_____ཨོ་རྒྱན་ཉི་མ་ལ་གསལ་བཤད་ཀྱི་ཚུལ་དུ་བྲིས།
༼ཨ་ནུ་ཐང་། འགྲེལ་བཤད་མང་པོ་ཞིག འབྲེལ་བ་མེད་པ་ཞིག སངས་རྒྱས་བསྟན་པ་རྒྱས་པ་ནི་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་རེད། དམ་པའི་ཆོས་ཀྱི་ངོ་བོ་གཞན་ལ་མི་འཚེ་བ་དེ་རེད། གཞན་ལ་མི་འཚེ་བ་ཞེས་པ་དེ་རང་དོན་གྱི་ཆེད་དུ་སེམས་ཅན་གཅིག་ལའང་མི་འཚེ་བ་དང་། གཞན་དོན་བརླབས་ཆེན་འགྲུབ་ན་ཆེན་པོའི་ཆེད་དུ་ཆུང་ངུ་བློས་གཏོང་དགོས་ཚུལ་ཡང་གསུངས་ཡོད། དཔེར་ན་ཚོང་པ་ལྔ་བརྒྱ་སྐྱོབ་པའི་ཆེད་དུ་མི་ནག་མདུང་ཐུང་བསད་པ་ལྟ་བུ་རེད། གང་ལྟར་ཁྱེད་ཅག་ལ་བཤད་ན་ཕན་ཐོགས་ཤིག་ཡོད་མི་མཆི་ཡང་། ་་༽
ཨོ་ཉི་ལགས། ཉིད་ཀྱིས་དགོངས་ཚུལ་གསུངས་བ་ཐུགས་རྗེ་ཆེ། གོང་གི་དོན་མཚན་དེ་ནི་བོད་ཀྱི་སེར་མོ་པ་རྣམས་ཀྱིས་ལོ་ངོ་བརྒྱ་ཕྲག་གི་རིང་ལ་མི་ཎི་བཞིན་སྐྱོར་བའི་འགྲོ་ལ་བདེ་སྐྱིད་ལྡན་མིན་ནི་སངས་བསྟན་རྒྱས་མིན་ལ་རག་ལས་བ་དང་། སངས་བསྟན་རྒྱས་མིན་ནི་དགེ་འདུན་གྱི་སྡེ་ལ་རག་ལས་ཚུལ་སོགས་ཀྱི་སྡོམ་ཚིག་ལས་གཉིས་སུ་མ་མཆིས་བ་མ་ཟད། སངས་བསྟན་དར་རྒྱུ་ནི་ཡོད་ཚད་ལས་གལ་འགངས་ཆེ་བ་གསལ་སྟོན་བྱས་པས་དེ་ནི་མི་མང་གི་ཆེད་དུ་ཏང་བཙུགས་ཤིང་ཏང་གི་ཁེ་ཕན་ནི་མི་མང་གི་ཁེ་ཕན་ཡིན་པས་ཡོད་ཚད་ལས་གལ་འགངས་ཆེ་ཚུལ་དང་འདྲ་མཚུངས་གྱུར་བས་གཅིག་བསྡུ་རིང་གི་བསམ་བློའི་བླ་སྲོག་ཡོད་པ་མ་ཟད། གུང་ཁྲན་ཏང་མེད་ན་རླབས་ཆེན་གྱི་ཀྲུང་གོ་གསར་བ་མེད་ཅིང་ཀྲུང་གོ་གསར་བ་མེད་ན་བོད་ལྗོངས་གསར་བ་མེད་ཅེས་བའི་དཔེ་དང་དེ་བས་མཚུངས་བས་སྒེར་སྤྱོད་སྲིད་དབང་གི་སྲོག་ཤིང་ཞུགས་འདུག རྒྱུ་མཚན་ནི་ཉིད་ཀྱིས་གསུངས་བ་བཞིན་ཆེན་པོའི་ཆེད་དུ་ཆུང་ངུ་འདོར་དགོས་ཚེ་མི་གཉིས་ཀྱི་ཁེ་ཕན་ཆེད་དུ་གཅིག་གི་ཁེ་ཕན་བློས་བཏང་དགོས་ཤིང་། གྲངས་མང་གི་ཆེད་དུ་གྲངས་ཉུང་བློས་བཏང་དགོས་འགྱུར་བ་མ་ཟད། རྒྱལ་ཁབ་ཆེན་པོའི་ཆེད་དུ་རྒྱལ་ཁབ་ཆུང་ངུ་བློས་བཏང་དགོས་སོགས་དེ་བས་འགྱུར་བས་འཇིག་རྟེན་འདིར་དྲང་བདེན་དང་རང་དབང་ཟེར་བ་ཡོང་ཐབས་མེད་ལ། མི་རིགས་འདྲ་མཉམ་དང་རྒྱལ་ཁབ་འདྲ་མཉམ་སོགས་དེ་བས་ཡོང་དུ་མེད་པས་ཆེན་པོ་རྣམས་ཀྱིས་ཆུང་ངུ་འམ་ནུས་མེད་རྣམས་ཅི་འདོད་དུ་བེད་སྤྱོད་བཏང་ངེས་རེད། བོད་ལ་མཚོན་ན་དགེ་ལུགས་ནི་གྲངས་མང་དང་ཆེན་པོ་ཡིན་པས་དེའི་ཁེ་ཕན་ནི་ཆོས་ལུགས་གཞན་ལས་ལྷག་པ་དགོས་བ་མ་ཟད། གྲངས་ཉུང་གི་ཆོས་ལུགས་རྣམས་གྲངས་མང་གི་ཁེ་ཕན་བཞིན་བློས་བཏང་བྱེད་དགོས་འགྱུར་བས་རྙིང་མ་སོགས་ཆོས་རྒྱུད་གཞན་རྣམས་དགེ་ལུགས་དང་འདྲ་མཉམ་གྱིས་དཔུང་རྡང་སྦྲེལ་མི་ནུས་བས་མ་ངེས་ཏེ། ཆུང་ངུའི་ཆེད་དུ་ཆེན་པོ་བཏང་ཟེར་བའི་སྡོམ་ཚིག་འདི་ཡང་དག་པའི་སྡོམ་ཚིག་ཅིག་མིན་ཞིང་། དེ་ནི་གཅིག་བསྡུ་རིང་པའི་ལག་ཆ་དང་འདུ་ཤེས་འཛིན་སྟངས་ཀྱི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད། ཁོང་ཚོས་དུས་རྒྱུན་བརྟན་ལྷིང་དང་ཆ་མཐུན། ཞི་བདེ་དང་ཆེན་པོ་དོན་དུ་ཆུང་ངུ་བློས་བཏང་གི་སྡོམ་ཚིག་ཁྲི་ཁྲག་མང་པོ་བགྲང་ནས་མི་མང་གི་རང་དབང་འཕྲོག་པ་ཁྲིམས་མཐུན་དུ་སྒྱུར་བཞིན་ཡོད་ལ། དྲང་བདེན་མིན་པའི་དབང་སྒྱུར་བྱས་ཤིང་རང་ཉིད་སྲ་བརྟེན་བཏང་བཞིན་ཡོད། དེ་བརྟེན། མང་གཙོའི་སློབ་དཔོན་རྣམས་ཀྱིས་རང་དབང་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ལས་འགོ་འཛུགས་རྒྱུ་མིན་པ་མི་སྒེར་གྱི་ཁེ་ཕན་ནས་འགོ་འཛུགས་དགོས་ཤིང་། མི་སྒེར་གྱི་ཁེ་ཕན་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ལས་ཀྱང་གལ་ཆེ་ཡིན་ཞེས་ཆེ་ཁིའི་སྲིད་འཛིན་ཟུར་བ་ཝ་ཚི་ལ་ཧྥི་ཧཱ་བལ་གྱིས་གསུངས་ཡོད། ཡིན་ཏེ། རང་དབང་ནི་མི་སྒེར་དང་གྲངས་ཉུང་མི་རིགས། གྲངས་ཉུང་ཆོས་ལུགས་སོགས་ལས་འགོ་འཛུགས་དགོས་ཤིང་དེ་དག་གི་ཁེ་ཕན་གྲངས་མང་གི་ཆེད་དུ་མི་འདོར་མི་འོས་ཤིང་། མི་འདོར་སླད་མི་སྒེར་དང་མ་རིགས་ཤིག