༅༅།། སྤྱི་འཐུས་ཀྱི་འོས་བསྡུ་སླེབས་གྲབས་ཡོད། ཉེ་སྔོན་ང་ཚོས་ཆོས་ལུགས་ཀྱི་སྤྱི་འཐུས་སྐོར་ལ་ཁ་བརྡ་བྱས་པ་རེད། ད་རེས་ང་ཚོས་ཆོལ་ཁ་གསུམ་དང་ཕྱི་རྒྱལ་གྱི་སྤྱི་འཐུས་ཚོའི་སྐོར་བཤད། ཆོལ་ཁ་དང་ཕྱི་རྒྱལ་གྱི་སྤྱི་འཐུས་རྣམ་པའི་སྐོར་གླེང་སྐབས། གཙོ་བོ་སྤྱི་འཐུས་དེ་དང་དེའི་སྤྱི་དོན་དང་འབྲེལ་བའི་ལོ་རྒྱུས་དང་། དེ་མུ་མཐུད་སྤྱི་འཐུས་སུ་དགོས་ན་དགོས་པའི་རྒྱུ་མཚན་དང་། མི་དགོས་ན། མི་དགོས་པའི་རྒྱུ་མཚན་གསལ་པོ་དང་དྲང་པོ་དྲང་བཞག་གིས་བཀོད་རོགས། དེ་བཞིན་སྤྱི་འཐུས་དེ་ཚོར་ང་ཚོས་རེ་བ་གང་ཞིག་ཡོད་པ་དང་། ཁོང་ཚོར་སྐྱོན་ཆ་གང་དང་གང་ཡོད་པ། གནད་དོན་གང་ལ་ཤུགས་རྒྱག་དགོས་མིན། གང་ལ་ལེགས་བཅོས་བྱེད་དགོས་མིན་སོགས་ཀྱང་གླེང་ཐུབ་ན་ཡག་པོ་འདུག
མདོ་སྨད་ཀྱིས་མིས་དབུས་གཙང་གི་སྤྱི་འཐུས་འདེམས་ས་མེད་ལ། དབུས་གཙང་གི་མིས་མདོ་སྟོད་ཀྱི་སྤྱི་འཐུས་འདེམས་ས་མེད། དེ་བཞིན་ནུབ་ཕྱོགས་ཀྱི་ཡུལ་གྲུར་གནས་པ་ཚོས་ཆོལ་ཁ་གང་གིའང་སྤྱི་འཐུས་བདམས་ཆོག་གི་མེད། འོན་ཀྱང་ང་རང་ཚོ་བོད་ཀྱི་ཆབ་འབངས་ཤིག་ཡིན་པའི་ཆ་ནས། ད་ཡོད་སྤྱི་འཐུས་ཚོའི་དགེ་སྐྱོན་གླེང་ན། སྤྱི་འཐུས་རྣམ་པ་མང་ཆེ་བ་གོ་ཤེས་ཉན་ཤེས་ཐུབ་མཁན་དེ་འདྲ་ཡིན་པས། མ་འོངས་པར་རང་རང་གི་ཕྱག་ལས་གནང་ཕྱོགས་ལ་ཏན་ཏན་ཕན་ངེས་རེད། དེར་བརྟེན། ངེད་ཅག་བསམ་འཆར་འདོན་མཁན་ཚོས་ཀྱང་། སྤྱི་སེམས་རྣམ་དག་ཅིག་དང་བོད་ཀྱི་ཆབ་འབངས་ཤིག་གི་ས་མཚམས་ནས་དགོངས་འཆར་གནང་ན་ཡག་པོ་འདུག་མ་གཏོགས། རང་ཉིད་ཀྱི་ཆོལ་ཁ་དང་ཆོས་ལུགས་རྨང་གཞིར་བྱས་ཏེ། འཐེན་འཁྱེར་གྱི་བཀའ་མོལ་གནང་ན་བགྲོ་གླེང་གི་ཁ་བརྡ་འདི་དག་རང་གཞན་གྱི་དུས་ཚོད་དང་ནུས་པ་འཕྲོ་བརླག་གཏོང་བྱེད་ཆགས་རྒྱུ་རེད།
ངས་སྐྱོན་ཡོད་སར་སྐྱོན་བརྗོད་བྱེད་དགོས་པའི་སྐུལ་སློང་བྱེད་ཀྱི་ཡོད། འོན་ཀྱང་སྐྱོན་བརྗོད་གང་བྱས་ཀྱང་རྒྱུ་མཚན་རྣམ་དག་དང་གུས་ཞབས་ཡོད་པའི་ཐོག་ནས་གནང་རྒྱུའི་རེ་བ་ཡོད། གང་ཡིན་ཟེར་ན། ད་ཡོད་སྤྱི་འཐུས་འདི་དག་རྒྱ་ཆེའི་མང་ཚོགས་ཀྱིས་ཡིད་ཆེས་ཆེན་པོས་རང་རང་གི་རྩ་ཆེའི་འོས་ཤོག་བླུག་སྟེ་བདམས་པ་ཞིག་ཡིན་པས། སྤྱི་འཐུས་བྱེ་བྲག་པ་ཞིག་ལ་རྒྱུ་མཚན་འདི་ཡིན་མེད་པར་ངན་སྨྲས་བྱས་ཚེ། སྤྱི་འཐུས་དེ་ལ་རྩིས་མེད་གུས་མེད་བྱས་པ་ཙམ་མ་ཡིན་པར། ཁོང་འོས་འདེམས་བྱེད་མཁན་མང་ཚོགས་ལ་རྩིས་མེད་གུས་མེད་བྱས་པ་ཞིག་རེད། དེར་བརྟེན་སྐྱོན་བརྗོད་དང་བསྔགས་བརྗོད་གང་བྱས་ཀྱང་གུས་ཞབས་ཡོད་པ་དང་རྒྱུ་མཚན་དཔང་པོར་བཞག་སྟེ་གནང་རོགས་ཞེས་གསོལ་བ་ལགས།
སྤྱི་འཐུས་རྣམ་པའི་འདྲ་པར་རྣམས་དཀྱུས་གཅིག་ཏུ་བཀོད་ཡོད། དེ་ཡང་སྟར་པ་དང་པོ་ནས་བརྩིས་ཏེ་དང་པོ་བཅུ་ནི་དབུས་གཙང་གི་སྤྱི་འཐུས་ཡིན། བཅུ་གཅིག་པ་ནས་ཉི་ཤུ་པ་བར་མདོ་སྟོད་ཀྱི་སྤྱི་འཐུས་རྣམས་ཡིན། ཉེར་གཅིག་པ་ནས་སུམ་ཅུ་པ་བར་མདོ་སྨད་དང་། སོ་གཅིག་པ་ནས་སོ་གསུམ་བར་ཡུ་རོབ་དང་བྱང་ཨ་རིའི་སྤྱི་འཐུས་རྣམས་ཡིན།
