིས་མ་རེད་་་་༧རྒྱལ་དབང་བཅུ་གསུམ་པའི་སྐབས་ལ་དབྱིན་ལེན་ལ་དམག་སྤྱོང་བྱེད་མཁན་བོད་རོགས་འགའ་བཏང་བ་དང་ཚུལ་ལོག་ཏེ་བོད་རིགས་དམག་གི་སློབ་སྦྱོང་བྱེད་ས་དེ་འདྲཙམ་་གཙུག་པ་ལས་དམག་ཐབས་བྱེད་པའི་ལོ་རྒྱུས་མི་འདུག་རྗེས་སུ་དེ་ནས་དཔའ་བོ་འགའ་རེ་ཆུ་སྒང་དམག་གི་ནང་མཛུལ་བའི་ལོ་རྒྱུས་ཙམ་མེདམི་འདུག་ གནས་ཚུལ་དེར་ལྟས་ན་བོད་ཀྱི་ལོ་རྒྱུས་ནང་དམག་གི་ལོ་རྒྱུས་ཐོག་མ་དེར་ཆུ་བཞི་སྒང་དྲུག་འབོས་པ་འདི་ཡིན་པ་འདྲ་་ངོས་ནས་བསམ་ཞིབ་་ཇི་ཙམ་བྱེད་ཀྱང་བོད་གཞུང་དང་སྐུ་སྒེར་ནས་ད་བར་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་དང་ཆོས་ལུགས་རེ་གཉིས་་ལུང་ཚན་འགའ་རེ་ལ་དངུལ་གྱི་རོགས་རམ་སོགས་གནང་བ་ལས་འདི་ལ་དེ་ཙམ་གལ་ཆེན་མི་རྩི་བའི་རྒྱུ་མཚན་གང་ཡིན་ནམ་སྙམ་་་་་་་་་་
གནས་ལུགས་འགའ་རེ་སྐུ་ཉིད་གྱི་གསལ་པོ་མ་བཟོ་པར་་་ཚར་ཟིན་པའི་ལོ་རྒྱུས་ཀྱི་ཞིན་ཆ་ཞིག་ལ་བཞག་ན་་བཟང་བ་སྙམ་་་་་ངའི་རེ་བ་ལ་་མ་འོངས་པའི་སྐོར་ཡིན་་་་་་་་དེ་ཡང་གང་ཞིག་བྱེད་དགོས་པ་དང་་ང་འཚའི་བྱེད་ནུས་པའི་ཆུ་སྒང་དཔའ་བའི་ལོ་རྒྱུས་མཁོ་སྒྲུབ་སོགས་་ལམ་ལྟོན་གནང་རོགས་
བེ་རི་འཇིག་མེད་ལགས་ཐུགས་རྗེ་ཆེ་
ལོ་རྒྱུས་སྨྲ་བའི་མཁས་དབང་བེ་རི་འཇིག་མེད་ལགས་་་་་་་༡༽ ཀ་དང་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་འཛིན་གསུམ་ནི།
སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ།
ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ།
ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ
གསུམ་ཡོད་པ་ལྟར་།དཔའ་བོ་སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ།་དང་ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ་ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ་གསུམ་རྒྱ་གར་ནང་འབྱོར་རྗེས་སུ་བྱུང་བའི་ལོ་རྒྱུས་ཐུང་ཐུང་ཞིག་གསུང་རོགས་
