ལྡོམ་བུ
ཀ་མ་ལ་ལྟར་ངོ་གདོང་མཛེས་ཀྱང་།།
ཁ་བའི་འདབ་ལྟར་སེམས་པ་དཀར་ཡང་།།
ག་བུར་བཞིན་དུ་དྲི་བསུང་ཐུལ་ལ་ཡང་།།
ང་ནི་ཁྱེད་ལ་དགའ་ཐབས་མི་འདུག །
ཅ་ཅོའི་གཏམ་ཉོག་ང་ལ་མ་བཤད།།
ཆ་ལུགས་མཐུན་རབས་མི་ལ་མ་སྒྲོག །
ཇ་ཆུ་འཐུང་བའི་འབྲེལ་བ་ཙམ་ལས།།
ཉ་ཆུ་བཞིན་གྱི་ལས་དབང་མི་འདུག །
ཏ་རེ་དཔལ་མོའི་འཕྲིན་ལས་མི་དགོས།།
ཐ་ཆད་ང་ལ་འགྲོགས་སྐལ་མི་འདུག །
ད་ནས་བཟུང་སྟེ་སེམས་ནས་བརྗེད་ཆོག །
ན་ནིང་བཞིན་དུ་ག་ལེར་ཕེབས་རོགས།།
པ་ཏྲ་ལྟར་འཛིང་ཁོ་བའི་གཤིས་དང་།།
ཕ་མཐའི་དར་འདྲའི་ཁྱེད་ཀྱི་སྤྱོད་པ།།
བ་ལང་ཁྱུ་བཞིན་མཐུན་ཐབས་མི་འདུག །
མ་སྡོད་རང་རང་ས་ལ་འགྲོ་ཤོག །
ཙ་རི་གནས་སྐོར་མཉམ་དུ་མི་འགྲོ།།
ཚ་བའི་ལུང་དུ་མཉམ་དུ་མི་སྡོད།།
ཛ་ཏི་སྨན་མཆོག་མཉམ་དུ་མི་འཐུ།།
ཝཱ་ཎའི་ཚ་གྲང་མཉམ་དུ་མི་མྱོང་།།
ཞྭ་ལྷམ་སྟན་གོས་མཉམ་དུ་མི་སྤྱོད།།
ཟ་འཐུང་ཉལ་འཆག་མཉམ་དུ་མི་བྱེད།།
འ་ཅག་འབྲལ་བའི་ཉིན་མོ་དེ་ནས།།
ཡ་རབས་ཁྱེད་ལ་མིག་ཅིག་མི་བལྟ།།
ར་བ་འདི་ལ་མི་ཁ་ལྡང་ནས།།
ལ་ལུང་ཀུན་ཏུ་བྲག་ཅས་ཁེངས་ན།།
ཤ་ཚའི་གཏ མ་དེ་ང་ལ་མ་འདྲི།།
ས་སྟེང་འདི་ནས་ངས་ཀྱང་མི་འཚོལ།།
ཧ་ལས་ཧོན་འཐོར་བྱེད་དོན་མི་འདུག །
ཨ་མཚར་ལྟད་མོ་མང་པོ་མཐོང་མྱོང་།།
ཧ་ཅང་སྐྱིད་དང་ཧ་ཅང་སྡུག་དུས།།
ཨ་མའི་བུ་ལ་མིག་ཆུ་མི་འདུག །
ཨིན་ཌ་ནི་ལའི་མདངས་ལ་འཁུ་རུང་།།
ཨུཏྤལ་ཡི་དྲི་ལ་འགྲན་རུང་།།
ཨེ་ཨེ་བུ་ངས་རེ་དོན་མི་འདུག །
ཨོ་ལོས་སེམས་ཐག་གོར་མའི་རྡོ་ཡིན།།
ལོ་བཞི་ཅུ་ཟད་ནས་ལྔ་བཅུའི་ནང་ལ་བསླེབས་དུས་ཁྱོས་འདི་ཅིག་ཧྲ་གི་འདོད་ན། ད་ཐེངས་ད་ང་མི་འགྲོ་ན་ཨ་མའི་ཤ། ཕེ། ང་ཐོངས་ང་ཐོངས།
དཀའ་སྤྱད་བཟོད་པའི་བོད་རིགས། །
ཁ་བའི་ལྗོངས་སུ་སྐྱེས་མཉམ། །
ག་ས་ག་རུ་བསྡད་ཀྱང་། །
ངས་ནི་ཁྱོད་བློས་མི་གཏོང་། །
ཨ་རོ་ཀླུ་སྨྱོན་མ། ད་ཁྱོད་འགྱོ་རྒྱུ་ཟེར་ནས་ཤོར་རིང་ཤོར་ཐུང་ཡེད་ཀི་མ་འདུག ཞ་ཡེ་ཆོ་ར་སེམས་ཟིག་མི་ཐོག་ག ད་ཡུམ་དུམ་པ་ཚོད་ཟུངས་ར་ཧྲ་ནི་མ་རེད་ན། ཨ་མྱེ་ར་ཨ་ཡེ་གཉིས་ཀ་རྣ་ཟིག་དལ་གི་མི་འཇུག་གི
ལྡོམ་བུ་དར་མའི་བློ་སྤོབས་དང་། །
ཨ་ལགས་ཚང་གི་སེམས་ཤུགས་གཉིས། །
རབ་འབྱམས་པ་ཡི་སྙིང་སྟོབས་གསུམ། །
ཉམས་མེད་ནམ་ཡང་འཕེལ་གྱུར་ཅིག །
ཨ་ལགས་དྲིན་པོ་ཆེ། རྨུ་ཐག་ལ་འཇུས་ནས་མཁའ་ལ་གཤེགས་པའི་དུས་སྐབས་དེ་རྫོགས་ཟིན་པས། ད་དུང་ཡང་ང་ཚོའི་ཁ་བརྡ་འདི་བརྡ་རྙིང་ལྟ་བུའི་ཡུལ་སྐད་ག་གེ་མོའི་སྡིངས་ཆ་ཞིག་ཏུ་མུ་འགྱུར་བའི་སྐྱབས་འཇུག་གནང་བའི་དུས་ལ་སླེབས་འདུག་གོ །