མུ་ཏིག་གིས།
༡
རྡོར་གདན་དུ་མི་ཚོགས་ཀྱི་འཚང་ཁ་ཆེ་རུ་ཕྱིན། ཆོས་ཞུ་མཁན་ནི་ཉིན་རེ་ནས་ཉིན་རེར་ཇེ་མང་རེད། ཨ་ཁུ་བསོད་ནམས་མི་ཚོགས་ཀྱི་འཚང་ཁ་ལས་བྱང་ཆུབ་མཆོད་རྟེན་ལ་སྐོར་བ་ག་ཚོད་བརྒྱབ་པ་ཁོ་རང་ལའང་གསལ་བོ་ཞིག་བཤད་རྒྱུ་མི་འདུག བྱང་ཆུབ་མཆོད་རྟེན་ནས་ཁོའི་སྡོད་ཁང་བར་དུ་རྣ་ལམ་དུ་ཡང་ཡང་གྲགས་ཡོང་བ་ནི།
“བག་ལེབ་གཟིགས།”
“ཚགས་པར་གཟིགས།”
“དེབ་གཟིགས།”
སྤྱི་ཚོགས་ནང་ཆེས་ཉམ་ཆུང་བའི་ཚོང་འབོད་དེ་ཚོ་རེད། བྱང་ཆུབ་ཤིང་གི་ལོ་འདབ་དག་ནི་དབང་ཞུ་མཁན་ཚོར་བསུ་མ་བྱེད་པ་དང་འདྲ་བར་གང་ནས་བལྟས་ནའང་ལྗང་ལོ་ལྷབ་ལྷུབ་ཏུ་གཡོ།
༢
ཨ་ཁུ་བསོད་ནམས་སྔོ་ཚལ་ཞིག་ཉོས་བར་ཕྱིན། གང་དུ་སོང་ནའང་ཤ་འཚོང་མཁན་མང་བ་དང། ཁྲག་དམར་འཛར་འཛར་གྱི་གནམ་ལ་བཏེགས་པའི་ཤ་ཁོག་དེ་ཚོ་མཐོང་དུས། ཆོས་གཙང་མ་ཞིག་ཞུ་རྒྱུར་ཁག་པོ་འདུག་བསམ་པ་དང། འཛུམ་དམུལ་དམུལ་གྱིས་ཤ་ཁྲག་གི་མཐའ་སྐོར་བའི་བོད་པ་དེ་ཚོའི་རྣམ་འགྱུར་ལའང་ཞེ་མེར་མེར་བྱུང། བྱང་ཆུབ་ཤིང་གི་ལོ་འདབ་དག་ནི་སྔར་བཞིན་གང་ནས་བལྟས་ནའང་ལྗང་ལོ་ལྷབ་ལྷུབ་ཏུ་གཡོ།
༣
དཔལ་དུས་ཀྱི་འཁོར་ལོའི་དབང་མ་གནང་གོང་མང་པོ་ཞིག་གིས་ཁྲག་གིས་འཁོར་ལོ་བསྐོར་བས། ཤ་ཟ་མཁན་དག་ཟེར་ནས་ཞེ་སྡུག་མཁན་དང། སྙིང་ན་མཁན་ཨ་ཁུ་བསོད་ནམས་གཅིག་པུ་མིན་ནའང། མཆོད་རྟེན་དྲུང་དུ་ཡོང་ནས་གསོལ་བ་སྨོན་ལམ་འདེབས་ཀྱིན་འདེབས་ཀྱིན། ཁོང་གི་མིག་ལམ་དུ་རེའུ་ཕྲུག་ཅིག་དྭ་ཕྲུག་ཏུ་ལུས་བ་འཁོར་ཡོང་བ་དང་རྣ་ལམ་དུ་ང་སྐྱོབས་ཟེར་བའི་འབའ་སྒྲ་ཞིག་གྲགས་འོང་།
“དཀོན་མཆོག་གསུམ་པོས་མཁྱེན།” ཨ་ཁུ་བསོད་ནམས་ཀྱིས་ལག་གཉིས་ཐལ་མོ་སྦྱར་ནས་སྨོན་ལམ་ཞིག་བཏབ་རྗེས་བྱང་ཆུབ་མཆོད་རྟེན་ལ་ཅེར་ནས་ཡུན་རིང་ལུས། གང་འཚམས་ཤིག་ནས་ཨ་ཁུ་བསོད་ནམས་ཀྱི་མིག་ལམ་ནས་ཤིང་ཆུབ་ཤིང་གི་ལོ་འདབ་དག་ཀྱང་ཇེ་དམར་ཡིན་པའི་སྣང་བ་བྱུང་བས། མགོ་བོ་སྤྲུག་ཙམ་བྱས།
༤
གཉེར་མ་རེ་རེའི་གསེང་ནས་བཞུར་འོང་བའི་རྔུལ་ཆུ་ཕྱིས་ཙམ་གྱིས་འོག་ལྭའི་ཁུག་མ་ནས་དངུལ་ལོ་ཆག་པ་ཞིག་བཏོན་པ་དེ་དག་ནི་བཟའ་ཟླ་འདས་པོའི་ཆེད་དུ་བསགས་པའི་བསྔོ་རྟེན་ཕུལ་བྱེད་རེད། ཨ་ཁུ་བསོད་ནམས་ཀྱིས་ཡང་བསྐྱར་གྲངས་ཀ་ཞིག་བརྒྱབ་པ་དང་མཁར་རྒྱུགས་བཙུགས་ནས་གང་མགྱོགས་ཀྱིས་ཁྲོམ་ར་རྒྱུགས་སོང་།
ཁོང་གིས་ཐེ་ཚོམ་ཅི་ཡང་མེད་པར་ཧིན་སྒོར་གཉིས་ཁྲི་ལྷག་གིས་རའུ་ཕྲུག་འགའ་ཉིས་རྗེས། ད་གཟོད་སེམས་པ་ལྷོད་ལ་བབས་སོང་།
༥
ཕྱི་རྒྱལ་གྱི་ཆོས་ཞུ་བ་ཇོན་གྱི་པར་ཆས་ནང་དུ་ཨ་ཁུ་བསོད་ནམས་དང་རེའུ་ཕྲུག་འགའ་སྒྱུ་རྩལ་གྱི་སྣང་བརྙན་འབུར་དུ་ཐོན་འདུག པར་དེ་ནི་བྱང་ཆུབ་ཤིང་གི་ལོ་འདབ་ལས་ཀྱང་ཆེས་མཛེས་སྡུག་གིས་སྣང་བརྙན་ཞིག་གིས་ཡོངས་སུ་རྒྱན་འདུག
2011 12 30། ར་ལུག་བསད་ནས་རེའུ་ཕྲུག་ལ་ཐུག་པའི་ཡིད་སྐྱོའི་གནས་ཚུལ་འདི་གོ་བ་དང་མཉམ་དུ་རེའུ་ཕྲུག་ཉོ་མཁན་གྱི་བྱམས་སེམས་ཅན་གྱི་ཆོས་ཞུ་བ་ཞིག་གི་པར་རིས་ཤིག་ཀྱང་མཇལ་བའི་ཚོར་བ་འདི་སྒྲུང་གཏམ་ཞིག་ཏུ་མི་འཇུག་ག་མེད་བྱུང་།
སྒྲུང་འདི་འབྲི་བ་ལ་རང་ཉིད་ལ་འོས་བབ་ཡོད་མེད་ཐད་ནས་བསམ་བློ་ནན་ཆེར་བཏང་མྱོང་། ཡིན་ནའང་ཨ་ཁུ་བསོད་ནམས་ལྟ་བུའི་ཆོས་ཞུ་བ་ཞིག་གི་རླབས་ཆེ་བའི་བསམ་བློའི་སྟོབས་ཤུགས་དེས་ང་ལ་སྨྲ་ཆོག་པའི་གདེངས་སྤོབས་སྤྲད་བྱུང་།
བོད་མིའི་གཟི་བརྗིད་རེད། ཨ་ཀུ་ལོ་ལོ།
བདེན་བདེན་ངོ་མ་བདེན། དཔའ་དུས་ཀྱི་འཁོར་ལོའི་དབང་ཆེན་དེ་འགྲོ་བ་མི་ཡི་སེམས་ཅན་རྣམས་ལ་མཚོན་ན་ཕན་ཐོག་ཆེན་པོ་ཞིག་ཡོང་བའི་རེ་བ་དང་ཡིད་ཆེས་གཙང་མ་ཡོད་ཀྱང་། བོད་པའི་རང་གཤིས་དེས་ཉམས་ཆུང་གི་སེམས་ཅན་བ་གླང་དང་ར་ལུགས་དག་ལ་ད་ལེན་དམིགས་གསལ་གྱི་དཀའ་ངལ་ཞིག་གཟོས་ཡོད་ཚོད་འདུག་ཀྱང་ཨ་ཁུ་བསོད་ནམས་ཞེས་པའི་སྙིང་སྟོབས་ཅན་གྱི་སྐྱེས་བུ་དེས་རླབས་ཆེན་གྱི་བྱ་བ་དེས་བོད་པ་ཚོང་གི་གཤིས་ངན་དེ་ལ་ཡོལ་བ་ཞིག་དང་ཉམས་ཐག་གི་སེམས་ཅན་ཁག་ཅིག་གིས་ཚེ་སྲོག་ལ་བདེ་སྐྱིད་ཞིག་བསྐྲུན་ཡོད་ཚོད་འདུག་པས་སྙིང་ནས་དགའ་གུས་ཚད་མེད་ཞུ་བ་དང་། དྲ་གྲོགས་མུ་ཏིག་ལགས་ཀྱིས་བརྩོམ་ཐུང་འདི་འབྲི་བ་ལ་སྙིང་ནས་རྗེས་སུ་ཡིད་རང་ཡོད།
ཨ་ཁུ་བསོད་ནམས་ཀྱི་སྙིང་རྗེའི་མཛད་སྤྱོད་དང་མུ་ཏིག་གི་སྒྲུང་གཏམ་ལ་མངོན་པར་བསྟོད་དོ།
རང་རེ་བོད་པ་ཚོས་ཆོས་སྒྲུབ་སྟངས་འདི་དངོས་གནས་ཟེར་མི་ཤེས་པ་ཞིག་རེད། དུས་དབང་གི་ཡུན་ཙམ་ལ་ཡང་དམར་ཟས་སྤོང་མི་ནུས། དམར་ཟས་མ་སྤངས་པས་དུད་འགྲོ་དེ་འདྲའི་མང་པོ་ཞིག་གི་སྲོག་ཤོར་བ་རེད། དགེ་སྡིག་མགོ་གཉིས་མའི་ཆོས་ཀྱིས་སངས་རྒྱས་ཨེ་སྲིད། འདི་འདྲའི་ཆོས་འཁོར་གྱི་སྐབས་སུ་ཆོས་ཞུ་བ་གཅིག་འགྱུར་གྱིས་དཀར་ཟས་ཁོ་ན་གསོལ་བ་ཡིན་ན་རང་བཞིན་གྱིས་དུད་འགྲོ་མང་པོ་ཚེ་སྲོག་གི་འཇིགས་པ་ལས་ཐར་བས་དགེ་བ་རླབས་ཆེ། དེ་ལ་བརྟེན་ནས་༧གོང་ས་ཡིད་བཞིན་ནོར་བུའི་དབུས་བསྟན་འཛིན་དམ་པ་གང་ན་སུ་བཞུགས་པ་ཐམས་ཅད་ཞབས་པད་བརྟན་ཅིང་ཐུགས་བཞེད་འགྲུབ་པ་ལ་ཕན་འབྲས་བླ་ན་མེད་ཡོད་པ་སྨོས་མ་དགོས་ཏེ་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མི་མངའ་བའི་ཕྱིར།
གནས་དུས་ཁྱད་པར་ཅན་གྱི་དུས་ཚིགས་ཐུང་ཐུང་ཞིག་གི་ནང་དུ་ཡང་དམར་ཟས་སྤོང་མི་ནུས་པ་དཔེ་རེད།
དངོས་གནས་སེམས་ཅན་ཇི་ཙམ་གྱི་སྲོག་ཤོར་ཡོད་གྲོ་ཨང་།
ཨོཾ་མ་ཎི་པདྨེ་ཧཱུྃ།
བཀུར་འོས་ཁ་བརྡའི་དྲྭ་བདག་ལགས།
གུས་པས་ཁ་བརྡ་དྲྭ་བར་རྩོམ་ཡིག་ཐེངས་ཁ་ཤས་ལ་བསྐུར་ཡང་དྲྭ་སྟེང་ལ་གཅིག་ཀྱང་བཀོད་མ་སོང་།
བསྐུར་སྟངས་མ་འགྲིགས་པ་ཡིན་ནམ་ཡང་ན་རྒྱུ་རྐྱེན་གཞན་ཞིག་ཡིན་ཆ་མ་འཚལ་བས་བཀུར་འོས་དྲྭ་བདག་ནས་ཁ་གསལ་གྱི་ལན་ཞིག་ཡོད་པ་ཞུ།
འདི་ཙམ་ལ་ཧང་སང་རྒྱུ་ཅི་ཡོད་། ཆོས་ཀྱི་ར་བ་དག་ན་སྲིད་ཀྱི་འཁྲབ་ཚན་དེ་ལས་བ་ཡོད་པ་མ་མཁྱེན་པ་འདྲ་།
ལོས་ཡིན།
གྲྭ་བ་དག་གིས་མིག་རིལ་རིལ་བྱས་ནས་ཨ་ནེ་དག་གི་བྱད་བཞིན་དང་མྱོས་བུམ་ལ་བཅེར་ནས་འདུག་ལ།
ཨ་ནེ་དག་གིས་འཛུམ་དམུལ་དམུལ་བྱས་ནས་གྲྭ་བ་དག་གི་མདུན་རྒྱབ་ལ་འཚང་ནས་འདུག
ད་དུང་མགྲོན་ཁང་གི་ཁང་མིག་རེ་རེ་ནས།
ཟ་ཁང་གི་མདུན་ཅོག་རེ་རེ་ནས།
མཆོད་རྟེན་གྱིི་སྐོར་ལམ་རེ་རེ་ནས།
གྲྭ་བ་དང་ཨ་ནེ་དག་གིས་སྲིད་པའི་ཟློས་གར་མང་པོ་མང་པོ་འཁྲབ་བཞིན་ཡོད་པ་མ་ཡིན་ནམ།
ཨོྃ་བརྫྲ་སྭ་ཏཱོ་ཧཱུྃ།
བོད་ནང་དུ་གསུང་ཆོས་དབུ་ཚུགས་ནས་བཟུང་ནང་བསྟན་དང་༸གོང་ས་མཆོག་ལ་དད་
པ་ཡོད་མཁན་ཕལ་ཆེར་གྱིས་དུས་དབང་བཀའ་ཆོས་གནང་བའི་རིང་དེར། དམར་ཟས་སྤངས་ནས་དཀར་སྐྱོང་གནང་མཁན་སྔར་བས་ཇེ་མང་ཇེ་མང་རེད་འདུག་གསུང་གི་འདུག་ལ། བོད་པའི་ཟ་ཁང་འགའ་ཞིག་གིས་དུས་འཁོར་དབང་ཆེན་གནང་བའི་རིང་དུ་དཀར་ཟས་འབའ་ཞིག་ཚོང་གཉེར་གནང་བཞིན་ཡོད་འདུག་ཀྱང་ངན་ལང་ཤོར་བ་བདག་དང་། བདག་འདྲ་བ་དག་ནི་ཁ་ཡོད་ལག་ཡོད་ཀྱི་ཆོས་ཞུ་བ་མཚན་ཉིད་པ་ཞིག་ཆག་མེད་
པར་མ་ཟད་འཇིག་རྟེན་ཆོས་བརྒྱད་ཇེ་ཆེར་སོང་བའི་རང་མགོ་རང་ཉིད་ཀྱིས་བསྐོར་བའི་བསླུ་བྲིད་པ་ཞིག་ཆག་ཡོད་པར་གདོན་མི་ཟའོ།
ཞོགས་པ་ཕྱག་གྲངས་གསོག་ལ་བང་རྩལ་འགྲན།།
སྔ་དྲོ་བཞུགས་གནས་སླད་དུ་བང་རྩལ་འགྲན།།
ཉིན་དགུང་གསོལ་བྱ་འདྲེན་ལ་བང་རྩལ་འགྲན།།
ཕྱི་དྲོ་དམར་ཟས་འཚོལ་ལ་བང་རྩལ་འགྲན།།
དགོངས་དྲོ་སྐོར་གྲངས་གསོག་ལ་བང་རྩལ་འགྲན།།
མཚན་མོ་ཟླ་འོད་སྤྲོ་ལ་བང་རྩལ་འགྲན།།
མདོར་ན་བདག་འདྲའི་སློབ་མ་བང་འགྲན་ནས།།
ཆོས་བརྒྱད་རགས་པའི་རྟ་མཆོག་རབ་བཞོན་ཏེ།།
ངན་འགྲོའི་གྲོང་ཁྱེར་ཕྱོགས་སུ་བང་རྩལ་འགྲན།།
ཨ་ཁུ་བསོད་ནམས་ཀྱི་སྙིང་སྟོབས་དང་། རླབས་ཆེན་གྱི་ཕྱག་རྗེས་བཟང་པོ་ལ་རྗེས་སུ་ཡི་རངས་ཡོད། དངོས་གནས་རེད། བོད་པ་ཚང་གིས་ཐུབ་ཚོད་གཏང་ས་དང་། ཁ་འོག་ལག་འོག་ཏུ་ཡོད་པ་བ་གླང་དང་ར་ལུག་སོགས་ཉམས་ཆུང་བའི་དུད་འགྲོའི་རིགས་ཁ་ཤས་ཤིག་ཁོ་ན་རེད། སྤྲོ་སྐྱིད་གཏོང་ས་དང་། ཆ་ས། ལོ་གསར། ད་དུང་ཆོས་ཀྱི་ར་བ་ཡན་ཆོད་ཀྱི་མཛད་སྒོ་དང་བྱེད་སྒོ་གཙོ་བོ་དེ་དག་འགོ་འཛུག་དུས་ནས་ཤ་མེད་ན་ཐབས་མེད་པ་དང་། འགོ་འཛུག་མི་ཤེས་པ། ཤ་མེད་ན་མཛད་དང་ཐུགས་སྤྲོའི་རིགས་དེ་དག་ལ་བྲོ་བ་མེད་པ་ཞིག་ཆགས་ནས་སྡོད་ཡོད་པ་ངེད་བོད་པ་ཚང་གི་ཁྱད་ཆོས་ཤིག་མ་ཡིན་ནམ།
བོད་རིགས་ཚོས་མ་འོངས་པར་ཤ་ཉུང་ཙམ་དང་། བྱུང་ན་ཤ་མེད་ཀྱི་རིགས་ལ་བྱང་གོམས་གནང་སྟེ། ཉམས་ཆུང་བའི་སེམས་ཅན་དེ་དག་ལ་རང་དབང་དང་། བག་ཕེབས་ཡོང་བའི་རེ་སྨོན་ཡིན། ཡིན་ནའང་ང་རང་གིས་མཚམས་རེར་ཤ་ཅུང་ཟད་ཟ་ཡི་ཡོད། ཧཧཧཧཧ ངའི་ཚེ་ལྷག་ཤ་མེད་དང་། དུད་འགྲོར་བྱམས་སྐྱོང་ཐུབ་པར་ཞིག་ལ་སེམས་པ་ཤོར་ནས་ཡོད།