ཨོ་རྒྱན་ཉི་མ།
བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ནི་འབྲོག་པའི་རྩ་ཐང་དུ་ལུ་གུ་དང་། བེའུ་མཉམ་དུ་འཚར་ལོངས་བྱུང་ཞིང་། གྲོང་གསེབ་ནས་གྲོང་བརྡལ། གྲོང་ཁྱེར་སོགས་རིམ་བགྲོད་ཀྱིས་འཛམ་གླིང་ཤར་ནུབ་གཉིས་ན་གྲགས་པ་འབར་བའི་ཨོ་ རྩལ་འགྲན་ཚོགས་སུ་ཞུགས་པ་རེད། ཁོ་མོས་འགྲོས་རྒྱུགས་ཀྱིས་ཨང་གསུམ་པའི་བྱ་དགའ་བླངས་པ་དེས་ལྟད་མོ་བར་དམིགས་བསལ་གྱི་ཚོར་སྣང་ཞིག་སྟེར་མེད་ལ། དེ་ནི་སྤྱིར་བཏང་ཞིག་ལས་ཧ་ལས་དགོས་པའི་རྟགས་མ་ཞིག་ཀྱང་མ་རེད། དེ་ཕྱིར་དེ་ལ་ཁོ་བོ་ཡང་ཁོ་ཚོས་སྤྲད་པའི་བྱ་དགའ་ལ་ཧ་ལས་པའི་སེམས་ཚོར་ཞིག་གང་ཡང་མ་བྱུང་།
ཆེས་དགའ་འོས་པའི་བྱ་དགའ་ཆེ་ཤོས་དེ་ནི། ལྟད་མོ་བ་དང་། ཉམས་ཞིབ་པ་ཡོངས་རྫོགས་ལ་སེམས་འགུལ་འཐེབ་དུ་བཅུགས་པ་ནི་མོའི་གདོང་ན་སུ་དང་། གང་ལ་མེད་པའི་བཅོས་མིན་གྱི་འཛུམ་མདངས་དང་། ངར་ཤུགས་ལྡན་པའི་མྱུར་བསྐྱོད། བོད་པའི་བུ་མོ་ཚོར་ཡོད་པའི་ཉམས་ཆུང་ལ། ངོ་ཚ་སྨིན་མོ་ཡོད་པའི་རྣམ་འགྱུར་ཕྱིར་མངོན་པ་དང་། མདོ་འཛིན་པས་ལམ་སང་ལྟོས་དང་། རྒྱ་ནག་གི་བུ་མོ་དེའི་གདོང་གི་འཛུམ་མདངས་ཞེས་དབང་མེད་དུ་མི་ཚོགས་ཁྲི་ཕྲག་ཚོགས་པའི་དབུས་སུ་ཤོར་བ་དང་། ཨོ་རྩལ་ལ་དགའ་བའི་ཤར་ནུབ་ཀྱི་སྐྱེ་བོ་དུང་ཕྱུར་མང་པོའི་རྣ་བར་ཐོས་པའི་བསྟོད་བསྔགས་དང་། མིག་ལམ་དུ་མངོན་བཞིན་པའི་འོད་ལྷང་ལྷང་དུ་འཚེར་བའི་འཛུམ་དཀར་གཉིས་ཀྱིས་ཡོད་ཚད་ལ་སེམས་འགུལ་འཐེབ་པ་ནི། རྩེད་འགྲན་པ་སུ་དང་གང་གིས་བཞག་མ་ཐུབ་པའི་བྱས་རྗེས་ཆེ་ཤོས་དང་། དམིགས་བསལ་གྱི་བྱ་དགའ་མ་ཕུལ་རུང་དོན་གྱིས་འཛམ་གླིང་གསེར་གྱི་རྟགས་མ་ཡོད་ཚད་ཀྱིས་བསྒྲུན་ནུས་བྲལ་བའི་རྟགས་མ་ཆེ་ཤོས་དེ་ཨ་མདོའི་རྩ་ཐང་གི་འབྲོག་མོ་ཆོས་དབྱིངས་སྐྱིད་ཀྱིས་བླངས་པ་རེད།
དེ་ཕྱིར་ངས་འདི་ནས་མོ་ལ་རེ་བ་ཆེ་ཤོས་དེ་སྲོལ་རྒྱུན་གྱི་རང་གཤིས་མི་འདོར་ཞིང་། དུས་རབས་ཀྱི་མདུན་བསྐྱོད་རན་པའི་ཐོག་ནས་མི་རིགས་དང་། རྒྱལ་ཁབ་ལ་ཞབས་འདེགས་བླ་མེད་ཞུ་ཐུབ་པའི་རེ་འདུན་སྙིང་ལ་བཅངས་ཡོད།