རྒན་བེ་རི་འཇིགས་མེད་ལགས་ཀྱིས་དཀའ་ལས་གང་མང་ལ་མ་འཛེམས་པར་ལོ་རྒྱུས་འདི་ལེགས་བྲིས་ཐུབ་པར་བཀའ་དྲིན་ཆེ་ཆེ།
ཤི་ཐར་ཟེར་བའི་དྲ་གྲོགས་ལགས་་་་་་་་ཉིད་གྱི་འཆན་བུ་ཐུང་ཐུང་དེའི་ནངདོན་ལ་་ལྟས་ན་བེ་རི་འཇིག་མེད་ངོ་ཤེས་ཞིག་ཡིན་པ་འདྲ་་་ངས་ཀྱང་ཁོང་བོད་མི་མང་སྤྱི་མཐུས་ཡིན་པ་དང་མཁས་དབང་ཡིན་པ་ཤེས་བཞིན་ཁོང་ལ་ཆེ་མཐོང་བརྩི་བསྐུལ་ལྡན་པའི་ལམ་ནས་འདིར་ན་ཡོངས་བ་ཡིན་་་འོན་ཀྱང་ཟིན་བྲིས་འདི་ན་ཁོང་མ་མཇལ་བ་ཡོན་རིང་འགྲོ་བས་གནས་ལུགས་གང་ཡིན་མ་ཤེས་་་ཁྱོད་གྱི་གནས་ཚུལ་འདྲ་གསུང་རྒྱུ་ཨ་ཡོད་ནས་
ནོར་བཅོས་་་་་་་་ཨ་ཡོད་ནས་་་ཅེས་པ་་་་་གནས་ཚུལ་འདྲ་གསུངས་རྒྱུ་ཨ་ཡོད་ནམ
གྲོགས་པོ་ཀུན་དགའ་ལགས། ཉིད་ཀྱི་དྲི་བ། དཔའ་བོ་སྡེ་དགེ་གཙོ་འཛིན་ བྱ་རྒོད་རྣམ་རྒྱལ་རྡོ་རྗེ།་དང་ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ་ཨ་མདོ་གཙོ་འཛིན་ སྦྱིན་པ་རྒྱ་མཚོ་གསུམ་རྒྱ་གར་ནང་འབྱོར་རྗེས་སུ་བྱུང་བའི་ལོ་རྒྱུས་ཐུང་ཐུང་ ཞིག་གསུང་རོགས། ཞེས་པའི་ཐད། ཕྲན་ད་ལྟར་ལས་ཁུངས་སུ་ཡོད་པས། དུས་ཚོད་དེ་ཙམ་ཁམ་པ་མེད། དུས་ཚོད་རག་པ་དང་དགའ་བསུ་བྱས་ནས་ལན་ཕུལ་ཆོག
ལགས་གསོ་་་བེ་རི་འཇིག་མེད་ལགས་་་་དགོངས་འགལ་མེད་པ་ཞུ་་་
དུང་རབས་གསར་པའི་་ནང་གི་མཁས་པ་བེ་རི་འཇིགས་མེད་ལ།། ཕྱོགས་རུས་ངན་པ་ཁུག་ལ་ཞུགས་པའི་མི་རེ་ཟུང་གིས་ཚིག་གི་གཟེར་མདའ་འཕོངས་འཁུལ་བྱེད་པ་ནི་ནང་འཕྲོ་ཕྱི་ལ་མངོན་པར་རེད་བསམས།
དྲ་གྲོགས་བེ་རི་ལགས། ཐུགས་རྗེ་ཆེ་ཡག་པོ་བྲིས་འདུག ཁྱེད་ཀྱི་དགོངས་པ་ཆོས་དབྱིངས་སུ་མི་ཐེམ་པའི་རེ་བ་ཡོད་དོ་
བེ་རི་འཇིག་མེད་ལ་ཐུགས་རྗེ་ཆེ་ཞུ།
ཁྱེད་རང་སྐུ་གཟུགས་བདེ་མོ་ཡིན་ཤག་ཡིན་པ་སྨོན་འདུན་ཞུས་གི་ཡིན། ཁྱེད་ཀྱིས་བྲིས་པའི་ཆུ་སྒང་ལོ་རྒྱུ་དེབ་ཕྲེང་གཉིས་པ་དེ་ངས་སྙིང་ཐག་པར་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། རྗེས་སུ་གང་མང་ཡོད་པར་མཁྱེན།།
