འགྱུར་མེད་རྡོ་རྗེ།
དེང་སྐབས་བཀའ་ཤག་སྐབས་བཅོ་ལྔ་བའི་སྲིད་སྐྱོང་གི་དངོས་གཞི་འོས་བསྡུའི་ལས་རིམ་གྱི་སྐབས་དང་བསྟུན་ཏེ་འཛམ་གླིང་གི་ཕྱོགས་མཐའ་གང་སར་འཐོར་བའི་བཙན་བྱོལ་བོད་མི་རྣམས་ཀྱིས་དྲ་རྒྱ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་དང་ལྷག་པར་སྲིད་སྐྱོང་འོས་མི་རྣམ་གཉིས་ཀྱི་རྒྱབ་སྐྱོར་བའི་ནང་ནས་ཆོལ་ཁའི་འཐེན་འཁྱེར་གྱི་གནས་ཚུལ་མང་དག་ཅིག་ཡོང་དང་ཡོང་བཞིན་པ་ནི་ཧ་ཅང་བློ་ཕམ་དགོས་པ་ཞིག་དང་བོད་མི་རིགས་ཀྱི་བདེན་དོན་གསལ་རྒྱུར་འགལ་རྐྱེན་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་ཆོག
སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོས་འདས་པའི་མི་ལོ་དྲུག་ཅུའི་རིང་སྐུ་ངལ་ཚད་མེད་བསྐྱོན་པའི་བཀའ་དྲིན་གྱིས་ཆོལ་ཁ་དང་ཆོས་ལུགས་ཀྱི་མཐུན་སྒྲིལ་དེ་སྔ་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ལྟ་བུ་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་ཡོད་པས། ད་ལྟ་འོས་བསྡུའི་སྐབས་སུ་གལ་ཆེན་དོན་ཆེར་བརྩིས་ཏེ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་དང་འཐེན་འཁྱེར་མ་བྱས་པར་མཐུན་སྒྲིལ་དམ་པོས་ནུས་པ་མཉམ་དུ་སྤུངས་ནས་མ་འོངས་སྲིད་སྐྱོང་ཚད་དང་ལྡན་པ་ཞིག་ཕེབས་ཐུབ་རྒྱུ་ང་ཚོ་བོད་རིགས་ཡོད་དོ་ཅོག་ལ་འཁྲིད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས་ཚང་མས་དགོངས་པ་ཟབ་བཞེས་ཀྱིས་འོས་བསྡུའི་ཆ་ཤས་ངེས་པར་དུ་ལེན་དགོས་པར་སྙམ།
སྐབས་འདིར་གུས་པས་ཞུ་དོན་སྙིང་པོ་ནི། བར་ལམ་༢༠༡༦ ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༨་ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་སྤྱི་བའི་རྩ་དོན་དང་མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁ་ཤས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཐད་བསམ་ཞིབ་གཏིང་ཟབ་བཏང་ནས་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་པའི་གསར་འགོད་གསལ་བསྒྲགས་བསྐྱངས་པའི་རྗེས་སུ་སྐྱེ་བོ་འགའ་ཤས་ཀྱིས་གོ་བ་ལོག་སྒྲུབ་དང་མ་ཉེས་ཁ་གཡོག་གིས་བཀའ་ཟུར་མཆོག་ནས་ཆོལ་ཁའི་འཐེན་འཁྱེར་གྱིས་ལས་གནས་ནས་དགོངས་པ་ཞུས་པའི་གནས་ཚུལ་འགྲེལ་བརྗོད་འཁྱོག་བཤད་གནང་མཁན་འདུག
གུས་རང་བཀའ་ཟུར་མཆོག་དང་ས་གནས་གཅིག་ཏུ་ལོ་ངོ་སུམ་ཅུ་ཙམ་རིང་མཉམ་འདྲིས་བྱས་པའི་རྒྱུས་ལོན་གྱི་ཐོག་ནས་ཞུས་ན། ཁོང་ནི་ཤེས་འཇོན་ལྡན་ཞིང་འདས་པའི་ལོ་མང་རིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་ཐུགས་འཁུར་དང་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ལྷོད་མེད་གནང་མཁན་ཞིག་དང་། ཁོང་དང་འབྲེལ་ཡོད་ནང་མི་རྣམས་ཀྱང་སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོར་དད་དམ་རྩེ་གཅིག་ངང་བླ་ན་མེད་པའི་བཀའ་དགོངས་ཇི་བཞིན་སྒྲུབ་མཁན་ཤ་སྟག་ཡིན་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ལའང་བརྩི་བཀུར་དང་བཞེངས་ཕྱོགས་བརྟན་ཅིང་ཆོལ་ཁའི་འཐེན་འཁྱེར་སོགས་ཕྱོགས་ལྷུང་གི་རིགས་རྩ་བ་ནས་མེད་པ་གུས་པས་ཚིག་ཐག་ཆོད་པོས་ཞུས་ཆོག་པ་ཡིན། རྒྱུས་ཡོད་དང་ཕན་ཚུན་ལ་ཡིད་ཆེས། དམ་ཚིག་གཙང་མ་ཡོད་པ་ལ་བརྟེན་ནས་བཀའ་ཟུར་མཆོག་བྱང་ཨ་རིའི་བོད་མིའི་སྤྱི་འཐུས་ཀྱི་འོས་མིར་བཞེངས་སྐབས་གུས་རང་ས་གནས་བོད་མིའི་གྲས་ནས་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཞུ་མཁན་གྱི་གྲས་ཡིན།
ཕྱིས་སུ་བཀའ་ཟུར་མཆོག་བྱང་ཨ་རིའི་བོད་མིའི་སྤྱི་འཐུས་སུ་འོས་གྲངས་མང་ཤོས་དང་རིམ་པས་ཕྱི་དྲིལ་བཀའ་བློན་དུ་འདེམས་ཐོན་བྱུང་ཞིང་། བོད་མིའི་སྤྱི་ཚོགས་ནང་བུད་མེད་གཞོན་སྐྱེས་ཤེས་ཡོན་ལྡན་ཅིང་སེམས་ཤུགས་དང་ལྷག་བསམ་རྣམ་པར་དག་པ། སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ཞུམ་པ་མེད་པར་སྒྲུབ་མཁན། ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་ཕྱོགས་ཞེན་ཡེ་ནས་མེད་པ་ཞིག་བོད་མིའི་འགོ་འཁྲིད་ཀྱི་གྲལ་དུ་བསླེབས་པར་དགའ་སྤོབས་ཆེན་པོའི་ཐོག་ནས་བོད་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པའི་རེ་བ་དང་ཡིད་ཆེས་ཆེན་པོ་སྐྱེས་བྱུང་།
ཐེངས་འདིར་ཁོང་གིས་བཀའ་བློན་ནས་དགོངས་པ་ཞུས་པའང་བོད་སྤྱི་བའི་རྩ་དོན་དང་བོད་མི་མང་ལ་འགན་འཁུར་བའི་ཐོག་ནས་དགོངས་པ་ཟབ་བཞེས་གནང་པ་ཅིག་ལ་ངོས་འཛིན་དང་ཡིད་ཆེས་གཙང་མ་བྱེད་ཀྱི་ཡོད། སླད་མར་ཡང་བཀའ་ཟུར་མཆོག་ནས་གསལ་བསྒྲགས་གནང་དོན་བཞིན་བཀའ་བློན་ནས་དགོངས་པ་ཞུས་མིན་ལ་མ་ལྟོས་པར། མ་འོངས་པར་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་མུ་མཐུད་ནས་ལྷག་བསམ་རྣམ་དག་གིས་ཞབས་ཞུ་གནང་པའི་གདེང་ཚོད་དང་ཡིད་ཆེས་ཡོད།
ཁ་ན་ཊའི་མོན་ཀྲི་ཡོལ་ནས་གུས་པ་འགྱུར་མེད་རྡོ་རྗེས། སྤྱི་ཟླ་༣ པའི་ཚེས་བཅུ་ཉིན།
༡་ལོ་ལྔའི་ལས་འགན་ཡང་མཇུག་སྐྱོང་མི་ཐུབ་ན། སྤྱི་དོན་ཇི་ལྟར་སྒྲུབ་བམ།
༢ བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ལའང་བརྩི་བཀུར་མི་བྱེད་པར་ཐོལ་རྒྱག་ཏུ་འགྲོ་སོང་བ་ནི་སྤྱི་སེམས་ཅན་ཞིག་གི་གནང་སྟངས་རེད་དམ།
༣ སྲིད་སྐྱོང་ཐད་ཆ་རྐྱེན་དགུ་བཏོན་རྗེས། བསམ་བློ་ཙམ་ཡང་མི་གཏོང་པར་སྤེན་ཚེ་ལ་འོས་ཤོག་འཕེན་གྱི་ཡིན་ཟེར་བ་ནི་ཆ་རྐྱེན་དགུ་དེ་ཁོ་ལ་ཚང་བ་རེད་དམ་ཆོལ་ཁུངས་གཅིག་པས་རེད་དམ།
རེད། དོན་སྙིང་པོ་བཤད་ན་བོད་མི་ས་ཡ་དྲུག་གི་རེ་བ་རྒྱབ་སའི་སྲིད་སྐྱོང་དེ་མི་ཚད་ལྡན་ཞིག་འདེམས་ཐུབ་ཕྱིར་ཁོང་གིས་བརྡ་སྟོན་གནང་བ་རེད། སྲིད་སྐྱོང་ལས་ཐོག་གི་རྒྱབ་སྐྱོར་བ་འགའ་རེ་ཁ་སྐྱེངས་ནས་བྱེད་རྒྱུ་བཤད་རྒྱུ་མ་རག་ན། སྨྱོ་ལབ་གཟའ་ལབ་བརྒྱབས་ཏེ། དཀར་པོ་ནག་པོ་བཟོ་ཨེ་ཐུབ་ལྟ་གིན་འདུག།
བོད་ལ་ཤ་ཚ་བའི་རླབས་ཆེན་གྱི་བུད་མེད་བདེ་ཆོས་རྒྱལ་གྱུར་ཅིག། ཧཧཧ
ཤེས་འཇོན་གཉིས་ལྡན་རང་རེད་འདུག་འཛམ་གླིང་རྒྱལ་སྤྱིའི་ལས་ཁུང་གི་འགྲོ་ལུགས་མི་ཤེས་མཁན་གཟའ་ཉི་མ་ལ་རྩ་དགོང་ཞུ་མཁན་འཛམ་གླིང་རྒྱལ་ཁབ་གང་གི་ལམ་ལུགས་རེད་གསུང་དང་དགྲ་དགའ་གཉེན་སྡུག་མྈརེད་དམ་
དགྲ་བོ་རྒྱ་དམར་ནས་ག་རེ་བཤོད་ཀྱི་འདུག་གོ་མ་བྱུང་ངམ་སྤེན་པ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་བཤད་པ་དེའི་སྤེན་པ་འོས་བཤོར་འཇུག་འདོད་མ་རེད་དམ་ཆབ་པ་རང་རེད་ཧཧཧཧ།
རྐརལོ། བུད་མེད་དེ། བོད་སྤྱི་དོན་ལ་ཐུག་ན། རང་ལས་གཞུང་གཅེས་བ་གསལ་པོ་རེད། མིང་ལས་དོན་སྒྲུབ་པ་ཡང་གསལ་པོ་རེད། བདེ་བ་ཆུང་ལ་མི་ཆགས་པའི་བུད་མེད་ཞིག་ཡིན་པ་ཡང་གསལ་པོ་རེད།
བུད་མེད་དེ་འདྲ་ཡོད་ན། བོད་མོ་ཚོའི་རྒྱན་དང་། ལྷག་དུ་དུས་རབས་ཉེར་གཅིག་པའི་མདུན་སྐྱོད་ཀྱི་ལམ་ཞིག་ཡིན་པས། དེ་འདྲ་ལ་ངོ་སོ་ལས་འབུར་འཇོམ་བྱེད་པ་ནི། གཡའ་མ་དག་པ་ཁྱེད་ཚོ་ལས་སུ་ཞིག་ཡོད།
བོད་དོན་ལ་གཏན་ནས་བསམ་མནོ་བཏང་བར་གང་ཟག་སྒེར་དོན་ལ་ཐུག་ན་ས་ཡ་དྲུག་པོ་བློས་གཏོང་ནུས་མཁན་གྱི་བུད་མེད། བློ་སེང་ལ་དགའ་པོ་མེད་ཀྱང་ཆོག འོན་ཀྱང་བོད་དོན་ལ་ཕྱིར་ནུས་བྱས་པ་དེ་ནི་ཞབས་འདྲེན་ལས་ཀ་རེད། སྤེན་ཚེ་ལ་འོས་ཤོག་བླུག་རྒྱུ་ནི་ཁྱོད་རང་གི་རང་དབང་རེད། སྤེན་ཚེ་ལ་སྤྲེལ་ལད་ཀྱི་ཆེད་དུ་བོད་དོན་བློས་གཏོང་སྟེ་དགོངས་གནས་ལ་བབ་སྟེ་ང་རང་གི་འོས་དེ་སྤེན་ཚེ་ལ་འཕེན་གྱི་ཡིན་ཟེར་ན་གང་རེད། ཁྱོད་རང་ལྐོག་སྟེགས་སུ་ཡོད་ན་འོས་ཤོག་འཕེན་མི་ཆོག་པ་སུས་བཟོས་རེད་དམ། ཡང་ན་བོད་པའི་ཕྱི་སྲིད་བཀའ་བློན་ལས་ཁྱོད་རང་གི་འོས་གཅིག་པོ་སྤེན་ཚེ་འཕེན་རྒྱུ་དེ་གལ་ཆེ་འམ།
བཀའ་ཤག་གི་ཕྱི་སྒྲོམ་སྙིང་རྗེ་བོ་དེར། བདེ་ཆོས་ལ་དང་པོར་རྒྱུས་ལོན་གསལ་པོ་མེད་ན་ཡང་། རེ་བ་དང་སྤོབས་པ་ཞིག་གི་ངང་ནས་དཀྱིལ་འཁོར་གཅིག་གི་ནང་མཉམ་སྡོད་བྱས་པ་རེད། ཕྱིས་སུ་བཀའ་ཤག་གི་སྐྱུག་བྲོ་བའི་ནང་སྒྲོམ་དག་ལ་རིམ་བཞིན་གསལ་རྟོགས་བྱུང་བས། འདི་མུར་རེ་མེད་དོན་མེད་ངང་མི་མང་ལ་མགོ་སྐོར་བཏང་ནས་སྡོད་པ་ལས། གཞན་མ་བྱུང་ཡང་མི་སྒེར་གྱི་རང་འཁྲིའི་འགན་ཁུར་ཞིག་གི་འོག་ནས་བདེ་ཆོས་ཀྱིས་རང་ཉིད་ཀྱི་བདམ་ཀ་ཞིག་བཙལ་འདུག་པ་གསལ་བོར་མཐོང་ཡོང་། རང་གིས་མི་ལྕོགས་མི་འདོད་བཞིན་དུ་ལྐུགས་པ་ཨུ་ཚུགས་ངང་རྟ་ལམ་བོང་བུས་འགོག་དགོས་དོན་གཏན་ནས་མི་འདུག དེ་ནི་འགན་ཁུར་དང་བཟང་སྤྱོད་གཉིས་འདྲེས་ཀྱི་བདམ་ཀ་ཡག་པོ་ཞིག་རེད།
སྐུ་ངོ་བདེ་སྐྱིད་ཆོས་དབྱངས་ཀྱིས་རྒྱ་ནག་གཞུང་ཡང་སྒུལ་ཐུབ་པ་བྱུང་བ་རེད། དེ་མོ་རང་གི་འདོད་པ་རེད། སྐུ་ངོ་བློ་སེང་གིས་རྒྱ་དངུལ་བཞེས་ནས་བཞུགས་ཁང་ཉོས་པའི་ཉིན་མོ་དེ་ནས་བོད་མི་རྣམས་ཐང་ཆད་ཡོད། ད་ཐེང་བློ་སེང་ལ་དངུལ་སྒོར་འབུམ་པྲག་དུ་མ་གནང་མཁན་རྒྱ་གཞུང་ཡང་བཟོད་མི་བདེ་བར་བྱསཔ་རེད།་་་་ཧཧཧཧཧཧ། བདེ་སྐྱིད་ཆོས་དབྱངས་རྒྱལ་ལོ།།།།།།།།
འཛམ་གླིང་གི་ཁྲིམས་ལུགས་ཤེས་བཞིན་དུ་གཟའ་ཉི་མའི་ཉིན་ལས་ཤག་ཏུ་དགོངས་ཞུ་བྱས་པ་དེ་ནི། བོད་མི་ས་ཡ་དྲུག་ལ་མཐོང་ཆུང་དང་། བོད་མིས་གདམས་པའི་སྲིད་སྐྱོང་ལ་བརྙས་བཅོས་རང་རེད། དེ་མིན་ན་མོ་ཡང་དེ་ཉིན་རག་གིས་བཟི་པ་རེད་དམ།
བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་། སླར་ཡང་བུད་མེད་བཀའ་བློན་གྱི་ས་དམིགས་མ་ཐོབ་པའི་ཕྱིར་དུ། སྤེན་ཚེ་ལ་འོས་མ་བླུགས་པར། བློ་སེང་རང་ལ། འོས་བླུགས་ན་ཕན་ཐོགས་ཆེ་བ་མེད་དམ་སྙམ་མོ།།
ཀརྨ་བློ་གསལ་ལ།
ཚང་མ་ཡར་ལ་འགྲོ་ན་ཀརྨ་ཐུར་ལ་རྒྱུག་གི།
ཚང་མས་དཀར་པོ་མཐོང་ན་ཀརྨས་ནག་པོ་མཐོང་གི།
བུ་ཡིས་བུ་མོར་འཛེགས་ན་ཀརྨས་ལུག་ལ་འཛེགས་ཀི།
ཚང་མས་གནས་ལུགས་བཤད་ན་ཀརྨས་ཧམ་པ་ཤོད་ཀི།
ཚང་མས་ཟས་ཞིམ་བཟོས་ན་ཀརྨས་ཁྱི་སྐྱག་ཟ་གི།
ཀརྨ་འདི་ལོགས་ཀ་རེད་འདུག
གྲོགས་བློ་གྲོས་རབ་བརྟན་ལ་རྒྱབ་སྐྱོར་བྱེད
ཀརྨ་བློ་གསལ་ལ།
ཚང་མ་ཡར་ལ་འགྲོ་ན་ཀརྨ་ཐུར་ལ་རྒྱུག་གི།
ཚང་མས་དཀར་པོ་མཐོང་ན་ཀརྨས་ནག་པོ་མཐོང་གི།
བུ་ཡིས་བུ་མོར་འཛེགས་ན་ཀརྨས་ལུག་ལ་འཛེགས་ཀི།
ཚང་མས་གནས་ལུགས་བཤད་ན་ཀརྨས་ཧམ་པ་ཤོད་ཀི།
ཚང་མས་ཟས་ཞིམ་བཟོས་ན་ཀརྨས་ཁྱི་སྐྱག་ཟ་གི།
ཀརྨ་བློ་གསལ་ཁྱེད་ཀྱི་ཉོན་ཤིག
བོད་ལ་སྲིད་སྐྱོང་དགོས། བློ་སེང་མི་དགོས།
བོད་མིའི་སྲིད་སྐྱོང་བློ་སེང་མཆོག་གི གཏམ་བཤད་ཀྱི་སྐད་ཆ་རྣམས་སྒྲ་འགྲིགས་པོ་དང་། གཅིག་གི་རྗེས་ལ་གཅིག དོན་དག་ཧྲིལ་དུ་དྲིལ་མཁས་པ། རྒྱལ་སྤྱི་ལ་ངོ་སྤྲོད་མཁས་པ། རྒྱ་ནག་ལ་གནོད་མཁས་རེད་འདུག་སྙམ་མོ།།
སྤེན་ཚེས་ལས་བྱེད་ལོ་ཉི་ཤུ་མ་ཚད། སུམ་ཅུ་བྱས་ཀྱང་ཧང་མི་སངས། བདེ་སྐྱིད་ཆོས་དབྱིངས་ནི། ཆོས་དད་དང་། ངོ་ཚ་ཞེ་ཕྲལ་མེད་པའི་བུད་མེད་མོ་ཧྲང་ཅིག་ལ། བློམ་སེང་གིས་བཀའ་བློན་ལ་བསྐོས་ཀྱང་། མཐར་ཆབ་སྲིད་ནག་པོ་འཁྲབ་ནས། བློ་སེང་ལགས་ལ་ངོ་ལོག་བརྒྱབས་ནས་ཕྱིན་པ་རེད། མོ་རང་འགྲོ་རུ་ཆུགས། བདེ་ཆོས་ད་དུང་བཀའ་བློན་སླར་ཡང་མ་འཁོད་པའི་ཆེད་དུ། ཆང་སྐྱལ་སྤེན་ཚེ་ལགས་ལ། འོས་མ་ཐོབ་པ་ལ་འབད་དགོས། ད་ལོ་བློ་སེང་ལགས་ལ་མ་ཐོབ་ན། སྲིད་སྐྱོང་ཐེངས་གསུམ་པ་བྱ་ཡ་སྒྲིག་གཞིའི་ཐོག་ནས་ལངས་ས་མེད་པས་སོ།། །།
བློ་སེང་རྒྱལ་ལོ།། བདེན་པ་རྒྱལ་ལོ།། བོད་རྒྱལ་ལོ།། །།
ཀ་རྡོ་ལགས་བློ་སེང་ལགས། རང་གི་ནོར་འཁྲུལ་ཁས་ལེན་ཐུབ་པའི་སྤོབས་པ་དང་། གདེངས་ཚོད། མི་འདུག ཧམ་པ་ཤ་སྟག་བཤད་ནས་འགྲོ་གི་འདུག
ད་ལྟ་སྲིད་སྐྱོང་ལས་བདེ་ཆོས་སྐོར་གླེང་གཞི་རུ་གྱུར་འདུག ཁ་ཤས་བཤད་ན། ཁོ་མོས་རྒྱལ་སྤྱིའི་ཁྲིམས་ལུགས་མི་ཤེས་མཁན། ལ་ལས། ཁོ་མོས་བོད་མི་རིགས་ལ་མཐོང་ཆུང་བཏང་སོང་ཟེར། རྒྱུ་མཚན་དང་པོ། རྒྱལ་སྤྱིའི་ཁྲིམས་ཐོག་ཏུ་གཟའ་ཉི་མའི་ཉིན་རྩ་དགོངས་ཞུ་ཆོག་པའི་ཁྲིམས་ཤིག་གང་དུ་ཡོད་ཟེར་བ་དེ་རེད། རྒྱུ་མཚན་གཉིས་པ། བོད་མི་རིགས་ཀྱི་འདས་མ་ད་གསུམ་ལ་དགོངས་པ་མི་བཞེས་པར་གཟའ་ཉི་མའི་ཉིན་བློ་སེང་གི་ལས་ཤག་ཏུ་སོང་སྟེ་དགོངས་ཞུ་སྤྲད་རྗེས་གསར་འགོད་གསལ་བསྒྲགས་གནང་མཐར་ཁན་ན་ཋར་ཕྱོགས་ཐོན་གནང་སོང་ཞེས་པ་འདི་གཉིས་རེད། འདི་གཉིས་ཀ་རྒྱུ་མཚན་དུ་སོང་མི་འདུག དང་པོར། བློ་སེང་གིས་གཟའ་ཉིན་མའི་ཉིན་ཁོ་མོར་དགོངས་པ་སྤྲོད་དགོས་དོན་གང་ཡིན་ནམ། རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་གཟའ་ཉིན་མའི་ཉིན་སྒེར་དགོངས་སྤྲོད་ཆོག་པ་ལས་རྒྱལ་དགོངས་སྤྲོད་སྲོལ་ཞིག་ཡོད་དམ། འོ་ན། བློ་སེང་གིས་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་མ་ཤེས་པ་རེད་དམ་ཤེས་བཞིན་དེ་ལྟར་གནང་བ་རེད། འདིའི་སྐོར་བདེ་ཆོས་དང་བློ་སེང་གཉིས་ལ་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ཡིན་པ་གཞི་མཐུན་དུ་གྲུབ། གཉིས་པར། བློ་སེང་གིས་བོད་མི་རིགས་ཀྱི་འདས་མ་ད་གསུམ་ལ་ཞིབ་འདང་ཤིག་བརྒྱབ་ཡོད་དམ། བོད་མི་རིགས་ལ་མཐོང་སྤྲད་ཡོད་དམ། བདེ་ཆོས་ཀྱིས་རྒྱལ་དགོངས་ཞུ་སྐབས་བློ་སེང་གིས་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་རིགས་སེམས་ལ་དྲན་ཡོད་དམ། ངས་བསམས་ན། བློ་སེང་གིས་དེ་འདྲ་དྲན་ཡོད་ཀྱི་མ་རེད་བསམས། རྒྱུ་མཚན་སྐབས་དེར། ཁོ་ང་རྒྱལ་དང་ཁོང་ཁྲོ་འོས་ཤོག་བཅས་སེམས་ལ་དྲན་ཡོད་པ་ལས་བོད་མི་རིགས་གཏན་ནས་དྲན་མེད་པ་གསལ་བོ་ཡིན། རྒྱུ་མཚན། ཁོས་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་རིགས་སེམས་ལ་དྲན་ཡོད་ན་ཁོང་གིས་བདེ་ཆོས་ལ་འགྲེལ་བརྗོད་གནང་ཡོད་ལུགས་གསལ་བསྒྲགས་གནང་དགོས་པ་ཞིག་ཡིན། དེ་ལྟར་གནང་མེད། གནང་ལུགས་འདི་ལ་བལྟས་ན་བློ་སེང་གིས་བོད་མི་རིགས་ལ་འགན་འཁུར་ཡོད་དམ། གལ་ཏེ་ཁོང་གིས་འགྲེལ་བརྗོད་གནང་ཡོད་ན། ཁོང་གིས་གསལ་བཤད་གནང་གི་རེད། རྒྱུ་མཚན། སྐུ་ངོ་མཆོག་གིས་ལས་རིགས་ཕྲན་ཚགས་གང་བྱས་ཐམས་ཅད་ཕྱིར་བསྒྲགས་བྱེད་རྒྱུ་ཐུགས་མཉེས་པོ་ཡོད་པས་སོ།།
རྒྱལ་སྤྱིའི་སེམས་ཁམས་དང་ལུས་ཀྱི་རྣམ་འགྱུར་རིག་པ་བ་ཚོས་བློ་སེང་གི་སྐད་ཆ་བཤད་སྟངས་དང་། གདོང་གི་རྣམ་འགྱུར། ལག་པ་གཡུག་སྟངས། སྨྲ་བརྗོད་བཅས་ལ་ཚན་རིག་པས་བརྟག་དཔྱད་བཏང་ན་དེའི་ནང་དུ་ཧམ་བཤད་དང་། རྫུན། ཕྲ་མ་བཅས་ཡོད་པ་གསལ་པོར་མཐོང་གི་རེད་ལ། འདི་ལ་དབྱིན་ཇི་ནང་hypocrisy ཟེར་གི་རེད། བློ་སེང་གི་ཧམ་བཤད་དང་རྒྱབ་སྐྱོར་བ་ཚོས་ཀླེན་བཤད། ཅོལ་ཆུང་ཚོས་མགོ་འཐོམ་གསུམ་མཉམ་དུ་འཛོམས་དུས་བཀྲ་ཤིས་པ་ཞིག་ཡོང་སྲིད་གི་མ་རེད།
སེམས་གཞས།
དང་པོ་ལམ་ལ་ཆས་དུས།།
བ་གླང་བཙོང་དགོས་བྱུང་ཡང་།།
མོ་སྟོན་ཕག་མགོ་ང་རང་།།
ཧ་ཝ་ཏི་ལ་ཚུད་སོང་།།
ཧ་སློབ་སྒོ་བྱང་འཕྱར་ནས།།
གངས་སྐྱིད་གཞུང་ལ་སླེབས་དུས།།
རེ་བས་འཕུང་ལ་གོམས་པའི།།
མི་ཚོགས་འུར་འདྲོགས་ལངས་སོང་།།
ཁ་ཕོའི་འབྲུག་སྐད་ལྡིར་བ།།
ཧི་མ་ལ་ཡ་བརྒལ་ནས།།
སྒང་བ་བོད་ལ་སླེབས་དུས།།
གཞས་དང་ཞབས་བྲོ་འཁྲབ་སོང།།
ཁྲི་འཕངས་མཐོན་པོར་འགྱིངས་ཏེ།།
སྣང་བ་གང་དྲན་ཡིན་དུས།།
ཉི་མ་ཐུང་བ་མ་ཚོར།།
མི་རྟག་སྒོམ་རྒྱུ་མ་དྲན།།
རྟ་རྒྱུག་རྒྱལ་འཇོག་སླེབས་ནས།།
མཐུ་དང་རྫུ་འཕྲུལ་འགྲན་དུས།།
སྤེན་ཚེ་ཇོ་རུ་རང་བྱོན།།
ང་རང་ཁྲོ་ཐུང་འདྲ་བྱུང་།།
ལམ་འགྲོ་ངན་པའི་དུས་ལ།།
གསུང་དང་ལ་མོ་ཤོར་སོང་།།
བཀའ་བློན་དགོངས་པ་ཞུས་བྱུང་།།
ང་རང་ཕམ་ཐག་ཆོད་སོང་།།
བློ་སེང་ཁ་པོ་ཆེ་ཞིག་ཡིན་པ་ངས་ཀྱང་ཤེས། ང་ཚོ་རྒྱ་མི་ཁ་གཏད་བཅོག་མཁན་དེ། མི་འདྲ་ཞིག་བྱུང་ན་ཡག་བགྱིད་རེད། བློ་སེང་རྗེས་ལ་སྤེན་ཚེ་སྲིད་སྐྱོས་དང་། དེ་ནས་གཞི་ནས་ཧ་གོ་ཡོང། གངས་སྐྱིད་སྤྱི་ཐབ་མ་བྱན་གྱིས་ཧ་གོ་ཚར་འདུག ཁྱེད་རང་ང་ཚོས། ལོ་དྲུག་གི་རྗེལ་ལ་གཞི་ན་ཤེས་ན་ཡང་ང་ལ་ཁྱད་པར་གང་ཡང་མི་འདུག དེ་ནི་ང་ཚོ་བོད་མི་ལས་རེད། ཟེར་རྒྱུ་ལས་ལྷག་མེད།
ཀ་རྡོ་ལགས། བློ་སེང་བོད་མིའི་ནང་ལ་ཧམ་པ་ཆེ། ཚོགས་གཏམ་མང་། རྒྱ་ནག་ལ་ཞི་མོལ་བྱེད་རྒྱུའི་བློ་ཁོག་མེད། གདེངས་ཚོད་མེད།
བློ་སེང་ལགས་ལ། རྒྱ་ནག་ལ་ཞི་མོལ་བྱེད་རྒྱུའི་བློ་ཁོག་མེད་པ་ཡིན་ནམ། བྱ་ས་མེད་པ་རེད། ལགས།
བློ་སེང་གིས། རྒྱ་ནག་མཇམ་དུ་གྲོས་མོལ་ག་དུས་བྱས་ན་ཡང་། ག་བར་བྱས་ན་ཡང་སྒྲ་འགྲིགས་ཡོད་ཅེས་ཐེངས་མང་བསྒྲགས་ཟིནད་པ་མིན་ནམ། ལགས།
བཀའ་ཟུར་བདེ་ཆོས་ནི་དང་ཐོག་ངས་བསམ་ཚུར་ལ་ཤེས་འཇོན་གཉིས་ལྡན་གཅིག་ལ་ངོས་འཛིན་བྱས་པ་ཡིན། ད་ལྟ་མོས་བྱེད་སྟངས་ལ་བལྟ་ན་གུས་པའི་ནོར་ཤག བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཁོག་པའི་སྙིང་དང་འདྲ་བའི་སྐྱབས་མགོན་རིན་པོ་ཆེའི་བཀའ་ལ་ལོག་བཤད་བྱེད་ཁན་ཞིག་ལ་རྒྱབ་སྐོར་བྱས་དུས་ང་ཡང་མོ་ལ་དོག་པ་ཆེན་པོ་བྱུང་སོང་།
བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་ལ་ཁོང་གིས་རྗེས་སུ་སྲིད་སྐྱོང་ལ་ཚང་དགོས་པའི་འོས་ཆོས་དགུ་བཏོན་ནས་དེ་དག་བློ་སེང་ལ་མི་ཚང་བར་ཤུགས་བསྟན་བྱས་ཡོད།
དཔེར་ནཿ དྲི་བར་ལན་འདེབས་གསལ་པོ་དགོས་པ་ལྟ་བུ་དེའི་ཤུགས་སུ་སྲིད་སྐྱོང་གིས་དྲི་བར་ལན་འདེབས་གསལ་བོ་བྱེད་ཀྱི་མེད་པ་སྟོན་ཐབས་བྱས་པ་རེད།
དེས་ན་བཀའ་ཟུར་ལགས་ཀྱི་ལས་འགན་ནི་སྲིད་སྐྱོང་གིས་ལོ་དང་ཟླ་ཚེས་འདི་འདྲ་ཞིག་ལ་དྲི་བ་འདི་འདྲ་ཞིག་ལ་ལན་གང་ཞིག་གསལ་པོ་མ་བཏབ་པ་དང་། དེ་མ་བཏབ་པ་ལས་སྲིད་སྐྱོང་ལ་སྒེར་གྱི་ཁེ་ཕན་གང་ཞིག་བྱུང་ཡོད་པ་ཡིག་ཐོག སྒྲ་ཐོག བརྙན་ཐོག གང་རུང་ནས་འཆོར་ས་མེད་པར་ཁུངས་སྐྱེལ་དགོས་པ་རེད། གལ་སྲིད་སྲིད་སྐྱོང་སྒེར་ལ་ཁེ་ཕན་གང་ཐོབ་པའི་ཁུངས་སྐྱེལ་མ་ཐུབ་རུང་གནས་ཚུལ་དེ་འདྲ་བྱུང་ཡོད་པ་ངེས་པར་དུ་ཁུངས་སྐྱེལ་དགོས།
དེ་བཞིན་དུ་འོས་ཆོས་གཞན་བརྒྱད་པོ་ཡང་སྲིད་སྐྱོང་ལ་ཚང་མེད་པའི་ཁུངས་དེ་བཞིན་སྐྱེལ་དགོས་པ་རེད། དེ་མིན་འོས་ཆོས་དགུ་བོ་ནི་བསམ་ཚུལ་ཙམ་ཞིག་ལས་མ་འདས་སོ།
ཕྱོགས་གཞན་ཞིག་ནས་བཤད་ན། བདེ་སྐྱིད་ཆོས་དབྱིངས་ཀྱིས་དངོས་སུ་ཨ་མདོ་བ་ལ་ཨོང་ཏོ་མེད་ཅེས་པའི་གཞིས་ཆགས་ནང་གི་བཤད་རྒྱུན་དེ་བདེན་པར་སྒྲུབ་སོང་། འདི་ལ་བཙན་བྱོལ་ཨ་མདོའི་གྲོགས་པོ་ཚོར་བསམ་ཚུལ་ག་རེ་ཡོད་དམ།
བདེ་སྐྱིད་ཚེ་རིང་གི་སྐྲ་དང་རྣམ་འགྱུར་ལ་བལྟས་ན། བུད་མེད་བསོད་ནམས་ཆེན་པོ་ཅིག་མིན་པ་ཐོག་མ་ཉིད་ནས་དེ་འདྲ་བསམས་བྱུང་། ད་མོས་མདོག་ངན་དེ་ཕྱི་རུ་ཐོན་བཞིན་འདུག