༄༅། ། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང། ངོ་བོ། དགོས་ཕན། མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་བཅས་ཀྱི་སྐོར་གཏིང་ཟབ་སློབ་གསོ་ཞིག་འབུལ་རྒྱུའི་གསལ་བསྒྲགས།
༡། ངོ་སྤྲོད།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་ད་ལྟའི་གནས་སྐབས་སུ་རྒྱལ་སྤྱིའི་ནང་ཀུན་གྱིས་ཡི་རངས་རྒྱབ་སྐྱོར་བྱ་ཡུལ་དང། བོད་དོན་བདེན་མཐའ་བསལ་བའི་ཐབས་ལམ་རྨད་དུ་བྱུང་བ་དེ་ཡིན་ནའང། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འདིའི་སྐོར་ཆ་ལག་ཚང་བའི་གོ་རྟོགས་གཏིང་ཟབ་ཡོད་མཁན་དཀོན་པ་དང། སྲིད་བྱུས་འདི་ལ་ཡིད་སྨོན་རྒྱབ་སྐྱོར་གནང་མཁན་མང་དག་ཅིག་ཀྱང་འདིའི་རིག་པའི་གཞུང་ལུགས་ཀྱི་གནད་གསང་ཇི་བཞིན་རྟོགས་པ་དཀོན་ཙམ་འདུག་སྟབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འདིའི་སྐོར་ཁྱད་མཁས་མི་སྣ་གསོ་སྐྱོང་བྱ་གལ་ཧ་ཅང་ཆེ་བར་མཐོང་སྟེ་ལས་འགུལ་ཁང་ནས་བོད་རིགས་ན་གཞོན་སུམ་ཅུ་ལ་ ༢༠༡༢ ཕྱི་ཟླ ༡༠ ཚེས ༥ ནས ༡༡ བར་ཉིན་བདུན་རིང་ངྷ་རམ་ས་ལར་གཏིང་ཟབ་སློབ་གསོ་ཞིག་འབུལ་རྒྱུའི་ལས་འཆར་གཏན་འཁེལ་ཟིན་པ་ཡིན།
༢། སློབ་གསོའི་སློབ་ཚན།
ཀ གཉིས་སྨན་དབུ་མའི་ལམ་གྱི་བྱུང་རབས་དང་འཕེལ་རིམ།
ཁ གཉིས་སྨན་དབུ་མའི་ལམ་གྱི་ངོ་བོ།
ག གཉིས་སྨན་དབུ་མའི་ལམ་གྱི་དགོས་པ་དང་ཕན་ཡོན།
ང བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་དེའི་འགྲེལ་བརྗོད།
ཅ གཉིས་སྨན་དབུ་མའི་ལམ་དང་འབྲེལ་བའི་དྭོགས་གནས་ཁག་ལ་དྭོགས་གཅོད།
ཆ འབྱུང་འགྱུར་དབུ་མའི་ལམ་གྱི་གནས་བབ་ཇི་ལྟར་འགྱུར་སྲིད་པའི་ཚོད་དཔག
ཇ དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ཚ་རླབས།
ཉ རྒྱ་ནག་གཞུང་དང་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་དབུ་མའི་ལམ་ལ་ལྟ་སྟངས།
༣། སློབ་གསོ་གནང་མཁན་ཁྱད་མཁས་མི་སྣ།
ཀ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག
ཁ བཀའ་ཁྲི་བློ་བཟང་སེང་གེ་མཆོག
ག ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག
ང སྤྱི་འཐུས་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག
ཅ སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས་མཆོག
ཆ དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་མཆོག
༤། སློབ་གསོའི་མཐུན་རྐྱེན།
ཀ རྒྱ་བལ་འབྲུག་གསུམ་ནང་ཡོད་སློབ་ཞུགས་པ་རྣམས་ལ་སོ་སོའི་བཞུགས་ཡུལ་ནས་རྡ་སའི་བར་ཕར་ཚུར་འགྲིམས་འགྲུལ་མཐུན་རྐྱེན་དཀྱུས་མའི་ལམ་གྲོན།
ཁ ངྷ་སར་སློབ་གསོའི་རིང་བཞུགས་ཤག་དང་གསོལ་ཆས།
ག ཕྱི་རྒྱལ་ནས་ཕེབས་མཁན་ཡོད་ཚེ་ལམ་གྲོན་མེད།
༥། སློབ་ཞུགས་པ་རྣམས་ཀྱི་འོས་ཆོས།
ཀ རང་ལོ་ཉེར་ལྔ་ཡན་ལོན་པ།
ཁ བོད་ཀྱི་སྐད་ཡིག་འབྲི་ཀློག་རང་རྐྱ་འཕེར་བ།
ག བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་གཙང་འབུལ་ཡོད་པ།
ང དབུ་མའི་ལམ་གྱི་སློབ་གསོར་ཞུགས་དགོས་པའི་རྒྱུ་མཚན་ཡིག་འབྲུ ༡༥༠༠ ལས་མ་བརྒལ་བ་ཞིག་འབྲི་དགོས།
༦། སློབ་གསོ་ཟིན་རྗེས་ཀྱི་ལས་འགན།
སློབ་གསོར་ཕེབས་མཁན་རྣམས་སློབ་གསོ་ཟིན་རྗེས་སོ་སོའི་བཞུགས་ཡུལ་ནས་ས་གནས་སུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་མང་ཚོགས་སུ་གོ་རྟོགས་སྤེལ་ཐབས་དང། དྭོགས་འདྲི་དང་འཁྱོག་བཤད་ཁག་ལ་ལན་འདེབས། བགྲོ་གླེང། གཏམ་བཤད་སོགས་གང་ཐུབ་གནང་སྟེ་འཆར་ལོ་གསུམ་གྱི་རིང་ལོ་རེ་བཞིན་ལས་དོན་ཇི་གནང་གི་གནས་ཚུལ་དང། ཉམས་མྱོང་གི་དགོངས་འཆར་རེ་ལས་འགུལ་ཁང་ལ་གནང་རྒྱུའི་རེ་འདུན་བྱེད་ཀྱི་ཡོད།
༧། སློབ་གསོའི་ནང་འཚང་སྙན།
སློབ་གསོའི་ནང་ཕེབས་འདུན་ཡོད་ཅིང། གོང་གསལ་འོས་ཆོས་ཚང་བ་རྣམས་ཀྱིས་མཚན་དང། འཁྲུངས་ཚེས། ཤེས་ཡོན་གནས་ཚད། དཔྱ་ཁྲལ་འབུལ་དེབ་ཨང། སློབ་གསོ་འདིར་ཞུགས་དགོས་པའི་རྒྱུ་མཚན་བཅས་འཚང་སྙན་མཉམ་སྦྱར་གྱིས་གཤམ་གསལ་ཁ་བྱང་ཐོག་༢༠༡༢ ཕྱི་ཟླ ༩ ཚེས ༣༠ ནང་ཚུད་གནང་སྐྱོང་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་སུ། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༡༢ ཕྱི་ཟླ ༨ ཚེས ༡༨ ཉིན།། །།
Workshop on the Middle-Way
Middle Way policy is supported by the international community. The policy is designed to resolve the issue of Tibet. There are many in exile Tibetan community who are confused about this policy. Even some of the die-hard supporters of this policy do not understand the philosophy behind this policy. It is important, as a result, to train Middle-Way specialists and experts in exile community. Towards this end, we are giving an intense Middle-Way Policy workshop to some thirty young Tibetans.
Courses to be taught at the workshop
1) Evolution of the Middle Way Policy
2) The Nature of the Middle Way Policy
3) Advantages of the Middle Way Policy
4) Documents of the Middle Way, including the Memorandum on Genuine Autonomy
5) How to Resolve the Confusion and Misunderstanding of the Middle Way Policy
6) Prospects of the Middle Way – its implications in Future
7) Middle Way Policy and Its impact in the International Community
8) Chinese Government and Chinese Intellectuals’ Views on the Middle Way
Experts Who will Speak at the Workshop
1) Penpa Tsering, Speaker of the Tibetan Parliament
2) Dr. Lobsang Sangay, Kalon Tripa
3) Prof. Samdhong Rinpoche, Former Kalon Tripa
4) Thupten Lungrik, Former Kalon and MP
5) Pema Jungney, Former Speaker of Tibetan Parliament
6) Ngapa Tsejam, Secretary of Gahden Pohdrang
Remuneration for the Participants and Other facilities
1) Free Accommodation during stay in Dharamsala, Second Class Travel Expenses (only for those participating from outside South Asia – India, Nepal and Bhutan).
2) Tea and Snacks
Criteria for Participating in the Workshop
1) Participant should be above 25 years
2) Fluent in Tibetan, literary and spoken
3) Valid Green Book
4) Submission of an article/paper, citing reasons for participating in the workshop. The paper should contain no less than 1,500 words.
Responsibilities to be Fulfilled after the Workshop
After the workshop, participants should strive to spread the knowledge they acquired about the Middle Way among masses in their respective settlements and areas; to clarify the misunderstandings and confusion of the policy; hold as much as public discussions and debates; and must submit their work report after every three years, along with their recommendations, to the Central Office of the Tibetan People’s Movement for Middle Way.
How to Apply
Those willing to participate must submit their application, in which they should mention their name, date of birth, level of education, Green Book Number, and reasons for participation. The deadline for the application is 30 September 2012, and must be addressed to the following Address:
Central Office of the Tibetan People’s Movement for ”Middle Way”.
Rabten Khangsar, House 620, Tipa Road,
PO 176219, Mcloed Ganj, Dharamsala,
Kangra, HP, INDIA.
Email: loveyoutibet@gmail.com,
Mobile: 09882533773
༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་གནད་ཡོད་མི་སྣ་མང་པོ་ཞིག་གིས་དཔྱད་གསུམ་དག་པའི་གཏན་ལ་ཕབས་པའི་གཉིས་སྨན་དབུ་མའི་ལམ་འདི་ཉིད་ཀྱི་དགོས་་དམིགས་ཞིབ་ཕྲ་མཁྱེན་རྟོགས་ཡོངས་ཆེད་ཟབ་སྦྱོང་དང་ངོ་སྤྲོད་ཡང་ཡང་གནང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་རླབས་ཆེན་ཞིག་ཏུ་མཐོང་ངོ་། བོད་སྤྱིའི་བདེན་མཐའ་གསལ་ཆེད་སེམས་ཚོར་དང་འགན་འཁུར་གཉིས་ལྡན་གྱི་མི་སྣ་གང་མང་སྤྱིར་སྒེར་གཉིས་ཀྱི་ངོས་ནས་གསོ་སྐྱོང་བྱེད་ཐབས་དུས་ནས་དུས་སུ་གནང་དགོས་པ་དེ་གལ་ཆེའི་གནད་དོན་ཆེན་པོ་ཞིག་རེད་འདོད། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བོད་རྒྱལ་ལོ།
ཧ་ཧ་ཧ་དངོས་གནས་དབུ་མ་ནི་དབུ་མ་རང་རེད་ད་དུང་ཟབ་སྦྱོང་འདྲ་བྱས་ནས་སྡད་རྒྱུ་གང་ནས་དྲན་སོང་། ད་གཟིགས་དང་བོད་དུ་ག་རི་བྱེད་ཀྱིན་འདུག དེ་ལ་དཔག་པའི་ཆབ་སྲིད་ཀྱི་ལམ་ཞིག་དགོས་པ་ལས་ད་ནི་དབུ་མ་དུས་ལས་ཡོལ་ཟིན། དབུ་མའི་ལྟ་གྲུབ་སྦྱང་དགོས་ན་ཁུག་རྟ་ཁྱོད་རང་སླར་ཡང་གྲྭ་བ་བཟོས་ཏེ་གདན་སར་ཕེབས་ན་ཡག དེ་མིན་བཀའ་སྤྱི་གཉིས་སྔར་དང་མི་འདྲ་བར་དབུ་མ་རང་ལ་མགོ་འཁོར་མཁན་དེ་འདྲ་ཨ་ཡིན་ན། དེ་གཅིག་རེད་གཉིས་ནས་དབུ་མའི་ལས་འགུལ་ཁང་ཟེར་བ་དེས་ཆབ་སྲིད་ཀྱི་ལས་འགུལ་ཁང་གཅིག་རེད་དམ། ཡང་ན་ལྟ་གྲུབ་ཁོ་ན་རྩོད་ཅིང་རང་བཙན་གྱི་ལོ་རྒྱུས་་་་་་་་་་་་་རེད། བོད་ནས་གནས་ཚུལ་གཅིག་རྒྱལ་སྤྱིའི་སྟེང་སྤྲད་མྱོང་ངམ། མི་མང་ལ་ཁ་ཡོད་ལག་ཡོད་ཕན་ཐོག་གང་སྒྲུབ་མྱོང་། ད་དུང་ལོ་གསུམ་རིང་འཁྱོག་བཤད་ལ་ལན་འདེབས་བྱེད་མཁན་ཡིན་ཟེར། ཧིན་རེད་ཁྱེད་ཚོའི་མ་ཐུབ་ས་ཁོ་གཞོན་ནུ་རེད། ནང་ལ་ཐུག་དུས་ཡིན་མདོག་ཡོད་ད་དུང་འཁྱོག་བཤད་ཡིན་ན་ཅིག
དབུ་མའི་ལམ་ལས་འགུལ་ཁང་གི་གཉིས་སྨན་དབུ་མའི་ལམ་ལ་ཡིད་ཆེས་དང་བློ་བསྟོད་བྱེད་མཁན་དུས་ནམ་ཡང་ཡོང་གི་མ་རེད། རྒྱུ་མཚན་གང་ཡིན་ཞུ་ན། ཚོགས་གཙོ་ཟླ་བ་ཚེ་རིང་དང་། ལས་བྱེད་བློ་ཆོས་འམ་ཤ་ཕྱོགས་ཁུག་རྟ་གཉིས་ཀྱི་བོད་གཞུང་གི་བཅའ་ཁྲིམས་ལ་རྩིས་མེད་རྡོག་རོལ་གཏོང་མཁན་ཡིན་པ་སོང་ཙམ་རྒྱ་ཆེར་མང་གི་ཡིད་ཆེས་དང་ཆེད་མཐོང་མེད་པ་ཁོ་རང་གཉིས་ཀྱི་ཟོས་པ་རེད།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད།
བཀུར་འོས་ཚང་མ་ཡོང་ནས་བཀའ་སློབ་གནང་གི་ཡོད་ཟེར་ན་ཡང་འདི་ཅི་ཞིག་ཡིན་མིན་མི་ཤེས་འི། བོད་འདི་དབུ་མས་རྒྱལ་ན་རྒྱལ་ནི་རེད། དབུ་མ་མིན་པས་རྒྱལ་ན་ཡང་རྒྱལ་ནི་རེད། ཕྱོགས་གང་གིས་རྒྱལ་ན་རྒྱལ་ནི་རེད། གཙོ་པོ་རྒྱ་གདོན་ཚོ་ལ། འདི་གཉིས་སྨན་གསུམ་སྨན་ག་རེ་ཡིན་པའི་འགྲེལ་བརྗོད་ཡོད་ན་ཕན་འབྲས་ཞིག་ལ་རེ་བ་ཡོད་པ་ལས། དེ་མིན་བོད་མི་དམངས་ལ་ལྟ་བ་དང་རྟོགས་པ་མང་ན་སྲལ་ནི་རེད་འདོད་ཡོད། བོད་འདི་བོད་ཡིན་པའི་རྡོག་རྩ་གཅིག་སྒྲིལ་ཡོད་བཞིན་དུ་ལྟ་བ་གཅིག་དང་ལང་ཕྱོགས་གཅིག་ཡིན་པའི་རྡོག་རྩ་གཅིག་སྒྲིལ་ཞིག་དགོས་འི་ཨེ་ཡོད་ན།
ངས་ནམ་ཡིན་ཡང་བོད་ཀྱི་ད་ལྟའི་ཆབ་སྲིད་ལང་ཕྱོགས་འདི་གཉིས་སྨན་གསུམ་སྨན་ག་རེ་ཡིན་མིན་བོད་རྒྱའི་གནད་ཡོད་མི་སྣའི་བར་ལ་ངོ་སྤྲོད་ཕྱི་གསལ་ནང་གསལ་ཞིག་བྱེད་དགོས་པའི་ཐབས་ལམ་འཚོལ་བ་ལས་བོད་པ་ཚང་གཅིག་པོའི་ནང་ལ་འཁོར་ནས་འདུག་པ་ནི་ཉི་མ་གཏོང་སྤྱད་དང་སྐུ་ངོ་རེ་ཡི་རྐུབ་སྲུང་སྤྱད་ཙམ་ལས་མི་འདུག་བསམ་ཡོད།
རྗེས་སུ་ཡི་རངས་ཡོད། ང་ཚོའི་སྤྱི་ཚོགས་ནང་དབུ་མའི་ལམ་རབ་རིབ་ཙམ་ཤེས་མཁན་མང་ནའང། དེའི་རིག་གཞུང་དང་བཅས་པ་ཤེས་མཁན་དཀོན་པོ་རེད། འདི་ལྟར་ཤེས་བྱ་ཉག་ཅིག་སྤྲོད་པའི་ལས་འགུལ་འདི་རིགས་མིའི་ཤེས་རྒྱུད་དུ་གནས་ཐུབ་ཀྱི་ཡོད་པས། བཙན་བྱོལ་བོད་མིའི་ལས་འགུལ་ཡག་ཤོས་སུ་མཐོང་གི་ཡོད།
གཞན་སྐབས་དེར། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཐད་མཁས་པའི་གཏམ་བཤད་ཡོད་དམ། དེ་ཅིག་འདྲི་འདོད་བྱུང། དབུ་ལམ་རྒྱལ་ལོ།། བདེན་པ་རྒྱལ་ལོ།།
ཁ་བ་ལགས་ཀྱི་གསུང་པ་དེ་གཅིག་རེད། གཉིས་ནས་ཆབ་སྲིད་ཟེར་དུས་སྐབས་དང་དུས་ལ་བསྟུན་ནས་འགྲོ་དགོས་པ་ལས་ང་ཚོའི་ལྟ་བ་འདི་ཡིན་ཞེས་ཆོས་ལུགས་བྱེ་བྲག་པ་ཞིག་དང་འདྲ་བ་བྱེད་རྒྱུ་དེ་ནི་ཆོས་དང་ཆབ་སྲིད་གཉིས་ཉ་ཉུང་མཉམ་སྲེ་བྱས་བྱས་པའི་མཇུག་འབྲས་རེད། ༧གོང་ས་མཆོག་གི་དཔྱད་གསུམ་རྣམ་པར་དག་པའི་གཏན་ལ་ཕབ་པ་གཞིར་བཟུང་གྲུབ་འབྲས་བྱུང་ན་དེ་རེད། དེ་མིན་གྲུབ་འབྲས་གང་ཡང་མེད་པའི་བྱ་བ་ཞིག་དཔྱད་གསུམ་རྣམ་པར་དག་པ་ཡིན་ཟེར་ན་སུའི་ཉན། དབུ་མའི་ལམ་དེ་ལས་༧གོང་ས་མཆོག་བགྲེས་ཡོལ་ཕེབས་པ་རེད། ད་དུང་བློ་སེང་སོགས་དབུ་མའི་ལྟ་གྲུབ་ཁོ་ན་ཁ་ནས་བཤད་བཅུག་ནས་རྒས་སུ་འཇུག་རྒྱུ་ཡིན་ནམ། ཟམ་གདོང་རིན་པོ་ཆེ་ལ་སྐད་ཆ་ཡག་པོ་དྲིས་དང་ལོ་བཅུའི་རིང་རྒྱ་དམར་དང་མཉམ་དུ་དབུ་མའི་འབྲས་བུ་གང་བྱུང་དྲིས་དང་བཤད་ཚོད་རེད། དབུ་མ་དབུ་མ་ལབ་ལབ་མཐའ་མ་སྲིད་སྐྱོང་བློ་སེང་ཕྱག་ལ་ག་རི་རྩིས་སྤྲད་སོང་། རྒྱ་ནག་མཉམ་དུ་ཚིག་མེད། བཙན་བྱོལ་བོད་གཞུང་མིང་ཡིག་བསྡུས། དེ་ཚོ་དབུ་མའི་མཇུག་འབྲས་རེད། ད་དུང་བཤད་ན་རྫོགས་རྒྱུ་མེད།
ང་ཚོ་བོད་མི་རེ་ཤོས་ཀྱིས་བསམ་བཞིན་ཕྲག་དོག་དང་དུ་ལེན་པ་འདི་ག་རེ་ཡིན་ནམ དེ་ལས་དོན་དག་རང་གི་སྟེང་ནས་རྩོད་པ་གནང་ཐུབ་ན་དེ་ལྟ་ས་ཞིག་ཡོད་པ་རེད། དབུ་མའི་ལམ་གྱི་ལྟ་གྲུབ་ལ་སྐྱོན་མེད་ཀྱང། དེ་ཉམས་ལེན་གནང་མཁན་མེད་པ་དང། ཉམས་ལེན་གནང་མ་ཤེས་པ། ཉམས་ལེན་མ་གནང་བ་བཅས་ནི་ནམ་ཡང་ལྟ་གྲུབ་རང་སྟེང་གི་སྐྱོན་དུ་ག་ནས་འགྱུར། དངོས་གནས་ང་ཚོའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་གོ་རྟོགས་ཚད་ལྡན་སྤེལ་དགོས་པ་དེ་ཁ་ཚ་དགོས་གཏུག་ཆགས་འདུག ང་ཚོས་རྩ་དོན་བཤད་སྐབས། དགའ་མི་དགའ་དང་སྣང་བ་འགྲོ་མི་འགྲོའི་གཞན་དབང་དུ་སོང་ན། མི་རབས་གསར་པའི་དཀའ་ངལ་མྱོང་གི་རེད་ལ། མི་རབས་གོང་མ་ཚོར་ངོ་ནོངས་དགོས་པ་རེད། དེ་བས་རྣམ་པ་ཚོས་དོན་དམ་པའི་རང་མི་རིགས་ཀྱི་བདེ་སྡུག་གླེང་ཐུབ་པ་དང། གླེང་ཤེས་པ་ཡིན་ན་དེ་ལས་ལྷག་གི་སྤོབས་པ་དང་ང་རྒྱལ་ཞིག་གང་དུ་ཡོད། ཡིན་ནའང། ང་ཚོའི་ཕུང་དཀྲུག་པ་རེ་འགས་ག་དུས་ཡིན་ནའང། གཞན་གྱི་རྐང་པ་མར་འཐེན་ཨེ་ཐུབ་ལྟ་བ་ནི་གསེང་ན་རུས་པ་མེད་པའི་རྟགས་མཚན་གསལ་ཤོས་དེ་རེད། སོ་སོས་སོ་སོར་མཛུབ་མོ་ཚུགས་དང། དབུ་མའི་ལམ་གྱི་སྐོར་ལ་ག་ཚོད་ཤེས་ཀྱི་ཡོད་དམ། གནད་འགག་དེ་རེད། ག་ཚོད་རང་གི་མི་རིགས་ལ་ཞབས་ཞུ་སྒྲུབ་ཡོད་དམ། དེང་སང་རེ་འགའི་རྫུན་སྣོག་ལས་འདྲ་མི་འདྲ་བྱས་ཏེ་གྲོད་ཁོག་ཅུང་ཙམ་རྒྱག་དུས། ཆེན་པོ་ཞིག་བཤད་ཁུལ་ལམ་ཆེན་པོ་རྣམ་དཔྱོད་ཅན་དག་ལ་ཁ་གཏོང་བ་ནི་ངོ་ཚ་བའི་གནས་ལས་མ་འདས་པས། ཚང་མས་རང་མི་རིགས་ཀྱི་རྩ་དོན་ཐད་ནུས་བ་ཅི་ཡོད་འདོན་རྒྱུར་རྒྱུ་དངོས་སེམས་ཤུགས་སྤུངས་ཐུབ་ན་ཡག་གི་རེད།
རྒྱ་ནག་མཉམ་དུ་ཁ་ཚིག་མེད།
ལྷ་མཚོའི་གསུང་པ་དེ་བདེན་པ་རེད། དབུ་མ་ཉམས་ལེན་བྱས་ན་མཐར་ཐུག་བདག་མེད་གཉིས་རྟོགས་ཀྱི་རེད། དེ་ནི་དབུ་མའི་ཉམས་སུ་བླང་པའི་འབྲས་བུ་རེད། ཆབ་སྲིད་དབུ་མ་ཉམས་ལེན་གནང་བའི་འབྲས་བུར་རྒྱ་མེད་བོད་མེད་མི་ཡུལ་རྫོགས་རྒྱུ་རེད། དེ་ཡང་ཆབ་སྲིད་དབུ་མའི་འབྲས་བུ་རེད།
ཨ་ཆེ་ལྷ་མཚོ་ལོ་ལོ།
སེམས་ཤུགས་ཞིག་གི་སྐད་ཆའི་ནང་ན།
མུན་ནག་ཞིག་གི་སྒྲིབ་མ་ཡོད་ཀི།
ལྟ་བ་མེད་པའི་སྐྱོན་ཆ་ཞིག་གིས།།
ཁོ་མོའི་ཡ་ཐོད་ཕྱེ་ས་མ་རེད།
ཧ་ཧ་ཧ། ཨ་ཆེ་ལྷ་མཚོ།
དབུ་མའི་ལམ་གྱི་ཟབ་སྦྱོང་འདི་གཞོན་ནུ་ལྷན་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་བྱེད་འཆར་ཡོད་པའི་དུས་ཚོད་དང་རྟག་རྟག་འཁེལ་ནས་འདུག དེ་ཡང་ཤར་ཕྱོགས་ཁུག་རྟ་དང་ཟླ་བ་ཚེ་རིང་གིས་སྣ་ཁྲིད་པའི་དབུ་མའི་ལམ་གྱི་སྦྱོང་བ་དངོས་དེ་ཡིན་རྒྱུ་རེད།
ཟླ་བ་ཚེ་རིང་གི་ཕྱི་ཟླ་༩ ནང་དམིགས་བསལ་ཚོགས་ཆེན་མ་འཚོགས་སྔོན་ལ་ཆབ་སྲིད་ཀྱི་འཁྲབ་སྟོན་བྱ་རྒྱུ་ལས་གཞན་གང་ཡང་མ་རེད། གཉིས་པ། བོད་ཀྱི་གཞོན་ནུའི་ལྷན་ཚོགས་ལ་ཁ་གཏོད་ཅོག་བྱེད་རང་རེད། དབུ་མའི་ལམ་གྱི་ཟབ་སྦྱོང་སྤྲོད་མཁན་དེ་ཚོར་དམིགས་བསལ་ནང་ཆོས་མཁས་པ་དགོས་རེད་མ་གཏོགས་སྤྱི་འཐུས་སྤེན་པ་ཚེ་རིང་དང་། བཀའ་ཁྲི་བློ་བཟང་སེང་གེ སྤྱི་འཐུས་ཐུབ་བསྟན་ལུང་རིགས། སྤྱི་འཐུས་པདྨ་འབྱུང་དེ་ཚོ་ཕྲན་གྱི་གང་ཡང་འགོ་ཚོས་ཀྱི་མ་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། གདན་ས་ཁག་གི་དགེ་བཤེས་ཡག་པོ་དེ་འདྲ་ཡོད་ན་ལེགས་སོ།
གཞུང་རྒྱུུ་སྒེར་ལ་དབང་།
གཞུང་ཞབས་གནས་ནས་དབྱུང་།
གཞུང་ལ་སྐྱོན་འཛུག་བྱེད།
གཞུང་ལམ་འཕྲེད་ནས་བཀག།
།
ལས་འགུལ་འདི་འདྲ་ཞིག་སྤེལ་རྒྱུའི་བསམ་བློ་འཁོར་བ་ཙམ་མ་ཟད་ལག་ལེན་ལ་འགེལ་རྒྱུའི་འཆར་གཞི་ཡོད་པ་དངོས་གནས་ཡག་པོ་རེད། ཟབ་སྦྱོང་ལ་མཉམ་ཞུགས་བྱེད་མཁན་ཙམ་མིན་པར་རྒྱ་ཆེ་ས་ཞིག་ལ་དགོངས་པ་བཞེད་དེ་ཆེད་དུ་གདན་འདྲེན་ཞུ་འཆར་ཡོད་པའི་མི་སྣ་དེ་ཚོའི་གཏམ་བཤད་ཁག་སྒྲ་འཇུག་ཐུབ་པ་ཞིག་བྱེད་རོགས།
དབུ་མའི་ལམ་ཁ་གདམ་ནས་ལོ་མང་པོ་སོང་ན་ཡང། ད་དུང་མི་ཉུང་ཤེས་ཞིག་མ་གཏོགས་འགོ་ཚོས་ཡོད་མཁན་མེད་ན། འོ་ན་ད་ནི་གྲུབ་མཐའ་བཞིའི་ཡ་ཀྱལ་ངོ་བོ་ཉིད་མེད་པར་སྨྲ་བའི་མཐར་ཐུག་པ་ཐལ་འགྱུར་བའི་དབུ་མའི་ལྟ་བ་ལས་ཀྱང་དཀའ་བ་ཞིག་ཡིན་ན། ལམ་འདི་ལ་ཞུག་པའི་བོད་པ་ཡང་བོད་ཕྱི་ནང་ན་བརྒྱ་ཕྲག་ཁ་ཤེས་ཙམ་ལས་མེད་པར་འགྱུར་ལ། དེ་ལྟར་ན་དབུ་མའི་ལམ་ལ་ཞུག་པ་ལ་དང་བོ་ལོ་ཁ་ཤེས་ཞིག་ལ་འདི་ལ་བསློབ་སྦྱོང་བྱེད་དགོས་པ་འདྲ།
བཙོན་བྱོལ་ནང་ལ་ཡོད་པའི་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ནས་མིང་དོན་མཚུངས་པའི་ཚོགས་པ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་མའི་གུང་ཁྲན་གྱི་བཞེད་སྣང་བྱས་སར་ཚོགས་པ་འདི་གཅིག་པོ་རེད། དེ་ལ་ཟླ་བ་ཚེ་རིང་གི་ཁ་གཏོད་བཅར་དགོས་དོན་གང་ཡིན་ནམ།
དབུ་མའི་ལམ་གྱི་སྲིད་ཇུས་འདི་ནི་ཆབ་སྲིད་ཀྱི་བདག་དབང་བློས་གཏོང་ཆེན་པོས་རང་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་རྣམས་ཁ་ཚ་དགོས་ཐུག་གིས་སྲུང་སྐྱོབ་བྱེད་ཆེད་གསུངས་བཞག་པ་ཞིག་ཡིན་མོད། གུང་ཁྲན་གྱིས་ཁས་ལེན་ནམ་ཡང་བྱེད་མི་སྲིད་ལ་བྱས་ཀྱང་མེད། གལ་སྲིད་ཁས་ལེན་པའི་དབང་དུ་བཏང་ཡང་ལམ་འདི་ལ་ཕྱིན་ན་འདིས་རྒྱ་མི་རིགས་ཆེན་པོའི་གྲངས་འབོར་ནང་ཆུས་ཁེངས་པའི་ལུང་པ་ནང་རྡེའུ་སྐམ་པོར་གནས་ཐབས་བྱེད་པ་དང་འདྲ་བས་བོད་མི་རིགས་ཀྱི་ངོ་བོ་དང་ཆ་ལུགས་སྐད་ཡིག་བཅས་སྲུང་སྐྱོབ་བྱེད་མི་ཐུབ་པ་ཀུན་གྱིས་ཤེས་གསལ་རེད། མ་ཟད་༸གོང་ས་མཆོག་གིས་ཀྱང་འདིས་གནས་སྐབས་རྒྱ་དམར་དང་ཞི་མོལ་གྱིས་བོད་ཀྱི་ཛ་དྲག་གི་དཀའ་ངལ་སེལ་མ་ཐུབ་པ་དང་མཐར་ཐུག་ཀྱང་འདིས་བོད་ཀྱི་ངོ་བོ་རིག་གནས་ཁྱད་ཆོས་དང་བཅས་པ་སྲུང་སྐྱོབ་བྱེད་མི་ཐུབ་དགོངས་ནས་ཁོང་གིས་ངོས་ཀྱི་བསལ་ཚུལ་དེ་ལེགས་པོར་བྱུང་མ་སོང། ད་ནས་རང་དབང་ཆ་ཚང་མི་མང་ལ་གནང་གི་ཡིན་ཞེས་གསལ་པོར་གསུངས་ཟིན་ནའང་ད་དུང་མི་འགས་ཤི་འཇུ་རོ་འཐམས་བྱེད་ཀྱིན་པ་འདི་ངོ་མ་ལྐུགས་པས་བྲོ་སྔ་ཤུལ་དུ་འཁྲབ་པ་དང་ཅིས་མི་མཚུངས།
བཙན་བྱོལ་གཞུང་ལ་མི་མཁས་པ་དང་ནུས་པ་ཅན་ཚང་མ་ཕྱི་ལ་ཕུད་ཟིན་ནས་ད་དུང་ཡང་ཆེད་མཁས་ཞིག་གང་ནས་རྙེད། ཡ་ཁོ་རེ། ཧ་ཧ་ཧ་ཧ་
དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད། ཞི་བའི་དོན་ཚན་ལྔ་ནས་བསམ་འཆར་ཡིག་ཆ་བར་གྱི་ངོ་གདོང་དང། ཕྱི་ནང་གི་གནས་ཚུལ་ཞིབ་ཚགས་ཤིག་ཤེས་རྒྱུ་གནད་འགག་རེད་འདུག་པས། ཡུལ་གྱིས་བསྐལ་བ་མ་གཏོགས་ཕྲན་ཡང་ཞུགས་འདོད་ཤིན་ཏུ་ཆེ། ཡིན་ནའང། ལས་འགུལ་ཁང་ལ་ཞལ་འདེབས་ཉུང་ཙམ་གནང་ཨེ་ཐུབ་ལྟ་ཡི་ཡིན། ཐུགས་རྗེ་ཆེ།།
ལོག་སྨྲ་ཚར་གཅོད་ཀྱིས་ལོག་པར་སྨྲ་བ་འདི་ཞེ་རེ་སྨྲང། ༧གོང་ས་མཆོག་ལ་སྐུར་འདེབས་མ་བྱེད་སྐུ་མཁྱེན།། བྱ་བ་ལམ་འགྲོ་ཡོང་གི་མ་རེད།། དམངས་གཙོ་ཡིན་ནའང་དྲང་པོ་དྲང་བཞག་གནང་ན་མ་གཏོགས་ག་ནས་ཡོང།།
གཞིས་ལུས་བོད་མི་ཚོར་སྤྲིངས་པའི་རང་སྐྱོང་རྩོད་ཐབས།
དྲང་སྲོང།
༡ ༽ ངོ་སྤྲོད།
ང་ཚོ་བོད་མི་རིགས་ལ་རྒྱ་མི་རིགས་ལྟར་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་པའི་བློ་སྒོ་ཆེན་པོ་ཕྱེས་མེད་ལ། རྒྱ་མི་རིགས་ལྟར་ཆབ་སྲིད་ལ་རྔམས་ནག་པའི་བྱ་སྤྱོད་ཕར་ཞོག་དེ་འདྲར་བག་ཆགས་ཀྱང་བཞག་པ་ཉུང་ཉུང་རེད། དེ་ནི་གཏིང་ཇུས་མི་བསྟེན་པ་དང་ལས་དོན་ཐད་ཀར་སྒྲུབ་སྟངས་ཀྱི་ཆ་ནས་རང་བཞིན་མི་གཤིས་རང་ལ་ཁྱད་པར་ཆེན་པོ་ཤོར་ཡོད་པ། ད་ལྟ་ད་དུང་མིའི་གཤིས་ཀ་ལ་བལྟས་ན་གསལ་མཁྱེན་ཐུབ་པ་དེ་རེད། བར་སྐབས་ཤིག་ནས་བོད་མི་རྣམས་ཆོས་འདྲིས་ཆེ་དྲག་ནས་འཇིག་རྟེན་གྱི་འཚོ་གནས་སྐྱ་ཐིག་འདེབས་ཕྱོགས་ཚུན་ཆད་ལ་ཆོས་དང་འབྲེལ་བའི་བསམ་ཚུལ་དང་གོམས་གཤིས་ཀྱིས་ཁྱབ་ཡོད། དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་བོད་གཞུང་མང་བཙན་བྱོལ་དུ་ཐོན་དགོས་བྱུང་ཡང། ད་དུང་བོད་ནང་དུ་འཚེ་མེད་ཞི་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཤིག་ལམ་སྟོན་བྱེད་ཐུབ་མེད། རང་གཞུང་གིས་ད་ལྟ་རང་བཙན་རྩོད་ལེན་གནང་གི་མེད་པ་ཧ་ཅང་གསལ་བོ་ཡིན་སྟབས། དེ་ལ་མི་དམངས་ཀྱི་ངོས་དང་སྒོས་སུ་བོད་ནང་ནས་རང་བཙན་ཞེས་པའི་ཚིག་འདི་ཇེ་ཉུང་ནས་རྩ་ཡལ་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང། དེའི་ཚབ་ཏུ་རང་སྐྱོང་གི་རྩོད་ཐབས་འཐུས་ཚང་ཞིག་ད་བར་འགོ་ཚུགས་མེད་པ་འདིས། བོད་ནང་ཛ་དྲག་གནས་སྟངས་ཇེ་ཆེར་འགྲོ་བཞིན་ཡོད། ད་ནི་ང་ཚོས་ཁ་ཡོད་ལག་ཡོད་དང། རང་གི་ནུས་པ་ལ་དཔག་པ། ཁྲིམས་དང་མཐུན་པའི་རང་སྐྱོང་རྩོད་ཐབས་ཤིག་གང་འདྲ་འདུག་ཅེས་ཐད་ཀར་བོད་མི་རང་རང་གི་དཔྲལ་བར་མཛུབ་མོ་འཛུགས་དགོས་སྟབས། བོད་ནང་རང་སྐྱོང་རྩོད་ཕྱོགས་ལ་ཐབས་ལམ་ཁ་ཤས་ཡོད་པ་རེད།
༢༽ སྒྲིག་འཛུགས།
བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་ལས་འགུལ་སྣེ་ཁྲིད་པའི་སྒྲིག་འཛུགས་ཤིག་དགོས་པ་དང་སྒྲིག་འཛུགས་དེའི་ལས་གཞི་གཤམ་གསལ།།
ཀ སྒྲིག་འཛུགས་སྣེ་ཁྲིད་པ་སེར་སྐྱ་གཉིས་ཀྱིས་གྲུབ་དགོས་ཤིང། བོད་ཀྱི་ས་ཁུལ་ཆེ་ཁག་ཚང་མའི་མི་སྣ་འདུ་ཐུབ་པ་བྱ་དགོས།
ཁ སྒྲིག་འཛུགས་ཀྱི་སྣེ་ཁྲིད་པ་ཚོས་མི་མང་ནང་ངེས་པར་དུ་འཚེ་མེད་ཞི་བའི་ལམ་ནས་བཏོན་པའི་གཉིས་སྨན་དབུ་མའི་ལམ་གྱི་ལྟ་གྲུབ་འགྲེལ་བཤད་ཐུབ་དགོས།
ག གཉིས་སྨན་དབུ་མའི་ལམ་ནས་སྤྲད་པའི་༼ རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར༽་དངོས་སམ་བརྒྱུད་ནས་མི་མང་ནང་ཁྱབ་སྤེལ་བྱ་དགོས།
ང རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས། ཉེས་ཁྲིམས་སོགས་ངེས་པར་དུ་ས་གནས་སོ་སོར་མི་སྣ་ཆེད་འཛུགས་ཀྱིས་སློབ་སྦྱོང་བྱ་དགོས། བྱུང་ན་དགོན་པ་དང་སྡེ་པ། སློབ་གྲྭ་བཅས་ཀྱིས་རང་འགན་བླངས་ཏེ་སོ་སོའི་ཁོངས་སུ་གོ་རྟོགས་ཚད་ལྡན་སྤེལ་དགོས།
ཅ སྤྱི་ཁྱབ་སྒྲིག་འཛུགས་འདིས་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང། བོད་བྱེས་ཀྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་པ། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་མ་སྤེལ་ཚེ། ལས་འགུལ་གྱི་ནུས་བ་ཁ་འཐོར་དུ་འགྲོ་རྒྱུ་དང། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གི་ངན་བྱུས་དང་དྲག་གནོན་ལ་ཁོར་ཡུག་བསྐྲུན་པ་ཡིན་སྟབས་བོད་སྤྱིའི་མདུན་ལམ་ཕན་ཐོག་འབྱུང་གི་མེད་པ་ངེས་པར་དུ་གཟབ་ནན་གནང་དགོས་ས་དེ་རེད།
༣༽ ལས་འགུལ།
ལས་འགུལ་གྱི་སྔོན་འགྲོའི་ཤེས་བྱ་རྣམས་ལ་སྦྱངས་རྗེས། ད་གཟོད་ལས་འགུལ་དངོས་སུ་ལག་བསྟར་བྱེད་དགོས་པ་ཡིན།
ཀ ལས་འགུལ་ཅི་ཞིག་སྤེལ་ཡང་འཚེ་མེད་ཞི་བ་དང་ཚུལ་མཐུན་ཡིན་དགོས་པ་མ་ཟད། རྒྱུ་མཚན་བཤད་རེས་གནང་རྒྱུ་ནི་རྩ་དོན་རེད།
ཁ ལས་འགུལ་སྤེལ་སྐབས་ས་གནས་བྱེ་བྲག་པ་གཅིག་ནས་སྤེལ་བ་དེ་ཧ་ཅང་གི་བློས་གཏོང་ཆེན་པོ་དང་གྱོང་ཆེན་པོ་ཡིན་སྟབས། ས་གནས་ཁག་ཚང་མས་ཉིན་བརྒྱ་དུས་གཅིག་མིན་ཡང། ངེས་པར་དུ་ས་གནས་ཆེ་ཁག་ཚང་མས་ཉིན་གཅིག་དུས་ཚོད་གཅིག་ཏུ་ལས་འགུལ་སྤེལ་ཐུབ་དགོས་པ་ཡིན།
ག ལས་འགུལ་མ་སྤེལ་བའི་སྔོན་ངེས་པར་དུ་རྒྱ་རིགས་དྲང་བདེན་པ་ཚོར་འབྲེལ་བ་བྱ་དགོས་ཤིང། བོད་ནང་གི་ལས་འགུལ་ཅི་བྱུང་གི་གནས་ཚུལ་རྒྱ་ནག་གི་ས་ཆ་གང་སར་འགྲེམས་ཐུབ་བྱ་རྒྱུ་ནི་ཡག་ཤོས་དེ་ཡིན།
ང ལས་འགུལ་སྤེལ་སྐབས། ངེས་པར་དུ་རང་སྐྱོང་རྩོད་ཀྱི་ཡོད་པའི་མངོན་འདོད་གསལ་བོར་སྟོན་དགོས་ཤིང། དེ་ནི་རྩ་དོན་ཞིག་ཡིན།
༤ ༽ ལས་འགུལ་སྤེལ་སྐབས་འཕྲད་དར་དང་འབོད་ཚིག
འཕྲད་དར་སྟེང་ལས་འགུལ་གྱི་དོན་རྩ་འགོད་པ་ལས་ཡི་གེ་ཉ་ཉོག་མེད་པ། མངོན་འདོད་ཆེས་ཉུང་ན་མཛེས་ཤིང་དེའང་རྒྱ་ནག་གི་ཁྲིམས་རྣམས་གཞི་རྩར་བཟུང་ནས་འགོད་ཐུབ་ན་ཧ་ཅང་སྤུས་དག་ཡིན།
ཀ ༧གོང་ས་སྐྱབས་མགོན་ཆེན་པོའི་བཞེད་དགོངས་བོད་མིའི་སྲོག་རྩ་ཡིན་པ་ངེས་པར་དུ་གསལ་བཤད་གནང་དགོས།
ཁ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རང་སྐྱོང་རྩོད་བཞིན་པར་མྱུར་ཏུ་འབྲེལ་གཏུག་གནང་སྟེ་བོད་དོན་ཞི་འགྲིག་དགོས་རྒྱུ་གསལ་སྟོན་གནང་དགོས།
