འདུས་བྱུང་ཕུན་ཚོགས་ཚེ་རིང་པས་
༢༠༡༠ ཟླ་བ་བཞི་པའི་ཚེས་གསུམ་གྱི་ཕྱི་དྲོའི་ཆུ་ཚོད་༡༤ནས་༡༧བར་འཇར་འཁོད་བོད་རིགས་ཚོགས་པས་ཚོགས་འདུ་དེ་བཞིན་གོ་སྒྲིག་ཞུས་པ་དང་སྐུ་མགྲོན་གཙོ་བོར་མཁས་དབང་རྟའུ་བློ་བཟང་དཔལ་ལྡན་མཆོག་གདན་དྲེན་ཞུས་ཡོད།
http://www.kalontripanomineelobsangpalden.tk/videos.html
བཀའ་ བློན་ཁྲི་པའི་མཛད་འགན་བཞེས་མཁན་དེ་བོད་མི་ཚོས་ཐད་ཀར་འོས་འདེམས་བྱ་ཆོག་པ་དང་ བྱ་བཞིན་པའི་བརྒྱུད་རིམ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་ཆབ་སྲིད་ཀྱི་འགན་ཆེན་ པོ་འཁུར་མཁན་ཞིག་འོས་འདེམས་བྱ་བ་དེ་ཐོག་མར་ཆགས་ཡོད།
དེ་ ཡང་བཙན་བྱོལ་བོད་གཞུང་སྲ་བརྟན་དང་སྒྲིག་འཛུགས་ཚགས་ཚུད་ཡོང་མིན་དང་། དམངས་གཙོ་ལག་བསྟར་སྲ་བརྟན་ཡོང་མིན། བོད་མིའི་ཆབ་སྲིད་ཀྱི་གོ་རྟོགས་ཚད་གཞི་མཐོན་པོར་སླེབས་ཡོད་མེད་སོགས་བཀའ་ བློན་ཁྲི་པ་འདེམས་བྱའི་མི་སྣ་དེ་དང་འོས་འདེམས་ནང་འོས་ཤོག་གི་ཆ་ཤས་མང་ཉུང་ ལེན་གྱི་ཡོད་མེད་ལ་ཧ་ཅང་རག་ལུས་ཡོད།
ད་ ལམ་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་མིའི་ཁོངས་མི་སྣ་མང་པོ་ཡོད་པའི་ནང་ ནས་འདི་ག་འཇར་མེ་ནིར་གཏན་བཞུགས་གནང་མཁན་མཁས་དབང་རྟའུ་བློ་བཟང་དཔལ་ལྡན་མཆོག་ གི་མཚམས་སྦྱོར་མདོར་བསྡུས།
མཁས་དབང་རྟའུ་བློ་བཟང་དཔལ་ལྡན་མཆོག
བཀའ་བློན་ཁྲི་པའི་འོས་མིའི་ཁོངས་སུ་ཕེབས་པ་མཁས་དབང་རྟའུ་བློ་བཟང་དཔལ་ལྡན་མཆོག་ནི། མདོ་སྟོད་དུ་འཁྲུངས་ཤིང་།་ཕྱི་ལོ་ ༡༩༥༩ ལོར་ཁོང་དང་ཁོང་གི་ནང་མི་རྣམས་བཙན་བྱོལ་དུ་ཕེབས།
དེ་རྗེས་ལོ་གཉིས་རིང་ཀ་བློན་ཕུག་ཏུ་ཡོད་པའི་(St. Augustin School)སློབ་གྲྭའི་ནང་སློབ་སྦྱོང་གནང་བ་དང། སིམ་ལར་དབུས་བོད་སློབ་ཏུ་སློབ་སྦྱོང་གནང་བ་རེད།
ཕྱི་ལོ་ ༡༩༦༣ སྟེ་ཁོང་དགུང་ལོ་བཅུ་གཉིས་ལ་ཕེབས་སྐབས་བོད་ཀྱི་ཕྲུག་གུ་ཁག་ཅིག་དང་ལྷན་དུ་རྗར་མེ་ནི་ནང་སློབ་སྦྱོང་གནང་བར་ཕེབས།གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་ཐོན་རྗེས་རྗར་མན་གྱི་གནའ་བོའི་གྲོང་ཁྱེར་ཡོ་རོབ་ནང་ཆེས་སྔ་ཤོས་གྲས་དང་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཧལ་རྡེ་རྦག་(Heildelberg, University)ནང་ནུབ་ཕྱོགས་
