བསེ་རུ།
མི་ཚེ་འདི་ས་མཐའ་ནས་རྫོགས་ན།
ལས་དབང་འདི་ལྡོག་ཐབས་ཤིག་མེད་ན།
ཕུགས་རེ་འདི་འགྲུབ་ཐབས་ཤིག་མེད་ན།
མི་ཚེ་འདི་མེད་མུག་གིས་རྫོགས་ཀྱང་ཆོག
མི་ཚེ་འདི་ཆུ་ཕྲན་དེ་ཡིན་ན།
མི་ཚེ་འདི་ན་བུན་དེ་ཡིན་ན།
མི་ཚེ་འདི་སྤྲིན་དཀར་དེ་ཡིན་ན།
འཇིག་རྟེན་རྒྱ་མཚོ་དང་གྱེས་ཀྱང་ཆོག
མི་ཚེ་འདི་ཟློས་གར་ཞིག
བྱ་བྱེད་འདི་སྟངས་སྟབས་ཤིག
ཉམས་འགྱུར་དེ་ལྟད་མོ་ཞིག
ཡོལ་བ་ཡིས་བསྒྲིབས་ཀྱང་ཆོག
སེམས་ཁམས་དེ་རྒྱ་མཚོའི་རླབས།
ཚོར་འདུ་དེ་ཟེགས་མ་འདྲ།
རང་དབང་གི་མཁའ་དབྱིངས་སུ།
ཉི་མའི་གྲོགས་སུ་བསྡེབས་ཀྱང་ཆོག