དང་པོ་དབུས་གཙང་ཆོལ་ཁའི་སྤྱི་འཐུས་བཅུ་ནི། (འདྲ་པར་དང་པོ་ནས་བཅུ་པ་བར།) ༡་ དབུས་གཙང་སྤྱི་འཐུས་སྟོད་མངའ་རིས་སྐྲ་བདུན་ཀརྨ་ཆོས་འཕེལ། ༢་ དབུས་གཙང་སྤྱི་འཐུས་འབྲོག་སྨད་ཚེ་བརྟན་ནོར་བུ། ༣་ དབུས་གཙང་སྤྱི་འཐུས་བྲག་སྣེ་སྒྲོལ་མ་ཚེ་རིང༌། ༤་ དབུས་གཙང་སྤྱི་འཐུས་དིང་རི་བར་འཚོ་ངག་དབང་ལྷ་མོ། ༥་ དབུས་གཙང་སྤྱི་འཐུས་ས་སྐྱ་ཀརྨ་ཡེ་ཤེས། ༦་ དབུས་གཙང་སྤྱི་འཐུས་དིང་རི་ར་ཆུ་ཟླ་བ་ཚེ་རིང༌། ༧་ དབུས་གཙང་སྤྱི་འཐུས་རྒྱལ་ནོར་ཚེ་དབང༌། ༨་ དབུས་གཙང་སྤྱི་འཐུས་མངའ་རིས་ར་བང་ཡེ་ཤེས་ཕུན་ཚོགས། ༩་ དབུས་གཙང་སྤྱི་འཐུས་རྫོང་དགའ་གཙང་ཚེ་རིང་སྒྲོལ་མ། ༡༠་ དབུས་གཙང་སྤྱི་འཐུས་གམ་པ་ཟླ་བ་ཕུན་སྐྱིད་བཅས།
གཉིས་པ། མདོ་སྟོད་སྤྱི་འཐུས་བཅུ་ནི། (འདྲ་པར་བཅུ་གཅིག་པ་ནས་ཉི་ཤུ་བར།)༡༡༌ མདོ་སྟོད་སྤྱི་འཐུས་ཉག་རོང་རྒྱ་རི་སྒྲོལ་མ། ༡༢་ མདོ་སྟོད་སྤྱི་འཐུས་སྡེ་དགེ་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། ༡༣་ མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། ༡༤་ མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ༡༥་ མདོ་སྟོད་སྤྱི་འཐུས་སྨར་ཁམས་བསོད་ནམས་སྟོབས་རྒྱས། ༡༦་ མདོ་སྟོད་སྤྱི་འཐུས་ལི་ཐང་བདེ་བ་ཚང་རྡོ་རྗེ་དབང་འདུས། ༡༧་ མདོ་སྟོད་སྤྱི་འཐུས་ཆབ་མདོ་གཡུ་སྒྲོན་དབུ་དཀར་ཚང༌། ༡༨་ མདོ་སྟོད་སྤྱི་འཐུས་སྒ་པ་ཆོས་སྐྱོང་དབང་ཕྱུག ༡༩་ མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། ༢༠་ མདོ་སྟོད་སྤྱི་འཐུས་དཀར་མཛེས་ཚུལ་ཁྲིམས་བསྟན་འཛིན།
གསུམ་པ། མདོ་སྨད་ཀྱི་སྤྱི་འཐུས་བཅུ་ནི། (འདྲ་པར་ཉེར་གཅིག་པ་ནས་སུམ་ཅུ་པ་བར།) ༢༡་ མདོ་སྨད་སྤྱི་འཐུས་སྣང་ར་སྤེན་པ་ཚེ་རིང༌། ༢༢་ མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང༌། ༢༣་ མདོ་སྨད་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། ༢༤་ མདོ་སྨད་སྤྱི་འཐུས་སྟག་འཚེར་བསྟན་འཛིན་མཁས་གྲུབ། ༢༥་ མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ། ༢༦་ མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ། ༢༧་ མདོ་སྨད་སྤྱི་འཐུས་བྱ་ཁྱུང་འཕེལ་རྒྱས་སྒྲོལ་མ་མཚོ་མོ། ༢༨་ མདོ་སྨད་སྤྱི་འཐུས་ཅོ་ནེ་ཚེ་རིང་གཡུ་སྒྲོན། ༢༩་ མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར། ༣༠་ མདོ་སྨད་སྤྱི་འཐུས་ཧོར་གཙང་ཡེ་ཤེས་སྒྲོལ་མ།
བཞི་པ། ཡོ་རོབ་དང་བྱང་ཨ་རིའི་སྤྱི་འཐུས། (འདྲ་པར་སོ་གཅིག་པ་ནས་སོ་གསུམ་པ་བར།) ༣༡་ ཡོ་རོབ་སྤྱི་འཐུས་བསོད་ནམས་ཚེ་རིང་ཕར་སི། ༣༢་ ཡོ་རོབ་སྤྱི་འཐུས་སྨོན་མཁར་བསོད་ནམས་ཕུན་ཚོགས། ༣༣་ བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན།
དཔར་ལ་ལྟོས་ན་ཚང་མ་གསར་བུ་གསར་མོ་རྐྱང་རེད། ཡང་བསྐྱར་ཁོ་ཚོ་འདེམས་ན་ཡག་ས་རེད། ཁོང་ཚོའི་ནང་ན་འདི་མི་ཧྲ་གི་ཟེར་ས་གཅིག་ཀྱང་མི་འདུག སྔོན་མ་ཡིན་ན་ང་བསྟན་འཛིན་མགོན་པོ་ལ་རྒྱག་རེས་མང་པོ་རྒྱབ་མྱོང་། སྤྱི་སེམས་མེད་མཁན་ཟེར་ནས་རྒྱག་རེ་རྒྱབ་མྱོང་། དེང་སང་བསམ་བློ་བཏང་ན་ཁོ་ངོ་ནས་སྤྱི་སེམས་ཡོད་མཁན་གྲས་རེད། ཆེན་པོ་ཁ་ཤས་ལ་སྐྱོན་མཐོང་ན་བཤད་ཕོད་པ་དང་། སྒྲུབ་ཕོད་པ་ཡིན་མིན་མི་ཤེས། འོན་ཀྱང་ད་ལྟ་ལྟོས་ན་ཁོང་མུ་མཐུད་དུ་ཡང་མར་གང་ལ་ཡང་མ་སོང་པར་རྡ་སར་བསྡད་དེ། རྒྱག་རེ་རྒྱག་ཞོར་དང་། ལས་ཀ་ལས་ཞོར་བྱས་ནས་བསྡད་འདུག ངོ་ནས་ཁོ་ལྟ་བུ་ལ་ཡིད་རངས་ཤོར།
མདོ་སྟོད་གྱི་ཨུ་རྒྱན་སྟོབས་རྒྱལ་དང་བསོད་ནམ་སྟོབས་རྒྱལ་གཉིས་དགོང་པ་ཞུས་ཟིན། གཞན་དེ་དག་ནང་གི་འཇུ་ཆེན་དཀོན་མཆོག་དེ་ཡག་པོ་མི་འདུག་ཞེན་ཁོག་ཆེ་དྲག་འདུག་། དཀར་མཛེས་ཚུལ་ཁྲིམས་བསྟན་འཛིན་ལོ་མཐོན་པོ་རེད་ད་དགོང་པ་ཞུས་ན་ཡག་ཤོས་རེད། དབུ་གཙང་གི་ཟླ་བ་ཚེ་རིང་།་བྲག་སྣེ་སྒྲོལ་མ་ཚེ་རིང༌རྒྱལ་ནོར་ཚེ་དབང༌།ཟླ་བ་ཕུན་སྐྱིད་བཅས་ཡག་པོ་མི་འདུག་ཞེན་ཁོག་ཆེན་པོ་རེད་འདུག།
མདོ་སྨད་ནས་སྒྲོལ་མ་མཚོ་མོ་དང་བསྟན་འཛིན་མགོན་པོ་ཡག་པོ་མི་འདུག་ཞེན་ཀོག་ཆེན་པོ་རེད་འདུག།
ད་དེ་ཙམ་ཡིན་བརྗེས་སུ་ད་དུང་དཔྱད་རྒྱུ་མང་ངོ།
མདོ་སྟོད་ཀྱི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་མདོ་སྨད་ཀྱི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གཉིས་ས་ཆ་རྒྱབ་ལ་འཁྱེར་ནས་སྤྱི་འཐུས་སུ་སླེབས་པ་རེད། འཇོན་ཐང་རྒྱབ་ལ་འཁྱེར་ནས་སླེབས་པ་མ་རེད། ཁོ་གཉིས་ཀ་མི་དགོས།
ལྷག་པར་མདོ་སྟོད་གསེར་རྟ་ཚུལ་ཁྲིམས་ཀྱིས། བང་ཆེན་ཚགས་པར་བཀོལ་ཏེ། སྤྱི་ཚོགས་ནང་འཐེན་འཁྱེར་གྱི་ལས་ཀ་ཧ་ཅང་མང་བོ་བྱེད་བཞིན་འདུག དཔེར་ན། བློ་བཟང་སེང་གེེས་བང་ཆེན་ལ་སྦྱིན་བདག་བྱས་པ་དང་སྦྱིན་བདག་བཙལ་བའི་རྒྱུ་མཚན་གྱིས་ད་ཆ། རྒྱ་རི་སྒྲོལ་མ་ལ་ངན་སྨྲས་དང་བཀྲས་མཐོང་སོགས་ལ་ཕྱོགས་གང་ས་ནས་སྐྱོན་འཛུགས་སྣ་ཚོགས་བྱེད་བཞིན་རེད་ལ་མ་འོངས་ཟླ་ཤས་ནང་དེ་བས་ཀྱང་ཤུགས་ཆེ་རུ་འགྲོ་རྒྱུ་ངེས་བ་རེད།
དབུས་གཙང་གི་ཀརྨ་ཆོས་འཕེལ་མི་དགོས། ཚོགས་གཙོ་ཡིན་སྐབས་ར་བཟི་ནས་གནམ་ཐང་ནས་ལུས་པ་སོགས་ལོ་རྒྱུས་རྫོབ་བོ་མང་།
མདོ་སྨད་ཀྱི་སྲས་བསྟན་འཛིན་མཁས་གྲུབ་འདི་ཡང་གང་འདྲ་ཡིན་ནམ། དབུས་གཙང་གི་ཀརྨ་ཡེ་ཤེས་འདི་བོད་ནས་གསར་དུ་འབྱོར་བ་ཚོར་སྡང་ཞིང་དབྱེན་སྦྱོར་དཀྲུང་ཤིང་གི་རྒྱལ་བོ་ཡིན་འདུག་པས་མི་དགོས།
ཁང་གསར་བ། ཆོས་རྒྱུད་སྤྱི་འཐུས་ཀྱི་སྐོར་དེའི་ནང་ངས་ཁྱོད་ལ་གནད་དོན་ཁ་ཤས་ཤིག་བྲིས་ཡོད། ད་དུང་ཡང་ལན་མི་འདུག
སྤྱི་འཐུས་ཚང་མའི་འདྲ་པར་གསལ་བོ་ཁྱོད་རག་འདུག འདི་ཚོ་ཐབས་ཤེས་ཅི་ལྟར་བྱས་ཡིན།
ད་ཐེངས་གསེར་རྟ་ཚུལ་ཁྲིམས་ཟེར་པ་འདི་གཉིས་མི་དགོས། ཆོལ་ཁའི་དབར་གྱི་དཀྲུགས་ཤིང་ཆགས་འགྲོ་གི་འདུག ང་ཚོར་ཁམས་རྫུན་ཡང་མི་དགོས་པ། ཨམ་རྫུན་ཡང་དགོས་མདོག་ཁ་བོ་མ་རེད། ཀོང་པོ་ཡང་དེ་དེ་བཞིན་རེད།
མདོ་སྟོད་ནང་གི་བུ་མོ་འོ་དཀར་གཡུ་སྒྲོན་དང་། དེ་བ་ཚང་རྡོ་རྗེ་གཉིས་ལ་བསྔགས་བརྗོད་ཡོད
དབུས་གཙང་གི་རྒྱལ་ནོར་ཚེ་དབང་དང་ངག་དབང་ལྷ་མོར་བསྔགས་བརྗོད་ཡོད། གཉིས་ཀས་ཉམས་ཐག་དང་དབང་བོ་སྐྱོན་ཅན་ལ་སྦྱིན་བདག་རོགས་རམ་བྱེད་བཞིན་འདུག
དྲི་བ་འདི།
ཁྱེད་ཀྱིས་མི་དེ་སྤྱི་འཐུས་སུ་འདེམས་དགོས་པའི་རྒྱུ་མཚན་གང་ཡིན། རེ་བ་ག་རེ་གི་ཐོག་ནས་ཁོང་སྤྱི་འཐུས་ལ་འོས་བླུགས་པ་ཡིན། དོན་དེ་ལ་བསམ་བློ་སྔོན་ནས་གཏོང་ཐུབ་ན་་་་དེ་ནས་་་དེ་ག་རང་རེད།
གོང་དུ་མི་ཞིག་གི་འདི་ཡང་མི་དགོས་་ཕ་གི་ཡང་མི་དགོས་ཅེས་བྱིས་ཆུང་ཅིག་ལྟ་བུ་ངུ་སྐད་རྒྱག་གི་འདུག་་་ངས་ལྟས་ན་ཞེན་ཁོག་ཡོད་མཁན་ཟེར་མཁན་དེ་ཡག་པོ་རེད་བསམ་གྱི་འདུག་ ཞེན་ཁོག་མེད་མཁན་དེ་ག་འདྲ་ཞིག་ཡིན་ན་ ཚོར་བ་མེད་པའི་བེམ་པོ་ཡིན་ནམ ཅི་རེད་ ཞེན་ཁོག་ཟེར་བ་དེ་དང་པོ་གྲོང་བརྡལ་ནས་གྲོང་ཁྱེར་ ཡུལ་ལུང་ནས་རྒྱལ་ཁབ་ལ་སླེབས་དགོས་པ་ཞིག་རེད་ ཆོལ་ཁའི་ཞེན་ཁོག་ཡོད་མཁན་དེ་མཐའ་གཅིག་ཏུ་ཆོལ་ཁ་གཞན་གྱི་མི་ལ་དགའ་གི་མེད་པ་དང་སྡང་ཟུག་བྱེདཔ་དེ་འདྲ་མ་རེད་བསམ་གྱི་འདུག་ གནད་དོན་གང་ཡིན་མ་གླེང་བར་ཞེན་ཁོག་ཆེན་པོ་འདུག་ཅེས་བཤད་ན་དེ་ལྟར་གླེང་མཁན་མི་དེའི་བསམ་བློ་གཏོང་སྟངས་ག་འདྲ་ཞིག་ཡིན་ནམ་ ངས་བསམ་པར་ཁྱེད་རང་ཆོལ་ཁའི་འཐེན་འཁྱེར་བྱེད་མཁན་དེ་འདྲ་རེད་བསམ་གྱི་ གནད་དོན་ཚང་མ་ཕྱི་གསལ་ནང་གསལ་གྱི་བཤད་ཕོད་པ་དེ་ཞེན་ཁོག་ཡིན་རྒྱུ་མ་རེད་ ཨ་ འདི་འདྲ་མ་རེད་པས་་ ཡང་ན་གནད་དོན་སྐོར་ཞིག་གླེང་དང་ དེ་ནས་ང་ཚོ་བགྲོ་གླེང་བྱེད་ཆོག་
དབུས་གཙང་ནང་ལ་བཤད་ཕོད་མཁན་ཟླ་བ་ཆེ་རིང་དང་ཟླ་བ་ཕུན་སྐྱིད་ རྒྱལ་ནོར་ཚེ་དབང་བཅས་རེད་ གཞན་བུད་མེད་དེ་ཚོ་ཁ་ནི་མི་སྐྲག་ ངག་དབང་ལྷ་མོ་ཟེར་བ་དེ་ལོ་སྟོམ་ནག་དེ་སྤྱི་འཐུས་བྱས་པ་རེད་་ཚོར་བ་གསར་པ་འདྲ་བོ་གང་ཡང་སྤྲད་མ་བྱུང་ རྐུབ་སྐྱག་ཚ་པོ་བཟོ་མཁན་འདྲ་བོ་རེད་
ཀརྨ་ཆོས་འཕཻལ་ཟེར་བའི་ཁྱི་རྒན་འདིའི་ཁམས་རྫུན་དུ་དོན་ཏེ་འཇུ་ཆེན་གྱི་སྐྱག་རྐུབ་འདགས་རྐྱང་བྱེད་ ཁ་བདེ་བོ་བཤད་དེ་མི་གླེན་པ་མང་པོ་ཞིག་ལ་མགོ་སྐོར་བསླུ་འཁྲིད་བྱེད་ འདི་མེད་ན་ཡག་ས་རེད་
ཡེ་ཤེས་ཕུན་ཚོགས་ཟེར་མཁན་འདི་མཁས་པོ་དང་ཟོལ་ཟོལ་བྱས་ ཟམ་གདོང་རིན་པོ་ཆེའི་རུས་པ་ཞིག་ག་དུས་དབྱུགས་ཡོང་བསམ་སྒུག་སྡོད་མཁན་དེ་འདྲ་རེད་ འོན་ཀྱང་རིན་པོ་ཆེའི་ཁོ་ལ་བདག་པོ་རྒྱག་གི་ཡོད་མ་རེད་
བུ་ཡོན་ཏན་ཟེར་བའི་ཁྱི་རྒན་དེའི་སྤྱི་དོན་ཁ་ལ་འཁྱེར་ནས་རང་དོན་ཁོ་ན་སྒྲུབ་མཁན་ཞིག་རེད་ གཅིག་སྒྲིལ་ཚོགས་པའི་ངག་དབང་བསྟན་པ་དང་གྲོགས་འདྲིས་བྱས་སྟེ་ཀོ་ཀོ་ནོར་མགྲོན་ཁང་ཁེ་པོ་ཞིག་ལ་ཉོས་པ་དང་ད་ཆ་ཆབ་སྲིད་ཐཽག་ཕྱག་མཛོད་ངག་དབང་བསྟན་པའི་ག་པ་འཁྲིད་འཁྲིད་རེད་ཟེར་ མི་འདི་དབུས་གཙང་གི་ཚོགས་གཙོ་དང་སྟོད་པའི་ཚོགས་གཙོ་སོགས་བྱས་ནས་དབུས་གཙང་གང་ཚགས་ཆུ་ནང་དབྱུགས་མཁན་ཞིག་རེད་ ད་ཆ་དབུས་གཙང་མི་མང་ཤུགས་ཆེ་བའི་བཀའ་བློན་ཁྲི་པ་སྐུ་ངོ་བཀྲིས་དབང་འདུད་ལ་འདོད་པ་ཡོད་རེད་དེ་ མི་འདི་འདྲ་བའི་ཆབ་སྲིད་དང་རང་དོན་གྱི་དགོས་མཁོ་ལ་བསྟེན་ནས་བསྟན་འཛིན་རྣམ་རྒྱལ་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད་ བཀྲིས་དབང་འདུད་ཉམས་མྱོང་ཆེ་བ་དང་བརྟན་པ་ཡོད་རེད་ བསྟན་འཛིན་རྣམ་རྒྱལ་ཟེར་མཁན་འདི་མི་འཆལ་ལ་འཆོལ་ལེ་ཚང་མ་ལ་བདག་པོ་རྒྱག་མཁན་དང་ཆོག་སྤང་དེ་འདྲ་ལ་ཡང་ཡ་རྒྱག་མཁན་དེ་འདྲ་རེད་ཟེར་ དུས་ཚོད་གཉན་འཕྲང་འདི་འདྲ་ལ་མི་འདི་ལྟ་བུ་ཞིག་བཀའ་བློན་ཁྲི་པ་ཆགས་ན་ཉེན་ཁ་ཧ་ཅང་ཆེན་པོ་རེད་ ཡ་ཐ་འདི་འདྲ་ཞིག་མིན་འགྲོ་
འོ་རེད་ མདོ་སྨད་ནང་ནི་བསྟན་འཛིན་མགོན་པོ་ལ་དགའ་གི་ཡ་ མི་འདི་ཧ་ཅང་བསམ་བློ་གུ་ཡངས་ཞིག་རེད་ སྲས་བསྟན་འཛིན་མཁས་གྲུབ་འདི་ཡང་རྐུབ་སྐྱག་ཚ་པོ་བཟོ་མཁན་ལྟ་བུ་རེད་ གཞན་དག་ངོ་ཡང་མི་ཤེས་ལ་ཧ་མི་གོ་
མདོ་སྟོད་ནང་ལ་བསོད་ནམས་སྟོབས་རྒྱལ་ཟེར་མཁན་འདི་འཇུ་ཆེན་གྱི་རྒྱུགས་ཁྱི་དང་མགོ་སླ་བོ་དེ་འདྲ་རེད་མ་གཏོགས་སྐད་ཆ་བཤད་ཕོད་མཁན་དང་ཡག་པོ་ཞིག་འདུག་ རྒྱ་རི་སྒློལ་མ་ལས་འཇུ་ཆེན་དཀོན་མཆོག་དྲག་ས་རེད་ རྒྱ་རི་སྒྲོལ་མ་ཟེར་བ་འདི་གླང་ཁྱི་ལྟར་རུས་པར་སྒུག་སྡོད་མཁན་ལྟ་བུ་མཐོང་ འཇུ་ཆེན་དཀོན་མཆོག་གི་ཞེན་ཁོག་བྱེད་ས་ཁྱིམ་ཚང་དང་ཆོལ་ཁ་ཡིན་ཡང་འགྲིག་གི་འདུག་ སྐད་ཆ་ཤོད་ཕོད་མཁན་ཞིག་རེད་འདུག་ འདི་འདྲ་དགོས་ཀྱི་འདུག་ ཟོལ་ཟོལ་མཁས་མཁས་ སྨིན་མ་ཟིང་ཟིང་བྱེད་མཁན་འདི་འདྲ་མི་དགོས་པ་རེད་
ཨོ་རེད་ ཡེ་ཤེས་སྒྲོལ་མ་ཟེར་བ་འདི་ཨ་འབྲུག་ཚང་གི་ལྕགས་དཀྱུ་བརྒྱུད་ནས་སླེབས་པ་ཞིག་རེད་ ལས་བྱེད་ཡིན་ན་འགྲིག་ སྤྱི་འཐུས་དེ་ཡག་པོ་ཞིག་གདམས་ན་བཟང་གི་
ཡ་ད་ བཤད་ཚར་སོང་ དྲ་གྲོགས་ཁྱེད་ཆོའི་ཅི་ཞིག་དགོངས་གསུང་རོགས་མཛོད་
ཡ་ད་རང་གི་རིགས་ལ་ཞེན་པ་དཀར་པོ་འདིས་ཀུན་ནས་གཡོས་ཏེ་ཅིག་འབྲི་ཁུལ་བྱེད།
ཕན་དང་མི་ཕན་དང་ཉན་དང་མི་ཉན་མི་མང་གིས་ལག་རེད།
སྨྲ་བརྗོད་ཀྱི་རང་དབང་ལོངས་སུ་སྤྱོད་མ་ཐུབ་ན་རང་གིས་སྡུག་གྱོང་རེད།
དང་བོ་དབུས་གཙང་གི་ཀརྨ་ཆོས་འཕེལ་དང་ཟླ་བ་ཚེ་རིང་གཉིས་ལ་ཡོན་ཏན་ཤེས་བའི་ཐོག་ནས་དགའ་བོ་ཡོད། གཞན་བླ་རྒན་དེ་ཅིག་འཇོན་མདོག་མདོག་བྱེད་མཁན་ཞིག་ཡིན་ཀྱང་དྲང་མོ་ཞིག་འེ་ཡིན་སྙམ་པའི་
དོག་པ་ཡོད་གཞན་རྣམས་ལ་ཆ་རྒྱུས་མེད་པས་དབུས་གཙང་མི་མང་གིས་བལྟ་རོགས།
མདོ་སྟོད་གིས་ནང་ནས་གཏན་ནས་མི་དགོས་པ་གཅིག་ནི་གསེར་རྟ་ཚུལ་ཁྲིམས་ཟེར་བའི་གྲྭ་ལོག་དེ་རེད།
དེའི་སྐྱོན་དག་གོང་དུ་དྲ་གྲོགས་ཞིག་གིས་དངོས་ཡོད་གནས་ཚུལ་གླེང་འདུག་པས་ཁ་སྣོན་མི་དགོས་བར་སེམས།གཞན་སྤྲུལ་སྐུ་ཅིག་ཟེར་བ་དེ་ལ་སྐྱོན་ཤེས་བའི་ཐོག་ནས་དགའ་བོ་མེད་མི་དེ་དང་དེའི་ཕྱོགས་སུ་གཏོགས་ཚོ་བོད་སྤྱི་པའི་དགྲ་ཞིག་ལ་ངོས་འཛིན་གིས་ཡོད་འོན་ཀྱང་ད་ལོ་ནས་དགོངས་བ་ཞུས་ཡོད་པ་འདྲ་ཡག་པོ་རེད།གཞན་རྒྱལ་བུ་སྒྲོན་མ་ནི་ངའི་སེམས་ངོ་ན་ལྷག་བསམ་རྣམ་དག་གིས་བོད་མི་མང་ལ་ཞབས་ཞུ་
སྒྲུབ་མཁན་གྱི་མི་སྣ་ཞིག་ཡིན་འཇུ་ཆེན་དཀོན་མཆོག་ཡང་རང་དོན་དང་སྤྱི་དོན་གཉིས་ཀ་ལ་ནུས་ལྡན་ཞིག་མཐོང་བའི་ནམ་ཞིག་ནོར་འཁྲུལ་ཡོ་སྲིང་བྱས་ནས་བོད་སྤྱི་བའི་ལུས་དོན་སྒྲུབ་རྒྱུའི་རེ་བ་ཡོད།
གཞན་མི་ཤེས།
མདོ་སྨད་ནས་ང་ཧ་ཅིང་མི་དགའ་ས་གཅིག་ཡོད་པ་དེ་གསེར་ཐ་བ་གྲྭ་བ་དེ་ཡིན་དེ་གཏན་ནས་དགོས་བ་མི་
འདུག་འགོ་བདེ་དྲན་འཁྲུལ་ཅན་དེ་ཚོ་རྒྱབ་རྩ་དང་བཅས་བ་རྩ་མེད་མ་བཟོས་ན་ནམ་ཞིག་བོད་བའི་འགོ་མེད་པའི་ཡན་ལག་ཆག་དུམ་འདི་དག་འཐོར་ཞིག་དུ་འགྲོ་བའི་ཉེན་ཁ་ཧ་ཅིང་ཆེ།
ངའི་དུས་རྒྱུན་ད་ལྟའི་སྐབས་ཆོལ་ཁའི་རྩོད་གཞི་བྱས་ཏེ་ཆོལ་གསུམ་ནང་ཁུལ་དཀྲིགས་ཤིང་བྱེད་པ་ནི་
འགོ་དགྲ་ལག་ཏུ་ཤོར་ནས་ཡན་ལག་སྲུང་བ་དང་གཅིག་པ་མཐོང་གིས་ཡོད་གཞན་བསྟན་འཛིན་མགོན་པོ་ལ་
དགའ་བོ་མེད་དེའང་རྒྱུ་མཚན་ལྡན་པ་ཡིན་རང་དོན་གཞན་དོན་གང་ཡང་མཇོན་མཁན་ཞིག་མ་རེད།
གཞན་སྤེན་པ་ཚེ་རིང་དང་རྒན་ལྷ་མོ་སྐྱབས། ཟླ་བ་ཚེ་རིང། འདི་ཚོ་ཧ་ཅིང་ཡག་པོ་མཐོང་གིས་ཡོད།
འཕེལ་རྒྱས་སྒྲོལ་མ་ཡང་ཡག་པོར་མཐོང་གིས་ཡོད་ཞེན་ཁོག་མ་ཡིན་པར་མདོ་སྨད་ལ་མི་ཉུང་ཕྱིར་དེ་འདྲ་མ་གཏོགས་ཡོང་ཐབ་མེད་པར་སེམས།ཀིརྟི་གི་ཨ་ཡེས་དེའི་ད་དགོང་པ་ཞུས་རན་འདུག་སྐུབ་སྟེག་ལོ་མང་པོར་
མནན་རེད་ལོ་རྒས་ནས་གྲལ་འགོ་ལ་དེད་པ་ཙམ་རེད།གཞན་མདོ་སྨད་ལ་ཡང༼གཏམ་དཔེ་ཞིག་ལ༽སྩོག་ནས་ཁར་ངུས་ནི་ཟེར་བ་བཞིན་ཉུང་ནས་ཁར་ནད་སྙིང་ཞིག་འཕར་ནས་མ་འོངས་བའི་སྤྱི་མཐས་ནང་ལྷོ་ཕྱོགས་གིས་གྲྭ་དམག་ཞིག་དེད་ཡོང་གིས་འདུག་དེ་ལ་མི་མང་གིས་ཧ་ཅིང་གཟབ་དགོས་རེད།
ས་ཆས་ཚོད་ཀྱིས་རི་དྭགས་ཟེར་བ་བཞིན་ཤེས་མཇོན་གཉིས་ལྡན་གྱིས་མི་འགའ་རེ་ཡོད་རེད།
དཔེར་ན། ནོར་གླིང་འགན་འཛིན་སྒྲོལ་མ་སྐྱབས།ནོར་གླིང་རྨ་ཆུའི་སྒྲོན་དཀར་སྐྱབས།
བརྡ་སར་བསྟན་འཛིན་དོན་ཡོད། གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།དེ་མིན་དེང་སང་གི་རྒྱུན་ལས་ནང་དུ་མི་ཡག་པོ་དེ་འདྲ་ཡོད་རེད་མི་མང་གིས་མ་ནོར་བ་བྱེད་རོགས་ཞུ།།
དོ་དགོང་ཅུང་དཀའ་ཐལ། མང་པོ་མི་འབྲི།
སྤྱི་འཐུས་འདི་ཚོའི་འདྲ་པར་ཡོངས་རྫོགས། བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་དྲ་རྒྱ་ནས་རྙེད་པ་ཡིན། དེ་ཡང་སྤྱི་འཐུས་ལྷན་ཁང་གི་ངོ་སྤྲོད་དཔེ་དེབ་ཅིག་དབྱིན་ཡིག་ནང་ pdf བཟོས་ཏེ་དྲྭ་ཐོག་བཞག་འདུག་པ་ལས་བླངས་པ་ཡིན།
སྤྱི་འཐུས་རྣམ་པའི་མཚན་གཞུང་ཡོངས་རྫོགས་བོད་གཞུང་གི་དྲྭ་རྒྱ་ལས་བླངས་པ་ཡིན།
གངས་ལྷའི་དྲི་བ་གཞན་དེ་ལ་ལན་རྒྱག་འདོད་མ་བྱུང་། ཆོས་རྒྱུད་སྤྱི་འཐུས་ཚོས་རང་རེའི་གཞུང་གི་གཟུགས་བརྙན་གྱི་ཐད་ལ་ནུས་པ་ཆེན་པོ་ཞིག་ཐོན་བཞིན་པ་རེད། འོན་ཀྱང་། དེ་ལྟར་ཐོན་པའི་རྒྱུ་མཚན་གྱིས། ཆོས་ལུགས་ཀྱི་རྙོག་དྲ་ཡོད་ཚད་ཁོང་ཅག་གིས་སེལ་ཐུབ་པའི་དོན་མ་རེད། ཆོས་ལུགས་ཀྱི་རྙོག་དྲ་ཁག་ཅིག་སྤྱི་འཐུས་ཕར་བཞག སངས་རྒྱས་བཅོམ་ལྡན་འདས་སྐུ་དངོས་སུ་ཕེབས་ཀྱང་སེལ་ཐུབ་ཀི་མ་རེད།
སྤྱི་འཐུས་ཚོས་ངེས་པར་གནང་དགོས་པ་གང་དང་ཅི་འདུག དེ་ཚོ་གླེང་ཐུབ་ན་ཡག དཔེར་ན། བོད་ནས་གསར་དུ་འབྱོར་བ་ཚོར་འཛུལ་སའི་ཚང་དང་སྡོད་སའི་གནས་མེད་པའི་དཀའ་ངལ་དེ་ཆེན་པོ་རེད། དེའི་ཐད་ལ་སྤྱི་འཐུས་ཚོས་ག་རེ་གནང་ཐུབ་བམ།
ཁང་རྡོར་གྱིས་བྲེལ་ཟིང་གི་བར་ནས་ལན་གནང་བ་བཀའ་དྲིན་ཆེ། ཆོས་ལུགས་སྤྱི་འཐུས་ཐད་ལ་འུ་ཅག་བསམ་པ་མི་མཐུན་ནའང་། ཁྱེད་རང་གི་འགན་ཁུར་དང་སྤྱོད་ཚུལ་ལ་དང་བ་ཡོད།
རྒན་པ་དེ་ཚོ་ཡག་པོ་ཡོད་རེད། ཉམས་མྱོང་ཆེན་པོ་རེད། དེ་མིན་ཁ་གྲག་མིཐུབ་མཁན་གྲག་ན་པང་སེ་འཇོག་མཁན། ཡང་ན་རྐུབ་སྟེགས་ཚ་བོ་བཟོ་མཁན་དེ་ཚོ་མ་ཡོང་ན་ཡག་པོ་རེད། ཐུགས་བསམ་སྤྱི་ཡོངས་ནས་བགྱིས།
ལ་ཕར་རྒྱབ་ནས་ཀྱང་ལྟད་མོ་ལྟོས་བསྡད་ཡོད་རེད། ལྟས་ངན་ལ་བལྟ་སྐྱོར་དང་། དྲི་ངན་ལ་སྣོམ་སྐྱོར་མི་བྱེད། ཕྱིང་རུལ་གནམ་ལ་འཕྱར་ན་ཨེ་མཚར་ཏོ།
ཀརྨ་ཆོས་འཕེལ་ཐེངས་གཉིས་ཙམ་མཇལ་མྱོང་། གཅིག་ཕལ་ཆེར་ཉི་ཧོང་ནས་མཇལ་བ་ཡིན། ཁོང་གི་དབྱིན་ཧིན་བོད་གསུམ་གྱི་ཤེས་ཚད་ཡག་པོ་འདུག ལྷག་པར་ཆབ་སྲིད་ཀྱི་གནས་ཚུལ་དེ་ཚོ་ཡག་པོ་ཤེས་ཀི་འདུག ལྟ་བ་རང་བཙན་ཡིན་ཡང་ཚོགས་གཙོ་ཡིན་དུས། ཚོགས་གཙོའི་གོ་ས་དེ་རང་ལ་དཔགས་པའི་སྐད་ཆ་བཤད་ཐུབ་ཀི་འདུག ཡིན་ནའང་ཆང་རག་ཚོད་མེད་འཐུང་བ་དང་། ལས་བསོད་དབང་ཐང་ཡོད་པ་གང་ཞིག་ལ། རྒྱུན་རིང་པོ་ཞེ་དྲག་རང་ཡོད་ས་མ་རེད། ལོ་རྒྱུས་ལ་དཔྱད་ན། བཀའ་འགྱུར་རིན་པོ་ཆེའི་འོག་ལ་ལས་ཀ་བྱེད་དུས་ཀྱི་རྙོག་དྲ་དང་། དེ་རྗེས་གཞོན་ནུའི་རྒྱན་ཤོག་གི་རྙོག་དྲ། སིམ་ལའི་སློབ་སྤྱི་བྱེད་དུས་ཀྱི་རྙོག་དྲ། ད་དུང་ཚོགས་གཙོ་སྔ་རྗེས་བྱེད་སྐབས་ཀྱི་རྙོག་དྲ་སོགས་མི་འདི་ལ་རྙོག་དྲ་རྫོགས་རྒྱུ་ཞིག་མི་འདུག ཆབ་སྲིད་རྩེ་ཤེས་མཁན་ཞིག་རེད། ཡར་བཞག་ནའང་མ་འགྲིག གཡུག་བཞག་ནའང་ཕངས་སེམས་སྐྱེ་དགོས་པ་ཞིག་རེད།
སྐབས་རྗེས་མར་ཁོང་ཕལ་ཆེར་དབུས་གཙང་གི་སྤྱི་འཐུས་ལ་སླེབས་ཀི་མ་རེད། རྡོར་གླིང་སོགས་སུ་ཁོང་ལ་མ་དགའ་མཁན་ཧ་ཅང་མང་།
ཀརྨ་ཡེ་ཤེས་ཀྱི་སྐོར་ལ་ཁ་ཤས་བཤད་འདུག ཁོང་གསར་འབྱོར་བར་དགའ་བོ་ཡོད་མེད་དེ་རྒྱུས་མེད། གཞོན་ནུ་ལྷན་ཚོགས་ཀྱི་རྙོག་དྲ་དེ་ཚོར་ཁོང་གིས་ལག་པ་ཡང་ཡང་འཆང་གི་ཡོད་པ་འདྲ་ཞིག་འདུག གྲོས་ཚོཊ་ནང་ལ་ཁོང་གི་གནང་སྟངས་ཡག་པོ་འདྲ་ཞིག་འདུག་སྟེ། ས་འོག་དར་འཐག་གི་ལས་ཀ་ཏོག་ཙམ་བྱེད་ཀི་མེད་དམ་སྙམ། དེ་སྔོན་ཕ་ཡུལ་དྲ་རྒྱའི་ནང་ཁོང་གི་སྐོར་ཁ་ཤས་ཐོན་སོང་། འོན་ཀྱང་སྤྱི་འཐུས་སུ་མུ་མཐུད་སླེབས་ས་རེད་དྲན།
ཟླ་བ་ཚེ་རིང་འདི་མི་དངོས་གནས་བཤད་ཕོད་མཁན། བྱེད་ཕོད་མཁན་ཞིག་རེད། མི་སྤྱིར་བཏང་ཞིག་གིས་དཀའ་ལས་བརྒྱབ་ནས་སྤྱི་འཐུས་ལ་སླེབས་པ་རེད། ཡེ་ཤེས་ཕུན་ཚོགས་ཞེས་པ་དེ་རྒྱུས་མེད། ཁོང་ཆ་རྒྱུས་ཡོང་ཆེད་ཁོང་གིས་གྲོས་ཚོགས་ནང་སྐད་ཆ་བཤད་པའི་ནང་དོན་ཡོངས་རྫོགས་ལ་ངས་བསྐྱར་ལྟ་ཞིག་བྱས་པ་ཡིན། ཤེས་ཚད་ཞེ་དྲག་རང་ཡོད་ས་མ་རེད་དྲན། སྐད་ཆ་ཉམས་དོད་པོ་ཞིག་བཤད་འདོད་འདུག་སྟེ། གཏིང་ཚུགས་པའི་ལྟ་བ་མི་འདུག ཆ་ལེ་ཆོལ་ལེ་རེད། ཚེ་རིང་སྒྲོལ་མ་ཞེས་པ་དེའི་ཡོན་ཏན་ངས་ངོས་འཛིན་ཐུབ་མ་སོང་ལ་སྐྱོན་ཡང་ངོས་འཛིན་ཐུབ་མ་སོང་། དབུས་གཙང་སྤྱི་འཐུས་སུ་ཁོང་ཅིའི་པྱིར་ཐེངས་གཅིག་མིན་གཉིས་མིན་དུ་སླེབས་དོན་ཡང་ཤེས་མ་སོང་། དེ་ལ་གསང་བ་ཞིག་མེད་དམ་སྙམ།