ཆོས་ལུགས་གང་ཞིག་ལ་རང་ཐག་གཅོད་ཀྱི་ཐོབ་ཐང་སྤྲད་དགོས་བས་དེ་ལྟར་ཡོད་པ་རྒྱལ་སྤྱིའི་ཁྲིམས་ལུགས་གྱུར། གལ་སྲིད་དེ་ལྟར་མིན་པ་ཉིད་ཀྱི་ཞེན་འདོད་བཞིན་ཆེན་པོའི་ཆེད་དུ་ཆུང་ངུ་བཏང་དགོས་ཚེ་མི་བརྒྱ་ཡི་ཁེ་ཕན་ཆེད་དུ་ལྔ་ཡི་ཁེ་ཕན་བློས་བཏང་དགོས་ཤིང་། གྲངས་མང་རྒྱ་རིགས་ཀྱི་ཁེ་ཕན་ཆེད་དུ་བོད་ཀྱི་ཁེ་ཕན་བློས་བཏང་དགོས་བ་མ་ཟད། ཡེ་ཤུའི་ཁེ་ཕན་ཆེད་དུ་སངས་བསྟན་སོགས་ཀྱི་ཁེ་ཕན་དེ་བས་བཏང་བྱེད་དགོས་ཆགས་པས་དྲང་བདེན་ཟེར་བ་ཡོང་ཐབས་མེད་ལ་འདྲ་མཉམ་ཟེར་དེ་བས་མེད་པས་འཇིག་རྟེན་འདིར་ཆེན་པོ་ལས་ཆུང་ངུ་འདུག་སྡོད་བྱེད་ཡུལ་མེད་པས་དམག་འཁྲུག་གིས་འཇིག་རྟེན་གང་ངེས་རེད། དེ་བརྟེན། ནོར་ཝེ་མི་མང་སི་ཝི་སྒྲན Sweden གྱི་རྒྱལ་ཁོངས་སུ་འདུག་འདོད་མེད་པ་སི་ཝི་སྒྲན་གྱིས་གུས་བཀུར་བྱས་ཀྱིས་༡༩༠༥ལོར་ནོར་ཝེ་Norwayལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གནང་སྟེ་འོས་བསྡུའི་ཁྲོད་ནས་རང་བཙན་སྤྲད་པ་རེད། དེ་བཞིན་༡༩༩༠ལོར་སི་ལོ་ཝ་ཁི་ Slovakia ཡི་མི་མང་གྲངས་མང་ཆེ་ཁི་ Czech དང་ལྷན་དུ་འདུག་འདོད་མེད་པ་ཆེ་ཁི་ཡིས་ངོས་ལེན་གྱིས་སི་ལོ་ཝ་ཁི་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲད་དེ་རང་བཙན་ཐོབ་པ་རེད། ད་ལྟ་དབྱིན་གཞུང་གིས་སི་ཁོ་དྲི་ལ་ Scotland རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲད་པ་ལྟ་བུ་གནས་ཚུལ་འདི་དག་གིས་མི་སྒེར་དང་། གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་ནི་གྲངས་མང་གི་ཆེད་དུ་བློས་བཏང་བྱེད་རྒྱུ་མིན་པ་གསལ་བཤད་བྱེད་གནང་བའི་ལོ་རྒྱུས་ཀྱི་བདེན་དོན་ཞིག་རེད་ལ། དེས་བོད་ཀྱི་ཁེ་ཕན་ནི་ཆོས་ལུགས་ཀྱི་རྟག་མཐའ་རིང་ལུགས་པ་དང་རྒྱ་སྐྱེད་རིང་པ་ལུགས་སུ་ཞིག་གིས་རང་གི་ཁེ་ཕན་ཆེད་དུ་ནག་གསུབ་བཏང་མི་འོས་བའི་དངོས་བྱུང་གི་ལོ་རྒྱུས་དག་རེད།
ཉིད་ཀྱིས་མི་ནག་མདུང་ཐུང་བསད་པའི་གཏམ་རྒྱུད་ནི་ར་མགོ་ལུགས་སྦྱར་གྱི་དཔེ་ལས་མ་འདས་ཏེ། གཏམ་རྒྱུད་ལྟར་ན་མདུང་ཐུང་བསད་པ་ནི་ཆེན་པོའི་ཆེད་དུ་ཆུང་ངུ་བཏང་ཟེར་བ་ཁོ་ན་མིན་པ་ཁོ་ནི་ནག་ཅན་ཡིན་པས་ཉེས་ཅན་ལ་ཁྲིམས་ཆད་བཏང་རྒྱུ་དྲང་བདེན་རེད་ལ་གནས་ལུགས་དང་མཐུན་པ་སུས་ཀྱང་འགོག་ཏུ་མེད། དེ་བས་དཔགས་བསམ་ཤིང་ལ་འཛགས་རྒྱུ་བྱུང་ན་གོས་ཆེན་གྱོན་པ་རལ་ཀྱང་རལ་ཟེར་བའི་གཏམ་དཔེ་བགྲང་ན་འོས་ཀྱང་། དེ་ནི་མི་བརྒྱ་ཡི་ཁེ་ཕན་ཆེད་དུ་ཉེས་མེད་ཅིག་གསོད་ཟེར་བའི་དོན་མིན་པ་དཀའ་ལས་མེད་པ་གྲུབ་འབྲས་མི་ཐོན་ཟེར་བའི་དོན་དུ་འདོད། གལ་སྲིད་དེ་ལྟར་མིན་ན་གོང་གི་གཏམ་རྒྱུད་དང་སྡོམ་ཚིག་འདི་དག་དུས་དང་སྟན་ནས་རྙིང་བ་གྱུར་ནས་གད་སྙིགས་སུ་འགྲོ་རྒྱུ་ལས་དྲང་བདེན་གྱི་འདུན་དུ་ཡོང་ཐབས་དཀའ་བ་འདོད།།
ཡག་པོ་གསུངས་འདུག་་་སྤྲུལ་རྐུ་ཨོ་ཉི་ལགས་་་ཅིག་བཤད་ཀྱི་ཡོད་ན་ཤོག་་་དེ་མེད་ན་ཁས་ལེན་བྱོས།
མཚན་ཉིད་པ་རིགས་འདྲས་ཕུང་། བ་ལང་རྫི་ཕྱོགས་འཛིན་གྱིས་ཕུང་།
