གཞུང་པ་ཚེ་དབང་བསོད་ནམས།
༄༅།། བོད་ཀྱི་ཡུལ་མི་ཚང་མས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་བརྩི་བཀུར་ཉམས་ལེན་ཞུ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཞི་པ། གཞུང་གི་འགན་འཛིན། དོན་ཚན་བཅུ་དགུ་པ་ འགན་འཛིན་དབང་ཆ། ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན། དོན་ཚན་སོ་དྲུག་པ་ ཁྲིམས་བཟོའི་དབང་ཆ། ལེའུ་དྲུག་པ། ཁྲིམས་ལུགས་དབང་འཛིན། དོན་ཚན་རེ་གཉིས་པ། ཆེས་མཐོའི་ཁྲིམས་ཞིབ་ཁང། བཅས་སྡེ་ཚན་འདི་གསུམ་ལ་མང་གཙོའི་ཀ་བ་གསུམ་ཅེས་བཙན་བྱོལ་སྤྱི་ཚོགས་ནང་ས་གྲགས་གནམ་གྲགས་བྱེད་བཞིན་པ་ནས་ད་ལམ་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཚོགས་ཚོགས་དུས་བཅུ་པ་བཚོགས་རྒྱུའི་དུས་ཚེས་གཏན་འབེབས་སྔོན་དུ་ཟིན་ན་ཡང་ཏོག་དབྱིབས་ནད་ཡམས་ལ་འགན་བཀུར་ནས་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནུས་མེད་དུ་བཏང་ནས་བཅའ་ཁྲིམས་དོན་ཚན་དྲུག་པ་དང་དོན་ཚན་བཞི་བཅུ་ཞེ་དགུ་པའི་ནང་གསེས་གཉིས་པའི་འོག་ནས་འཕར་འགྱངས་གནང་བ་དེ་ནི་སྤྱི་འཐུས་རྒྱུན་ལས་ཀྱི་དབང་ཚད་ལས་འགལ་བ་ལ་ངོས་འཛིན་ཞུ་གི་ཡོད་ལ་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཚོགས་འཕར་འགྱངས་གནང་བའི་གསར་འགོད་གསལ་བསྒྲགས་གནང་བའི་གཞུང་འབྲེལ་ཡིག་ཆའི་ངོ་ཤུས་འབྲེལ་ཡོད་མང་གཙོའི་ཀ་བ་གསུམ་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མ་ཕུལ་བ་བཀའ་དྲུང་ནས་ངོ་ཤུས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཏང་བ་ནས། སྤྱི་འཐུས་རྒྱུན་ལས་ཀྱི་མང་གཙོའི་ཀ་བ་གསུམ་ལ་འདྲ་མཉམ་གྱི་ཆེ་མཐོང་དང་འགན་ཁུར་གུས་བརྩི་སོགས་ག་འདྲ་ཡོད་མེད་དེ་ནས་གསལ་པོ་རྟོགས་ཐུབ་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་གསལ་བསྒྲགས་དེའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་རྡ་ས་ནི་༸རྒྱལ་བའི་བཞུགས་སྒར་ཡིན་སྟབས་ང་ཚོའི་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ་དང་ཅེས་གསལ་འདུག་པ་དངོས་བདེན་ཡང་་བཅའ་ཁྲིམས་ནང་གྲོས་ཚོགས་ཟླ་དྲུག་འཕར་འགྱངས་བྱ་རྒྱུའི་ཆ་རྐྱེན་མེད་པ་དང་༸གོང་ས་མཆོག་གི་སྐུ་ཆ་དང་འབྲེལ་བའི་འགན་ཁུར་དེ་མང་གཙོའི་ཀ་བ་གསུམ་མཐུ་མོང་དུ་འགན་ཁུར་བཞེས་དགོས་པ་ལས་མང་གཙོའི་ཀ་བ་གཉིས་ནག་ཁུང་དུ་བཞག་པ་དེ་ཡང་ཁྲིམས་མཐུན་ལ་ངོས་འཛིན་ཞུ་དཀའ་བ་དང་། བཀའ་སྤྱི་ལྷན་འཛོམས་གནང་ནས་གྲོས་ཚོགས་འཕར་འགྱངས་བྱ་རྒྱུའི་ཐབས་ལམ་མ་རྩལ་བ་དང་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཆོད་ཀྱི་ལམ་ནས་གྲོས་ཚོགས་འཕར་འགྱངས་བྱ་རྒྱུའི་ཐབས་ལམ་ཡང་མ་བསྟེན་པར་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནུས་མེད་དུ་བཏང་ནས་བཅའ་ཁྲིམས་དོན་ཚན་དྲུག་པ་དང་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དགུ་པའི་ནང་གསེས་གཉིས་པའི་འོག་འགན་ཁུར་ནས་གྲོས་ཚོགས་འཕར་འགྱངས་གནང་བ་དེ་ནི་བཅའ་ཁྲིམས་དང་འགལ་བ་ནས་བཅའ་ཁྲིམས་དོན་ཚན་ལྔ་པ། བཅའ་ཁྲིམས་ཀྱི་ཚད་འཛིན། ༡ ཁྲིམས་ལུགས་དང་། བཀའ་རྩ། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། ༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ་ཅེས་གསལ་བ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མིའི་བླ་ན་མེད་པ་དང་གོང་ན་མེད་པའི་ཁྲིམས་ཞིབ་ཁང་དེ་ཡིན་པ་ནས་བཙན་བྱོལ་བོད་མི་སྤྱི་སྒེར་ཚང་མས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བརྩི་བཀུར་དང་ཡིད་ཆེས་བློ་གཏད་ཉམས་ལེན་ཞུ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་ལ་ཆེ་མཐོང་དང་གུས་བརྩི་ཞུས་ནས་ཚོགས་གཙོ་སྦྲེལ་པོ་་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གདན་འདྲེན་ཞུས་པའི་རྒྱུད་རིམ་དང་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་འགྱངས་གནང་བ་དེ་བཅའ་ཁྲིམས་དང་འགལ་བ་ནས་ཐབས་ལམ་གཞན་བརྒྱུད་ནས་ཁྲིམས་མཐུན་བཟོ་དགོས་པའི་གསལ་འདེབས་གནང་བ་སོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ལ་ཆེ་མཐོང་དང་གུས་བརྩི་ཞུས་པར་སྤྱི་འཐུས་རྒྱུན་ལས་ནས་བཟང་ཕྱོགས་ཀྱི་འགན་ཁུར་མ་བླངས་པ་ནི་བོད་མི་རིགས་ཀྱི་ལྷན་སྐྱེས་སུ་ཡོད་པའི་ཡ་རབས་བཟང་སྤྱོད་ལ་འགན་ཁུར་མ་བླངས་པ་གསལ་པོ་ཆགས་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་བཞི་བཅུ་དང་ དོན་ཚན་དྲུག་པ་ དོན་ཚན་བཞི་བཅུ་ཞེ་དགུ་པའི་ནང་གསེས་གཉིས་པ་བཅས་འགལ་བའི་ཆད་འགེལ་བཀོད་ཁྱབ་གཏང་བ་ལས་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བརྒྱད་དང་དོན་ཚན་བཞི་བཅུ་ཞེ་དྲུག་དང་འབྲེལ་བའི་སྐོར་ལ་ཟུར་ཙམ་ཡང་གླེང་མི་འདུག། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀོད་ཁྱབ་ལ་སྤྱི་འཐུས་རྒྱུན་ལས་ནས་ངོས་ལེན་མེད་པའི་གསལ་བསྒྲགས་ཡིག་ཆ་དེའི་ཨང་དྲུག་པའི་ནང་འདི་ལྟར་བཀོད་འདུག། མདོར་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གོང་དུ་བསྡད་ནས་ཐག་གཅོད་བྱས་པ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པ་དང་དེ་བཞིན་འཛིན་སྐྱོང་བཀའ་ཤག་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གཙོས་འབྲེལ་ཡོད་ཚང་མས་བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་དེར་ངོས་བཞེས་གནང་ན་འགྲིག་ཐབས་མེད་པར་བརྟེན་དེ་དོན་དགོངས་འཇགས་དགོས་པ་དང་། གནད་དོན་འདི་འབྲེལ་དགྲ་དགའ་གཉེན་སྡུག་སོགས་ཀྱི་དཀའ་རྙོག་བྱུང་རིགས་ཡོངས་རྫོགས་ཁྲིམས་ཞིབ་པ་ཆེ་བ་དཱགས་པོ་བསོད་ནམས་ནོར་བུ་དང་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་དང་ ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་རྣམས་ནས་འགན་ཁུར་དགོས་པ་བཅས་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༢༠ ཟླ་ ་༩ ཚེས་ ༢༥ ལ། ཅེས་གསལ་འདུག་པ་སྤྱི་འཐུས་རྒྱུན་ལས་རང་ཉིད་ཁྲིམས་འགལ་ཆགས་པ་མ་ཟད་འཛིན་སྐྱོང་བཀའ་ཤག་དང་ རང་དབང་ཅན་གྱི་སྡེ་ཚན་ཁག་གཙོས་འབྲེལ་ཡོད་ཚང་མ་མཉམ་དུ་འཁྲིད་ནས་ཁྲིམས་འགལ་ནས་སྒྲིག་འགལ་བཟོ་རྒྱུའི་ཀུན་སློང་ངན་པ་སྤེལ་བ་ནི་ཁྲིམས་ལུགས་དང་བཟང་སྤྱོད་ཡོངས་སུ་འགལ་བ་མ་རེད་དམ། སྤྱི་འཐུས་རྒྱུན་ལས་ནས་འཛིན་སྐྱོང་བཀའ་ཤག་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གཙོས་འབྲེལ་ཡོད་ཚང་མས་བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་དེར་ངོས་བཞེས་གནང་ན་འགྲིག་ཐབས་མེད་པར་བརྟེན་དེ་དོན་དགོངས་འཇགས་དགོས་པ་དང་ཟེར་བ་ནས་སྤྱི་འཐུས་རྒྱུན་ལས་ནས་འཛིན་སྐྱོང་བཀའ་ཤག་དང་རང་དབང་ཅན་གྱི་སྡེ་ཚན་དང་འབྲེལ་ཡོད་ཚང་མར་བཀའ་བཀོད་གཏོང་རྒྱུའི་དབང་ཚད་དེ་བཅའ་སྒྲིག་གང་གི་ནང་གསལ་ཡོད་དེ་ཡང་མང་ཚོགས་ལ་གསལ་པོ་བཟོ་དགོས་པ་དང་སྤྱི་འཐུས་རྒྱུན་ལས་ཀྱི་ཤོག་གྲངས་བཞི་ཡོད་པའི་གསལ་བསྒྲགས་དེའི་འཇུག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཞེས་བཀོད་འདུག་པ་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ལྷན་ཚོགས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་གི་ཡོད་ན་ལས་དེ་མིན་སྤྱི་འཐུས་རྒྱུན་ལས་ལ་སྤྱི་འཐུས་ལྷན་ཚོགས་ཟེར་བའི་ཐ་སྙད་དེ་ཧམ་བཤད་མ་རེད་དམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན། དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ། ཞེས་པའི་ནང་ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གི་ཆོག་མཆན་མིང་རྟགས་འགོད་དགོས། ཅེས་གསལ་བ་ནས་སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་བཟོའི་སྡེ་ཚན་ལས་བཀའ་གཏོང་མཁན་ཞིག་མིན་པ་དེ་ནས་གསལ་པོ་ཤེས་ཐུབ་པ་དང་། བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ། ༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག། ༢ ལྷན་ཚོགས་ཀྱི་འགྲོ་ལུགས་དང་། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད། ཅེས་གསལ་བ་ལས་སྤྱི་འཐུས་ལྷན་ཚོགས་དང་སྤྱི་འཐུས་རྒྱུན་ལས་བཅས་ནས་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་ན་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་ཟེར་བའི་ཐ་སྙད་དེ་གསལ་མི་འདུག་ན་སྤྱི་འཐུས་རྒྱུན་ལས་ནས་རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་ནོར་བ་མ་རེད་དམ། བཅའ་ཁྲིམས་དོན་ཚན་ཞེ་དྲུག་པ། སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང།
༡ སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང་། འོས་བསྡུ་བྱེད་སྟངས་འགྲིགས་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག་།
༢ སྤྱི་འཐུས་ལ་དམིགས་བསལ་ཐོབ་ཐང་གཞན་དག་སྤྱི་འཐུས་ལྷན་ཚོགས་རང་ནས་སྐབས་སྦྱར་ཁྲིམས་ལུགས་བཟོ་རྒྱུ། ཅེས་གསལ་བ་ལས་སྤྱི་འཐུས་གྲོས་ཚོགས་དང་ སྤྱི་འཐུས་ལྷན་ཚོགས་ སྤྱི་འཐུས་རྒྱུན་ལས་བཅས་ནས་བཅའ་ཁྲིམས་དང་འགལ་ཆོག་པའི་ཁྲིམས་ལུགས་བཟོ་རྒྱུའི་དོན་ཚན་ཞིག་ཡིན་མིན་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་་ལྟར་བློ་ལྡན་གཟུར་གནས་ཚང་མས་མཁྱེན་ཐུབ་པ་དང་།
་བཅའ་ཁྲིམས་ཀྱི་དོན་ཚན་གང་གི་ནང་དུ་ཡང་སྤྱི་འཐུས་གྲོས་ཚོགས་དང་། སྤྱི་འཐུས་ལྷན་ཚོགས། །སྤྱི་འཐུས་རྒྱུན་ལས་བཅས་ནས་བཅའ་ཁྲིམས་དང་འགལ་ན་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་དང་རྩོད་གླེང་བྱ་ར་སོགས་བྱེད་མི་ཆོག་ཅེས་གསལ་མེད་པ་ནས་སྤྱི་འཐུས་ལས་ཁུར་དམ་འབུལ་གྱི་ཚིག་བརྗོད་ཀྱི་ནང་དུ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་ཞུ་རྒྱུའི་དམ་བཅའ་འམ་ཁས་ལེན་ཟེར་བ་ནས་གསལ་པོ་རྟོགས་ཐུབ་པ་མ་རེད་དམ། སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ལེན་མེད་པའི་གསལ་བསྒྲགས་དེའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད་པ་མ་ཟད་ མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གི་ས་མཚམས་ལས་བརྒལ་ཏེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་བྱེད་བབ་དེར་ངོས་ལེན་ཞུ་ཐབས་བྲལ་ཅེས་གསལ་འདུག་ན། བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད། ༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུག་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ཅེས་གསལ་འདུག་ན་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་སྤྱི་སྒེར་གཉིས་ཀྱི་ནང་སྤྱི་འཐུས་ལྷན་ཚོགས་ཚུད་ཀྱི་མེད་པ་ཡིན་ནམ། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་དང་རྩོད་གླེང་བྱེད་མཁན་མ་བྱུང་ན་སྤྱི་འཐུས་ནས་ཁྲིམས་འགལ་དང་སྒྲིག་འགལ་རང་སྣང་གང་དྲན་བྱ་ཆོག་གི་ཡོད་པ་ཡིན་ནམ། མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གི་ས་མཚམས་ལས་འགལ་ཏེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་བྱེད་བབ་དེར་ངོས་ལེན་ཞུ་ཐབས་བྲལ་ཅེས་གསལ་འདུག་ན་མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གི་ས་མཚམས་དེ་བཅའ་ཁྲིམས་དོན་ཚན་གང་གི་ནང་གསལ་ཡོད་དེ་ཡང་མང་ཚོགས་ལ་གསལ་པོ་ངོ་སྤྲོད་གནང་དགོས་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ལྔ་པ་དང་། བཅའ་ཁྲིམས་དོན་ཚན་བཅུ་བཞི་པ། བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་དྲུག་པའི་ནང་གསེས་དང་པོ་བཅས་ལ་གཟུར་གནས་རྒྱ་ཆེ་མི་མང་ནས་ཐུགས་ཞིབ་གནང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་དེ་ནས་ངོ་སྤྲོད་ཡོང་རྒྱུ་དང་། སྤྱི་འཐུས་རྒྱུན་ལས་ནས་དང་པོ་བཅའ་ཁྲིམས་དང་འགལ་བའི་ཁྲིམས་འགལ་དང་ གཉིས་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཆད་འགེལ་ལ་ངོས་ལེན་མ་གནང་བའི་སྒྲིག་འགལ་བཅས་ཁྲིམས་འགལ་ནས་སྒྲིག་འགལ་དུ་ཁ་ཕྱོགས་པ་མ་རེད་དམ། ད་ཆ་མང་གཙོའི་ཀ་བ་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་ལས་ཐོག་ཚང་མས་སྤྱི་འཐུས་རྒྱུན་ལས་ཀྱིས་གྲོས་ཚོགས་འཕར་འགྱངས་གནང་བའི་རྒྱུད་ལམ་དེ་བཅའ་ཁྲིམས་དང