སྤོབས་པ་མཐའ་ཡས།
སྟོན་པ་ཤཀྱཱ་ཐུབ་པའི་བཀའ་སློབ་རིན་པོ་ཆེ་འདི་ཉིད་དུས་རབས་རིམ་པར་བརྒྱུད་ནས་ཡུལ་སྲོལ་དང་ཆོས་ལུགས་གཞན་གྱི་ཤུགས་རྐྱེན་འོག་ཏུ་བསྲེ་ལྷད་མང་པོ་ཞིག་བྱུང་ཡོད། ལྷག་པར་ཡང་རྩ་བ་བོར་ནས་ཡལ་ག་འཚོལ་བའི་དཔེ་བཞིན་དུ་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པའི་ཆ་ལག་ཕལ་བ་མང་པོ་ཞིག་རྒྱས་སྤྲོས་ཆེ་དྲགས་པར་གྱུར་ནས་དད་ལྡན་མང་ཚོགས་ཀྱི་འཚོ་བ་ལ་དཀའ་ངལ་སྤྲད་པ་དང་། ཁོར་ཡུག་ལ་གནོད་པ། ཐོན་ཁུངས་འཕྲོ་བརླགས་སོགས་ཀྱང་འབྱུང་བཞིན་ཡོད། དེ་བཞིན་དུ་ཆོས་ལུགས་ཀྱི་བྱེད་སྒོ་ཁ་ཤས་ཤིག་གིས་མང་ཚོགས་ལ་ཕན་པ་ལས་ལྡོག་སྟེ་གནོད་པའི་རྒྱུར་གྱུར་པ་ཡང་ཡོད། གཤམ་དུ་དོན་ཚན་ཁ་ཤས་ཤིག་བཀོད་པ་དེ་རགས་བསྡུས་ཙམ་ཞིག་ཡིན།
གཅིག་ནི་མཆོད་མེ་མང་པོ་སྦར་སྲོལ་དེ་རེད། མཆོད་མེ་བརྒྱ་སྟོང་ཁྲི་འབུམ་གྱི་གྲངས་ཀ་མང་པོ་ཞིག་འཁྱོལ་དགོས་པའི་བྱེད་སྟངས་དེས་གནོད་མང་པོ་ཞིག་སྐྱེལ་གྱིན་འདུག དེ་ཡང་རྡོ་རྗེ་གདན་དང་བལ་ཡུལ་མཆོད་སྟེན་བྱ་རུང་ཁ་ཤོར་སོགས་གྱི་སྐོར་ལམ་དུ་མཆོད་མེ་བརྒྱ་སྟོང་མང་པོ་སྦར་བ་དེས་འབུ་སྲིན་ཧ་ཅང་མང་པོ་ཞིག་སྲོག་ཤོར་གྱིན་འདུག དེ་བཞིན་དུ་མཁའ་དབུགས་འབགས་བཙོགས་དང་དྲི་མ་ངན་པས་ཡུལ་འཁོར་ཉམས་མི་དགའ་བར་སྒྱུར་བ་དང་འཕྲོད་རྟེན་ལ་གནོད་པ། སྤྱི་ཚོགས་དབུལ་བོ་དེ་འདྲ་ཞིག་གི་ནང་དུ་བཟར་རུང་བའི་དངོས་ཆས་མང་པོ་ཞིག་མེར་བསྲེགས་པ་དེས་ཡུལ་གྱི་འཚོ་བའི་ཐོན་ཁུངས་འཕྲོ་བརླགས་དང་ཕྱི་མིའི་མཐོང་སྣང་ལ་མི་མཛེས་པ་ཞིག་རེད། མཆོད་མེ་འཚོང་མཁན་ཕལ་མོ་ཆེ་ནི་ཆོས་དད་མེད་པའི་མི་སྣ་ཡིན་སྟབས་མར་མེ་རང་གི་ཆ་རྐྱེན་དུ་བཤད་པའི་གཙང་སྦྲ་སོགས་མཚན་ཉིད་ཚང་བ་གཏན་ནས་མེད་ཅིང་མར་མེ་མཆོད་ཀོང་གང་ཐེངས་མ་མང་པོར་འཚོང་ཐབས་སོགས་གཡོ་སྒྱུའི་ཚོང་ལས་སུ་བེད་