དཔྱད་བསྡུར་ཡག་པོ་བྱས་འདུག མུ་མཐུད་ནས་ཁ་བརྡའི་དྲ་བའི་སྟེང་གི་བསམ་ཚུལ་དག་ཡར་རྒྱས་ཀྱི་ཆེད་དུ་དཔྱད་བསྡུ་གང་མང་ཡོང་བ་ཞུ། ཐུགས་རྗེ་ཆེ།
ཆེན་པོའི་ཆེད་དུང་ཆུང་ངུ་བློས་གཏོང་དགོས་ཟེར་འོང་དུས། ཆེན་པོ་ཡོད་ཚད་མིའི་གྲང་མང་ཉུང་ལ་བསམ་བློ་བཏང་བ་ནི་བློ་མིག་ཡ་གཅིག་ལས་མེད་པའི་རྟགས་རེད། ངས་མཐོང་སྣང་ལ་འཇིག་རྟེན་འདིར་རང་དབང་དང་། རང་བཙན་གཙང་མ་ཡོད་མཁན་སུ་གཅིག་ཀྱང་མི་འདུག་ལ། བོད་ལ་ཡང་ཁག་པོ་རེད། དུས་ནམ་ཡང་འཇིགས་མེར་མེར་ངང་མི་ཚེ་རྫོགས་བཞིན་པ་དང་། རང་ཁོ་ནའི་བདེ་སྐྱིད་ལ་བསམ་བློ་བཏང་གྲགས་ཏེ་འཇིག་རྟེན་ཡོད་ཚད་དམག་དང་། མཚོན་ཆས་བཀང་། སྐྱེ་འགྲོའི་ཚེ་སྲོག་རླུང་གསེབ་ཀྱི་མར་མེ་ནང་བཞིན་བསྒྱུར་ཚར་བ་རེད། ད་དུང་ཁྱེད་ཅག་ཡིད་མ་ཚིམ་ན། དེའི་གོང་དུ་སྤྲུགས་ཤིག ཤར་ནུབ་གཉིས་ཀ་སྤྲུགས་ཤིག ཡོད་ཚད་ཐལ་བའི་ཐལ་རྡུལ་ནང་བཞིན་བསྒྱུར་ཅིག དེ་ནས་ཁྱོད་ཚོ་འདོད་པ་ཚིམ་ངེས་སོ། །ངོ་མ་མཉམ་མེད་དོན་ཀུན་གྲུབ་པའི་རྗེས་འཇུག་ཅིག་བྱ་འདོད་ན་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་ཅེས་པ་བསམ་བློ་གཏོང་དགོས་པར་འདོད། ཆོས་པ་རྣམ་དག་ཅིག་དང་། བསྟན་པ་རྣམ་དག་ཅིག་འཛིན་འདོད་ན་སེམས་ཅན་སྤྱིའི་བདེ་སྡུག་གཙོར་བཟུང་བྱ་དགོས་པ་ལས། རང་དང་། རང་མི་རིགས་ཀྱི་བསམ་བློ་རྐྱང་པས་ཕན་ཐོགས་ཡོད་པ་ཞིག་དང་། རང་གཞན་གཉིས་ལ་ཕན་པ་ཞིག་ཁག་པོ་རེད། སྤྱིར་བཏང་ཆབ་སྲིད་པས་དཔྱད་བརྗོད་དང་། ཆོས་ལུགས་པས་དཔྱད་བརྗོད་བྱེད་སྟངས་སོ་སོ་རེད།
ཡང་རང་མདོག་བསྟན་སོང་ང་
སེམས་ཅན་སྤྱིའི་ཐོག་ཏུ་ཐུགས་བསམ་བཞེས་པ་ལ་རང་གི་ཨ་མ་ངོ་ཤེས་དགོས་ཀྱིོ་རེད། འཛམ་གླིང་སྤྱིའི་བདེ་སྡུག་འགན་ཁུར་པ་ལ་བོད་རྒྱལ་ཁབ་ཀྱི་བདེ་སྡུག་འགན་ཁུར་ཤེས་དགོས་པ་རེད་་་་་སྙིང་རྗེ་་་་ཨོ་ཉི་འདིས་ཐེག་ཆེན་སེམས་བསྐྱེད་ཀྱི་འགྲོ་སྟངས་ཙམ་ཤེས་ཀྱི་མེད་པར་འདྲ།།
ངས་ཅི་ཡང་མི་ཤེས་པ་དེ་བདེན་སྲིད་པ་རེད། ཡིན་ན་ཡང་ཁྱེད་ཅག་ང་ལས་བླུན་པ་དང་། ཐབས་སྐྱོ་བ། དམིགས་ཡུལ་ཆུང་བ་འདི་དག་ལ་བལྟས་ན། བོད་ཀྱི་ལས་དབང་མཇུག་དྲིལ་ཡིན་པ་འདྲ། ཁ་ནས་་་་་་་་་་་ བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་མ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམ་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་འདོན་བཞིན། གདོང་པ་དམར་པོ་གྱུར། སེམས་ལ་ཞེ་སྡང་འབར་བསྡད་ན་ཕན་ཐོགས་མེད་པ་རེད། ཡང་ནས་ནུས་པ་ཐོན་དགོས་པ་དང་། ཡང་ན་ངང་རྒྱུད་རིང་དགོས་པ་དང་། ཡང་ན་བློས་གཏོང་ཐུབ་པ་གསུམ་གང་རུང་དགོས་ངེས་རེད། དེ་མིན་རང་གིས་ཅི་ཡང་མི་འཇོན་པར་རང་དབང་རང་བཙན་བྱེད་བསྡད་ན་ཕན་ཐོགས་མེད་པ་རེད།
ཨོ་ཉི་ལགས། ཆེན་པོའི་ཆེད་དུ་ཆུང་ཆུང་བློས་གཏོང་དགོས་པའི་སྐད་སྦོམ་པོ་དེ་འདྲ་བཤད་པ་ལ་རང་ཉིད་ཀྱིས་དང་པོ་མི་གཅིག་གིས་བདེ་སྡུག་ལ་བསམ་བློ་བཏང་ཐུབ་ཀྱི་མི་འདུག་ག ཁྱོད་དང་རྒན་མོ་ཁྱོད་གཉིས་འདུག་བདེ་བའི་ཆེད་དུ་སྔར་མི་གཞན་པའི་ཕྲུ་གུ་གཅིག་ཡོད་པ་དེ་གྲྭ་པ་ནང་བཅུག་ཁུལ་བྱས་ན་གཡུག་ཡིན་པ། ངོ་ཚ་ཡི་མི་འདུག་པས་་་་་་་་་་།
ཨོ་ཉི་ལགས།
རེད་་་ང་མི་གཅིག་གི་འཇོན་སྟངས་གྱིས་རང་བཙན་ལེན་ཐུབ་ཐབས་མེད་ཀྱང་བོད་བཙན་པོའི་མི་ཡི་རྟོག་པ་སད་ཡོང་གི་ཡོད་པས་སེམས་འཁྲུལ་མི་དགོས། འཇོན་སྟངས་ཅན་གྱི་བུ་རྒོད་མང་པོ་རུ་གྲལ་སྒྲིག་ནས་བསྡད་ཡོད། ཐབས་དང་ཤེས་རབ་ཡོད་ལ་ཇུས་དང་ཆ་གཞི་ཡོད།་་་་་བོད་མི་ཚང་མ་ཁྱོད་ནང་བཞིན་མ་རེད་དོ་་་ཧཧཧ