་མཐུན་པའི་ཁྲིམས་མཐུན་ཡིན་མིན་སྐོར་ལ་གསུང་བྱོན་དགོས་པ་དེ་དུས་ལ་བབས་མི་འདུག་གམ། མང་གཙོ་དང་། དྲང་བདེན། ཁྲིམས་ཀྱི་དབང་བསྒྱུར་ལ་འགན་ཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱིས་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོ་དང་། དྲང་བདེན། འདྲ་མཉམ། ཁྲིམས་ཀྱི་དབང་བསྒྱུར་འོག་ཡུན་རིང་འཚོ་ཐུབ་པའི་སྨོན་པ་ཟབ་མོའི་རྒྱན་ཏེ་རེ་ཞིག་འདིར་འཇུག་བསྡུས་པའོ།།
སླར་སྨྲས་པ་།
ནོར་འཕྲུལ་ངོས་ལེན་ཐུབ་ན་དཔའ་བོ་ཡིན་།
བཟང་སྤྱོད་འགན་ཁུར་ཐུབ་ན་ཡ་རབས་ཡིན་།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡༠ ཚེས་ ༦ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ་།
་་་་་་་་་་་ གྲོས་ཚོགས་ཚོགས་དུས་བཅུ་པ་བཚོགས་རྒྱུའི་དུས་ཚེས་གཏན་འབེབས་་་་་་་་་
འཚོགས་
་
་་་་་་་་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་རྡ་ས་ནི་༸རྒྱལ་བའི་བཞུགས་སྒར་ཡིན་་་་་་་་་་་
དྷ་ས
་
་་་་་་་་་་༸གོང་ས་མཆོག་གི་སྐུ་ཆ་དང་འབྲེལ་བའི་འགན་ཁུར་་་་་་་་་་་་་་་་
སྐུ་ཕྱྭ་
་
་་་་་་་་་་་་་ཁྲིམས་ཞིབ་པ་ཆེ་བ་དཱགས་པོ་བསོད་ནམས་ནོར་བུ་་་་་་་་་་་་་་་་་་
དྭགས་པོ་
གོང་ན་མེད་པ་བླ་ན་མེད་པའི་ཁྲིམས་ཞིབ་ཁང་ལ་ཕྱག་འཚལ་ལོ། རླབས་ཆེན་གྱི་ཕྱག་ལས་གནང་བ་ལ་མངོད་པར་བསྟོད་དོ།། མཆོད་དོ།། སྐྱབས་སུ་མཆིའོ།།
སྤྱི་འཐུས་རྒྱུན་ལས་འདི་ཚོ་རྡོ་འཐུས་འདྲ་པོ་འདུག གཟུགས་ཕུང་དུས་རབས་ཉེར་གཅིག་ནང་སླེབས་ཡོད་ཀྱང་། ཀླད་པ་དང་བསམ་བློའི་འདུ་ཤེས་དུས་རབས་དང་པོ་གཉིས་པའི་ནང་བསྡད་ཡོད་པ་འདྲ་པོ་འདུག
ད་ལྟའི་ཆར་ཕྱིའི་འཛམ་གླིང་ནང་ལས་དོན་གལ་ཆེའི་རིགས་དྲྭ་རྒྱའི་སྟེང་ནས་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། རྡོ་འཐུས་ཚོའི་མིག་གི་མདུན་ནས་༸གོང་ས་མཆོག་གིས་འཛམ་གླིང་སྐྱེ་འགྲོ་ས་ཡ་མང་པོར་དྲྭ་ཐོག་གསུང་ཆོས་གནང་དང་གནང་བཞིན་ཡོད་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཡང་དྲྭ་ཐོག་ནས་འཚོགས་པ་དང་། ཐ་ན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མང་ཆེ་བ་དྲྭ་ཐོག་ནས་འཚོག་ཀྱི་ཡོད། རྡོ་འཐུས་འདི་ཚོས་ནད་འབུ་ཡོད་རབས་ཀྱི་ཡང་མ་དག་པའི་རྒྱུ་མཚན་རྫོགས་རྒྱུ་མེད་པ་བཤད་ནས་བཅའ་ཁྲིམས་བརྡལ་བཤིག་གཏོང་དོན་ཅི་ཡིན། མི་བཞི་བཅུ་ཞེ་གྲངས་ཤིག་དྲྭ་ཐོག་ཏུ་འཛོམས་མི་ཐུབ་པའི་རྒྱུ་མཚན་ཤོད་དང་།?