སྤྱད་པས་དད་ལྡན་པ་ཚོའི་ལག་དངུལ་ཕྲན་བུ་དེ་སྲིན་བུ་པད་པས་ཁྲག་འཇིབ་པ་བཞིན་བྱེད། གནས་རྩ་ཆེན་དང་སྐུ་གསུང་ཐུགས་རྟེན་རིན་ཐང་ཅན་མང་དུ་བཞུགས་པའི་ལྷ་ཁང་གི་ནང་དང་ཉེ་འཁོར་དུ་མར་མེ་མང་པོ་སྦར་བ་དེ་ཁང་ཁྱིམ་རྒྱུ་དངོས་དང་ཐ་ན་མི་ཚོགས་ཀྱི་འདུ་བ་ཆེ་སར་མེ་མཆེད་དེ་ཡ་ང་བའི་གནས་སྟངས་ཚབ་ཆེན་འབྱུང་བའི་ཉེན་ཁ་ཤིན་དུ་ཆེ་བས་མཆོད་མེ་མང་པོ་སྦར་སྲོལ་དེ་ངེས་པར་དུ་སྤངས་བར་འོས།
གཞན་ཞིག་ནི་བོད་མི་གནས་མཇལ་བ་ཚོས་ཞལ་འདེབས་སྒམ་ཆུང་སོགས་མེད་སའི་ལྷ་སྐུ་མདའ་ངེ་མདུང་ངེ་དང་ལྷ་ཁང་བ་གེ་བུག་གེ་ཚང་མར་དངུལ་འཇོག་སྲོལ་དེ་རེད། དངུལ་ག་ས་གང་དུ་གཡུག་པ་དེ་སྐུ་གསུང་ཐུགས་རྟེན་གསར་བཞེངས་ཉམས་གསོ་དང་སྤྱི་ཚོགས་ཀྱི་བདེ་རྩར་མི་འགྱུར། དངུལ་དེས་ཆེད་དུ་ཡུལ་མི་མང་པོ་ཞིག་ལ་འཁྲུག་རྩོད་སློང་ཞིང་ཐ་མ་མི་ངན་དབང་ཤུགས་ཆེ་ཤོས་དེས་ཁྱེར་འགྲོ།
གཞན་ཞིག་ནི་ལྷའི་སྐུ་རིས་འདྲ་མིན་མང་པོ་འགྲེམ་སྤེལ་བྱེད་པ་དེ་རེད། སྤྱིར་ན་ལྷའི་སྐུ་བརྙན་འདྲ་མིན་སྣ་ཚོགས་ཡོད་པ་དེ་སྒྱུ་རྩལ་གྱི་ཐོན་རྫས་ཤིག་གི་རིན་ཐང་ཡོད་ཀྱང་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་སློབ་རང་གི་ངོས་ནས་གལ་གནད་ཆེན་པོ་ཞིག་གང་ཡང་མིན། ལྷའི་སྐུ་བརྙན་འདྲ་མིན་མང་པོ་འགྲེམ་སྤེལ་བྱས་པའི་ཉེས་དམིགས་གཞན་ཞིག་ནི་ལོ་རྒྱུས་རང་སྟེང་ན་གལ་གནད་ཆེ་བའི་སྟོན་པ་ཐུགས་རྗེ་ཅན་དང་བསྟན་པའི་གསལ་བྱེད་ཆེན་པོ་དག་གི་གྲལ་དུ་ལྷ་སྒྲུང་དང་སྒྱུ་རྩལ་བའི་ཐོན་རྫས་ལྷ་སྐུ་མང་པོ་ཞིག་གིས་བཙན་འཛུལ་བྱས་ནས་ཉིན་ཞིག་ལ་སྟོན་པ་ཐུགས་རྗེ་ཅན་བོར་བརླགས་སུ་འགྱུར་བའི་ཉེན་ཁ་ཡང་འདུག