ཨ་ནུ་ཐང་གི་ལེགས་བཤད་ལ་ཨོ་ཉི་གདོང་དམར་པོར་ཆགས་སོང་། ལན་རྡབ་རྡིབ་ཅིག་བྲིས་ཁུལ་བྱས་འདུག
ཨོ་ཉི་འདི་ཡིས་བཤད་རྒྱུ་དང་ལས་རྒྱུ་གཉིས་རྩ་བ་ནས་མཉམ་དུ་འགྲོ་གི་མི་འདུག
སེམས་ཅན་ཐམས་ཅད་ག་རེ་སེམས་ཅན་ཐམས་ཅད། དང་པོ་རང་ལྟ་ལ་ཆགས་གཞན་ལྟ་ལ་སྡང་རང་གཞན་གཉིས་ཀྱི་ལྟ་གྲུབ་ལ་རྨོངས་ནས་སྔར་ཅི་ཞིག་བཤད་མེད་དམ། དང་པོ་སེམས་མཆོག་སེམས་མཆོག་དང་སེམས་ཅན་ཐམས་ཅད་ཟེར་བ་ལ་དག་སྣང་ཙམ་ཅིག་ད་ལོས་དགོས་དེ་ཙམ་ཅིག་མེད་དུས་བྱང་ཆུབ་སེམས་མཆོག་དང་སེམས་ཅན་ཐམས་ཅད་ཟེར་བ་ཧ་ཧ་ཧ་ཧུཾ་ཕཌ་ཕཌ་རེད།
མི་ཁྱོད་ཀྱི་སྤུས་ཀ་སྔར་ནས་ཤེས་ཡོད། ནམ་ཡང་ཡིད་ཆེས་མེད།
ང་ལ་ཡིད་ཆེས་དགོས་ཞེས་བཤད་མེད་པས།།
ཡིད་ཆེས་མི་འདུག་ཟེར་བ་བསམ་བཞིན་དུ།།
བསྙོན་འདིངས་སེམས་པ་ཡིན་ནམ་ཞེ་འཁོན་ཡོད།།
མ་གསང་གསལ་པོ་ཤོད་ལ་མདུན་དུ་ལོངས།།
བསམ་རྒྱུ་བཤད་རྒྱུ་ལས་རྒྱུ་གཅིག་པ་ཡིན།།
མིང་ཡང་དངོས་ཡིན་མིང་རྫུན་དགོས་དོན་མེད།།
ཕུང་གསུམ་པ་དང་དྲ་འབུ་སྡར་མ་དག།
ཁ་ཞེ་མི་མཚུངས་ཕྱི་ནང་ཐ་དད་ཡིན།། ཧཧཧཧ
བསམ་རྒྱུ་ཆོས་ལུགས་ཆགས་སྡང་དུག་གིས་བཟི།
ལས་རྒྱུ་གཞན་གནོད་ཚིག་རྩུབ་འབའ་ཞིག་སྒྲོགས།
བཤད་རྒྱུ་རང་ཕྱོགས་མཆོག་གྱུར་གཞན་ལུགས་དམན།
བསམ་རྒྱུ་བཤད་རྒྱུ་མི་མཐུན་ལ་དང་ལུང།
ཨོ་རྒྱན་ཉི་མ་ཁ་བརྡའི་ཧི་རོ་རེད། །
ཧི་རོ་ཡིན་ཚུལ་ཌ་ཀུ་མང་བས་ཤེས། །
ཌ་ཀུ་ཇི་ཙམ་མང་བ་དེ་ཙམ་དུ། །
ཧི་རོའི་སྤོབས་པ་ཇེ་མཐོར་སོང་ལ་བསྟོད། །
ཨོ་ཉི་འདི་རང་མགོ་མི་ཐོན་གཤིན་པོའི་ཡར་འདྲེན་ཟེར་བ་དེ་རེད། བྱས་ཙང་ཁོས་ཁ་ཆུ་སྲིན་ཁ་ནང་བཞིན་གདངས་ནས་སོ་སོ་འདུག་ས་བསྐྱངས་ས་མེད་ཀྱང་སྐྱེ་འགྲོ་ཐམས་ཅད་ལ་སེམས་འཚབ་ཡོད་མདོག་བྱས་པ་རེད། མ་གཞི་ཁོ་པའི་མཇེ་མགོ་དེ་ཡང་སྲུང་མི་ཐུབ་པར་ནག་མོ་འཁྲིད་དེས་འདུལ་ཁྲིམས་ཀྱི་གནས་ས་དགོན་པར་འཆང་ས་བརྒྱབས་སྟངས་དེ་ལ་བལྟས་ན་སྐྱེ་འགྲོ་ནི་ཕར་ཚད་རེད། དེ་ལྟ་བས་ཁོ་པར་དཀོར་རྫས་བསྡུ་ས་ཞིག་བྱུང་ན་མི་རིགས་ལ་ཁྱད་པར་མེད་པ་རེད་ལ་རང་གི་ཕ་བསད་དང་མ་བསད་ཀྱི་ལག་དམར་ཡིན་ཡང་དཀོར་རྫས་ཀྱི་འབུལ་རྟེན་བྱུང་ན་གུས་གུས་ཞུམ་ཞུམ་བྱེད་ཀྱི་རེད། དེ་ནི་བདག་གཞན་མཉམ་བརྗེས་ཀྱི་བྱང་སེམས་རྣལ་མ་དེ་བརྒྱུད་ལ་སྐྱེས་པ་མ་ཡིན་པར་དཀོར་རྫས་ལ་རྔམས་དྲག་པས་རེད།
ཨོ་རྒྱན་ཉི་མ་ཁྱི་འཁྱམས་ཞིག་དང་མཚུངས།།
མིག་གིས་མཐོང་ཚད་ཀུན་གྱིས་བརྡུང་བརྡེག་བྱེད།།
ཨོ་རྒྱན་ཉི་མ་གདོན་ཟོག་ཅིག་དང་འདྲ།།
བླ་རྒན་ཀུན་གྱི་མིག་ནང་ཚེར་མར་གྱུར།།
ཧཧཧཧཧཧཧ
ཨོ་རྒྱན་ཉི་མ་རྙིང་མའི་སྤྲུལ་སྐུ་ཡིན། །
ཨོ་རྒྱན་ཉི་མ་བཀའ་བརྒྱུད་མག་པ་ཡིན། །
ཨོ་རྒྱན་ཉི་མ་ས་སྐྱའི་རྒྱལ་ཚབ་ཡིན། །
ཨོ་རྒྱན་ཉི་མ་དགེ་ལུགས་དགེ་བཤེས་ཡིན། །
ཨོ་རྒྱན་ཉི་མ་འཛམ་གླིང་དགེ་བསྐོས་ཡིན། །
ཨོ་རྒྱན་ཉི་མ་ཕུང་གསུམ་གཤེད་མ་ཡིན། །
ཨོ་རྒྱན་ཉི་མ་བོན་པོའི་སྡང་དགྲ་ཡིན། །
ཨོ་རྒྱན་ཉི་མ་་་་་་་་་་་་་་་་་་་་་་་་་་་་་་་
ཨོ་ཉི་ལགས།
ཁ་ནས་སེམས་ཅན་ཐམས་ཅད་ཅེས་བརྗོད་ནས་དོན་ལ་ཉེ་འཁོར་གྱིེ་སེམས་ཅན་གཅིག་གི་དོན་ལ་ག་རེ་བཏང་ཡིན་ཁྱེད་ཀྱིས།
གཙོ་བོའི་བྱང་ཆུབ་སེམས་དེ་རང་གི་ཁྱིམ་དང་རང་དང་འབྲེལ་ཡོད་ཁག་ལ་འགོ་བཙུགས་ནས་བྱང་སེམས་སྒོམས་དང༌། དེ་འཇོན་ན་ཡ་ང་བའི་སྤུན་ཟླ་མང་པོའི་ཚེ་སྲོག་ཤོར་བཞིན་པའི་བོད་མི་རིགས་ཀྱི་ལས་དབང་ལ་བྱང་སེམས་སྒོམས་དང། དེ་ནས་མུ་མཐུད་འཛམ་གླིང་ཡོངས་ཀྱི་བདེ་སྡུག་ལ་བྱང་སེམས་སྒོམ་ཐུབ་ན་དེ་ནས་ཆོས་པ་འདྲ་ཆགས་པོ་འདུག དེང་སང་ཆོས་བྱེད་པ་ཁག་ཅིག་སེམས་ཅན་ཐམས་ཅད་ཀྱི་དོན་ཁ་གཡང་སྒྲོག་བཞིན་མདུན་དུ་ལྷགས་པའི་སེམས་ཅན་ལ། འགྲན་རྩོད་དང་ཕྲག་དོག་ཞེ་སྡང༌། འཇིག་རྟེན་ཁྱིམ་པ་གང་ཡང་མི་ཤེས་པ་ལས་སྡུག་པ་དེ་ཉམས་ལེན་ཕར་བཞག་མི་གཞི་གྱོང་པོ་འདི་དག་ཡ་རབས་ཀྱི་གྲལ་དུ་ཡང་མི་ཚུད་ཐག་ཆོད།
ཨོ་ཉི་ཁ་ལ་བདག་པོ་མེད།།
དོན་མེད་ཀུ་ཅོ་འདོན་པ་ན།།
སྤྱི་ཚོགས་ཆུ་གཏེར་བསྲུབས་པ་ན།།
བཙན་དུག་ཧ་ལ་ནག་པོ་འབྱུང་།།
ཨོ་ཉི་ལགས། བོད་མི་ས་ཡ་དྲུག་སེམས་ཅན་ཐམས་ཅད་ཀྱི་ནང་དུ་མེད་པ་རེད་དམ། སེམས་ཅན་སྤྱིའི་བདེ་སྡུག་གི་ཆེད་དུ་བོད་མིའི་བདེ་སྡུག་བློས་བཏང་དགོས་དོན་ཅི་ཡིན་ནམ། ཁྱེད་རང་གི་སྐད་ཆ་ལ་གནས་ལུགས་རྡུལ་ཙམ་མི་འདུག ཁྱེད་རང་དངོས་གནས་རྒྱུག་ཁྱི་ཞིག་ཡིན་པ་ལས་ཆོས་པ་ཞིག་མིན་པའི་ངེས་ཤེས་བརྙེད་སོང་།
ཨོ་ཉི་ཆོས་ཅན། རྒྱུགས་ཁྱི་ཡིན་ཏེ། སྤྲུལ་སྐུ་ཡིན་པའི་ཕྱིར། དཔེར་ན་དགེ་སྟག་བཞིན། ཡང ན་འཕགས་པ་ལྷ་བཞིན།
གལ་ཏེ་ཁྱོད་ཀྱིས་ཚུལ་ཁྲིམས་བསྲུངས་ནུས་ན།། ཨོ་རྒྱན་ཉི་མ་བསྟན་འཛིན་སྐྱེས་བུ་རེད།། གལ་ཏེ་ཁྱོད་ཀྱིས་སྐྱ་སར་བབས་ནུས་ན།། ཨོ་རྒྱན་ཉི་མ་ཟོག་རྫུན་གཤེད་མ་རེད།། འོ་མ་རུལ་ན་ཞོ་ལ་འགྱུར་བ་བཞིན།། སྡོམ་པ་ཤོར་ན་སྔགས་པར་འགྱུར་རབས་མེད།། དེས་ན་ཁྱོད་ཀྱིས་སྐྱ་མིན་སེར་མིན་གྱིས།། རྒན་མིན་གཞོན་མིན་སྟུ་རུལ་བལྡག་བཞིན་དུ།། མགོ་སེར་ཀླད་མེད་བཙུན་མའི་གཟུགས་ཅན་འགས།། མཐའ་ནས་བསྐོར་བཞིན་ཤི་གསོན་དཀོར་ནག་ལ།། ཉིན་མཚན་མེད་པར་རྟག་ཏུ་རྒྱུགས་པའི་ཚེ།། ཨོ་རྒྱན་ཉི་མ་ཕུང་གསུམ་གཏེ་པོ་རེད།།
རྣམ་པ་ཚོས་དྲང་བོའི་ཕྱོགས་སུ་ལངས་བ་ཐུགས་རྗེ་ཆེ། ༼ རང་བཙན་གཙང་མ་ཡོད་མཁན་སུ་གཅིག་ཀྱང་མི་འདུག་ལ། བོད་ལ་ཡང་ཁག་པོ་རེད། དུས་ནམ་ཡང་འཇིགས་མེར་མེར་ངང་མི་ཚེ་རྫོགས་བཞིན་པ་དང་། རང་ཁོ་ནའི་བདེ་སྐྱིད་ལ་བསམ་བློ་བཏང་གྲགས་ཏེ་འཇིག་རྟེན་ཡོད་ཚད་དམག་དང་། མཚོན་ཆས་བཀང་། སྐྱེ་འགྲོའི་ཚེ་སྲོག་རླུང་གསེབ་ཀྱི་མར་མེ་ནང་བཞིན་བསྒྱུར་ཚར་བ་རེད།༽ དེ་ནི་དངོས་ཡོད་ལ་ཆེད་མངགས་ཀྱིས་བྱོལ་ཞིང་འཇིག་རྟེན་ནི་འཇིག་པའི་ཆོས་ཅན་ཡིན་པས་རང་བཙན་དུ་མི་གནས་པའི་ཆོས་ཉིད་སྒྲུབ་པ་ནི་འུ་ཐུག་གི་དན་རྟགས་སུ་ཁུམས། འཇིག་རྟེན་ནི་འཇིག་པའི་ཆོས་ཅན་ཡིན་པ་བདེན་ཡང་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རང་བཙན་ནི་རྒྱལ་ཁབ་གཞན་དང་མི་རིགས་ཤིག་གིས་དེའི་བདག་དབང་ལ་ཐེ་གཏོགས་བྱེད་མི་ཆོག་པའི་ཆབ་སྲིད་ཀྱི་བརྡ་ཆེད་ཅིག་ཡིན་པ་རྟོགས་བཞིན་དུ་ཞེན་འདོད་ལྟར་ཆོས་ཕྱོགས་སུ་བཙན་འབྲེལ་བྱེད་པ་ནི་ལན་འདེབས་མེད་པའི་བདེན་དཔང་དུ་གྱུར་བས་བརྗོད་གཞི་དང་འབྲེལ་མེད་དུ་ཕྱིན་པས་རང་ཚང་སྟོན་པའི་རྒྱུ་ལས་མ་འདས།
འཇིག་རྟེན་གྱི་མི་ཐམས་ཅད་ཀྱིས་རང་ཉིད་བསམ་ཞིང་རང་སྲུང་མ་བྱེད་ན་མི་ངན་རྣམས་ཀྱིས་ཅི་འདོད་དུ་གཞན་ལ་གཉའ་གནོན་དང་བཙན་འཛུལ་བྱེད་པས་རང་སྲུང་བྱེད་པ་ནི་བདེན་པ་ཡིན་ལ། འཇིག་རྟེན་ཡ་རབས་ཏུ་སྒྱུར་བའི་དངོས་རྒྱུ་ཡིན། གལ་སྲིད་དེ་ལྟར་མིན་པ་ཉིད་ཀྱི་ཐུགས་འདོད་ལྟར་སེམས་ཅན་ཐམས་ཅད་ཕ་མར་སྒོམ་ཞིང་དགྲ་གཉེན་གྱི་དབྱེ་བ་མེད་ཅིང་བཟང་ངན་གྱི་འདྲེས་མཚམས་མེད་ན་མི་ངན་རྣམས་ཀྱིས་མི་ཆོས་དང་འགལ་ནས་ཉམ་ཆུང་ལ་དབང་ཡོད་དང་བཙན་པོ་ལ་སྤྲེལ་ལད་བྱེད་པས་འཇིག་རྟེན་འདིར་དྲང་བདེན་དང་འདྲ་མཉམ་གྱི་ཟེར་བ་ཡོང་ཐབས་མེད་ཅིང་། བཙན་པོ་དབང་ཡོད་ཀྱིས་ཁྱོེད་ཤི་ང་གསོད་བྱེད་ངེས་རེད་ལ། རྐུ་ཇག་འཕྲོག་གསུམ་གྱིས་འཇིག་རྟེན་དེ་བས་དབང་སྒྱུར་བྱེད་ངེས་རེད། ཡིན་ཏེ། མི་ངན་དང་ཁྲིམས་འགལ་ལ་རྒྱབ་སྐྱོར་བྱེད་པ་ནི་འཇིག་རྟེན་གྱི་བདེ་བའི་གཤེད་མ་རེད་ལ་འཇིག་རྟེན་བརླགས་པའི་སྔོན་འགྲོ་ཡིན་པས་ཆོས་འཇིག་རྟེན་གང་ལའང་མི་མཐུན། མི་མཐུན་པའི་ལས་དོན་ཞིག་ལ་རང་ལྟར་མཆོག་འཛིན་གྱིས་མཁྲེགས་འཛིན་བྱེད་པ་ནི་སྒེར་གྱི་ཁེ་ཕན་དང་འབྲེལ་བ་ལས་གཞན་གྱི་འགྲེལ་བཤད་དཀོན་པ་འདོད།