གསོ་རིག་ལ་སློབ་སྦྱོང་གནང་།
༡༩༧༩ ལོར་གསོ་རིག་སློབ་སྦྱོང་མཐར་སོན་བྱུང་རྗེས་རྗར་མེ་ནིའི་གྲོང་ཁྱེར་ཁག་མང་ནང་སྨན་པའི་བྱ་བ་སྣ་ཚོགས་གནང་།
༡༩༨༩ ནས་བཟུང་རྗར་མན་གྲོང་ཁྱེར་རྦོན(Bonn)གྱི་གཙུག་ལག་སློབ་གྲྭའི་ཁོངས་གཏོགས་སྨན་ཁང་ཆེན་པོ་ཞིག་གི་ཁོག་ནད་སྡེ་ཚན་ནང་མཐོ་རིམ་སྨན་པ་རྒན་གྲས་ཀྱི་ (Senior Doctor) ལས་འགན་བཞེས་བཞིན་ཡོད།
ཁོང་གིས་ཆེད་ལས་སྨན་པའི་བྱ་བ་སྒྲུབ་ཞོར་དུ་བོད་ཀྱི་རྩ་དོན་ཆེད་ཕྱག་ལས་ཆེ་ཆུང་སྣ་ཚོགས་གནང་གིན་ཡོད་ལ། དེའི་ཁྲོད་དུ་རྗར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་(www.tibet-initiative.de)དེ་བཞིན་གསར་བཙུགས་ཀྱི་གྲོས་འདོན་གནང་བ་དང་ཚོགས་པ་དེའི་འགན་འཁུར་ལོ་ཤས་གནང་བ་ཙམ་དུ་མ་ཟད། ལོ་མང་རིང་རྗར་འཁོད་བོད་རིགས་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་ཡོད།
རིགས་ གཅིག་རྐང་འཛིན་པ་དང་ཁ་བ་ཅན་གྱི་ལས་དབང་ཆེད་ཕྱག་ལས་གནང་བ་དང་ལྷན་དུ་ཁོང་གི་ སྐྱེས་སྟོབས་ཤེས་རབ་ཕུལ་དུ་བྱུང་བས་སྙན་རྩོམ་འབྲི་རྒྱུ་དང་། གཞས་གསར་རྩོམ་གནང་རྒྱུ། གཞས་གཏོང་བ་བཅས་ལས་“སྤྲིན་འཁོར་“ཞེས་ པའི་འོད་སྡེར་ཐེངས་བཞིར་འགྲེམས་སྤེལ་གནང་བས་མཚོན་པར་ནུས་ཤིང་། རྒྱ་ཆེའི་ཤ་ཁྲག་གཅིག་པའི་བོདརིགས་སྤུན་ཟླ་ཡོངས་དང་། ལྷག་དོན་གཞིས་ལུས་བོད་པའི་ནང་ལ་ཁོང་གི་སྤྲིན་འཁོར་དང་པོའི་གཞས་༼གནམ་གོང་གི་ ཉི་ཟླ་༽ཞེས་པ་དེར་ཉན་རྒྱུར་དགའ་མོས་བྱ་མཁན་ཧ་ཅང་མང་བས་གཞས་དེ་ཧ་མ་གོ་མཁན་ཧ་ ལམ་མེད། སྤྲིན་འཁོར་ཚོང་འགྲེམས་ཡག་པོ་བྱུང་་བ་དེའི་ཁེ་འབབ་རྣམས་བོད་གཞུང་ཤེས་རིག་ ཁང་དང་བོད་ཁྱིམ་ལ་ཕུལ་གནང་མཛད་པ་རེད།
ཕྱི་ལོ་ ༡༩༩༥ ལོར་ཁོང་དང་ཁོང་གི་སྐུ་ཟླ་ཆོས་ཉིད་ལྷ་མོ་གཉིས་ཀྱིས་“རྟ་བྲག་ཚོགས་པ་“ཞེས་ པ་གསར་བཙུགས་གནང་ཞིང་། ཚོགས་པ་དེའི་ལས་གཞིའི་རྣམ་གྲངས་མང་པོ་ཡོད་པའི་ནང་ནས་བུ་ཕྲུག་ཁྱིམ་སྡེ་དང་ སློབ་གྲྭ་སོགས་ཡོད་པ་ཞིག་མདོ་སྟོད་སྨད་གཉིས་སུ་ཁག་གཉིས་བཙུགས་ཏེ། ༢༠༠༨ ནས་བཟུང་ལས་རིམ་ཁག་གི་འགན་རྣམས་ས་གནས་མི་སྣར་སྤྲད་ཡོད།