ག བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་སྤྲད་པའི་རང་སྐྱོང་བསམ་འཆར་བོད་ནང་གི་བོད་མིའི་མངོན་འདོད་ཡིན་པ་ཤུགས་དྲག་པོའི་ཐོག་ནས་གསལ་བཤད་གནང་དགོས།
ང བྱེ་བྲག་ས་ཁུལ་གཅིག་ལ་དཀའ་ངལ་འཕྲད་སྐབས། དེ་མཉམ་རུབ་ཀྱིས་བདེན་དོན་རྩོད་དགོས། འདིའི་ནང་སྐད་ཡིག་དང་ཁོར་ཡུག དཔལ་འབྱོར། གཞན་ཡང་གཅར་རྡུང་གི་གནས་ཚུལ་སོགས་འདུས་ཡོད།
ཅ ལས་འགུལ་གྱི་མངོན་འདོད་རྣམས་བོད་རིགས་ཁྱིམ་ཚང་ཀུན་ལ་འགྲེམས་སྤེལ་དང། རྩིག་ངོས་ཁག་ཏུ་སྦྱར་བ། གཞན་ཡང་སོ་སོའི་ས་གནས་ཀྱི་ཁ་ཆེ་དང་རྒྱ་རིགས་མི་མང་ཚོར་གནས་ཚུལ་དེ་རྣམས་ཤེས་རྟོགས་བྱེད་འཇུག་དགོས།
ཆ ལས་འགུལ་སྤེལ་སྐབས་ཁོང་ཁྲོ་དང་ཚོར་བ་ངེས་པར་དུ་བདག་པོ་རྒྱག་དགོས་ཤིང། མི་གཅིག་ཚོར་བའི་གཞན་དབང་དུ་སོང་ནས་རྒྱག་རེ་རྒྱབ་པ་ཡིན་ན་དེས་མི་རིགས་ཤིག་གི་མདུན་ལམ་ལ་གནོད་ཀྱི་ཡོད་སྟབས། དེ་རྣམས་ལ་ངེས་པར་དུ་གཟབ་སྟེ་སྤོང་དགོས།
ཇ དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་སོ་སོའི་ས་གནས་ཀྱི་རྒྱ་རིགས་མི་མང་ཚོར་ཐ་ན་མིག་ལོག་ཅིག་གིས་ཀྱང་མི་བལྟ་བར་ཐད་ཀར་རྒྱ་ནག་གི་གཞུང་འཛིན་པ་དང་དེའི་སྲིད་བྱུས་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ནི་ཆོས་དང་མཐུན་ལ། འཚེ་མེད་ཞི་དང་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་ཡིན་པས་དེ་གཟབ་ནན་བྱེད་དགོས།
ཉ སྐད་ཡིག་དང། ཁོར་ཡུག དཔལ་འབྱོར་གྱི་སྲིད་བྱུས། ཆབ་སྲིད་ཀྱི་ཐོབ་ཐང། དྲང་བདེན་མིན་པའི་ཁྲིམས་གཅོད་སོགས་བྱེ་བྲག་པ་རེ་རེར་ངོ་རྒོལ་རྩོད་ལེན་བྱ་སྐབས། དེ་རྣམས་རྒྱ་ནག་རང་གི་ཁྲིམས་ཡིག་དོན་ཚན་གང་དང་འགལ་འདུག་མིན་གསལ་ཞིང་གསལ་བ་འཕྲད་དར་སྟེང་བྲིས་ཏེ། དེར་མི་མང་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཏེ་མངོན་འདོད་བྱེ་བྲག་པ་དམ་འཛིན་གནང་དགོས།
༥ ༽རྒྱུན་དུ་གནང་དགོས་པའི་ལས་འགུལ་གཞན།
ལས་འགུལ་གཞན་ཞིག་ནི་བོད་མི་རིགས་ཀྱི་དཀའ་ངལ་གང་ཡིན་གསལ་བོར་ཤེས་རྟོགས་བྱ་ཆེད་སློབ་སྦྱོང་བྱ་རྒྱུ་དེ་ཡིན་ཞིང། དེར་ལས་དོན་བྱེད་དགོས་པ་གཤམ་གསལ་ལྟར་ཡིན།
ཀ བོད་ཀྱི་དགོན་པ་ཁག་གི་བླ་མ་མཁན་པོ་དང། གྲྭ་བ་བཅས་ཀྱིས་རང་རང་གི་ལྷ་སྡེའི་ནང་ནང་ཆོས་ཀྱི་གོ་རྟོགས་སྤེལ་དགོས་པ་ཡིན། ཉུང་མཐར་ཟླ་རེར་ཉིན་གཅིག་གམ་ཉིན་ཕྱེད་བཅས་སུ་ནང་ཆོས་གོ་རྟོགས་སྤེལ་དགོས།
ཁ སྡེ་པ་དང་དགོན་པ་སོ་སོས་བོད་སྤྱིའི་བསོད་ནམས་གོང་དུ་སྤེལ་ཕྱིར། ས་གནས་ཆེ་ཁག་ནང་ཉིན་བརྒྱ་དུས་གཅིག་ཏུ་རྣམ་དཀར་གྱི་ལས་ལ་འབད་རྒྱུ་གཏན་འབེབས་གནང་དགོས། དེའང་ལྷ་ས་དང་གཞིས་ཀ་རྩེ། ཆབ་མདོ། ཁམས་ཀྱི་ཡུལ་ལུང་སོ་སོ། ཨ་མདོའི་ཡུལ་ལུང་སོ་སོ་བཅས། རྒྱ་མིས་འབོད་པའི་ཞིང་ཆེན་སྟེ་བོད་མི་གནས་སྡོད་བྱེད་ས་རེ་རེའི་ནང་ཉིན་གཅིག་གཏན་འབེབས་ཀྱིས་ལོ་བསྟར་ཆགས་སུ་དེ་ཉིན་རྒན་བྱིས་སེར་སྐྱ་ཚང་མས་ཉིན་བརྒྱ་དུས་གཅིག་རྣམ་དཀར་གྱི་ལས་ལ་འབད་དགོས།
ག བོད་མིའི་ས་ཞིང་དང་འབྲོག་པའི་རྩ་ས། དེ་བཞིན་གནས་རྩ་ཆེན་བཅས་སུ་རྒྱ་གཞུང་གིས་གཏེར་ཁ་སྔོགས་འདོན་དང། བཟོ་གྲྭ་འདྲ་མིན་རྒྱག་གི་ཡོད་པ་རྣམས་ངེས་པར་དུ་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་དེར་སྙན་གསེང་ཞུ་བ་དང། སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་དེས་ཤེས་རྟོགས་བྱས་ནས་དེའི་ཆེད་མི་མང་སྤྱི་ཡོངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་དགོས། དེའང་ཁྲིམས་ལ་གཏུག་པ་དང། སྲིད་གཞུང་ལ་ཞུ་གཏུག་བྱེད་པ། རྒྱ་རིགས་མི་མང་ཚོར་གསལ་བཤད་ཞུ་བ། རྒྱ་རིགས་ནང་པ་དང་བླ་མ་ཚོར་སྙན་གསེང་ཞུ་བ་སོགས་བྱེད་དགོས།
ང ཆོས་ལུགས་ཚང་མ་མཐུན་སྒྲིལ་དགོས་ཕྱིར། སོ་སོའི་ས་གནས་ཀྱི་ཁ་ཆེ་ཆོས་རྒྱུད་འཛིན་མཁན་རྣམས་ལ་མཐུན་སྒྲིལ་གྱིས་སོ་སོའི་ཆོས་ལུགས་ཀྱི་བྱམས་བརྩེ་སྤེལ་རེས་དང། དེར་ཚོད་འཛིན་བྱེད་པའི་སྲིད་བྱུས་སོགས་ལ་མཉམ་རུབ་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་དགོས་པ་ཡིན།
མཐའ་དོན་ཞུ་སྙིང།
བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཕྱིར་དང། རང་སྐྱོང་ཐོབ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་ཐབས་སུ་ངེས་པར་དུ་རང་གཞན་གཉིས་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང། ཆུ་བོའི་རྒྱུན་བཞིན་རྟག་ཏུ་རང་མི་རིགས་ཀྱི་གོང་འཁོད་ཐོབ་ཐང་རྣམས་རྩོད་ལེན་གནང་བ་ཡིན་ན། བོད་ལ་ལོ་གཅིག་གཉིས་ནང་རང་སྐྱོང་ཐོབ་པར་སོམ་ཉི་མི་དགོས་པ་ཞིག་རེད།། །།
གུས་ཕྱག་བཅས་གཞིས་ལུས་སྤུན་ཟླ་ཚོར་སྤྲིངས།། །། ༢༠༡༢། ༧། ༦། ཉིན།
བློ་གཟུ་བོར་གནས་པའི་དཔྱད་གླེང་གནང་རོགས། དབུ་མི་ལམ་གྱི་སྐོར་ལ་ཟབ་སྦྱོང་དང་གཏམ་བཤད་གནང་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་་ཁ་གཏོད་རེད་ཟེར་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་གང་སྤེལ་ན་དབུ་མི་ལམ་ལ་ཁ་གཏོད་རེད་ཟེར་བ་གཞི་མེད་ཀྱི་སྐྱོན་བརྗོད་ཡང་ནས་ཡང་དུ་བྱེད་མཁན་དྲྭ་འབུ་འདི་དག་གི་དགྲ་བོ་རྒྱ་ནག་གི་འདོད་དོན་དངོས་དེ་འགྲུབ་པ་མ་རེད་དམ། ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་གཉིས་ཀྱི་ཁ་ཕྱོགས་དེ་བོད་ནང་གི་བོད་མིའི་བདེ་དོན་ཆེད་རྒྱ་ནག་ལ་ཁ་ཕྱོགས་རོགས་སྙིང་ནས་རེ་བསྐུལ་ཡིན། བོད་རིགས་ནང་ཁུལ་དཀྲུག་ཤིང་དང་དགྲ་འཛིན་མ་གནང་རོགས། དེ་ནི་དགྲ་བོ་རྒྱ་ནག་གི་འདོད་ཐོག་རྟ་བརྒྱུགས་རང་རེད། བོད་རིགས་ནང་ཁུལ་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཐོགས་བོད་ནང་གི་བོད་མིའི་ལས་དབང་ལ་གཟིགས་རོགས། རང་དབང་ལུང་པ་ནས་ཁ་སྟོང་དོན་སྟོང་ཁོ་ན་བཤད་ནས་སྡོད་ན་ཤ་ཁྲག་གཅིག་པའི་འདས་ཟིན་པའི་སྤུན་ཟླ་རྒྱལ་གཅེས་པ་རྣམས་ཀྱི་ཞལ་ཆེམས་དག་སྙིང་ལ་བཅངས་རོགས། རང་ལས་གང་ཟག་གཉིས་པ་ཞིག་གི་ཤེས་ཅུག་འདོད་མེད་པའི་མིང་རྫུན་གྱི་འོག་ནས་སྐྱབས་བཅོལ་བོད་མི་རྣམས་ཁ་འཐོར་མ་གཏང་རོགས། སྤྱི་ཚོགས་ཀྱི་བདེ་དོན་ཆེད་སེམས་ཚོར་ཙམ་གྱི་མི་ཕན་པ་འགན་འཁུར་ངེས་པ་དགོས། །
ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་ན་རྩ་ཁྲིམས་ནང་དུ་འདི་ལྟར་གསལ།
དོན་ཚན་དགུ་པ། གཏེར་ཁ་དང་ཆུ་བོ། ནགས་ཚལ། རི་བོ། རྩྭ་ཐང༌། ས་རྒོད། གྲམ་ཐང་སོགས་རང་བྱུང་གི་ཐོན་ཁུངས་ཚང་མ་རྒྱལ་ཁབ་ལ་དབང་བ་སྟེ་དམངས་ཡོངས་ལ་དབང་བ་ཡིན། ཞེས་བཀོད་ཡོད།
རང་བྱུང་གི་ཐོན་ཁུངས་ཚང་མ་རྒྱ་གཞུང་ལ་དབང་བ་ཡིན་ཞེས་གསལ་དུས་རྩ་ཁྲིམས་ཁས་ལེན་པའི་དབུ་མའི་ལམ་མི་དམངས་ལས་འགུལ་ཁང་གིས་ངོས་ནས་དེ་ལ་ངོ་རྒོལ་བྱ་ཐབས་མེད་པ་རེད།
གཉིས་པ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་མི་ཐུབ་པའི་རྩ་བ་ངོ་མ་གཅིག་དམངས་གཙོ་ལ་ཐུག་ཡོད། ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོའི་གསེར་གྱི་རྟགས་མ་ཡོད་མཁན་ཞིག་གུན་ཁྲན་དམར་ཕྱོགས་ཚོགས་པའི་དུས་ནམ་ངོས་ལེན་མི་བྱ།
གསུམ་པ། ནོ་སྦེལ་ཞི་བདེའི་རྟགས་མ་བཞེས་མཁན་རྒྱ་མི་དེ་ཡང་བཙོན་འོག་ཏུ་ཡོད། ཞི་བདེའི་འདེད་དཔོན་༧གོང་ས་མཆོག་དང་དྲག་པོ་གུན་ཁྲན་ཏང་གཉིས་ག་དུས་ཡིན་ནའང་མེ་དང་ཆུ་ལྟ་བུ་ཡིན་པས་བོད་རང་བཙན་མ་ཐོབ་ན་གདན་འདྲེན་ཞུ་ཐུབ་པའི་རེ་བ་མེད།
བཞི་པ། བོད་རིགས་ཡོངས་ལ་མིང་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་ཡིག་ཆའི་བརྗོད་བྱ་དང་གུན་ཁྲན་ཏང་གི་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཀྱི་བར་དུ་བོད་རིགས་ཡོངས་ཅེས་འདི་ལས་བརྗོད་བྱའི་ངོས་ནས་མང་ཉུང་དང་བོད་མི་རིགས་ལ་འཐོབ་དགོས་པའི་ཐོབ་ཐང་ལ་ཁྱད་པར་དེ་ཙམ་མེད།
ལྔ་པ། གུན་ཁྲན་ཏང་གིས་ལོ་མང་རིང་དུ་བོད་མི་རིགས་ལ་དམར་ཕྱོགས་པའི་རྩ་ཁྲིམས་དང་མའོ་ཚན་ཏང་གི་དགོངས་པ་ལ་སློབ་སྦྱོང་བྱས་བཅུག་ཡོད། དེ་མ་ཟད་རྒྱལ་གཅེས་ཆོས་ཀྱི་ལས་འགུལ་སྦེལ་བཞིན་རེད། བོད་མི་རིགས་ཀྱིས་ངོས་ནས་གུན་ཁྲན་ཏང་ལ་ཁྲིམས་རྩོད་བྱེད་ཐུབ་ཐབས་མེད། སྤྱན་རས་གཟིགས་ལ་མ་ཎིའི་ལུང་གནང་བར་ཆ་རེད། གུན་ཁྲན་ཏང་གིས་རྩ་ཁྲིམས་ལ་འགྲེལ་ག་པ་རྒྱབ་རྒྱབ་དང་ཉེས་མིང་གང་ནས་འགོད་འགོད་རེད།