ལྷག་པར་ཡང་ལྷའི་སྐུ་བརྙན་ཆགས་ཉམས་ཅན་རྒྱ་གར་གྱི་གནའ་བོའི་ཀ་མ་སུ་ཏྲའི་རི་མོ་དང་མཚུངས་པའི་ཕོ་མོ་ཆགས་སྤྱོད་བྱེད་བཞིན་པའི་གཟུགས་བརྙན་དང་། ཞེ་སྡང་གི་ཉམས་འགྱུར་ཅན་མི་མགོ་ཁྲག་འཛར་བཞིན་པའི་རྒྱན་ཕྲེང་ཅན་སོགས་བྱིས་པ་གཉིད་ལོག་སློང་བྱེད་ལྟ་བུའི་རིགས་འགྲེམ་སྤེལ་བྱེད་པ་ངེས་པར་དུ་ཡང་མཚམས་འཇོག་པར་འོས། གལ་སྲིད་ལྷའི་སྐུ་བརྙན་འདི་རིགས་ཆོས་ཀྱི་ཉམས་ལེན་དུ་མེད་ཐབས་མེད་པ་ཞིག་ཡིན་ན་ཆེས་གསང་བའི་སྒོ་ནས་ཉུང་ཤས་རེ་ཉར་ན་ལེགས།
དེ་བཞིན་དུ་རས་དང་ཤོག་བུའི་རླུང་རྟ་གཏོར་བ་དང་། ལྷ་ཁང་གི་རྩིག་ངོས་ལྡེབས་རིས་ཅན་གྱི་ཞལ་བ་ལ་སེན་འབྲད་བྱས་ནས་འཁྱེར་བ། རྩིག་ངོས་དང་བྲག་ངོས་གང་སར་མར་བྱུགས་པ་སོགས་ཕན་མེད་གནོད་གཞིའི་བྱེད་སྒོ་མང་པོ་ཞིག་མཆིས་ཀྱང་འདིར་མཛུབ་མོས་རི་སྟོན་ཙམ་བགྱིས་པའོ༎
ཁོང་གིས་གསུངས་པ་འདི་རྒྱ་ཆ་བརྒྱ་ཐམ་པ་བློར་ཕྱིན་སོང་། ལྷ་སའི་ཇོ་བོ་སྐུ་མདུན་དུ་ཚོང་དཔོན་རྣམས་ཀྱིས་དངུལ་ལོར་མང་པོ་འཇོག་གི་ཡོད་རེད། དེ་དག་ཨ་ན་ཞ་ར་གཅིག་མ་ལུས་པ་རྒྱ་མིའི་ཁ་ཟས་རེད།
བསམ་འཆར་སྟོན་པ་ཕན་ཐོགས་ཆེ། །
་འཕྲོད་རྟེན་མ་རེད་འཕྲོད་བསྟེན་རེད། །
སྡུ་རུས་ངལ་དུབ་དངུལ་གསོག་ལས། །
མཆོད་འབུལ་བྱས་ནས་ཚེས་བསོད་འཕེལ། །
བོད་པ་ཚོང་པས་རྒྱ་གསོ་བ། །
ནོར་འཁྲུལ་མེད་པས་དགའ་སྒོམས་གྱིས། །
ཁྱེད་གཉིས་བསམ་འཆར་གནང་བ་ལ། །
ངས་ཀྱང་རྗེས་སུ་ཡི་རང་ཡོད། །
ད་དུང་སྤོབས་པ་མཐའ་ཡསལགས་ཀྱིས་དུས་དབང་སྐུར་ན་ཕན་གནོད་གང་གི་རྒྱུ་རུ་འགྲོ་མིན་སྐོར་དེ་བརྗེད་འདུག་པས་དེ་ངེས་པར་དུ་གསུངས་རོགས།
སྤོབས་པ་མཐའ་ཡས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།
བདེན་པ་རེད། མོས་མཐུན་ཡོད།
གནམ་ལོ་གསར་བ་འདི་འབྲུག་ལོ་རེད།
འབྲུག་ནི་རྒྱ་ཡི་མཚོན་བྱེད་རེད།
འབྲུག་སང་སང་དགུང་ནས་གྲག་རྒྱུ་རེད།
སེང་དཀར་མོ་གངས་ནས་ཁྲོས་པ་ན།
འབྲུག་ས་ལ་ལྷུངས་ཞེས་གནའ་མྱིས་གླེང་།
སེང་དཀར་མོར་ཁྲོ་རྒྱུ་མེད་སོང་ན།