ཟླ་བ་ཕུན་སྐྱིད་ཀི་སྐད་ཆ་ཁ་རི་ཁ་ཐུག་འདྲ་བོ་ཞིག་འདུག ཁོང་གིས་བཤད་པ་མང་པོ་ཞིག་ལ་གཞིགས་ན། གཞུང་གི་གཞུང་ཞབས་གནད་ཡོད་མང་པོ་དང་འབྲེལ་བ་ཆེན་པོ་ཡོད་ས་རེད་དྲན།
རྒྱལ་ནོར་ཚེ་དབང་ང་བལ་ཡུལ་ན་ཡོད་དུས་མཇལ་མྱོང་། ཕྱུག་པོ་རེད། ལག་པ་བཤང་པོ་འདྲ་ཞིག་ཡོད་རེད། བལ་ཡུལ་ནང་འཇོན་ཐང་ཡོད་པའི་གྲས་རེད། ཡིན་ནའང་ཆབ་སྲིད་ཀྱི་གོ་རྟོགས་གང་འདྲ་ཡོད་དམ།
དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་དང་བོན་པོའི་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་གཉིས་བསམ་འཆར་བཤད་པ་ཡིན་ན་ལུས་པོ་ཡོངས་རྫོགས་ལ་གཟའ་བརྒྱབ་པ་རྣམ་བཞིན་འདུག་དེ་ཡང་བོད་ཀྱི་དགྲ་བོ་སྟེ་སྤྱི་འཐུས་གྲོགས་ཚོགས་ནང་ལ་སླེབས་ཡོད་པ་རྣམ་ཞིག་འདུག་སྤྱི་འཐུས་གྲོགས་ཚོ་དེའི་ནང་དུ་ཕྱོགས་རིས་བྱེད་མཁན་དང་སྤང་བསྒྲིག་བྱེད་མཁན་གཙོ་བོ་སྟེ་ཁོང་རྣམ་པ་གཉིས་རེད་ཁ་ནས་བཤད་ནས་རྒྱ་ནག་བོད་ཀྱི་དགྲ་བོ་རེད་གསུངས་ཀྱིས་དངོས་གནས་བཤད་ན་ཁྱེད་རང་གཉིས་དགྲ་བོ་རང་རེད་འདུག
ད་ལོ་མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་ཚེ་རིང་དང་། སྤེན་པ་ཚེ་རིང་། ཟིང་ཆུ་གངས་རི། ཀླུ་མཁར་བྱམས། ལུང་རིག་རྒྱལ། རྨོག་རུ་བསྟན་པ། དབྲ་ཙ་སྐལ་བཟང་ལྷ་མོ། མཛངས་མ་ཚེ་རིང་ཆུང་བདག རྒན་པོ་བསྟན་འཛིན་མགོན་པོ། རྒྱལ་རག་ཐར་བཅས་ཡིན།
མདོ་སྟོད་སྤྱི་འཐུས་ནང་གི་ཨོ་དཀར་ཚང་གཡུ་སྒྲོན་དང་ཆོས་སྐྱོང་དབང་ཕྱུག དེ་བ་ཚང་རྡོ་རྗེ་བཅས་ཤེས་འཇོན་གཉིས་ལྡན་རེད། འབའ་བ་སྐལ་བཟང་འདིའི་ཡིག་འགྱུར་གྱི་རྩལ་བཟང་། རྒྱ་ནག་གི་འགྲོ་ལུགས་ཏོག་ཙམ་རྒྱུས་ཡོད་འདྲ། འོན་ཀྱང་གནས་ལ་ཐུག་དུས་དྲང་ཚུགས་གང་འདྲ་ཡོད་དམ་དྲན། དཔེར་ན། གྲོས་ཚོགས་ལས་རིམ་ཚགས་ཤོག་ཁག་ལ་བལྟ་དུས། ཐེངས་ཤིག་སུད་སིའི་རྟ་སྲས་ཚུལ་ཁྲིམས་ཀི་ཕྱོགས་བྱས་ཏེ། བོད་གཞུང་གི་ཐོག་ཏུ་ངར་ངར་རྫིག་རྫིག་མང་པོ་བྱས་འདུག རྗེས་སུ་རྩད་གཅོད་དུས། རྟ་སྲས་ཚུལ་ཁྲིམས་དང་འབའ་བ་སྐལ་བཟང་བར་ན། མགོ་དང་སྐེ་ཡི་འབྲེལ་བ་འདུག ཐ་ན་སུད་སི་ནའང་རྟ་སྲས་ཚུལ་ཁྲིམས་ཀྱིས་བོས་སྐད། དེ་ཚོ་དཔྱད་གཞི་རེད།
རྟ་སྲས་ཚུལ་ཁྲིམས་ཟེར་བ་དེ་སུ་རེད་ཟེར་ན། རྒྱ་ནག་དང་བོད་ལ་ལོ་རེ་ལ་ཐེངས་གཉིས་ལས་མི་ཉུང་བར་འགྲོ་མཁན་ཞིག་རེད། སུད་སི་ན་རྒྱ་དཔོན་ཡོང་དུས་ཐེངས་དང་པོར་ཁ་བཏགས་འབུལ་མཁན་དེ་རེད། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ན། རྒྱ་ནག་དམར་གཞུང་གི་དཔོན་པོ་ཞིག་ཕྱི་ལ་ཡོང་སྐབས་བཙན་བྱོལ་བོད་མི་ཞིག་གིས་ཁ་བཏགས་ཕུལ་བ་ཐེངས་དང་པོ་རེད།
དྲ་གྲོགས་ཁང་སར་བ་དངོས་གནས་ཁྱོད་ལ་ཐུགས་རྗེ་ཆེ་མཁས་བའི་རྣམ་དབྱོད་རྩལ་དུ་བཏོན་ནས་
དཔྱད་པ་ཡག་པོ་ཞེ་དྲག་བྱེད་གི་འདུག་དངོས་གནས་བློ་སྐྱེད་ལེན་རྒྱུ་འདུག་ཐུགས་རྗེ་ཆེ།
ད་དུང་མདོ་སྨད་གི་སྤྱི་མཐས་བསྐོར་ལ་ཡིན་ད།།ཉན་ཏེ་ཡོད་ཉིད་ཀྱིས་དཔྱད་རྩོམ་གཅིག་ཀྱང་མ་
ཀློག་པར་ཤོར་འཇུག་གི་མེད་ཡིན་ད།།།