མཁས་དབང་མཆོག་དང་རྟའུ་ཆོས་ཉིད་ལྷ་མོ་གཉིས་ལ་རིགས་ཀྱི་མྱུ་གུ་གསུམ་ཡོད་པ་ནི། རྟའུ་གཡུ་ལྷ་དང་། རྟའུ་རིག་དགའ། རྟའུ་གསེར་ལྷ་
བཅས་ལས། གཡུ་ལྷ་ནི་གསོ་བ་རིག་པར་སློབ་ཐོན་བྱུང་རྗེས་སྨན་པའི་བྱ་བ་སྒྲུབ་བཞིན་པ་དང་། ཁོང་མོས་བླངས་པའི་གླུ་༼ཕོ་མོ་འདྲ་མཉམ།༽ཞེས་པར་དགའ་ཞེན་བྱ་མཁན་ཧ་ཅང་ཚད་མཐོར་སླེབས་ཡོད།
རྟའུ་རིག་དགའ་ནི་སྐྱེ་དངོས་ཚན་རིག་པ་ཡིན་ལ། རྟའུ་གསེར་ལྷ་ཡང་གསོ་བ་རིག་པར་སློབ་གཉེར་གནང་བཞིན་ཡོད། ཁོང་གཉིས་ཀར་གླུ་གཞས་ལེན་རྒྱུ་དགའ་བ་དང་ལེན་མཁས་པས་སྤྲིན་འཁོར་གསུམ་པ་དང་བཞི་པའི་ནང་ཁོང་གཉིས་ནས་བླངས་པའི་གཞས་ཁག་ཅིག་ཉན་རྒྱུ་ཡོད།
མཁས་དབང་རྟའུ་བློ་བཟང་དཔལ་ལྡན་མཆོག་འདས་པའི་མི་ལོ་བཅུ་བཞིའི་རིང་ཨ་རིའི་རྒྱང་བསྲིང་རླུང་འཕྲིན་ཁང་(VOA)དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་(RFA)གི་གསོ་རིག་དང་། རང་བྱུང་ཚན་རིག ཚན་རིག་དང་ནང་པའི་ལྟ་གྲུབ་བར་གྱི་ཁྱད་པར་ལ་སོགས་པའི་སྐོར་བཅར་འདྲི་ཞུ་ཡུལ་གྱི་མི་སྣ་གལ་ཆེ་ཞིག་ཆགས་ཡོད།
ཁོང་ ནི་སྦྱངས་པའི་ཡོན་ཏན་ཆེ་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ཕྱུག་པའི་དུས་རབས་ཉེར་ གཅིག་པའི་བོད་རིགས་མི་སྣ་བློ་གྲོས་ཅན་ཞིག་ཡིན་པ་ཡོངས་གྲགས་རེད།
ཁོང་གིས་བརྩམས་པའི་གཞས་ཚིག་“འཚེ་མེད་ཞི་བའི་ལམ།“
ང་ཚོས་བསྐྱོད་པའི་ལམ་དེ། ཁྲག་དང་ང་རྒྱལ་མ་ཡིན།
འཚེ་མེད་ཞི་བའི་ལམ་དེ། ང་ཚོ་འགྲོ་བའི་ལམ་ཡིན།
ང་ཚོས་ལྡིར་སའི་འབེན་དེ། རང་བཙན་ཁོ་ན་མ་ཡིན།
བོད་ལྗོངས་ཞི་བདེའི་ལྡུམ་ར། ཆགས་པའི་རེ་བ་དེ་ཡིན།
ང་ཚོའི་སེམས་ཀྱི་སྨོན་ལམ། རང་དོན་དེ་ཙམ་མ་ཡིན།
འཛམ་གླིང་ཁམས་ཀྱི་ཞི་བདེ། ང་ཚོའི་སྨོན་ལམ་ཆེན་མོ།
ང་ཚོའི་སེམས་ཀྱི་ལྟ་བ། དད་པ་ཁོ་ན་མ་ཡིན།
རྟེན་ཅིང་འབྲེལ་པར་འབྱུང་བ། སྟོང་ཉིད་རྟོགས་པའི་ལྟ་བ།
༼སྤྲིན་འཁོར་བཞི་པ་ལས་བཤུས༽
ཁཽང་ནི་ལོ་དང་བོད་ནང་གི་ཉམས་མྱོང་། ཤེས་ཡོན་སོགས་ལ་བལྟས་ནས་མ་འོང་བའི་ང་ཚོའི་བཀའ་ཁྲི་ལ་ཧ་ཅང་འོས་བ་འདུག
ལོ་བཅུ་གཉིས་ནས་བཟུང་ཕྱི་ལ་བསླེབས་མོད། ཁོང་གི་བོད་ཀྱི་སྐད་ཡིག་དང་གླུ་བཞེས་སོགས་ལ་ཤེས་ཡོན་མཐོ་པོ་རེད། བོད་ཀྱི་རིག་གནས་ཕྱོགས་ནས་བློ་སེང་ ལས་ཁོང་ཧ་ཅང་ཡག་པོ་རེད། ཁྲིམས་ལུགས་ལ་བློ་སེང་བཟང་ནའང་འཕྲོད་རྟེན་ཕྱོགས་ལ་ཁོང་མཁས་པ་རེད།