འབྲུག་ལྗང་ལོའི་བསྟན་པ་དར་རྒྱུ་རེད།
གློག་དམར་པོ་གནམ་ནས་འཁྱུག་རྒྱུ་རེད།
ཐོག་བཙན་པོ་ས་ལ་འཕེན་རྒྱུ་རེད།
བོད་དབུ་ནག་འགའ་རེ་གསོད་རྒྱུ་རེད།
རི་གང་མཐོའི་མགོ་ལ་འབུད་གི་འགྲོ།
བསང་གསོལ་གྱི་མྱེ་ལྕེ་སྦར་གི་འགྲོ
ཀི་དིར་གྱིས་གནམ་ས་དགང་གི་འགྲོ
སང་དཀར་མོ་གཉིད་ལས་སློང་གི་འགྲོ
གངས་དཀར་པོའི་མདུང་རྩེ་གནམ་ལ་གཏོད།
འབྲུག་ཕོ་ཆུང་ཕོ་བ་ཨེ་གཤགས་ལྟོས།
འབྲུག་ཕོ་ཆུང་ཕོ་བ་གཤགས་ཐུབ་ན།
སེང་དཀར་མོར་བཟའ་རྒྱུ་ལོན་རྒྱུ་རེད།
སེང་དཀར་མོར་བཟའ་རྒྱུ་ལོན་དང་ན།
དཔའ་རྩལ་གསུམ་ལུས་ཡ་འཛོམས་རྒྱུ་རེད།
ངར་སྐད་ཀྱིས་གངས་སེང་ཁེངས་རྒྱུ་རེད།
རྒྱ་འཁྱམ་རྣམས་བོད་ནས་བདའ་རྒྱུ་རེད།
བོད་རང་དབང་ཉི་མ་འཆར་རྒྱུ་རེད།
ང་བདེ་བར་འཆི་ཁ་ཉན་རྒྱུ་རེད།
ཤི་སོང་ན་སྐྱེ་བ་ཡག་རྒྱུ་རེད།
ཉེས་སྐྱོན་འདི་ཚོ་བདེན་པ་ཡིན་སྲིད། ངས་ཆོས་ཆེན་པོ་མི་ཤེས་པས་ཤེས་མཁན་ཚོས་དཔྱད་བསྡུར་བྱེད་འོས་པར་མཐོང་།
ངས་འདི་ནས་ད་ལོ་བོད་ནང་རྒྱ་མི་ཚོང་པ་ཚོས་བོད་ཀྱི་ལོ་སར་དང་བསྟུན་ནས། བོད་མི་གླེན་པོ་ཚོའི་ལག་ནས་སྒོར་མོ་འབུམ་ཕྲག་མང་པོ་བཟོ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་སྟབས། ང་ཚོའི་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་དཔལ་འབྱོར་རམ། བོད་ཀྱི་སྒོར་མོ་དགྲ་ཡི་དྭངས་མ་རྒྱ་མི་ཚོའི་ལག་པར་མི་ཤོར་བ་བྱེད་ཆེད། བོད་མའི་དཔལ་འབྱོར་སྲུང་སྐྱོབས་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་བཙུགས་ཏེ། བོད་ཀྱི་དཔལ་འབྱོར་སྲུང་སྐྱོབས་བྱེད་འོས་པར་མཐོང་། མ་ཟད་ད་ལོ་བོད་མི་བཅུ་གཅིག་གིས་རང་ལུས་མེ་བསྲེགས་བཏང་བ་དང་། བོད་མིའི་རྣ་ལམ་དུ་དགྲ་མའི་མེ་མདའི་བྲག་ཅ་འཆིལ་ལི་ལི་བྱེད་བཞིན་པའི་དུས་འདིར། བོད་པ་ཚོས་ལོ་སར་སྐབས་ཤོག་སྦག་གཅིག་ཀྱང་མ་བརