ཐོར་རྒོད་པ་སྤྲན་ཆབ།
……. ཁོ་པ་ཚོའི་སེམས་ཀྱི་ཚབ་ཏུ་*ཕྱི་རྒྱལ་ན་སྐྱིད་ཉལ་བྱས་ཏེ་བོད་ཆེན་པོས་རང་ཉིད་ཀྱི་གྲོད་པ་རྒྱག་པའི་བོད་མི་སྲིད་དོན་པ་དག་ལ་བྲིས་པ།
རང་ལུས་ཧྲིལ་བོ་མེ་ལྷའི་ཞལ་ལ་བཏབ་ཡོད།།
སྐད་ཆ་ཚིག་གཅིག་གོ་ལ་ཧྲིལ་བོར་བཏང་ཡོད།།
སེམས་ཀྱི་རེ་སྐུལ་འབར་བའི་ཞུན་ཆེན་འདི་ཡིས།།
རིགས་མཐུན་ཕུ་ནུ་ཡོད་ཚད་ཚིམས་པར་མཛོད་ཅིག།།
འདི་ལས་ལྷག་པའི་རྒྱུ་འབྱོར་སུ་ལ་མེད་རེད།།
འདི་ལས་འཕགས་པའི་ཐོང་མཆན་ང་ལ་མེད་རེད།།
མེད་མུག་མུན་པ་སྨིན་པའི་བོད་ཁམས་འདི་ནས།།
འདི་ལས་ལེགས་པའི་སྐྱེས་ཤིག་ངས་ཀྱང་མ་རྙེད།།
*བོད་ཡུལ་མ་ཡིན་པའི་རྒྱལ་ཁབ་ཁག་ཆ་ཚང་། དཔེར་ན་རྒྱ་གར་ཡང་འདིར་འདུའོ།།
དྲན་གསོ་ཞུ། འདིར་གཞས་ཚིག་ཞིག་གིས་མཚོན་པར་བྱེད།
ཨ་ཕ།་
ཚིག རུ་ཤུལ། ཤེས་རབ་སེང་གེ
དབྱངས། བདེ་སྐྱིད་ཚེ་རིང་།
ཁྱིམ་ཚང་ཞིག་གི་ཐབ་ཚང་ནས་གཟིམ་མ་མྱོང་པའི་མར་མེ་ཚེ་འབར་ལགས།
དྭ་ཕྲུག་ཁྱུ་ཡིས་རེ་སྒུག་གི་འདུན་མ་བཅངས་པའི་སེམས་ཀྱི་ཡབ་ཆེན་ལགས།
ངས་ཁྱེད་ལ་ཞུ་འཕྲིན་སེམས་ཀྱི་མཆོད་པ་ཕུལ།
ཞོགས་པའི་ལྷ་བསངས་གཏོང་དུས་རླུང་རྟ་དགུང་ལ་མཆོད་ཡོད།
ཀི་བསྭོ་ཡིས་བསྟོད་པའི་དུ་སྤྲིན་ལ་གསོལ་འདེབས་ཀྱི་སྨོན་ཚིག་ཁྲི་འབུམ་བསྐུར་ཡོད།
ཡུན་རིང་བྲལ་པའི་རྒྱང་རིང་གི་སེམས་གྱི་ཡབ་ཆེན་ལགས།
ཁྱེད་རང་སྐུ་ཁམས་བདེ་ལགས་སམ།
རང་ཁྱིམ་དྲོད་ཀྱིས་སྟོང་བའི་གཞི་གྱེས་ཀྱི་ཕུ་ནུ་མིང་སྲིང་ཚོ།
ཁྱེད་རྣམ་པ་ཕུང་ཁམས་བདེ་མོ་ཡིན་ལགས།
རྩ་ཐང་འཁུག་གིས་བསྡམས།
སྦྲ་གུར་རླུང་གིས་བསྐྱོད་པའི་ཕ་ཁྱིམ་ན།
བདག་མེད་ཤུལ་ལུས་ཀྱི་སྤུན་ཟླ་མིང་སྲིང་ཚོ།
སྡུག་བསྔལ་གྱི་མིག་ཆུ་ཁྲོམ་ཁྲོམ་ལས་བདེ་སྐྱིད་ཀྱི་འགོད་སྒྲ་ཐོས་མ་མྱོང་།
དྲན་གདུང་གི་ཤུགས་རིང་ནར་ནར་ལས་ལྷན་འཛོམས་ཀྱི་སྐལ་བ་རྙེད་མ་མྱོང་།
ཉིན་རེ་ནས་ཉིན་རེ་ཟླ་རེ་ནས་ཟླ་རེ་ལོ་རེ་ནས་ལོ་རེ་དབྱར་དགུང་གི་དུས་ཚོགས་རེས་སུ་
མཁོར་ཡང་ང་ཚོའི་ཡུལ་དུ་བུ་ཡུག་རྐྱང་རྐྱང་འཚུབ།
མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ།
འོང་ཀྱང་ཨ་ཕ་ལགས།
ཁྱེད་རང་ཐུབ་སེམས་སྐྱོ་མི་དགོས།
འུ་ཚོང་གི་ཁྱིམ་དུ་བདེ་སྐྱིད་དེ་འདྲ་མེད་ཀྱང་ཨ་ཕའི་གདམས་ངག་སྔར་བཞིན་དྲོད་ཁོལ་ལྡན།
ཕ་ཤུལ་བུ་ཡིས་འཛིན།
ཕ་ཆོས་སེམས་ཀྱིས་སྒྲུབ།
ཕ་ཡིག་སྦྱོང་ལ་བརྩོན།
ཕ་སྐད་གཙང་མ་བཤད།
ཕ་སྲོལ་རྒྱུད་ཀྱིས་འཛིན།
ཕ་ཟས་རྒྱུན་དུ་རོལ་ལ་ཕ་ཁྱིམ་སྙིང་ནས་བརྩེ་བཞིན་ཡོད།
ཨ་ཕ་ལགས།
ངས་བརྗེད་དཀའ་བ་ནི་ཁྱེད་ཡིན་ལ་དྲན་སླ་བ་ནི་ཁྱེད་ཡིན།
ཁྱེད་ནི་བརྩེ་བའི་ཕ་ཡིན།
བྱམས་ལྡན་མ་ཡིན།
སྐྱབས་པའི་ལྷ་ཡིན།
རེ་སའི་དཔོན་ཡིན།
ཁྱེད་ནི་ཕ་གཞིས་ཀྱི་བདག་པོ་ཡིན་ལ་བུ་ཚང་གི་རེ་བ་ཉག་ཅིག་ཡིན།
ཨ་ཕ་ལགས་ཉིན་མོ་སེམས་སུ་འཁོར་ཡང་མཚན་མོ་རྨི་ལམ་ནང་ནས་མཇལ།
ཨ་ཕ་ལགས་ཞོགས་པའི་ཉི་གཞོན་གྱི་གཟི་བྱིན་དང་འགྲོག་ནས་རང་ཡུལ་ཕྱོགས་སུ་སླེབས་རོགས་
ང་ཚོའི་ལོ་ཟླ་སོར་རྩིར་བགྲང་ནས་ཁྱེད་ལ་རེ་ཞིང་སྒུག་བཞིན་ཡོད།
སླད་མར་ཁྱེད་ཉིད་སྐུ་ལུས་གསེར་གྱི་ཉི་མ་ལ་སྤྲིན་ནག་པོ་གཡོར་བ་མེད་པ་རྟག་དུ་བརྟན་ཞིང་
ཕ་བུ་འདི་ནས་གྱེས་ཀྱང་སླར་ཡང་འདི་རུ་འཛོམས་པའི་སྨོན་ལམ་ཡང་ཡང་ཞུ།
ང་ཡི་རྩ་བའི་བླ་མ་་་་
ང་ཡི་བླ་མ་་་་
ཐོར་རྒོད་པ་སྤྱན་ཆབ་ཀྱིས་གནད་ལ་ཁེལ་བའི་སྐད་ཆ་ཞིག་བཤད་འདུག ང་ཡང་དེ་ལྟར་དྲན་ནས་ཡུན་རིང་ཞིག་འདས་སོང་། ཁ་ཁྱོད་སྔ་བ་བྱུང་སོང་། རྒྱབ་སྐྱོར་ཡོད།
ང་ནི་ནམ་རྒྱུན་ནས་གཞས་དང་ཞབས་བྲོ་སོགས་ལ་དེ་ཙམ་དོ་སྣང་མེད་ལ། ད་དུང་གཞས་ཚིག་ཀྱང་མི་ཤེས་ཁར་གཞས་པ་གཞས་མ་རྣམས་ཀྱང་ངོ་མི་ཤེས། འོན་ཀྱང་དེ་རིང་་་་་་་་་་་་་རྒད་པོ་ལགས་ནས་གཞས་ཚིག་ཞིག་བཀོད་འདུག་པ་དེ་ལ་བསམ་ནས་ཉིན་གོང་པོར་ཡ་ཁོག་སེམས་ཀྱི་གཏིང་ནས་ཟ་འདོད་འཐུང་འདོད་ཀྱི་ཡིད་ཁ་ཡང་བརླགས་ཏེ། བོད་མི་རིགས་འདིའི་གཟི་བརྗིད་དང་། བོད་མི་རིགས་འདིའི་སྙིང་སྟོབས། བོད་མི་རིགས་འདིའི་ཆོད་སེམས་བཅས་ལ་ཧ་ལས་དགོས་པ་དང་། ཧོན་ཐོར་དགོས་པ་རེད་བསམ། ཡིན་ན་ཡང་བཙན་བྱོལ་སྤྱི་ཚོགས་ནང་དེ་ཙམ་གྱི་སྙིང་སྟོབས་དང་། སེམས་ཤུགས་བཅས་ལ་གཞིགས་ན་ཧ་ལས་དགོས་པ་དང་། ཧོན་ཐོར་དུ་བཅུག་པ་ཞིག་དྲན་པར་འཆར་ཐུབ་མ་སོང་། རང་གི་མཐོང་ཚུལ་ལས་བཙན་བྱོལ་སྤྱི་ཚོགས་ཀྱི་ཞན་ཆ་མིན་པའི་རེ་བ་ཡོད། ་ དེའི་ཐད་་་་་་་་་་་རྒད་པོ་ལགས་དང་། མེ་ཏོག་དཀར་པོ། ཇོ་ཇོ་གསུམ་གྱི་གཙོས་དྲ་གྲོགས་རྣམ་པས་མཆན་འདེབས་རོགས་ཞུ་རྒྱུ་ཡིན།
གཞན་གྱིས་གང་བྱས་ཚང་མ་སྐྱིད་ཉལ་དུ་མ་འཛིན་།
རང་གིས་བཏང་ཚད་ཚང་མ་ཆེ་ཤོས་སུ་མ་བཟུང་།།
ཕལ་ཆེར་ཁྱེད་དང་འདྲ་བའི་མངོན་འདོད་ཞིག་བཅངས་ནས།།
གཞན་ཡུལ་མི་སྐྱིད་སྐྱིད་མདོག་ཐབས་ལམ་ལ་བརྩོན་ཡོད།།
སྤྱན་ཆབ་ལགས་དགོད་བྲོ་ཞིག་བྲིས་འདུག་ད།
ཐོར་གོད་པ་ནས་གནད་ལ་ཁེལ་བ་ཅིག་གསུངས་འདུག དེང་བོད་མི་རིགས་ཀྱི་བདེ་སྡུག་ལས་དབང་ཆེད་རང་གིས་ཅི་གང་མི་བྱེད་པར་གཞན་བྱས་ཁྱད་དུ་གསོད་མཁན་མང་པོ་ཡོད་རེད།ལྷག་པར་བཙན་བྱོལ་ནང་གི་འཐབ་རྩོད་པ་དང་རྩོམ་བྲིས་པ་གྲགས་ཅན་ཡིན་ཟེར་མཁན་ཚོ་རེད།