འདི་ཚོ་དངོས་གནས་སྡེབ་ལ་གནས་དབྱུང་གཏོང་དགོས་ཡས་རེད་འདུག
ཀརྡོ་རབ་འབྱམས་ལགས་ནས་། དག་བཅོས་གནང་བ་ཐུགས་རྗེ་ཆེ་བཀའ་དྲིན་ཆེ་།
དྲ་དེབ་ནང་དག་ཆ་སོགས་ནོར་བར་མཆན་ནམ་ནོར་བཅོས་མ་གནང་ན་ལེགས། གཙོ་ཆེ་ཤོས་དེ་རྩོད་པའམ་འཆད་པའི་གནས་དོན་འདི་ཡིན། ཀློག་པ་པོས་གནས་དོན་དེ་གོ་ཤེས་ཐུབ་ན་དགོས་རྒྱུ་དེ་རེད། དག་ཆ་སོགས་མ་ནོར་བ་བྱུང་བ་དགོས་གལ་ཡིན་ཀྱང། དགག་ཆ་ཅེ་ཡང་དགོས་པ་གཙོ་ཟེར་བ་དཔེ་རུ་བཞག་ནས་འགྲེལ་བཤད་ཞུས་ན། དག་ཆ་སོགས་མ་ནོར་བ་ཞུ་རྒྱུ་དགག་ཆ་ཡིན་ཀྱང་ཐབས་འདི་འདྲའི་ལམ་ནས་མི་མང་བས་བོད་ཡིག་སྤྱོད་རྒྱུར་དགའ་མོས་མི་ཞུ། གང་གི་ན་མིའི་བསམ་པར་སྐྱོན་བརྗོད་བྱེད་མཁན་ཡོད་བསམ་པས་འཚེར་སྣང་དང་ངོ་ཚ་བྱ་སྲིད།། ང་ཚོར་བོད་ཡིག་སྤྱོད་མཁན་མང་དུ་འགྲོ་དགོས་ཡོད་པ་དེ་དགོས་པ་གཙོ་བོ་མིན་ནམ། ཇི་ཙམ་སྤྱད་པས་དེ་ཙམ་གོང་འཕེལ་འགྲོ་ངེས། ཐུགས་འཇགས་ཞུ།།
ཁྲིམས་ཀྱི་གནད་དོན་ཐད། སྐབས་༡༦ གྲོས་ཚོགས་ནས་ཁྲིམས་སྒྲིོག་ཐོག་དང་པོ་ཡུ་རོབ་སྤྱི་འཐུས་མེད་པ་བཟོས་ནས་གསར་བསྐོ་ཞུས་གནས་དང་དེ་བཞིོན་བཀའ་བློན་འོས་འདེམས་བཀའ་རྙོགས། ད་ཆ་གྲོས་ཚོགས་འཕར་འགྱངས་ཀྱི་གནས་དོན་བཅས་གལ་འགངས་ཆེ་བའི་གནས་དོན་མི་ཉུང་བ་ཞིག་བྱུང་སོང། འབྲེལ་ཡོད་ཚང་མས་གཟབ་གཟབ་ཀྱིས་གྲོས་བསྡུར་ངང་ད་དུང་ཐག་མ་ཆོད་ན་གཞན་ལ་བཀའ་དྲིོ་སོགས་གནང་ན་སྙམ་པ་དང་། དེ་བཞིན་ད་དུང་ཁྲིམས་སྒྲིག་དོག་ཆ་ཅན་ལ་ཁྲིམས་ཞིབ་ཁང་མཉམ་གྲོས་ཚོགས་འཐུས་མི་ཁག་བསམ་བསྡུར་ཞུ་བའི་ལས་འཆར་བསྐྲུན་རྒྱུ་བྱུང་ན་ད་ལྟ་དང་ཕྱི་འབྱུང་གཉིས་སུ་ཕན་ཐོག་ཆེ་སྐོར་ཞུ་ཐལ་དུ་མི་དགོངས་པ་དང་། དེ་སྔ་བསམ་ཚོད་ལས་མེད་པའི་གནས་དོན་མང་པོ་ཞིག་ཡོང་བཞིན་པ་དང་འོང་སྲིད་པར་སོང་དེ་ལྟའི་གནས་དུས་སྐབས་ངོས་ལེན་ཐུབ་པའི་བྱ་ལམ་དགོས་སྲིད་པར་ཡང་ཚོལ་གལ་སྙམ་ལགས་སོ།།
བཙན་བྱོལ་བོད་མིའི་བཅའ་ཁྲིམས། དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ།
སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་གསལ་འདུག་ན་འདིར་འགྲེལ་བཤད་གང་ཞིག་གནང་གི་ཡོད་ན། ང་ནི་མགོ་འཐོམ་སོང་ངོ་།
སྤྱི་འཐུས་རྒྱུན་ལས་ཟེར་ན་གང་ལྟར། གྲ་ཆས་གྱོན་པའི་རྒྱུན་ལས་སྟེང་་ཨ་མདོ་ཤར་ཕྱོགས་ཁ་ཏྭ་བཅས་རེད།བཅའ་ཁྲིམས་དང་མང་གཙོ་གཏོར་མཁན།
བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དྲུག་དང་ལྔ་བཅུ་ང་བརྒྱད་དེ་གཉིས་སྤྱི་འཐུས་གྲོས་ཚོགས་ཀྱིས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་འབྲེལ་བའི་སྐོར་ལས་བཅའ་ཁྲིམས་དང་འབྲེལ་བའི་སྐོར་མིན་པ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་གྱི་བཀོད་ཁྱབ་ཀྱི་ནང་དུ་ཡང་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བརྒྱད་དང་བཞི་བཅུ་ཞེ་དྲུག་སྐོར་གང་ཡང་གསལ་མེད་པ་ནས་ཤེས་ཐུབ་པ་དང་།
སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡད་ཡིན་མིན་དང་། ཞེས་པའི་གང་སྒྲ་འདི་དང་། དེ་ནས་དང་སྒྲ་འདི་གཉིས་ཀྱིས་གང་ཞིག་མཚོན་གྱི་ཡོད་དམ།
སྔོན་ཤུགས་རྒྱུ་གསུམ་དུ་སྤྱི་ཚོགས་ཆུང་ཆུང་འདི་ནང་རྙོག་དྲ་མང་པོ་ཞིག་གྲོས་ཚོགས་ར་བ་དང་བཀའ་ཤག་ནས་འགོ་བཙུགས་དང་འཛུགས་མུས་བཞིན་ད་ལྟའི་ཁྲིམས་ཞིབ་ཁང་ལ་ཉེས་འཛུགས་བྱས་པ་འདི་ལ་ངོས་ལེན་བྱེད་ཐབས་བྲལ།འདི་རྒྱབ་ན་མི་དགོས་པས་ཆཽས་རྒྱུ་སྤྱི་འཐུས་མ་ཧེ་མང་པོ་ཞིག་གི་བསམ་བཞིན་དུ་ཆུ་རྙོག་གི་ཡོད་པས་སྨོ་ལམ་ལོག་པས་སྤྱི་འཐུས་དེ་ཚོས་བོད་ཀྱི་རྩ་དོན་ལ་སྨན་པ་ལས་གནོད་ཆེ་བས་ངེས་པར་འགྱུར་པ་ཞིག་གཏོང་རན་འདུག།
ལྟོས་དང། ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ཀྱིས་ཁྲིམས་བརྒལ་བྱས་པར་བརྟེན་སྤྱི་འཐུས་གྲངས་་༡༡
ལ་༢༠༢༡ སྤྱི་ཟླ་་༣ བར་འོས་བསྡུའི་ཐོབ་ཐང་བཀག་བསྐྱིལ་བྱས་པ་དང།
ཡང་སྤྱི་འཐུས་ལྷན་ཚོགས་ནས་་ངོས་ལེན་གནང་ཐབས་མེད་སྐོར་ཁྲིམས་ཞིབ་ཁང་ལ་ཡིག་ཐོག་༔
ལན་འདེབས་བྱས་པ་འདི་གཉིས་་་་ལས་ཀ་མེད་པར་ཕན་ཚུན་རྩོད་ལན་གནང་བ་འདི་མང་ཚོགས་ལ་
ངོ་ཚ་གི་མེད་པ་ཡིན་ནམ།
སྤྱི་ལྷན་དང་་་ཁྲིམས་ཞིབ་ཁང་གཉིས་་་་་ཁྲིམས་ཁང་ག་པར་གཏུགས་དགོས་པ་རེད།
ཐག་གཅོད་སུས་གནང་གི་རེད།
ལན་གསལ་གཅིག་གནང་དང། རྒྱ་གར་ཁྲིམས་ཁང་ལ་་་གཏུགས་པ་རེད་དམ།
དགྲ་དགའ་གཉེན་སྡུག་གི་གནས་ཚུལ་མ་རེད་དམ།
སྤྱི་འཐུས་ཚང་མ་རྒན་གཡོལ་འགྲོ་མཁན་ཤ་སྟག་ལ་སོང་གསན་གཟིགས་ཐུབ་ཀྱི་མེད་པ་རེད།
མི་ལོ་ ༦༥ རྒལ་ཡང་སྤྱི་ཐུས་ནང་ལངས་པ་ངོ་ཚ་གི་མེད་པ་ཡིན་ནམ་
རྒན་ཕོགས་ཟས་། ཁ་འདོན་འདྲ་བྱེད། མ་ནི་བགྲང་ནས་མ་བསྡད་པར་་་་ད་དུང་་་སྤྱི་འཐུས་ལ་ལངས་ན་སྤྱན་གྱི་
གཟིགས་སམ། སྙན་གྱི་གསན་སམ།
ལམ་ཀ་མ་བཀག། གཞོན་སྐྱེས་ཚོར་གོ་སྐབས་གནང་རོགས།
སྲིད་སྐྱོང་ནང་བཞིན། སྤྱི་འཐུས་ཀྱང་ཐང་མ་གཉིས་མཐུད་མའི་རྗེས་ལ་སྤྱི་འཐུས་ཡང་བསྐྱར་བསྐོ་མི་ཆོག་བཟོ་དགོས་མི་འདུག་གམ། ལགས།