་དྲ་གྲོགས་ཨོ་དང་ཨ་་གཉིས་ལ་ཞུ་རྒྱུར་སྤྱིའི་ཆ་ནས་ཁྱེད་རང་གཉིས་ནས་ཡག་པོ་འདྲ་བྲིས་འདུག་ཡིན་ན་ཡང་བེད་སྤྱོད་བཏང་བའི་ཚིག་དེ་དག་ངས་ལྟོས་ན་ཁྱེད་རང་གཉིས་ལ་ཡང་ནག་ཁོང་ཡིན་པ་འདྲ་དཔེར་ན་སངས་རྒྱས་ཀྱི་བསྟན་པ་ཟེར་བ་འདྲ་སེམས་ཀྱི་བདེ་སྐྱིད་ཟེར་བ་འདྲ་ཆེན་པོའི་ཆེད་དུ་ཆུང་བུ་བཏང་ཟེར་བ་འདྲ་དམ་པའི་ཆོས་ཀྱི་ངོ་བོ་བཅས་ཚིག་རྫིག་པོ་རྐྱང་རྐྱང་བེད་སྤྱོད་ནས་དགག་གཞག་གནང་འདུག་ཡིན་ཡང་ཁྱེད་རང་གཉིས་ལ་མཚོན་ན་ཕལ་ཆེར་མི་ཚེ་འདིའི་བག་ཆགས་ཙམ་མ་གཏོགས་སྔོན་མའི་བག་ཆགས་བཟང་པོ་དག་སད་མི་སྲིད་པ་འདྲ་གང་ལྟར་ནང་ཆོས་ཀྱི་དྲི་དྲོ་བའི་ཤེས་བ་སྔ་མའི་གཞག་བའི་བག་ཆགས་ཤིག་ཁགས་པོ་རེད་
ཚང་མ་ཕེབས་པ་ལེགས། དེ་རིང་རྒྱུ་མཚན་ཡོད་པའི་སྐད་ཆ་འགའ་ཞིག་བཤད་འདུག ནམ་རྒྱུན་རྒྱུ་མཚན་མེད་པར་བླུན་པོ་འཆལ་པོ་རྐྱང་རྐྱང་རེད། འདི་འདྲ་ཡིན་ན་བོད་པ་ཚོར་རེ་བ་ཅུང་ཟད་་་་་་་་་་་་་་་་་་་་་་་་་་་་་་
བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང༌། །རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། །དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །སྲོག་ལ་བབ་ཀྱང་འབད་པས་སྲུང་བར་གྱིས། །ཞེས་པ་ལྟར་རང་གཞན་དྲ་གྲོགས་ཡོངས་ལ་གདམས་པ་ཞིག་འབུལ་རྒྱུ་བྱུང་། ཐུགས་ལ་ཟུངས་ཤིག ཉམས་སུ་ལོངས། སུ་ལ་ཕོག་ན་གདམས་ཡིན་པས་ཚང་མས་གཟིགས་དང་་་་་་་་་་་་་་་་་་་་་་་་་་་་་་་་་་
ངན་སྤྱོད་བརྟག་པའི་མཚར་ གཏམ།
འཇམ་མགོན་ཀོང་སྤྲུལ་གྱི་གསུང་ །
ཁྱོད་མདོ་ མེད་མི་ དེ་ དྲན་རྒྱུ་ མང་ ། །
ཁ་ བདེན་ བདེན་ འདྲ་ ཡང་ དོན་ ལ་མེད། །
ཁ་ བལྟས་ ན་ རྒྱལ་ ཁམས་ ཉི་ མ་ ཤར། །
དོན་ ལག་ ཏུ་ ལེན་ དུས་ མུན་ པ་ རུབ། །
ཁྱོད་ ཅོལ་ ཆུང་ མི་ དེ་ ཟེར་ རྒྱུ་ ཡང་ ། །
སེམས་ དྲན་ ཚད་ ཐམས་ ཅད་ ཁ་ རུ་ འདོན། །
ཁས་ སྨྲས་ ཚད་ ལག་ ལེན་ གཅིག་ ཀྱང་མེད ། །
ལག་ བླང་ ན་ མ་ རབས་ བྱ་ བ་ བྱེད། །
ཁྱོད་ བློ་ མང་ མི་ དེ་ བྱེད་ རྒྱུ་ མང་ ། །
ལས་ གཅིག་ མགོ་ མི་ ཐོན་ གཉིས་ ལ་ འཇུག །
ཡར་ མཐོ་ ས་ བཞག་ ལ་ ཕྱིར་ ལ་ བསྙགས། །
དམའ་ རང་ མལ་ མི་ ཟུག་ མཐོ་ བསྙབ་ བྱེད། །
ཁྱོད་ སེམས་ ཆུང་ མི་ དེ་ དགའ་ སྡུག་ མང་ ། །
ཚིག་ མཐོ་ དམན་ ཙམ་ གྱི་ གནད་ མི་ ཁྱག །
ངོ་ དཀར་ ནག་ ཙམ་ གྱིས་ རང་ མཚངས་ ཕོག །
ཟས་ བཟང་ ངན་ ཙམ་ གྱིས་ མགུ་ འཁོང་ སྐྱེན།།
ཁྱོད་ སྤྲོ་ ཐུང་ མི་ དེ་ འགྱུར་ ལྡོག་ མང་ ། །
སེམས་ སྐྱིད་ དུས་ བྱང་ ཆུབ་ སེམས་ དཔའ་ འདྲ། །
སེམས་ སྡུག་ དུས་ སྦྲུལ་ ལ་ གཙེས་ པ་ འདྲ། །
དུས་ རྟག་ ཏུ་ རྒྱུས་ པ་ མེས་ ཚིག་ འདྲ། །
ཁྱོད་ ཐ་ ཆད་ མི་ དེ་ འདྲིས་ རོགས་ མང་ ། །
འདྲིས་ རྙིང་ ཚད་ རྣམས་ དང་ རིམ་ པར་ བྱེ། །
མི་ རྒྱུས་ མེད་ རྣམས་ དང་ གསར་ འདྲིས་ འཚོལ། །
ཉམས་ བཅར་ ན་ བློ་ གཏད་ གཅིག་ ཀྱང་ མེད།
ཁྱོད་ མ་ རབས་ མི་ དེ་ ཟ་ རོགས་ མང་ ། །
ལྟོ་ འབོལ་ དུས་ངོ་ དགའ་ མཁས་ ཚད་ བསྡུ། །
ལྟོ་ ལྟོགས་ དུས་ ཁྲེལ་ དང་ ངོ་ ཚ་ བོར། །
ལས་ རང་ བྱས་ ལ་ ཕྱི་ མིག་ ལྟ་ མི་ ཤེས། །
ཁྱོད་ འདོད་ ཅན་ མི་ དེ་ ཆགས་ པ་ ཆེ། །
གདོང་ སྐྱ་ སྐྱ་ མཐོང་ ན་ འཛུམ་ ཆུང་ ཤོར། །
ནོར་ བཟང་ བཟང་ མཐོང་ ན་ སེམས་ རྩ་ འགུལ།།
མི་ དབུལ་ བོས་ བསླངས་ ཀྱང་ སེར་ སྣ་ དམ། །
ཁྱོད་ ཤེས་ མེད་ མི་ དེ་ རང་ འདོད་ ཆེ། །
མིས་ དྲང་ པོར་ ལབ་ ཀྱང་ བདེན་ མི་ འཛིན། །
སེམས་ གཡོ་ སྒྱུ་ ཆེ་ ཡང་ ངོ་ ཚ་ མེད། །
མི་ གཞན་ མགོ་ གཡོགས་ ཀྱང་ ཤ་ ཚ་ མེད། །
ཚེ་ ཐོག་ མེད་ ནས་ ལས་ ངན་ ཁུར་ པོ་ ཁུར། །
ཉོན་ མོངས་ པའི་ གྲོགས་ དང་ ཡུན་ རིང་ འདྲིས། །
དུས་ དེང་ སང་ མི་ ལུས་ རིན་ ཆེན་ ཐོབ། །
ཆོས་ སངས་ རྒྱས་ བསྟན་ པ་ མཇལ་ བའི་ དུས། །
ལས་ ཅི་ བྱེད་ རང་ གི་ ལག་ ཏུ་ གདའ། །
ལྕགས་ སྲ་ མོ་ བཏུལ་ ན་ བཟོ་ ཆས་ ཐོན། །
རྡོ་ མཁྲེགས་ པ་ བཞུས་ ན་ རིན་ ཆེན་ འབྱུང་ ། །
ཞིང་ ཐ་ རིངས་ རྨོས་ ན་ ལོ་ ཏོག་ སྐྱེ། །
ཕྱུགས་ མི་ སྲུན་ བཏུལ་ ཡང་ ཞོན་ ཁལ་ ཕེར། །
ཚིག་ གོ་ ཤེས་ ཡོད་ པ་ མི་ ཡི་ བུ། །
སྙིང་ ཁོང་ པའི་ གཏིང་ ནས་ མ་ རུལ་ ན། །
ལམ་ ཐར་ པར་ བགྲོད་ ལ་ དཀའ་ ཚེགས་ མེད།།
ལས་ རང་ ལག་ ཡོད་ ཀྱང་ གཞན་ དབང་ ཤོར། །
ཆོས་ བྱེད་ བསམ་ ངང་ དུ་ མི་ ཚེ་ ཟད། །
ཁ་ ལྟོ་ རྒྱབ་ རྗེས་ སུ་ རྒྱུགས་ རྒྱུག་ ནས། །
ཆོས་ ཐོས་ བསམ་ སྒོམ་ གསུམ་ དབྱིངས་ སུ་ ཡལ། །
དྲིན་ ཆེ་ བའི་ སྐྱོན་ ལ་ བརྟགས་ བརྟགས་ ནས། །
སྡོམ་ དམ་ ཚིག་ ཆུ་ ཡི་ ནང་ དུ་ བོར། །
ངག་ དོན་ མེད་ གཏམ་ གླེང་ མང་ མང་ ནས། །
འདོན་ བཟླས་ བརྗོད་ ས་ རྒྱབ་ ལྐོག་ ལངས་ བྱས།།
ཡིད་ འབྲས་ མེད་ བསམ་ བློ་ བཏང་ བཏང་ ནས། །
བསྐྱེད་ རྫོགས་ པ་ མི་ མངོན་ དབྱིངས་སུ་ ཐིམ།
ལས་ ཅི་ བྱས་ འདི་ བྱས་ མེད་ པ་ དང་ ། །
དོན་ ཅི་ ཐོན་ འདི་ ཐོན་ གཅིག་ ཀྱང་ མེད། །
ལར་ ད་ ལྟའི་ དུས་ ན་ བདག་ འདྲ་ བའི། །
ལུས་ སེར་ གོས་ གྱོན་ པའི་ བནྡེ་ དང་ ། །
ལག་ བགྲང་ ཕྲེང་ ཐོགས་ པའི་ མཚམས་ པ་ དང་ ། །
སེམས་ རྣལ་ དུ་ མི་ གནས་རྟོགས་ ལྡན་ དང་ །།
དཀོར་ གྲོང་ ཆོག་ སྡུད་ པའི་ བླ་ གཟུགས་ རྣམས། །
སྐྱབས་ དཀོན་ མཆོག་ གསུམ་ པོའི་ དཀའ་ དྲིན་ གྱིས། །
ལྟོ་ ཕོ་ བ་ རྒྱགས་ ཀྱང་ ཁོག་ ནད་ ཆེ། །
གོས་ མིག་ སྔར་ མཛེས་ ཀྱང་ ཞེ་ ལ་ གཟན། །
ནོར་ ཅི་ འདོད་ འབྱོར་ ཡང་ ཞེན་ པ་ ལོག །
ཚེ་ འདི་ གང་ སྐྱིད་ ཀྱང་ ཕྱི་ མར་ སྡུག །
འཕྲལ་ ནམ་ ཕུག་ གཉིས་ ཀར་ ཕན་ པའི་ ཆོས། །
དོན་ བཤད་ མཁན་ ཡོད་ ཀྱང་ ཉན་ མཁན་ མེད།།
ཚིག་ ཉན་ མཁན་ ཡོད་ ཀྱང་ གོ་ མཁན་ མེད། །
ཕྱོགས་ གོ་ ཡང་ ལག་ ཏུ་ ལེན་ པ་ དཀོན། །
ལག་ བླངས་ ཀྱང་ མཐར་ རུ་ ཕྱིན་ པར་ དཀོན། །
བཤད་ ཤེས་ ཀྱང་ རང་ ཉམས་ ལེན་ པ་ དཀོན། །
གང་ བྱས་ ཀྱང་ ལས་ འཕྲོ་ དམན་ པའི་ མི། །
གར་ བལྟས་ ཀྱང་ དུས་ ངན་ སྙིགས་ མའི་ རྟགས། །
ད་ འདི་ འདྲའི་དུས་ སུ་ ཆོས་ མཐུན་ གྱི། །
བསམ་ སྦྱོར་ བ་ སྣེ་ གཅིག་ མཐར་ ཕྱིན་ ན། །
དེ་ མི་ རྗེས་ སླེབ་ པའི་ ཕ་ ཡི་ བུ། །
ཕྱིར་ མི་ལྡོག་ གཏན་ འདུན་ འགྲུབ་ པར་ ལགས། །
རང་ གཞན་ སྙིགས་ དུས་ ཀྱི་ སྤྱོད་ ཚུལ་ ཡ་ ང་ ལ་ སྐྱུགས་ བྲོ་ བ། ངུ་ བྲོ་ལ་ ཉམས་ མཚར་ བས་ ན་ བུན་ གྱི་ ཕྲེང་ བ་ བཞིན་ དུ་ གཡེང་ བར་ མཐོང་ ནས་ དབེན་ པའི་ རི་ ངོགས་ སུ་ བློ་ གྲོས་ མཐའ་ ཡས་ ཀྱིས་ ཤུགས་ འབྱུང་ སྨྲ་ བ་ ཟང་ ཐལ་ དུ་ སོང་ བ་ ལགས་ སོ།། །།