ང་རང་ཉིད་ལ་མཚོན་ན་དབུ་མའི་ལམ་ལ་སློབ་སྦྱོང་བྱེད་ནས་རྒྱུན་རིང་པོ་ཞིག་བུད་སོང་ལ་། བུད་སོང་བའི་ཤེས་རྟོགས་ལས་བོད་མི་ཚོས་དབུ་མ་མ་ཤེས་བའི་སྐྱོན་མིན་པར་། དབུ་མར་བརྟེན་ནས་བོད་རྒྱའི་དཀའ་ངལ་སེལ་བར་དོན་དང་ལྡན་པའི་འབྲས་བུ་མ་བྱུང་བ་བོད་དོན་ལ་སེམས་འཁུར་ཡོད་པའི་བོད་མི་ཚོའི་སེམས་ན་གསལ་བོ་ཡིན་། དབུ་ལས་འགུལ་ཁང་རབ་ཡིན་ན་རྡ་སའི་གཡས་གཡོན་ནས་སྟོང་གཏམ་བཤད་ནས་མ་སྡད་པར་རྒྱའི་དམངས་ཚོགས་ལ་དབུ་མ་ངོ་སྤྲོད་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་། ད་དུང་རྒྱ་མི་དབུ་མ་ལ་གོ་རྟོགས་ཡོད་མཁན་ཚོ་ཚུར་བོད་མིའི་སྤྱི་ཚོགས་སུ་མགྲོན་འབོད་བྱེད་དེ་བོད་མི་ཚོ་དང་མཉམ་དུ་མསམ་ཚུལ་བརྗེ་རེ་བྱ་ཐུབ་ན་བོད་མི་ཚོ་དབུ་མ་ལ་ཡིད་ཆས་བརྟན་དུ་འགྲོ་བ་དང་དབུ་ལས་འགུལ་ཡོད་པའི་དགོས་བ་གང་ཙམ་ཚང་ཡོད་།
ལོ་མ་ལྗང་ཁུའི་བསམ་ཚུལ་འདི་ཡག་པོ་རེད། དངོས་གནས་བསམ་ཚུལ་འདི་འདྲ་ཞིག་བོད་གཞུང་བཀའ་སྤྱི་གཉིས་ལ་འདོན་དགོས་པ་འདྲ། བོད་གཞུང་གིས་ད་བར་རྒྱ་རིགས་ཚོའི་མཉམ་དུ་དབུ་མའི་སྐོར་ཚོགས་འདུ་ཞིག་མ་ཚོགས་པ་དེ་ག་རེ་ཡིན་ནམ།
དབུ་མའི་ལམ་གྱི་གོ་རྟོགས་ཟེར་ནའང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་ཡིག་ཆ་དོན་ཚན་བདུན་ཅན་འདིར་ཤེས་ན་གོ་རྟོགས་ཡོད་པ་མིན་ནམ། འོ་ན་ཡིག་ཆ་དེའི་བརྗོད་བྱ་ལས་ལྷག་པའི་སྒྲུབ་བྱ་ཞིག་དང་འཐོབ་བྱ་ཞིག་ཡོད་དམ།
མཆན་པ་དྲང་སྲོང་ཞུ་བ་དང་སེར་བྱེས་ངག་དབང་སྟོབས་ལྡན་ལགས་གཉིས་ནས་བོད་དང་བོད་མི་རིགས་ལ་བརྩེ་བ་ཟབ་པའི་བསམ་ཚུལ་ཡག་པོ་གསུངས་འདུག་ལ། དེས་དུས་རྒྱུན་དུ་བོད་མི་རིགས་འདིའི་སྐོར་ལ་སེམས་ཁུར་གནང་གི་ཡོད་པའང་ཤེས་ཐུབ། དེ་མ་གཏོགས་དྲ་གྲོགས་ཁ་ཤས་ཡིས་མགོ་ཚོས་ལ་མ་ཚོས་ཀྱིས་ལམ་ནས་ཉོག་གཏམ་རྐྱང་རྐྱང་བཤད་ཡོང་གི་འདུག
ལྷ་མཚོ་ལགས་ནས་དུས་རྟག་ཏུ་བཀའ་ཁྲིས་རྐང་པ་ནས་མར་འཐེན་ཐབས་བྱེད་ཀྱི་ཡོད་པ་དེ་བརྗེད་སོང་བ་འདྲ། ད་དུང་ཆེེན་པོ་རྣམ་དཔྱོད་ཅན་ཅན་རྣམས་ལ་ཁ་གཏོང་བ་ནི་ངོ་ཚ་བའི་གནས་ལས་མ་འདས་ཡིན་ན་གཅིག་ཧཧཧཧཧཧཧ སྐད་ཆ་དེ་འདྲ་ཞིག་ཇི་ལྟར་བཤད་ནུས་སོང་། དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཀྱང་ལས་འགུལ་འདི་ནི་དབུ་མའི་ལམ་ལས་འགུལ་ཁང་གི་ལས་བྱེད་ཁ་ཤས་དང་། ཁོང་ཚོའི་རྒྱབ་སྐྱོར་བ་ཚོའི་འདས་པའི་བྱ་སྤྱོད་ལ་བལྟས་ན་མི་མང་རང་ཕྱོགས་ལ་འགུག་ཐབ་ཀྱི་ཆབ་སྲིད་འཁྲབ་སྟོན་ཙམ་ལས་ལྷག་བསམ་རྣམ་དག་ཡིན་མིན་ཐེ་ཚོམ་ཡོད།
ལམ་དབུ་མ་ཟེར་བ་དེ་ཐོག་མ་ཆོས་མིང་ཆབ་སྲིད་ལ་ཏགས་པ་དེ་ནས་་་ཤིན་ཏུ་ནས་ནོར་ཚར་བ་རེད་་་་མང་ཚོགས་ཀྱིས་མིང་ནས་དོན་ལ་ཡོངས་སུ་རྨོངས་པ་ཆགས་པ་རེད་་་་ད་དུང་དཔྱོད་བརྗོད་པ་ཚོས་འགྲེལ་ལོག་ཐེང་མང་རྒྱབ་ཚར་རེད་་་་དེ་བས་ཆབ་སྲིད་པ་་་ཐབས་ལམ་་་་དེ་ལས་གཞན་པ་་་འཇུག་མཁན་ལ་དངོས་ཤུགས་གང་རུང་ནས་སྐྱོན་བརྗོད་དང་མི་མོས་པའི་རྣམ་པ་བསྟན་པ་སོགས་ཡག་པོ་ག་ལ་ཡིན་་་་་དེས་བས་ལོ་མང་རིང་གྲུབ་འབྲས་མ་སྨན་པ་དང་ནང་ཁུལ་ཆབ་སྲིད་ཀྱི་ངོ་བོ་ཁ་གསལ་མེད་པར་སོགས་དང་སྐྱོན་ཆེན་གྱི་རང་བཞིན་ཆགས་ཟིན་པ་གསལ་བོ་རེད་་་་་ཆབ་སྲིད་དེ་བའི་ངོ་བོ་དང་དམིགས་ཡུལ་ཡང་དག་པར་ཞིག་དམངས་ལ་འགྲེལ་འདོད་ན་་་་་ཆབ་སྲིད་དེ་བའི་ལོག་ཕྱོགས་་་ཁ་གཏད་ཆབ་སྲིད་ཚོགས་པ་ཁག་ཚོགས་འདུར་ལ་ངེས་པར་དུ་སྐད་གཏོང་བ་དང་དེ་བའི་ཐོག་ར་སྤྲོད་དང་བདེན་རྩོད་་་་་ཆབ་སྲིད་ཀྱི་ལྟ་བ་་་བར་གུ་ཡང་དང་་་་་ཆམ་མཐུན་་་་ལྟ་བ་འདྲ་མིན་བར་གུས་བཀུར་སོགས་བྱས་ན་་་་སྤྱི་ཚོགས་ཆམ་མཐུན་སོགས་ཡོངས་ངེས་རེད་་་་་རྩོད་ལུགས་མི་འདྲ་ཡང་་་རྩོད་གཞི་གཅིག་པ་ཡིན་ཙམ་་་་་དམངས་གཞི་མི་མཐུན་པ་ཡོངས་ཀྱི་མ་རེད་་་་་ད་སྐབས་ལམ་འདི་ལ་དོན་དངོས་སུ་ངོས་ལན་བྱེད་མཁན་ཉུང་ཙམ་རེད་་་་་་ལམ་འདི་ཡི་སྒྲུབ་བྱེད་གཙོ་བོ་་་༸རྒྱལ་བའི་བཀའ་ཙམ་ལས་མ་འདས་་་་ད་ཆ་ལོང་ཕྱོགས་གསར་པ་དང་ལས་བྱེད་གསར་པ་སོགས་ཡོད་ན་ལས་་་་་ཉི་མ་ཕུ་ཟད་མདའ་ཟད་རང་རེད་དྲན་་་་དེར་བཞག་ནས་ཞུས་ན་་་་་ངེས་པར་དུ་ནང་ཁུལ་ཆབ་སྲིད་པ་གཅིག་གིས་གཅིག་ལ་གུས་བཀུར་དང་དགའ་ཞེན་བྱེད་ན་་་ད་གིན་་་འབྲས་བུ་བཟང་པོ་ཞིག་འགྲུབ་ངེས་ཀྱང་་་་དེ་ལྟར་ཤིན་ཏུ་ཁག་པོ་མཐོང་་་་་གུས་པས་དེར་བཞག་ནས་སྤུན་ཟླ་རྣམས་བསམས་ཚུལ་ལ་མཇལ་གྱི་ཡིན་་་་་་
ང་རང་ཚོས་ཚིག་ངན་ལབ་རེའི་མི་བྱེད། དངོས་ཡོད་གནས་ཚུལ་བཤད། དབུ་མའི་ལམ་གྱི་སྒྲུབ་བྱའི་སྐོར་དུ་གླེང་། དེང་སྐབས་ཀྱི་འཛམ་གླིང་གི་གནས་བབ་འདི་འདྲ་ཞིག་བསླེབས་བསྡད་ཡོད་དུས་ལག་ལེན་ཐོག་ཏུ་ཡོང་མིན་བགྲོ་གླེང་བྱ། དེ་མིན་པའི་རྙོག་གཏམ་བཤད་ཀྱི་ཟེར་བ་དང་བརྗོད་གཞི་ལ་གཡོལ་ནས་སྐད་ཆ་བཤད་སྟངས་འདི་དག་གིས་ཆིག་སྒྲིལ་ལ་གནོད་པ་བྱེད་ཀྱི་ཡོད།
དབུ་མའི་ལམ་འདོད་ནའང་འདྲ་རང་བཙན་འདོད་ནའང་འདྲ། ཚང་མས་བོད་མི་རིགས་ཀྱི་ཆེད་དུ་ཡིན་མདོག་རེད། ང་ལྟ་བུ་ཡིན་ནའང་རྒྱ་མི་ཞིག་ལས་སྡུག་བ་རྩ་བ་ནས་ཡོད་མ་རེད། ཁྱེད་རྣམས་པ་ཚོ་ལ་དབུ་མའི་ལམ་གྱི་གོ་རྟོགས་སྦེལ་གྱི་ཡོད་ན་ཉན་འདོད་ཡོད། ཁྱོད་ཚོས་ཡང་ང་ལྟ་བུ་ཚོའི་བཤད་པ་ལ་རྒྱུ་མཚན་ཡོད་མེད་བལྟ་རོགས་བྱོས།།
སྒུག་བསྡད་ཡོད།
ཅོ་རི་ཉི་མ་ལགས་། ཁྱེད་ཀྱིས་ཉན་འདོད་ན་ངས་དབུ་མའི་རྩ་བ་བཤད་། དབུ་མའི་རྩ་བ་འདི་མོ་ཞིག་རེད་། ང་ལ་བདག་པའི་ས་ཆ་ཡོད་ཚད་ཁྱེད་ཅག་རྒྱ་མི་ཚོ་དང་མཉམ་དུ་སྤྱོད་། ད་དུང་ང་ཁྱེད་རྒྱ་མའི་བཀའ་འོག་ནས་འདུག་གི་ཡིན་། ཡིན་ནའང་། ང་ལ་ངའི་ཕ་མེས་ནས་རྒྱུད་ཡོང་བའི་རིག་གཞུང་དང་གོམས་གཤིས་རྣམས་ལ་དགའ་བོ་དང་རྒྱུད་འཛིན་བྱེད་རོགས་། སྐུ་མཁྱེད་ཟེར་བ་དེ་རེད་།
དབུ་མའི་ལམ་ནི་དེང་གི་སྤྱིར་ཚོགས་ལ་མེད་དུ་མི་རུང་བ་ཞི་ཡིན་ཀྱང་་་འདི་ཡི་ལས་འགུལ་སྤེལ་ཕྱོགས་གང་ལ་ལྟས་ཀྱང་དོགས་པ་ཆེ་དུ་སོང་བས་རེ་ཞིག་ལ་འདི་ལ་རྒྱབ་སྐྱོར་ཐུབ་མ་སོང་།
ལོ་མ་ལྗང་ཁུ་ལགས་་་་་བོད་མི་རིགས་ལ་བདག་པའི་ས་ཆ་དང་ཐོན་ཁུངས་རྣམས་རྒྱ་མི་དང་མཉམ་དུ་སྤྱོད་ལབ་ནའང་རྒྱ་མི་ཚོས་ཁོ་རང་ཚོ་གཅིག་པོས་ཟ་གི་ཡིན་ཟེར་གྱི་རེད། ལྷག་པ་ཏུ་གུན་ཁྲན་ཏང་གིས་ཚང་མ་ངའི་ཡིན་ལབ་ཀྱི་རེད་བ། རིག་གཞུང་ཡང་བདག་པོ་རྒྱབ་ཐུབ་གི་མ་རེད་འདོད། བཅའ་ཁྲིམས་དང་རྩ་ཁྲིམས་ནང་དུ་མི་རིགས་སོ་སོའི་སྐད་ཡིག་བེད་སྤྱོད་བྱེད་དགོས་ཅེས་བཀོད་ཡོད་ནའང་དོན་དངོས་ཐོགས་ལག་ལེན་གོ་ལྡོག་ཞིག་བསྟར་གི་རེད། མིང་དོན་མཚུངས་ཟེར་བ་ཞིག་རྒྱ་མི་རིགས་མཉམ་དུ་སྔར་ནས་ད་ལྟའི་བར་དུ་བྱུང་མྱངས་མེད། ལོ་རྒྱུས་ལ་ཕྱིར་བལྟས་བྱེད་ན་ཤེས་ཐུབ། བསམ་ཚུལ་ཡིན།
ཅོ་རི་ཉི་མ་ལགས་། ཁྱེད་ཀྱིས་བཤད་པ་དངོས་གནས་རེད་། ད་ཡིན་ན་བོད་ཚོའི་ནང་ཁུལ་ནས་ལྟ་བ་འདྲ་རྩད་ནས་འདུག་དགོས་ནི་རེད་། ཡང་ན་སོ་སོའོ་ལངས་ཕྱོགས་དེ་དང་ལྟ་བ་དེ་གཙོ་བོ་མ་བྱེད་པར་བོད་མི་ཚོ་མཉམ་འགྲེལ་གྱིས་དོན་དང་ལྡན་པའི་འབྲས་བུ་ཞིག་རྒྱ་ཕྱོགས་ནས་འུ་ལོན་ལྟ་དགོས་ནི་རེད་། གལ་སྲིད་དེ་བྱེད་དགོས་བ་ཡིན་ན་འུ་ཚོའི་ཐབས་ལམ་གང་ཞིག་ལ་བརྟེན་ན་ཡག་པོ་འདུག་།
ལོ་མ་ལྗང་ཁུ་ལགས་་་རྒྱལ་སྤྱིའི་ཁྲིམས་ལ་གཏུག་གྱི་ལས་ལྷག་མེད་བསམ་བཞིན་ཡོད་་་་་༢༠༡༡ལོར་བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ་ཟེར་བ་ཞིག་བྲིས་མྱངས་ཡོད། ངས་ཕུགས་བསམ་འདི་ཡིན་་་http://www.tibetexpress.net/bo/blog/viewpost/8620
དབུ་མའི་ལམ་གྱི་སྲིད་བྱུས་འདི་བཙན་བྱོལ་མི་མང་གིས་མང་མོས་རྒྱབ་སྐྱོར་དང་། གྲོས་ཚོགས་ནས་གཏན་ལ་ཕབ་པའི་གཞུང་གི་སྲིད་བྱུས་ཆགས་ནས་ལོ་ངོ་བཅུ་གྲངས་ཕྱིན་ཟིན་པ་རེད། ད་ལྟ་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཟེར་བས་ངོས་འཛིན་བྱེད་སྟངས་ལ། ༼བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འདིའི་སྐོར་ཆ་ལག་ཚང་བའི་གོ་རྟོགས་གཏིང་ཟབ་ཡོད་མཁན་དཀོན་པ་དང། སྲིད་བྱུས་འདི་ལ་ཡིད་སྨོན་རྒྱབ་སྐྱོར་གནང་མཁན་མང་དག་ཅིག་ཀྱང་འདིའི་རིག་པའི་གཞུང་ལུགས་ཀྱི་གནད་གསང་ཇི་བཞིན་རྟོགས་པ་དཀོན་ཙམ་འདུག༽པའི་ཕྱོགས་བསྡོམས་བྱས་འདུག དེ་ཕྱོགས་བསྡོམས་བྱེད་མཁན་དབུ་མའི་ལམ་ལས་འགུལ་ཁང་ནི། མང་ཚོགས་ཁྲོད་དང་སློབ་གྲྭའི་ནང་ལ་སོང་ནས། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པ་ནི་གོང་ས་མཆོག་གི་དགོངས་གཞིར་རྒྱབ་སྐྱོར་བྱེད་མཁན་ཡིན་རབས་དང་། དབུ་མའི་ལམ་ཁས་མ་བླངས་ན་གོང་ས་མཆོག་གི་དགོངས་གཞིར་རྒྱབ་གཏོད་བྱེད་མཁན་ཡིན་རབས། དབུ་མའི་ལམ་ནི་གོང་ས་མཆག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པ་ཡིན་རབས་བཤད་བཤད་ནས། མཐའ་མ་དེར་གོང་མཆོག་གིས། དབུ་མའི་ལམ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པར་བཤད་མཁན་ཚོས་རྨོངས་བཤད་བྱས་པ་དང་། སླད་ཕྱིན ཆད་འགྲེལ་བཤད་ལོག་པ་དེ་འདྲ་མ་རྒྱག་ཅེས་བཀའ་སློབ་ཕེབས་དགོས་པ་བཟོས་ཡོད།
བོད་ནང་ན་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་ཞིག་མཚམས་མ་ཆད་པར་སྤེལ་གྱི་ཡོད་པ་དེའི་ཁ་གཏད་དུ། དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་འདིས། ༼ གཏིང་ཟབ་སློབ་གསོ་ཞིག་འབུལ་རྒྱུ༽བྱེད་ཀྱི་ཡོད་པ་རེད་དམ། རང་བཙན་ཆེད་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུགས་ལ་ཕྱོགས་བཞིན་པ་འདིའི་ཁ་ཕྱོགས་སྒྱུར་ཐབས་ཤིག་ཡིན་ནམ། མི་སུམ་ཅུ་ལ་ཉིན་བདུན་དུས་ཡུན་གྱི་སློབ་གསོའི་ལས་འགུལ་འདིས་སྤྱི་ཚོགས་ནང་ཤུགས་རྐྱེན་སྤེལ་ཐུབ་ཀྱི་མ་རེད།
དོན་དགུ་ལོ་ནས་རྩིས་པ་ཡིན་ན། ལོ་ངོ་ཉི་ཤུ་ལྷག་རེད། ད་དུང་ཡང་མང་ཚོགས་ཁྲོད་དབུ་མའི་ལམ་གྱི་གོ་རྟོགས་གང་ཡང་མེད་པར། ༼ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འདིའི་སྐོར་ཆ་ལག་ཚང་བའི་གོ་རྟོགས་གཏིང་ཟབ་ཡོད་མཁན་དཀོན་པ་དང། སྲིད་བྱུས་འདི་ལ་ཡིད་སྨོན་རྒྱབ་སྐྱོར་གནང་མཁན་མང་དག་ཅིག་ཀྱང་འདིའི་རིག་པའི་གཞུང་ལུགས་ཀྱི་གནད་གསང་ཇི་བཞིན་རྟོགས་པ་དཀོན་ཙམ་འདུག༽པ་བདེན་པ་ཡིན་པ་ཡིན་ན། ད་ལྟའི་དུས་ཚོད་ལ་བཙན་བྱོལ་ནང་རྩ་བའི་ཆ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་རྨང་གཞི་ཆུང་ངུ་ཞིག་ལས་མེད་པ་རེད།
གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་རེ་སྤེལ་སྐབས་མི་གྲངས་ཁྲི་ཕྲག་བརྒལ་བ་འཛོམས་ཀྱི་ཡོད་པ་དང་བསྡུར་ན། གཞི་རིམ་མང་ཚོགས་ཁྲོད་བོད་རང་བཙན་གྱི་སྟོབས་ཤུགས་དེ་ཇེ་ཆེར་སོང་ནས། དབུ་མའི་ལམ་ལ་ཞུགས་མཁན་གྱི་གྲངས་ཚད་མར་ཆག་གི་ཡོད་པ་ཞིག་སྟོན་གྱི་ཡོད།
དབུ་མའི་ལམ་ལས་འགུལ་ཁང་གི་ངོས་འཛིན་འདིས། གོང་ས་མཆོག་གིས་ད་བར་འགྲེལ་བརྗོད་གནང་བ་དང་། བོད་གཞུང་དང་སྤྱི་འཐུས་ལྷན་ཚོགས་ནས་ད་བར་དེབ་བཀྲམས་ངོ་སྤྲོད་བྱས་པ་དེས་ཕན་ཐོགས་གང་ཡང་བྱུང་མེད་པ་ལ་རྩིས་ནས། ད་གཞི་ནས་ཉིན་བདུན་རིང་གི་སློབ་གསོའི་ལས་འགུལ་བརྒྱུད་ཁྱད་ལས་པ་སུམ་ཅུ་་གསོ་སྐྱོང་བྱས། དེ་ཚོས་སྤྱི་ཚོགས་ནང་ཤུགས་རྐྱེན་དང་ནུས་པ་ཞིག་འདོན་དགོས་པའི་ཚད་ལ་ལྷུང་ཡོད་པ་ཡིན་ན། ད་ང་ཚོའི་དབུ་མའི་ལམ་འདི་འཆི་ལ་ཉེ་བ་ཞིག་ཆགས་ཡོད། ཉིན་བདུན་གྱི་སློབ་གསོས་འཆི་སྐྱོབ་བྱ་དཀའ། ཁྱད་ལས་པ་སུམ་ཅུས་རྒྱ་ཆེའི་མང་ཚོགས་ཀྱིས་ལོ་ངོ་ཉི་ཤུ་རྩ་གྲངས་ལ་ངོ་མ་འཕྲོད་པ་སྐད་དེ་ཉིན་བདུན་ནང་ངོ་འཕྲོད་པའང་དཀའ། དཀའ་ལས་མེད་སར་དཀའ་ལས་རེད།
དྲ་གྲོགས་ཅོ་ལགས་། ང་་ཁྱེད་ཀྱིས་གཏམ་དྲང་བོ་བཤད་པར་དགའ་པོ་ཧ་ཅང་བྱུང་། རྗེས་སུ་ཁོམ་པ་དང་གཏུན་ནས་ཁྱེད་ཀྱི་་༢༠༡༡ལོར་བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ་ཟེར་བ་དེ་ལྟས་རྗེས་བསམ་ཚུལ་ཙམ་བཤད་ཡིང་།
བསྟན་འཛིན་འོད་ཟེར་ལགས།
དབུ་མའི་ལམ་ལ་བོད་མི་དམངས་ཀྱི་འདོད་མོས་ཡོད་མེད་འོས་བསྡུ་བྱས་པའི་དུས་ཚོད་ནི་༡༩༩༠་གོ་གྲངས་ནང་དུ་རེད། སྐབས་དེར་དུས་་་དབུ་མའི་ལམ་་་༧གོང་ས་མཆོག་གི ་་་་བདེན་པའི་ཨུ་ཚུགས་་་ཟམ་གདོང་གི་་་་རང་ཐག་རང་གཅོད་་་་བཀྲས་མཐོང་གི་་་་་རང་བཙན་བཅས་བཞི་ལ་འོས་བསྡུ་བྱས་པ་རེད།
སྐབས་དེར་དུས་བཙན་བྱོལ་བོད་མི་དམངས་ལ་ཆབ་སྲིད་ཀྱི་ཚིག་འདི་དག་གི་ཐོག་ཏུ་གོ་རྟོགས་མེད། གསར་དུ་དམངས་ཚོགས་ནང་དུ་སླེབས་པ་ཞིག་རེད། སྐབས་དེར་དུས་དམངས་མོས་འོས་ཐོབ་པ་རེད་ཟེར་ན་འགྲིག་གི་མ་རེད།
དཔེར་ན། རྡ་ལ་ཧོ་སི་གཞི་ཆགས་ཀྱི་མི་དམངས་རྣམས་ཀྱིས་ང་ཚོས་ཅི་ཡང་མི་ཤེས་པས་རྒྱལ་བ་རིན་པོ་ཆེན་ག་རེ་གསུང་ན་དེར་ཡིན་ཞེས་འོས་མ་བླུགས་པར་སྙན་ཞུ་ཕུལ་བ་རེད། གྲོས་ཚོགས་ནང་དུ་མང་མོས་བྱུང་བ་རེད་ཟེར་བའང་མི་བདེན། ཡེ་ཤེས་དབྱིགས་དཔྱོད་བྱས་པ་རེད།
དོན་ངོ་མའི་ཐོག་ནས་བོད་མི་རིགས་ཀྱི་ཆབ་སྲིད་ལམ་འདི་ལ་མི་དམངས་ཀྱིས་གདམ་ཀ་བྱེད་པའི་དབང་ཆ་ཡོད་ན་དུས་བབ་འདུག་སྙམ། བཙན་བྱོལ་མི་དམངས་ལ་འོས་བླུག་བཅུག་ན་ཤེས་ཡོང་གི་རེད་འདོད། ཡིན་ནའང་འོས་བསྡུ་བྱེད་ཀིན་མ་རེད། བོད་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་བོད་རང་བཙན་ཡིན་པར་ཆབ་སྲིད་པ་ཚོས་མཁྱེན་གསལ་རེད་བ།
ལོ་མ་ལྗང་ཁུ་ལགས་་་ཐུགས་རྗེ་ཆེ་་་རྗེས་སུ་སྒུག་བསྡད་ཀྱི་ཡིན
༸གོང་ས་མཆོག་གིས།
བོད་ཁ་བྲལ་ལ་མི་འགྲོ་བ་འདི་རྒྱ་ནག་གི་ཁེ་ཕན་ཡིན། ང་ཚོ་བོད་པའི་ངོས་ནས་ཀྱང་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན་འདི་ང་ཚོའི་ཁེ་ཕན་ཡིན།
ཅོ་རི་ལགས་ཀྱི་གསུང་པ་རྣམས་ལ་རྒྱབ་སྐྱོར་ཡོད། ཅལ་འགྲོག་མིན་དངོས་བདེན་དང་སྐབས་སུ་བབ་པའི་གནད་གཅིག་ཡིན།
དབུ་མའི་ལམ་ལ་ཟུར་ཟ་དང་མི་འདོད་པ་བྱེད་མཁན་དེ་ཚོ། ཅི་སྟེ་གུན་ཁྲན་མིན་ན་དགོངས་པ་བཞེས་དང་། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་དེས་ལམ་སྟོན་གནང་བའི་ཐབས་ལམ་དེ་ལ་དབུ་མའི་ལམ་ཞེས་བརྗོད་ཀྱི་ཡོད། སྙིང་རྗེའི་བདག་ཉིད་ཁོང་གིས་དགྲ་བོ་གཉེན་དུ་གཟིགས་ནས་གཉིས་སྨན་ལམ་སྲོལ་གཏོད་གནང་ཡོད། ང་ཚོ་མང་གཙོའི་ལམ་ལ་བསྐྱལ་གནང་ཟིན་པས་བོད་རྒྱ་ཆེ་མི་མང་གིས་དབུ་མའི་ལམ་ལ་འདོད་མོས་མེད་པ་དང་། དེ་ཐབས་ལམ་དང་དམིགས་ཡུལ་སྒྲུབ་བྱེད་དུ་མི་རུང་ལམ་ཁ་གཞན་ཞིག་བསྟན་རྒྱུ་ཡོད་ན་མང་གཙོའི་ལམ་སྲོལ་བཞིན་འགྲོ་མི་ཆོག་པའི་བཀའ་གནང་མཁན་སུ་འདུག་གམ། བོད་རྒྱལ་བ་རིན་པོ་ཆེ་ལ་མི་དབང་ན། ཁོང་གིས་བོད་འདི་ཡིན་ན་གཅིག་དང་མིན་ན་གཅིག་ཅེས་གསུང་གི་མ་རེད། བོད་དེ་གཞིས་བྱེས་བོད་མི་ཡོངས་ཀྱི་རེད། རྒྱ་མིས་ཧམ་སེམས་དང་བཙན་དབང་བཤད་པ་མ་གཏོགས་བོད་ལ་ཐེ་ཇུས་བྱེད་རྒྱུའི་ཐོབ་ཐང་མེད་པ་ནང་བཞིན། ༧གོང་ས་མཆོག་གིས་བརྒྱ་ཁ་གཅིག་ཆོད་ག་དུས་གནང་སོང་ངམ། ཆོས་སྲིད་ཟུང་དུ་བཞེས་ནས་འགལ་འདུའི་བྱ་བ་གང་ཞིག་གནང་སོང་། གཞི་རྩའི་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་འབྲེལ་ཐོག་ཡིད་དབང་འགུག་པའི་དགོངས་བཞེད་ལམ་སྟོན་གདམས་ངག་དང་། ཐ་ན་འཛིམ་དམུལ་བ་ཙམ་གྱིས་ཀྱང་སེམས་གསོ་མཛད་ནས་ཀུན་གྱིས་སྟོང་གདབ་པ་དང་རེ་བ་སྟེར་བའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས། བཀའ་དྲིན་རྗེས་དྲན་ཞུ་མ་ཐུབ་རུང་དྲིན་ལོག་ཏུ་མ་སོང་བར་དོ་གལ་ལྕི། རྒྱལ་བ་ཁོང་གི་སྐུ་དྲིན་ནི་བརྗོད་མི་ལང་བ་ནམ་མཁའ་བཞིན་ནོ།
ངས་མ་འོངས་བོད་ཀྱི་ཕུག་རྒྱང་རིང་པོར་བསམས་ན། ཡང་ན་བོད་རྒྱ་གར་དང་མཉམ་གནས་དགོས་པ་དང་། ཡང་ན་རྒྱ་ནག་མཉམ་དུ་སྡོད་དགོས་རྒྱུ་གཉིས་ལྷག་པའི་ཕན་ཐོགས་ཆེ་བ་ཞིག་མི་མཐོང་བས་རེད། དེ་ཡིན་ཙང་། རང་བཙན་མ་རྩོད། དབུས་ལམ་རྩོད་ཅེས་ལབ་བགྱིན་ཡོད་ལགས། དེས་ང་སེམས་ཤུགས་ཆགས་པ་མིན་པ་དེ་ཡང་མཚོན་ཡོད།
དབུ་ལམ་ཁང་ཟེར་བ་སྤྱི་རྒྱུ་སྒེར་བདག་མཁན་ཟླ་ཚེའི་འཁྲབ་སྟེགས་དེ་རྒྱ་ཆེ་རུ་གཏོང་བ་དང་ད་ལྟའི་བར་དུ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོག་ཡོད་པའི་ཚོགས་པ་གཅིག་པུ་སྟེ་གཞོན་ནུའི་ཁ་གཏད་ཀྱི་ཆེད་དུ་གཞོན་ལྷན་ཀྱི་ཟས་བཅད་ངོ་རྒོལ་གནང་འཆར་ཡོད་པའི་དུས་ཚོད་དང་ཏག་ཏག་སྒྲིག་ནས་དབུ་མའི་ལམ་གྱི་ངོ་སྤྲོད་བྱེད་ཀྱི་ཡོད་རེད་ཟེར། དེ་ཡི་དམིག་ཡུལ་དངོས་ནི་ག་རེ་ཡིན་མིན་སྤྱི་ཚོགས་ཀྱི་ནང་དུ་གབ་སྦས་བཟོ་ཆེད་བཀའ་བློན་ཁྲི་ཟུར་དང་། ད་ལྟའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཁག་བཅས་གདན་ཞུའི་ཐོག་ནས་ལས་གཞི་སྤེལ་བ་ནི་གུང་ཁྲན་གྱི་སྲིད་བྱུས་ལག་བལྟར་གྱིས་མི་མང་མགོ་འཐོམས་སུ་གཅུག་པ་རེད། དེ་ཡང་མི་མང་ནི་བླུན་པོ་ཁྱུ་སྣ་གར་འཁྲིད་ཀྱི་དཔེ་ལྟར་༧གོང་ས་མཆོག་གི་དགོངས་གཞི་ཡིན་རབ་དང་སྤྱི་མོས་ཀྱི་ཐབས་ལམ་ཡག་ཤོས་ཡིན་རབ་སོགས་མི་ཚེར་སྨྲ་ལ་དགའ་བའི་ཟམ་གདོང་བླ་རྒན་སོགས་ཀྱིས་རྡོ་ཆག་བསླུ་སྒྲིག་འདྲ་ཆགས་མདོག་ཁ་པོ་འགའ་ཤས་བཤད་ནས་མགོ་བོ་གདུགས་ལྟར་འཁོར་ཐབས་བྱེད་པ་ཡིན་པར་མ་གཏོགས་ཁོང་ཚོ་ལ་ལྷག་བསམ་དང་སེམས་ཤུགས་དྲང་བདེན་དང་ལ྄་རྒྱ་ཡོད་ན་དང་པོར་སྔར་བྱས་ལ་འགྱོད་བཤགས་དང་ཕྱིན་ཆད་ཀྱི་བསྡོམ་སེམས་དང་བཅས་ཡང་གླིང་སློབ་གྲྭ་རྩིས་སྤྲོད་ཡག་པོ་གྱིས་དང་དེ་ནས་མི་མང་གི་མདུན་དུ་ངོ་གདོང་སྟོན་བསམ་ན་ཡང་ཕྱི་མེད། དེ་ལྟར་མིན་པར་མི་དམངས་མགོ་སྐོར་གྱི་འཁྲབ་སྟོན་ལ་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་འགོ་གཙོ་དག་ཀྱང་ཁྱི་སྤྱང་ལག་སྦྲེལ་མ་བྱས་ན་ཤི་གསོན་ཀུན་ལ་ལེགས་པར་སེམས། གང་ཡིན་ཟེར་ན་སང་ཉིན་ཁོང་ཚོས་ཚོགས་ར་དེའི་ཐོག་ཏུ་སྐར་ལྔའི་དར་དམར་ཞིག་མཁའ་དབྱིངས་སུ་འཕྱར་ངེས་རེད་དེ་དུས་འགྱོད་ཀྱང་ཕྱིས་སོང་བ་རེད་དོ།
བཟའ་ལྔ་པ་ལགས།
མི་ལོ་ཉིས་ཤུའི་རིང་བཙན་བྱོལ་མི་དམངས་ཀྱི་སྨྲ་བརྗོད་རང་བཀག་པ་རེད། དབུ་མའི་ལམ་གྱི་སྐོར་དུ་བསམ་ཚུལ་མ་མཐུན་པ་ཏོག་ཙམ་གླེང་ཡོང་དུས་་༧གོས་ས་མཆོག་ལ་ཁ་གཏོང་གི་འདུག་ད་ཟེར་བ་དང་།
ཆབ་སྲིད་པ་ཚོས་༧གོང་ས་མཆོག་ལ་ཡིད་ཆེས་མི་འདུག་ད་ཟེར་ནས་མི་དམངས་ཀྱི་འདོད་མོས་བཤད་ས་མེད་པ་ཞིག་བཟོས་པ་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ན་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་དབུ་མའི་ལམ་ལ་དགག་པ་རྒྱབ་ན་༧གོས་ས་མཆོག་ལ་དགག་པ་རྒྱབ་ཀྱི་འདུག་ཟེར་གི་རེད།
ངས་བསམ་ཚུལ་བྱས་ན་སྐད་ཆ་བཤད་སྟངས་འདི་དག་གིས་དམངས་གཙོའི་རང་དབང་ལ་ལོངས་སྤྱོད་མི་ཐུབ་པ་དང་དམངས་གཙོ་ཡར་རྒྱས་འགྲོ་བ་ལ་གནོད་པ་བྱེད་ཀྱི་འདུག ༧གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཡོད་མཁན་གྱི་མི་དམངས་ནི་རང་བཙན་པ་རྣམས་རེད་དྲན། ཕོ་བྲང་པོ་ཏ་ལའི་ནང་དུ་༧གོང་ས་མཆོག་ཁྲི་ལ་འཁོད་བཅུག་དགོས་བསམ་མཁན་རེད། བོད་གངས་ཅན་པའི་ས་ཐོག་ཏུ་༧གོང་ས་མཆོག་གི་དབུ་ཐོག་ཏུ་རྒྱ་དཔོན་ཞིག་བཞག་མི་འདོད་པ་རེད།
དབུ་མའི་ལམ་ལ་ཟུར་ཟ་བྱེད་མཁན་ཚོས་སྐད་ཆ་དྲང་བདེན་བཤད་ཀྱི་འདུག་པ་མ་གཏོགས་༧གོང་ས་མཆོག་གི་རྒྱབ་རྩ་ཡིན་མདོག་བྱེད་ནས་བོད་རྒྱ་ཁུངས་བཅུག་ཨེ་བལྟ་བཞིན་མི་འདུག ༧གོང་ས་མཆོག་ཁ་ལ་ཁུར་ནས་སྤྱི་རྒྱུ་ལྐོག་ཟ་བྱེད་བཞིན་མི་འདུག དོན་ངོ་མའི་ཐོག་ནས་༧གོང་ས་མཆོག་གི་བཀའ་གསུངས་སྒྲུབ་མཁན་ཞིག་ཡིན་ན་བོད་མི་རིགས་འ་ཆད་འུ་ཐུག་གི་སྐབས་སུ་སྤྱི་རྒྱུ་ལྐོག་ཟ་བྱེད་ནས་བསྡད་ཀྱི་མ་རེད་བ།
ངས་རེ་བ་ལ་རྟག་པ་༧གོང་ས་མཆོག་ཁ་ལ་ཁུར་ནས་བོད་རྒྱ་ཁུངས་ཏུ་བཅུག་ཨེ་ཐུབ་བལྟ་མ་སྡོད་རོགས་བྱོས།
དབུ་མའི་ལམ་གྱི་ཆེ་བ།
by Tulku Ogyen Nyima on Sunday, August 19, 2012 at 10:19am ·
༧གོང་ས་མཆོག་གིས་རྩལ་འདོན་གནང་བའི་ཕྱོགས་སུ་མ་ལྷུང་བའི་དབུ་མའི་ལམ་གྱི་ལྟ་ གྲུབ་རྒྱུན་འཁྱོང་ཆེད་མཁས་པ་གསོ་སྐྱོང་བྱ་བའི་ཐབས་ལམ་གྱི་སྐོར་མི་རིང་བར་ རྡ་སར་འཚོགས་རྒྱུའི་གཏན་འཁེལ་བྱུང་བར་དགའ་པོ་བྱུང་། ངས་འདི་ནས་དགའ་པོ་བྱུང་ཟེར་བ་དེ་ང་ཚོགས་འདུ་དེར་ཞུགས་འདོད་ནས་མིན་ལ། ཁ་ཁོག་མི་མཚུངས་པའི་སྐད་ཆ་དེ་བས་ཀྱང་མིན། དབུ་མའི་ལམ་གྱི་དགེ་ཕན་དང་། དམིགས་ཡུལ་གང་ལ་བསམ་བློ་བཏང་བ་ཡིན་ན་བོད་རྒྱ་གཉིས་ཕན་གྱི་ཐབས་ལམ་གཅིག་པུ་མ་ ཡིན་པར། འགྲོ་བ་མིའི་རིགས་གཙོ་བོར་གྱུར་བའི་སེམས་ཅན་དང་། ཕྱི་སྣོད་ཀྱི་འཇིག་རྟེན་བར། མི་དང་དུད་འགྲོའི་བར། མི་རིགས་དང་། ཆོས་ལུགས་ཀྱི་བར། རྒྱལ་ཁབ་དང་རྒྱལ་ཁབ་བར། མདོར་ན་ཆོས་སྲིད་དཔལ་འབྱོར་གསུམ་སྟེ། དེ་དག་ཡོད་ཚད་ཀྱི་ཕྱོགས་སུ་མ་ལྷུང་བར་འཇིག་རྟེན་གྱི་རྒུད་པ་སེལ་ཞིང་། ལེགས་པ་སྤེལ་བ་ལ་ཐབས་སྙིང་རྗེ་དང་། ཤེས་རབ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་འབྲེལ་བ་ཞིག་ཡིན་དུས་རྩ་ནས། དབུ་མའི་ལམ་ནི་དུས་ནམ་ཡང་བོད་མི་རིགས་དང་། རིག་གཞུང་གི་རིན་ཐང་མཐོར་འདེགས་ལ་དགོས་ངེས་ཤིག་ཡིན་པ་དང་། ད་དུང་ཚན་རིག་གི་འགྲན་རྩོད་དང་། མི་རིགས་ཀྱི་འགྲན་རྩོད། དཔལ་འབྱོར་གྱི་འགྲན་རྩོད་ཞི་བའི་ཐབས་ལམ་ལེགས་ཤོས་ཤིག་ཡིན་པ་ལ་བསྙོན་དུ་མེད་ པའི་ལམ་བཟང་ཞིག་ཡིན་པ་ལ་རྒྱལ་བའི་བཀའ་དང་། རྗེས་འཇུག་མཁས་པའི་བསྟན་བཅོས་དང་མི་འགལ་བར་མ་ཟད། ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པའི་སྲོལ་བཟང་ཞིག་ཡིན་པས། མཁས་པ་གསོ་སྐྱོང་དང་། ཕུལ་དུ་བྱུང་པའི་ལྟ་གྲུབ་རྩལ་འདོན་གྱིས་རང་རྐང་ཚུགས་པའི་ཐབས་ལམ་བསྐྲུན་ དགོས་པ་དཔེར་ན། སྔོན་འགྲོའི་ཞལ་འདོན་ནས་བཟུང་། དངོས་གཞིའི་ལྟ་གྲུབ། དུས་རྒྱུན་དུ་ཉམས་སུ་བླངས་བྱ། ནང་གི་བསམ་བློ། ཕྱིའི་སྤྱོད་ལམ་སོགས་ཆོས་བརྒྱུད་སོ་སོའི་ཕྱོགས་སུ་མ་ལྷུང་བའི་རྩ་ཁྲིམས་ བརྟན་པོ་ཞིག་བྱུང་ན། མ་འོངས་པར་འཇིག་རྟེན་འདིར་སྨན་པའི་ལམ་དང་། ལུགས་སྲོལ་ཡང་དག་ཅིག་དང་། དབུ་མའི་ལམ་གྱི་རྗེས་འཇུག་བགྲངས་ཀྱིས་མི་ལང་བ་ཞིག་ཡོང་བ་ལ་ཐེ་ཚོམ་གཏན་ནས་ མེད་པས། དབུ་མའི་ལམ་ནི་དུས་ནམ་ཡང་འཇིག་རྟེན་འདིར་གནས་པའི་སྨོན་འདུན་གྲངས་མེད་ཡོད།
སྤུན་ཅོ་རི་ཕེབས་པ་དགའ་ནས་ཡོད།
ལམ་དབུ་མ་ཞེས་པ་ནི། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ན་གནས་པ་ཞིག་དགོས་པས།
མངའ་རིས་ཀྱི་ཆ་ནས་ལམ་དབུ་མ་ནི། བོད་མི་དམངས་ཀྱིས་ཆོལ་ཁ་གསུམ་གྱི་མངའ་རིས་ཁྱོན་ཡོངས་བོད་མི་ཁོ་ན་ལ་བདག་དབང་དགོས་ཟེར་བ་འདི་འདི་རྟག་མཐའ་རེད། རྒྱ་མིས་བོད་ཆོལ་གསུམ་གྱི་ས་ཁྱོན་ཡོངས་རྫོགས་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཞེས་བཤད་བསྡད་པ་འདི་ཆད་མཐའ་རེད། བོད་ས་ཡོངས་ཀྱི་ཕྱིའི་འགན་སྲུང་དང་སྤྱིའི་བདག་དབང་རྒྱ་གཞུང་ལ་ཡོད་པ་བྱེད་ནས་ནང་དུ་བོད་མིས་རང་དབང་ཐོག་རང་གི་རིག་གནས་ཁྱད་ཆོས་དང་བཅས་པ་ཉར་གནས་འཛིན་སྐྱོང་བྱེད་རྒྱུའི་བདག་དབང་ཚང་ཡོད་པ་བྱེད་རྒྱུ་བཅས་ནི་གཉིས་སྨན་དབུ་མའི་ལམ། གཞན་ཡང་བོད་ས་ཧྲིལ་པོའི་བདག་དབང་བོད་ལ་དགོས་པ་རྟག་མཐའ་དང་། སྡེ་དགེ་འབྲུ་ཆུ་ཡན་ཆད་རང་སྐྱོང་སྤྲོད་ནས་ལྷག་མ་རྒྱ་ནག་ལ་དག་པ་དགོས་ཞེས་བཤད་པ་ནི་ཆད་མཐའ་བྱས་ཀྱང་ཆོག
ཆབ་སྲིད་ཀྱི་ཆ་ནས་ལམ་དབུ་མ་ནི། བོད་མིས་རང་བཙན་གཙང་མ་དགོས་ཟེར་བ་རྟག་མཐའ་དང་། རྒྱ་མིས་ད་ལྟའི་གནས་བབས་བཞིན་བོད་ལ་རང་དབང་ཏིལ་འབྲུ་ཙམ་མེད་པ་ཁོ་པ་ཚོས་དབང་སྒྱུར་བྱེད་ཀྱང་དགོས་པ་ཆད་མཐའ་རེད། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཚད་མཐོའི་རང་སྲིད་རང་སྐྱོང་བྱེད་རྒྱུ་ནི་གཉིས་སྨན་དབུ་མའི་ལམ་རེད།
སྤུན་གྲོགས་ལོག་སྨ་ཚར་གཅོད་ལགས། དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
དབུ་མའི་ལམ་ལ་དབུ་མ་པའི་མཚན་ཉིད་ཀྱི་ཐོག་ནས་འགྲེལ་བཤད་རྒྱབ་སྟངས་འདི་ལ་བསམས་གཞིག་བྱེད་ན། ཡོད་པ་བཏགས་མཐའ་དང་མེད་པ་ཆད་མཐའ་གཉིས་དང་བྲལ་བའི་དབུས་སུ་གནས་པའི་གང་ཟག དབུ་མ་པའི་མཚན་ཉིད་རེད།
བལྟ་སྟངས་འདིའི་ཐོག་ནས་བལྟས་པ་ཡིན་ན་བོད་རིགས་ཡོངས་ལ་མིང་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་ཡིག་ཆའི་བརྗོད་བྱ་འདི་དབུ་མའི་ལམ་གྱི་སྒྲུབ་བྱ་འགྲིག་མ་རེད་འདོད། བོད་རང་བཙན་ཡིན་པ་ནི་བཏགས་མཐའ་མིན་ལ་སྒྲོ་འདོགས་མིན། དངོས་ཡོད་ཚད་གྲུབ་ཡིན། དེའི་ཕྱིར། དབུ་མའི་ལམ་གྱི་སྒྲུབ་བྱ་ལ་བོད་རང་བཙན་འཇོག་དགོས།
གུན་ཁྲན་ཏང་གིས་ལོ་རྒྱས་ཀྱི་ཐོག་ཏུ་བོད་རང་བཙན་མིན་ཟེར་བ་ཆད་མཐའ་དང་གུན་ཁྲན་ཏང་གི་རྗེས་འབྲངས་པ་བོད་མི་ཚོས་བོད་ཀྱི་བདག་དབང་གུན་ཁྲན་ཏང་ལ་མེད་བཞིན་དུ་ཡོད་ཟེར་བ་བཏགས་མཐའ་འཇོག་དགོས། ང་རང་ཚོའི་ལོ་རྒྱུས་ཀྱི་རྡོ་རིང་ངོས་ཏུ་ཡོད་པ་ལྟར་རྒྱ་རྒྱ་ཡུལ་དུ་སྐྱིད། བོད་ཡུལ་དུ་བདེ་ཟེར་བ་ལྟར་ཡིན་དགོས།
གཉིས་ཕན་ཟེར་བ་ཡང་རྒྱ་སྐྱིད་བོད་བདེ་བྱུང་ན་གཉིས་ཕན་ཡིན། བོད་ཀྱི་བདག་དབང་གུན་ཁྲན་ཏང་ལ་སྤྲོད་ན་གཉིས་ཕན་མིན། གཅིག་ཕན་ཡིན། གུན་ཁྲན་ཏང་ལ་ཕན་ཀྱང་བོད་མི་རིགས་ལ་མི་ཕན། གྱོང་ཆེན་པོ་ཞིག་ཡིན།
དབུ་མའི་ལམ་འདི་རྒྱ་གར་གྱི་སློབ་དཔོན་ཆོས་གྲགས་བའི་ཆོས་གཞུང་ལ་གཏུགས་ནས་འགྲེལ་དགོས་པ་ཞིག་ཡིན་ན་དབུ་མའི་ལམ་གྱི་སྒྲུབ་བྱ་བོད་རང་བཙན་མ་གཏོགས་ཡོང་ཐབས་མེད།
མངལ་རི་འཕྲིན་ལས་ལགས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།
རྟག་མཐའ་ཞེས་བཅོས་རོགས་གནང་་་་ཡིག་ནོར་ཤོར་བར་དགོངས་འགལ་མེད་པར་ཞུ།
སྤུན་ཅོ་རི་ལགས། ངས་གོང་དུ་བཤད་པ་ནི་༸གོང་ས་མཆོག་གིས་གསུངས་ཤིང་བོད་གཞུང་གིས་སྲིད་བྱུས་སུ་འཛིན་པའི་དབུ་མའི་ལམ་གྱི་འགྲེལ་བཤད་བྱས་པ་ཙམ་ལས་ང་རང་སྒེར་གྱི་ལྟ་བ་ངོ་མ་རང་བཙན་ཡིན་པ་ཁྱེད་ཀྱིས་ཤེས་ཚད་ཡིན།
སྤུན་གྲོགས་་་ཤེས་དང་ཤེས་་་དུས་རྣམ་པ་ཀུན་དུ་ཁྱེད་ཀྱི་ལྟ་གྲུབ་བཟང་པོ་དེ་ལ་གུས་བཀུར་ཡོད། ངས་གོང་གི་བལྟ་སྟངས་དེ་ལ་འགྲེལ་བཤད་བརྒྱབ་པ་ཡིན་པ་ལས་ཁྱེད་ཀྱི་ལྟ་གྲུབ་གླེང་པ་མིན་ལགས་
དབུ་མའི་ལམ་གྱི་སྲིད་ཇུས་དེ་༸གོང་ས་མཆོག་གི་ལངས་ཕྱོགས་ཀྱི་ལྟ་བ་ཞིག་རེད་ཟེར་ན་ག་ལ་འགྲིག ། འོན་ཀྱང་ད་ལྟའི་བཙན་བྱོལ་ནང་གི་གནས་སྟངས་ལ་གཞིས་ཏེ་བཤད་པ་ཡིན་ན་༸གོང་ས་མཆོག་ནི་ང་ཚོའི་ཆོས་ཀྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་ཀྱང་སྲིད་ཀྱི་དབུ་ཁྲིད་མ་ཡིན་པས་གཞུང་གི་འཛིན་པའི་དབུ་མའི་ལམ་གྱི་ལྟ་གྲུབ་ནི་གཞུང་འཛིན་མི་སྣའི་ལྟ་གྲུབ་ཡིན་པ་ལས་༸གོང་ས་མཆོག་གི་ལྟ་གྲུབ་རེད་ཞེས་སྦྱར་བ་ཡིན་ར་མགོ་ལུག་སྦྱར་རང་རེད་བསམ། ༸གོང་ས་མཆོག་ནས་ལྟ་གྲུབ་དེ་གཞིར་བཟུང་ནས་བཙན་བྱོལ་གཞུང་གི་ཆབ་སྲིད་ལོ་མང་རིང་བརྐྱངས་པ་རེད་ལ་ལྟ་གྲུབ་དེའི་ནུས་པ་མ་ཐོན་པའི་བསྐོར་ལ་བཀའ་སློབ་ཡང་ཕེབས་པ་ཞིག་ཡིན།
དེ་ན་ད་ལྟའི་གཞུང་འཛིན་དབུ་ཁྲིད་རྣམས་པས་རང་མགོ་རང་གིས་མ་བསྐོར་བར་ནུས་པ་ཐོན་པའི་ལངས་ཕྱོགས་ཤིག་བཟུང་ནས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཕན་པའི་ལངས་ཕྱོགས་ཤིག་བཟུང་རྒྱུའི་རེ་བ་བཅང་བཞིན་ཡོད།
ཨོ་རྒྱན་ཉི་མ་ལགས་ཀྱིས་གསུངས་པ་དེ་དངོས་གནས་རྒྱུ་མཚན་འདུག ང་ཚོ་བོད་པ་ཚང་མའི་འདི་ལྟར་དབུ་མའི་ལམ་ལ་ངེས་ཤེས་རྙེད་ཐུབ་ན་རྩ་དོན་སྟེང་ནུས་བ་ཐོན་པ་བཤད་མ་དགོས་པ་རེད།
ཅོ་རི་ལགས་སུ། བསམ་བློ་ཞིབ་མོར་ཐོངས་དང་། ༧གོང་ས་མཆོག་ནི་རྩ་བའི་བླ་མ་རེད། བོད་རང་བཙན་རེད། ཁུངས་ལྡན་ལོ་རྒྱུས་སུ་བཙན་པོས་བསྐྱངས་པའི་རྒྱལ་ཁབ་རང་བཙན་ཡིན་པས་མ་ཚད་སྐུ་ཕྲེང་༡༣ པས་ལོ་བརྒྱའི་གོང་རང་བཙན་རྒྱལ་ཁབ་ཏུ་ཡོངས་ཁྱབ་གནང་ཡོད། ད་ལྟའི་ཆ་ལ་བོད་དོན་དེ་ལོག་སྤྱོད་པ་དང་ཁ་བྲལ་རིང་ལུགས་པའི་གཙོ་འཛིན་རྗེས་འབྲངས་ཞེས་གུང་བྲན་ཏང་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུ་ས་དེ་ལ་འགན་ཡོད་ལ་ཁོང་གི་ལམ་སྟོན་འོག་བསྐྱོད་དགོས་པ་ནི་ང་ཚོའི་བླ་ན་མེད་པའ་དབུ་ཁྲིད་ཀྱི་རྗེས་སུ་འབངས་དགོས་པས་སོ། སངས་རྒྱས་ལ་དད་པ་ཇི་ཙམ་ཡོད་ཚོད་ཀྱིས་ཁོང་གི་བཀའ་ལ་རྩིས་དགོས་པ་བཞིན་བླ་ན་མེད་པའི་དབུ་ཁྲིད་ལ་བཀུར་ན་ཁོང་གི་དགོངས་བཞེད་དང་བསྟུན་དགོས། དེ་ཡང་བཙན་བཀའ་གཏོང་བ་མིན་ལ་རང་ལ་དེ་ལས་ལྷག་པའི་ཐབས་ལམ་ཡོད་ན་མང་གཙོའི་འོས་པའི་བཀའ་ཁྲི་དང་གོ་བསྡུར་གནང་ན་མི་འགྲིག་ཅེས་སུས་ཀྱང་བཀག་མི་ཐུབ།
༧གོང་ས་མཆོག་ཁ་ལ་ཁྱེར་ནས་ལྐོག་ཟ་རུལ་སུངས་བྱེད་གཏེ་འདི་འདྲ་ཡོད་ན་སྤྱི་སྤམ་ཁ་གཡམ་སྒང་ལ་མ་བཞག་པར་ཐེར་བཏོན་བྱེད་ཐུབ་ན་ཐུགས་ཕན་ཞེ་དྲག་གསོས་པོ་ཡོད། འདི་འདྲ་གནང་ཐུབ་ཀྱི་མིན་འདུག་ག
བོད་རྒྱ་ཁོང་ཡིན་པ་ཨ་རི་དང་རྒྱ་གར། རྒྱ་གུང་བྲན་གྱིས་བཤད་པ་ཨ་ཅང་། དབུ་མའི་ལམ། བདེན་པའི་ཨུ་ཚུགས། རང་ཐག་རང་གཅོད་འདོད་མཁན་ཚོས་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་གསུང་པ་གོ་མ་མྱོང་། འོན་ཀྱང་མ་འོངས་པའི་གནས་སྟངས་གང་དགའི་ཐབས་ཚུལ་ལ་དཔྱད་འཇུག་གནང་བ་ལས། མཐའ་མའི་ཐག་གཅོད་བོད་མི་མངས་ལ་ཡོད་པ་མཁྱེན་དགོས་པ་ཞིག་འདུག་སྙམ།
སངས་རྒྱས་ལ་མ་རྟོན་ན་ཆོས་ལ་མ་རྟོན་པ་ཆགས་ཀྱི་མ་རེད། ཆོས་ལ་མ་རྟོན་ན་སངས་རྒྱས་ལ་མ་རྟོན་པ་ཆགས་ཀྱི་རེད་སྙམ། དེ་བཞིན་༧རྒྱལ་བ་རིན་པོ་ཆེར་འགག་པ་བསྐྱོན་ན་དབུ་མའི་ལམ་ལ་འགག་པ་མི་ཆགས་ལ། དབུ་མའི་ལམ་འགག་པ་བྱས་ན་དོན་གྱིས་རྒྱལ་བར་འགག་པ་འགྲོ་གི་རེད། གང་ལགས་ན་དབུ་མའི་ལམ་ནི་སྤྱིར་བཏང་དངོས་ཡོད་ལ་བདེན་པ་དང་ཐབས་ཚུལ་ཟབ་ཤོས་ཡིན་པ་མ་ཚད། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ལའང་མཐུན་ཤས་ཆེ་ལ་འགག་དགོས་མང་པོར་གཟིགས་ནས་གསུངས་པས་སོ།
བཙན་ནགས་པ་ལགས། དོན་ཆེན་གྲུབ་ལ་ངང་རྒྱུན་རིང་དགོས་པས་ད་རིང་སང་ཉིན་བོད་ལ་ལོག་རྒྱུ་ནི་ཁག་པོ་རང་ཡིན། དེས་ན་འཚེ་བ་མེད་པ་དང་དབུ་མའི་ལམ་གཉིས་ཟུང་འཇུག་ཡིིན་པས། ད་ང་ཚོ་འཚེ་བའི་གཡང་ལ་ལྷུང་རྒྱུའི་ཉེན་ཁ་རེད། བདེན་པའི་ཨུ་ཚུགས་ཀྱིས་དབུ་མའི་ལམ་ཕྱོགས་སུ་མཉམ་བསྐྱོད་ཡིན་ན། ཁོང་ཁྲོའི་དོ་ཡ་བྱམས་བརྩེས་མི་ཐུབ་པ་རང་ཨེ་ཡིན་ནམ། ༧གོང་ས་མཆོག་ལ་སྐུ་དབང་མེད་པ་མ་རེད། སྲིད་སྐྱོང་རྐྱང་པ་མ་གནང་རེད་མ་གཏོགས་ཁོང་བོད་པ་རང་རེད། ཐུགས་འགན་ཆེན་པོ་བཞེས་པའི་སྐུ་དྲིན་ནི་གཞལ་གྱིས་མི་ལངས།
ང་ཚོའི་ལངས་ཕྱོགས་དབུ་མ་ཡིན་ཟེར་མཁན་འུ་ཚོ་རེད་ལ་། ཉམས་ལེན་བྱེད་མཁན་ཀྱང་འུ་ཚོ་ཡིན་དུས་ན་འུ་ཚོ་ལ་དབུ་མ་ངོ་སྤྲོད་བྱ་མི་དགོས་གི་ཡ་དབུ་ལས་འགུལ་ཁང་གི་ལས་བྱེད་ཚོ་། རབ་ཡིན་ན་རྒྱ་རྒན་ཚོ་ལ་དབུ་མ་ངོ་སྤྲོད་རེ་བྱ་འུ་ཐུབ་ལྟོས་དང་དེ་ནི་རྒྱ་རྒན་ཚོའི་རྒྱ་དར་མགོ་ལ་འཁུར་བའི་བླུན་རྟགས་ལས་ཀྱང་དགེ་མཚན་ཆེན་པོ་ཡོད་ནི་རེད་། འུ་གོ་ཐལ་དབུའི་ལས་བྱེད་ཚོ་།
དངོས་མིང་དང་བཀབ་མིང་གང་རུང་ཐོག་སློབ་གསོ་འབུལ་འཆར་འདིའི་ཐད་བསམ་ཚུལ་འདོན་མཁན་ཚང་མར་དགའ་བསུ་ཞུ་བ་ཡིན་ལ། ཡིག་ཐོག་གི་བསམ་ཚུལ་ནི་ཤེས་ཡོན་པའི་བསམ་ཚུལ་དང་ཐག་ཉེ་བས་ལས་འགུལ་ཁང་ནས་ལེགས་ཆ་ལེན་རྒྱུར་ཡིད་དོགས་མེད།
གཞན། སློབ་གསོ་འདི་དང་འབྲེལ་ཡོད་ཀྱི་དྲི་བ་གང་ཡོད་ད་དུང་མུ་མཐུད་གནང་བའི་རེ་བ་ཞུ་ཡི་ཡོད་ལ། བསམ་ཚུལ་འདོན་མཁན་ཞིག་གིས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཐད་གསུང་བཤད་ཡོད་མེད་དྲིས་པར། རང་སྐྱོང་བསམ་འཆར་དང་དེའི་འགྲེལ་བརྗོད་གཉིས་དེ་དང་འབྲེལ་ནས་གླེང་དགོས་སྟབས། སྐབས་དེར་དྲི་བ་དྲིས་ལན་ཞིབ་ཚགས་ཡོང་གི་རེད་ཅེས་གསལ་བཤད་དུ།
ཐུགས་རྗེ་ཆེ།
ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་སྐྱོབས་པ་ལ་ཐབས་ལམ་ཡག་ཤེས་དེ་དབུ་མའི་ལམ་ལས་ལྷག་པ་སུ་གཅིག་ལ་སྟོན་ཡ་མེད་གསལ་པོ་རེད། དེ་འདྲ་ཡིན་དུས་ཚང་མའི་མཁྱེན་པ་གནང་རོགས་ཞུ།
ལས་འགུལ་ཁང་ཟེར་བ་དེ་དབུ་མ་ཚང་ཡིན་ན་ངས་རེ་བ་ཞིག་ཞུ་། ཁྱེད་ཚོའི་ཀུན་སློང་ངན་པ་ཡིན་མིན་མི་ཤེས་ཀྱང་ལས་འགུལ་གང་སྤེལ་བ་རྣམས་བོད་མི་ཚོའི་སེམས་སུ་རྣམ་རྟོག་འདྲ་མིན་དང་། རྣམ་རྟོག་དེའི་རྐྱེན་པས་བོད་མའི་ནང་ཁུལ་མི་འཆམ་པ་དང་ཕན་ཚུན་ཚིག་ངན་བྱེད་རེ་བཤད་པའི་རྒྱུ་ཞིག་དུ་འགྲོ་ཡི་འདུག་། དཔེར་འགའ་བཤད་ན་། ཁྱེད་ཚོས་བོད་མི་ཚོའི་རྒྱ་དར་འཁུར་ནས་ལས་འགུལ་སྤེལ་དགོས་ཚུལ་དང་དེ་རིང་ཁྱེད་ཚོའི་ཆེད་མཁས་མི་སྣ་གསོ་སྐྱོང་ཞེས་བའི་ལས་འགུལ་དེའི་ཉིན་མོ་དང་གཞོན་ནུའི་ལས་འགུལ་གྱི་དུས་ཚོད་དང་གཅིག་རེད་ཟེར་། མ་གཞི་མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་ལྟ་བ་དང་བསམ་ཚུལ་འདྲ་མིན་ཡོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་། ཡིན་ནའང་། འུ་ཚང་བོད་པ་ཚང་ནི་མང་གཙོའི་རྒྱལ་ཁབ་གཞན་དང་མི་འདྲ་ཞིང་རང་གི་རྒྱལ་ཁབ་རྒྱས་བཙན་འོག་ན་ཡོད་པས་ཕྱོགས་གང་ཐད་ནས་དཀའ་ངལ་ཧ་ཅང་ཆེ་བའི་དུས་ཤིག་ཡིན་དུས་ལྟ་བ་རྩད་ནས་མ་སྡད་པར་། ཚོགས་པ་ཕན་ཚུན་བར་ལ་གུས་ཞབས་དང་། རབ་ཡིན་ན་མི་མང་གི་མདུན་ལ་མིག་མཐོང་ལག་ཟིན་གྱི་འབྲས་བུ་ཅུང་ཙམ་ཞིག་སྟོན་རྒྱུ་འུ་ཐུབ་ལྟོས་། ལྷག་པར་མི་རིགས་གཞན་པ་བོད་དོན་ལ་སེམས་འཁུར་གང་ཙམ་ཡོད་མཁན་ཚོར་རིག་བ་སྤྱང་བོའི་སྒོ་ནས་བོད་དོན་འགྲེལ་བཤད་རེ་བྱ་འུ་ཐུབ་ལྟོས་། དེ་མ་བྱེད་པར་ངས་ལྟ་བ་ཡང་དག་ཚུལ་གཞན་པའི་ལྟ་བ་ངན་ཚུལ་བཤད་ན་བོད་མི་རིགས་ལ་ཕན་པ་ལས་གནོད་སྐྱེལ་ཡོང་གི་ཡོད་པ་ཤེས་བར་བྱོས་། ལོས་རྒྱུས་ཀྱི་འགན་ཁྲི་ནི་ཁྱེད་ཚོ་དབུ་ཚང་གཅིག་པོ་མ་ཡིན་པར་ཚོགས་པ་ཡོད་ཚད་དང་བོད་མི་ཡོད་ཚད་ལ་ཡོད་པ་རེད་།
ལོ་མ་ལྗང་ཁུ་ལགས་ཁྱེད་རང་གི་གསར་འགྱུར་རྒྱུད་ལམ་ལ་དོ་སྣང་དེ་ཙམ་མེད་པ་འདྲ། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣ ཉིན་གོང་༧ས་སྐྱབས་མགོན་ཆེན་པོ་མཆོག་གི་ལྭ་དགས་ཁུལ་དུ་སྩོལ་གནང་བའི་བཀའ་སློབ་ལ་གཅིག་གཟིགས་དང་གསལ་པོ་ཧ་གོ་ཡི་རེད། སྤྱིར་ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་ན་དབུ་མའི་ལམ་གྱི་གཞི་བཟུང་ཕྱིན་པ་ཡིན་ན་འབྲས་བུ་ཐོན་རྒྱུ་ཡིན་པ་གསལ་པོ་རེད། མི་ཁ་བདེ་བ་ར་བཟུང་གི་ཡར་བཤད་པ་མ་བཤད་ནས་སྡོད་པ་ཡིན་ན་ཉིན་གཅིག་ལ་རྙོག་དྲ་ལུང་པ་གང་བཟོས་ཀྱི་རེད་བསམ་གྱི་འདུག
དང་པོ་ཡོངས་གླིང་སློབ་གྲའི་གནད་དོན་དེ་ཐག་གཅད། དེ་ནས་དབུ་མའི་ལམ་སྐོར་གླེང་ན་ཟླ་ཚེ་རང་ཉིད་མི་བུ་རེད། གཞན་དུ་ན་བོད་དོན་ལ་སེམས་ཤུགས་ཡོད་ཁུལ་གྱིས་གཞུང་རྒྱུ་རི་བོའི་གཏོས་དང་མཉམ་པ་ཞིག་སྒེར་བདག་ཐོག་སྤྱི་ཚོགས་དཀྲུགས་སའི་ལས་འགུལ་འདྲ་རྩོམ་པ་པར་ཕན་ལས་གནོད་ཆེ།