ཐིང་བཅུ་ལྷག་ལ་བོད་ནང་ལ་སོང་ནས་ཤེས་ཡོན་ཡར་རྒྱས་སྐོར་ལ་བྱ་བ་ལས་འདུག་པས་བློ་སེང་ལ་དེའི་ཕྱོགས་ནག་ཁུང་རེད།
ཚན་རིག་ཕྱོགས་ནས་ཡང་བློ་སེང་ལས་ཁོང་མཁས་པ་ཆེན་པོ་རེད།
མཁས་དབང་རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱི་ཕྱག་ལས་དང་ཁོང་གི་མི་ཚེའི་ལོ་རྒྱུས་སུ་བལྟས་ན་ཁོང་བོད་གཞུང་སྨན་རྩིས་ཁང་དང་བོད་གཞུང་ཟློ་གར་ཁང་གི་འགན་འཛིན་ནམ་ཡང་ན་འཕྲོད་བསྟེན་བཀའ་བློན་ལ་ཧ་ཅང་མཚམས་པོ་འདུག
ནོར་བཅོས་། ཟློས་གར
བཀའ་ཁྲིའི་སྐོར་ལ་མཆན་འགོད་ཀྱི་བོད་རིགས་ཚོས་སྐད་ཆ་འདི་ལ་གཟབ་ཉན་བྱེད་རོགས། དེང་སྐབས་ང་ཚོར་བཀའ་ཁྲིའི་འོས་མི་མི་ཉུང་བ་ཞིག་ཡོད་ཀྱང་མཐའ་མ་བཀའ་ཁྲི་མི་གཅིག་ལས་སླེབས་ཐབས་ཡོད་པ་མ་རེད། འོན་ཀྱང་འོས་མི་ན་གཞོན་འདི་ཚོ་ཚང་མ་བོད་མི་རིགས་ལ་ཆེས་མཁོ་བའི་ནོར་བུ་ཤ་སྟག་རེད་འདུག དེའི་ཕྱིར་རང་གི་བརྒྱབ་སྐྱོར་བྱེད་སའི་འོས་མི་གཅིག་པོར་བསྟོད་པ་ཡིད་ལ་དྲན་ཚད་བྱས། གཞན་པ་ཚོར་དམའ་འབེབ་དང་འཚང་འབྲུ་བསམ་ཡིད་ལས་འདས་པ་ཅི་ཐུབ་ཐུབ་མ་བྱེད། ང་ཚོར་མི་ཡག་པོ་གཅིག་ལས་མི་དགོས་པ་དེ་འདྲ་མ་རེད། ང་ཚོའི་མི་འདི་ཚོར་བརྩི་བཀུར་དང་བདག་པོ་བྱེད་སྟངས་ཤེས་རྒྱུ་གལ་ཆེན་པོ་རེད། ངས་བཀའ་བློན་ཁྲི་བ་དང་བཀའ་བློན་ཁྲི་མ་ཚོར་གཅིག་མཚུངས་ཀྱི་རྒྱབ་སྐྱོར་ཡོད། འོན་ཀྱང་འོས་བླུག་ས་གཅིག་ལས་ཡོང་གི་མ་རེད་དེ། ང་ཚོར་བཀའ་ཁྲིའི་རྐུབ་སྟེགས་གཅིག་པོ་མ་ཡིན་པར། མི་གཅིག་གིས་གང་ཡང་འཇོན་གི་མ་རེད། ང་ཚོའི་སྤྱི་ཚོགས་ནང་བཀའ་བློན་ཁྲི་བ་ལྟ་བུའི་མི་བུ་རྒོད་པོ་འདི་ཚོ་དགོས་སའི་དམིགས་སྒོ་དེ་ལས་ཀྱང་མང་པ་ཡོད་པ་རེད། མི་འདི་ཚོ་མཐོང་དུས་ང་ཚོ་འུ་ཐུག་དགོས་ཀྱི་མི་འདུག་བསམ་པ་བྱུང་། དེའི་ཕྱིར་ང་ཚོས་བཀའ་ཁྲི་མི་གཅིག་བཙལ་བ་ཙམ་མ་ཡིན་པར་བཀའ་ཁྲི་ལྟ་བུའི་མི་བུ་རྒོད་པོ་གཞན་པ་ཚོ་ལའང་བདག་པོ་དང་རྒྱབ་སྐྱོར་བྱེད་སྟངས་ཡག་པོ་སྦྱང་དགོས་ཀྱི་འདུག
སྟག་ལྷའི་སྐད་ཆ་ལ་མོས་མཐུན་ཡོད། ལྷ་སྨོན་པའམ་གསེར་རྟའི་སྐད་ཆ་ལ་མོས་པ་མེད།