དེ་རིང་པདྨ་འདི་ཡང་ཡར་རྒྱས་ཕྱིན་ཡོད་པ་འདྲ། ཧཧཧཧཔ
ནུབ་ཕྱོགས་མཚན་ཉིད་རིག་པའི་ནང་ན་ཆེན་པོའི་ཆེད་དུ་ཆུང་ངུ་བློས་གཏོང་མི་གཏོང་ཟེར་བ་དེ་རྩོད་གཞི་ཆེན་པོ་ཞིག་རེད། ང་ཚོས་བརྩད་ན་ཡང་ཐག་ཆོད་ཡོང་རྒྱུ་ཞིག་ཡོད་མདོག་མི་འདུག
སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཀྱང་དགེ་བ་རླབས་ཆེན་གྱི་ཆེད་དུ་སྡིག་པ་ཆུང་ཆུང་ལ་འཛེམས་མི་དགོས་ཚུལ་དང་། གལ་ཏེ་སྡིག་པ་ཆུང་ཆུང་ལ་འཛེམས་ན་དགེ་བ་རླབས་པོ་ཆེ་བསྒྲུབ་མི་ནུས་ཚུལ་གསུངས་འདུག།
ཨོ་ཉི་ལགས། ཁ་སང་ཞིག་ནང་ཁྱེད་ཀྱིས་བྲིས་པའི་ཚིགས་བཅད་ཅིག་ལ་ངས་བསམ་ཚུལ་བྲིས་ནས་ཁ་བརྡར་བཏང་མོད། སྒེར་པ་ལ་སྡིགས་དྲག་འདུག་གསུངས་ཏེ་ཁ་བརྡར་བཀོད་མ་སོང་། ཁྱེད་ལ་ཁྱད་པར་མེད་ན་ངས་བྲིས་པ་དེ་མཆན་བུའི་ཚུལ་དུ་འགོད་ན་འགྲིག་གམ། འགྲིག་ན་འགོད་ལ་མ་འགྲིག་ན་མི་འགོད་དོ།།
མེ་དཀར་ངས་ངོས་ལེན་བྱ་ཆོག་་་་་་་་་་ང་ལ་ག་ཚོད་གདུག་ན་དེ་ལྟར་སྣང་བ་སྤྲོ་བ་དང་། རིག་པ་གསལ་པོ་ཆགས་ཡོང་གི་འདུག་་་་་་་་ཁ་བརྡའི་གཙོ་ངོས་འགོད་ན་འགྲིགས་་་་་ཀོ། ད་དུང་ངའི་ཆོག་ཤེས་ཀྱི་བརྗོད་བྱའི་གནད་བསྡུས་ཏེ། སྔ་རྒོལ་དྲངས་ཏེ་དཔྱད་པ་བྱ་ཐུབ་སོང་ན་བོད་ཀྱི་རིག་གཞུང་དང་། ནང་བསྟན་གཉིས་ཀར་སྨན་པའི་རེ་བ་ཆེན་པོ་ཡོད། ངའི་རྣ་བར་བསྟོད་སྨད་གཉིས་ལས་སྨད་པ་མང་ན་ཡང་། སྤྱིར་བཏང་ཞིག་ཡིན་པར་བསམ་ཡོད།
དྲ་གྲོགས་ཨོ་རྒྱན་ལགས་ཁྱེད་རང་གིས་གསུང་བ་ལ་ནམ་རྒྱུན་དྲ་ཐོག་འདིར་བླུན་པོ་རྐྱང་རྐྱང་རེད་ལབ་སོང་དེ་དྲང་མོ་བཤད་ན་ཁོག་ལ་ཤར་གྱང་་ཁ་ནས་བཤད་ཕོད་པ་ཤིག་རེད་བེ་ང་ཚོ་ཚང་མ་ནང་མི་ཅི་བཞིན་ཕན་ཚུན་བརྩེ་བ་དང་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་བསམ་བློ་དང་གོ་རྟོག་དཔྱོད་ཤེས་སོགས་ལ་བརྗེ་རེ་དང་བརྗེ་ལོན་གྱིས་ཆེད་དུ་དྲ་ཐོག་འདིར་འཛོམས་པ་མ་རེད་བེ་མཁས་བ་རྐྱང་རྐྱང་གི་དྲ་ཐོག་ཞིག་ཡོད་ན་ཁྱེད་རང་དེ་ཕེབ་གནང་ཞུ་དགའ་བསུ་ཡོད་གྲོགས་པོ་དང་དྲ་གྲོགས་དག་ལ་དེ་འདྲའི་ལྟ་ཚུལ་ངན་པ་ཞིག་ཡོད་ན་ཁྱེད་རང་སྔ་ས་ནས་འགྲོ་ན་ཡག་གི་རེད་མ་གཏོགས་ཁྱེད་རང་བླུན་པོ་རུ་འགྱུར་ངེས་རེད་དྲང་མོ་ཡིན་
རེད་དྲི་མེད་ལགས། ཁོ་ཚོས་ང་ལ་བླུན་པོ་ཟེར་བ་ལས། ངས་ཁོ་ཚོར་ཞུ་རྒྱུ་ཕལ་ཆེར་མ་བྱུང་། ངས་བཤད་པ་དེ་་་་་་་སྔོན་གྱི་ཞབས་མཆན་ཕལ་ཆེར་བླུན་པོ་ཟེར་བ་ལས་མི་འདུག་ཅེས་པའི་དོན་ཡིན།
ཆུང་ངུའི་ཕྱིར་དུ་ཆེ་མི་གཏོང་།།
གཙོ་ཆེར་གཞན་གྱི་དོན་བསམ་མོ།། ཞེས་ཞི་བ་ལྷས་གསུངས་འདུག
རྣམ་པ་ཚོ་ལ་གསལ་བཤད་ཞུ་དགོས་ཡ་གཅིག་ལ། ཆུང་ངུའི་ཆེད་དུ་ཆེན་པོ་བཏང་དགོས་བའི་ཁྱབ་བ་གཅོད་མི་ཐུབ་པ་མ་ཟད། ཆེན་པོས་ཆེད་དུ་ཆུང་ངུ་བཏང་དགོས་བའི་ཁྱབ་བ་གཅད་ཀྱི་མེད། ཕྲན་གྱིས་ཞུ་འདོད་པ་ནི་ཆེན་པོས་ཆེད་དུ་ཆུང་ངུ་བཏང་ཟེར་བ་ནི་གནས་སྟངས་ལ་ལྟོས་ནས་ཐག་གཅོད་རྒྱུ་ལས་ཁྱབ་པ་མེད་པས་ཚུལ་གསུམ་ཚང་བའི་ཡང་དག་གི་སྡོམ་ཚིག་ཅིག་མིན་པ་སྒྲུབ་བཞིན་ཡོད།
ཆེན་པོའི་ཆེད་དུ་ཆུང་ངུ་བཏང་དགོས་ན་ལྟས་ངན་རང་རེད། འདིར་འདོད་མཁན་ཚོས་་་་རང་བཙན་གྱི་ཆེད་དུ་དབུ་མ་བཏང་དགོས་པ་ལབ་ཀྱིན་ཡོད་པ་རེད་་་་ཁ་ཐལ་གིས་མཆོད་་་་་ད་རུང་ཐེག་པ་ཆེན་པོའི་ཆེད་དུ་་་་ཐེག་པ་ཆུང་ངུ་བཏང་དགོས་པ་ཡང་འདི་ཚོས་འདོད་ཀྱི་ཡོད་པ་རེད་་་་གྲུབ་མཐའ་གོང་མ་གོང་མའི་ཆེད་དུ་་་་འོག་མ་འོག་མ་ཡང་བཏང་དགོས་པ་རེད་འདོད་མཁན་འདི་ཚོའི་ཁ་ལ་ཉན་རྒྱུ་དང་་་ལག་གིས་འཇོན་རྒྱུ་ཅང་ཡོད་ནི་མ་རེད་དོ།