གྲོགས་པོ་སྒྰ་ཕྲུག་བཀྲ་བསམ་ལགས། བཀྲ་ཤིས་བདེ་ལེགས། དྲ་རྒྱ་ནང་མ་འཛུལ་ནས་ཡུན་རིང་སོང་། དེ་རིང་ཁྱོད་རང་མཇལ་བ་སྤྲོ༎ གལ་ཏེ་དུས་ཚོད་ཡོད་གྱུར་ན༎ རྗེས་ནས་ཆུ་སྒང་ལོ་རྒྱུས་ཁག། ལེའུའི་བང་བཞིན་དྲ་རྒྱ་ནང་༎ རིམ་པར་བཞིན་དུ་བཞག་ན་བསམ༎ ཕྱོགས་ལྷུང་འུག་པའི་ཐན་མིག་ལ༎ གཟན་ཡང་སྡུག་གྱོང་མགོ་རིལ་གྱིས༎ གཟུར་གནས་ཕོ་རྒོད་དར་མ་ཚོ༎ དགའ་བའི་སྐྱེས་སུ་འགྱུར་ན་འགྲིགས༎ བེ་རི་བས།
ང་ཡིས་གྲོགས་པོ་དགེ་ཤེས་བེ་རི་འཇིགས་མེད་ལགས། ང་རང་དགོངས་པར་མ་ཚང་གང་ཡིན་ཟེར་ན་ཡི་གེ་ཡག་པོ་བྲིས་ཤེས་མེད་ལགས་དག་ཆར་དེ་བས་ཀྱང་མེད་གྲོགས་ཁྱེད་ཀྱིས་ང་ལ་ལམ་བསྟན་མང་ཙམ་གནང་རོག་གྱིས་དེ་དང་ཆབ་ཅིག་ལ་ཁྱེད་ཀྱིས་རྩམ་པའི་དེབ་ཕྲེང་གཉིས་པརདང་་བྲིས་པའི་ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླང་དམག་མི་རྣམས་ཀྱིས་ལོ་རྒྱུས་མི་མཐུན་ནས་ཡོད་པར་མཁྱེན་མཁྱེན།།རང་རིགས་བཙན་བྱོལ་བར་རྣམས་ལ་བུ་ངས་རེ་བསྐུལ་ཞུ་ཡ་ལ་ཁྱེད་རྣམས་ཀྱིས་འདི་ལ་སླེབས་པར་དེ་བཀའ་དྲིན་བསམ་ཤེས་ཡོད་ན་དེ་བའི་ཆེད་དུ་འབད་བརྩན་མང་ཙམ་གནང་རོགས་ཞུ་ཞུ།
༇། དྲ་སྣང་ལ་ཕེབས་པའི་གྲོགས་པོ་གྲོགས་མོ་ཚང་མ་ལ་བཀྲ་ཤིས་ལོ་ལེགས་ཡོད། ངས་དྲི་བར་ཞིག་ཡོད། ཕུན་ཚོགས་དང་བཤད་སྒྲུབ་ཀུན་དགའ་གསུམ་ལ་ཡིན། དྲི་བར་དང་པོ། མདོ་སྟོད་མི་དམངས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་མིང་གཉིས་ལ་དོན་མི་འདྲ་བའི་ག་རེ་ཡོད་རེད། དྲི་བར་གཉིས་པར། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླངས་དམག་སྒར་དང་མདོ་ཁམས་ཆུ་བཞི་སྒང་དྲུག་དོན་གཅིག་ལ་མིང་མི་འདྲའི་ག་རེ་ཡོད་མེད་གསུང་རོགས་ཡོད་པར་སྐྱབས་འཇུག་ཞུ།
བེ་རི་འཇིགས་ལགས་སུ་བཀྲིས་བདེ་ལེགས་ཞུ། མ་འོངས་པར་ཏྲེ་ཧོར་གྱི་ལོ་རྒྱུས་དང་དེ་ཁུལ་ནས་བྱོན་པའི་དཔའ་བོ་ཛ་པའི་སྤྲུལ་རྒོད་མགོན་པོ་རྣམ་རྒྱལ་གྱི་ལོ་རྒྱུས་འབྲི་རོགས་གནང་བའི་རེ་བསྐུལ་ཞུ།
བཀྲ་ཤིས་བདེལེགས། རྒན་བེ་རི་མཆོག་གི་ཆུ་སྒང་གི་ལོ་རྒྱུས་དང་འབྲེལ་བའི་འབྲིས་རྩོམ་མང་པོ་ཞིག་སྤེལ་འདུག སྙིང་ནས་བཀའ་དྲིན་ཆེ་ཞུ། རྒྱབ་སྐྱོར་ཡོད།