ཧཧ སྤྲུལ་ལོ་ཁྱོད་ཀྱིས་བགད་མོ་སློང་ཤེས་འི་ཡ། སྟུ་ཁེབ་དང་ནུ་ཁེབ་ཙམ་ལས་མེད་པའི་འཛམ་གླིང་གི་མི་མང་ཡོད་སར་གཅེར་བུ་འདུར་རྒྱུག་བྱེད་ཕོད་མཁན་ཞིག་ལ་ངོ་ཚ་སྨིན་པོ་འདུག་ཟེར་ན་རྣ་མི་འགྲོ་འི།
ཨོ་རྒྱན་ཉི་མ་ལགས། དཔྱད་བརྗོད་ཟེར་བ་འདི་འདྲ་ཞིག་ཡིན་རྒྱུ་རེད། ཧ་ཅང་གི་དོན་ལ་གནས་ཞིང་གཏིང་ཟབ་པའི་གོ་དོན་དང་ཁྱད་ཆོས་ཕུན་སུམ་ཚོགས་པ་འདུག ཐུགས་རྗེ་ཆེ།
བྱང་སྐར་ལགས། སྐུ་ཉིད་ཀྱིས་ཅི་ཞིག་བསམ་ཀྱིན་ཡོད། རང་གིས་རྣམ་དཔྱོད་ཀྱིས་ངོས་མི་ཟིན་རུང་གཞན་གྱིས་འགྲེལ་བརྗོད་བྱེད་སྟངས་ཀྱི་གོ་དོན་སེམས་ལ་བབས་ཡོད་ལས་ཆེ་ཨང་། བོད་མི་རིགས་ཟེར་བ་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
ངོ་མ་རེད། མོའི་འཛུམ་མདངས་དེས། ཧཧཧཧ
འཛུམ་མདངས་ཡག་པ་བདེན་ཡང་གནད་དོན་དེ་སྐུ་ལོ་ཁྱེད་ཀྱིས་བེད་སྤྱེད་ཀྱིས་སྦྱིན་བདག་མང་དུ་བཙལ་འདོད་འདུག འཛུམ་མདངས་ཡག་པའི་བུ་མོ་མང་པོ་འདུག དེ་ནི་མོ་གཅིག་བུ་མ་རེད། ངོ་ཚ་སྨིན་ན་ཡར་རབ་བརྩི་བ་ནི་རྗེས་ལུས་ཀྱི་བསམ་བློ་རེད། གྲོང་གསེབ་ཡིན་པའི་དན་རྟགས་རེད། གྲོང་གསེབ་ཀྱི་བུ་མོ་ཕལ་ཆེར་བ་ངོ་ཚ་སྨིན་པོ་རེད། ངོ་ཚ་སྨིན་པས་གཞན་གྱིས་བེད་སྤྱོད་བཏང་ཆོག་ཆོག་རེད། སྐུ་ལོ་ཉིད་ཀྱིས་བེད་སྤྱོད་བཏང་ན་མི་འདོད་དམ། གང་ལྟར་བོད་ཡིག་སྒང་ངལ་བས་རྩོམ་ཡིག་བྲིས་བ་ལེགས་བྱུང་། དགའ་བ་ཡོད།
ཨོ་རྒྱན་ཉི་མ་ལགས་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱི་རྩོམ་འདི་ནི་ང་ཚོ་བོད་པ་མང་པོ་ཞིག་གིས་ཆོས་དབྱངས་སྐྱིད་ལ་བཅིངས་པའི་རེ་བ་དང་སྨོན་འདུན་ཡིན།
ཆོས་དབྱིངས་སྐྱིད་ལ་རྒྱ་སྐྱོར་མེད་པའི་མི་དེ་་བོད་རིགས་མི་དམངས་ལ་དགའ་ཞེན་དང་སེམས་ཤུགས
མེད་པ་ནི་སྨོས་ཅི་དགོས། འདི་འདྲ་རིགས་དེའི་རང་གིས་ཨ་
མ་ལ་གོང་ཚད་རྒྱབ་ནས་གཙོང་མཁན་རེད་། བོད་རིགས་ལ་ཤ་ཞེན་་མེད་ན་ཁ་རོགས་འདུག་
ཡག་སྡུག་གང་ཡང་བཤད་མི་དགོས
བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་གྱིས་གངས་ལྗོངས་གྱི་ལ་རྒྱ་དགོང་ལ་བཏེགས་སོང་བོད་ལ་འདི་འདྲ་རེ་ཟུང་ཡོད་ན་འཛམ་ལང་རྒྱལ་ཁབ་རྣམས་གྱི་བོད་ལ་ཆ་འཇོག་ཅུང་ཙམ་བྱེད་ངེས་རེད་ད་ཡིན་ན་ཧ་ཧ་
རྩེད་འགྲན་པ་སུ་ལ་ཡང་མེད་པའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་ལྷན་སྐྱེས་འཛུམ་མདངས་དེས་བོད་མི་རིགས་ཀྱི་རང་གཤིས་འཛམ་གླིང་མི་མང་གིས་ཤེས་རྟོགས་བྱུང་འདུག་དགའ་པ་ལ།
རྩོམ་ཡིག་སྤེལ་ན་ཡིག་སྐྱོན་ཉུང་ན་བཟང་།།
སྐད་ཆ་བཤད་ན་དོན་ལ་གཟས་ན་བཟང་།།
ཆེན་པོ་འདོད་ན་ཆུང་ཆུང་བསྐྱུར་ན་བཟང་།།
རྒྱུན་དུ་བྱ་སྤྱོད་བག་ཡོད་བྱས་ན་བཟང་།།
བཟང་བ་རྣམ་བཞི་བཤད་ན་དེ་མོ་རེད།།
རྩོམ་འབྲི་མཁན་ཚོའི་ཡིད་ལ་འདི་འདྲ་ཞོགས།།
སྤྲུལ་སྐུའི་མིང་ཅན་དེ་ཚོས་ལྷག་ཏུ་དགོངས།།
ཆོས་དང་རིག་གཞུང་རྐང་པས་མ་བརྫི་ཨང་།།
ཆོས་དང་འཇིག་རྟེན་ལུགས་གཉིས་མྱོང་བས་རྟོགས།།
ལེགས་དང་ཉེས་པའི་རྣམ་གཞག་རིགས་པས་འབྱེད།།
ཁྲིམས་དང་གཡོ་རྒྱུའི་གོང་ཧྲུལ་རྒྱང་དུ་དོར།།
བདེན་དང་དྲང་མོའི་ལམ་ན་གནས་པ་མཚར།།
སྤྲུལ་དང་སྤྲུལ་གཞིའི་རྣམ་གཞག་གང་བྱས་ཀྱང་།།
དོན་ལ་འཇིག་རྟེན་སྔ་ཕྱི་རྟོགས་མཁན་མེད།།
རང་གི་ལུས་ཀྱི་ནད་གཞི་མི་རྟོགས་བཞིན།།
གཞན་གྱི་འདི་ཕྱི་འགྲོ་འོངས་དཔོག་པ་མཚར།།
དེས་ན་ཁྱེད་ཉིད་སྤྲུལ་སྐུ་ཡིན་ནམ་མིན།།
དེ་ནི་རྨོངས་པའི་བསྐྲུན་པའི་གོམས་སྲོལ་ཙམ།།
འོན་ཀྱང་ཁྱེད་ཀྱི་ཐུན་མིན་རྣམ་དཔྱོད་དང་།།
བདེན་དང་དྲངཔོའི་ལམ་བཟང་འཚོལ་འདི་མཛེས།།
ད་ཐེངས་དབང་འདུས་ཀྱིས་མི་སྐད་གསོན་པོ་སྨྲ་བ་ལ་ཡི་རང་ཡོད་དོ།། ཨོ་རྒྱན་ཉི་མོ་འདི་བ་ཚང་ཡག་པོ་འདུག་བསམ་སོང་།
་་་་་་ གང་ལ་མེད་པའི་བཅོས་མིན་གྱི་འཛུམ་མདངས་དང་། ངར་ཤུགས་ལྡན་པའི་མྱུར་བསྐྱོད། བོད་པའི་བུ་མོ་ཚོར་ཡོད་པའི་ཉམས་ཆུང་ལ། ངོ་ཚ་སྨིན་མོ་ཡོད་པའི་རྣམ་འགྱུར་ཕྱིར་མངོན་པ་དང་། མདོ་འཛིན་པས་ལམ་སང་ལྟོས་དང་། ་་་་ཟེར།
སྤྲུལ་ལོ་དམ་པས་དབྱད་བརྩོམ་དོན་གནས་སྤེལ་བར་སྤྲོ་བ་བྱུང་བཀྲིན་ཆེ།
གངས་རིའི་ངོ་སོ་རྒྱ་ལ་སྟེར་མ།
དགྲ་དགའ་གཉེན་སྡུག་ལས་ལ་བརྩོན་མ།
གཉེན་གྱི་གཟེངས་རྟགས་དགྲ་ལ་ཕུལ་མ།
བོད་མི་ཀླད་མེད་ཕྱག་འཚལ་ཡུལ་མ།
གོས་མེད་གཅེར་བུ་འདུར་རྒྱུགས་བྱེད་མ།
ཆགས་ལྡན་གྲྭ་གཞོན་འདོད་ཆགས་སློང་མ།
གཞོན་ནུ་ཨ་གསར་འབོད་སྒྲའི་ཡུལ་མ།
འདུར་རྒྱགས་རྒྱ་མིའི་ལས་དོན་སྒྲུབ་མ།
ན་གཞོན་རང་ཚུགས་དབང་མེད་གཏོར་མ།
རང་སྲེག་ཛ་དྲག་ཟིལ་གྱིས་ནོན་མ།
རེ་ཞིག་བོད་དོན་ངལ་གསོ་སྟེར་མ།
བསམ་མེད་བོད་མི་ཁྱུ་ཚོགས་མགོན་མ།
བསམ་ཡོད་བོད་མིའི་སྙིང་རྗེ་ཡུལ་མ།
སྤྲུལ་ཨོ་རྒྱན་ཉི་མས་གསུང་པ་དེ་དངོས་གནས་རེད། བུ་མོ་ཆོས་དབྱིངས་སྐྱིད་ལ་རྩེད་འགྲན་པ་སུ་ལ་ཡང་མེད་པའི་བོད་མི་རིགས་ཀྱི་རང་གཤིས་ངོ་ཚ་ཁྲེལ་ཡོད་དང་། ལྷན་སྐྱེས་འཛུམ་མདངས་དེས་འཛམ་གླིང་མི་མང་ཡིད་དབང་འགུག་ཡོད་ལ་ང་ཚོ་བོད་མའི་རེ་བ་དང་སྨོན་འདུན་ཡང་འགྲུབ་ཡོད།
མཁས་པས་བཤད་ན་ཅི་ཡང་བདེན། །
ལྟོ་འདུན་ཅན་ལ་ཅི་ཡང་ཟས། །
སྙན་ངག་མཁན་ལ་ཅི་ཡང་རྒྱན། ། ཞེས་པར་འདི་ཅི་མ་བདེན། ཁྱེད་ཀྱིས་གསུངས་པར་མངོན་པར་བསྟོད་དོ།
དཀའ་ལས་ཚ་མོས་རྒྱབ།
རྣ་རྒྱན་ཞིང་ཚང་འདོགས།
དགའ་སྐྱོ་སུམ་ཉིད་ཅིག
ཆབས་ཅིག་སྟེར་འདི་མཚར།
འཛམ་གླིང་ཡོངས་རྩེ་ནས།
བོད་མོ་བཙོས་མའི་གསེར།
གཅེར་བུའི་འདར་རྒྱུགས་ཏེ།
ཟིན་ཐོ་ཐོག་མར་བཞག
བོད་རིགས་ལུས་རྩལ་པ་བུ་མོ་ཆོས་དབྱངས་སྐྱིད་ལགས་ཀྱིས་འཛམ་གླིང་གི་མི་མང་ཡོངས་ཀྱི་མིག་མདུན་དུ་བོད་རིགས་མི་མང་ཀྱི་བསམ་བློའི་སྙིང་སྟོབས་དང་དཔའ་མཛངས་གསལ་སྟོན་ཐུབ་པ་བྱུང་བ་རེད་དེ་ནི་རྒྱ་ནག་གི་ཨོ་ལོན་སྦིག་གི་ལུས་རྩལ་ལྷན་ཚོགས་ཀྱིས་མི་རིགས་འདྲ་མཉམ་གྱི་གོམ་པ་དང་པོ་སྤོས་པར་འབྲས་བུ་བཟང་པོ་ཐོབ་པར་མི་རྣམས་གླེང་མི་ཚར་བའི་དགའ་སྐྱིད་ཀྱི་ཚོར་བ་ཞིག་ས་གཞི་བར་སྣང་ཡོངས་ལ་ལྷང་ལྷང་དུ་ཁྱབ་བཞིན་ཡོད་པ་དེ་ལ་བཀྲ་ཤིས་བདེ་ལེགས་ཀྱི་མེ་ཏོག་ཁྲི་ཕྲག་དུ་མས་དགའ་འཛུམས་སྟོན་བཞིན་ཡོད་ད་དུང་ཡང་མི་རིགས་འདྲ་མཉམ་གྱི་གོམ་སྟབས་གསར་པའི་འཕྲིན་བཟང་ཐོན་ཐུབ་པའི་རེ་བ་ཡོད་པ་བཅས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་།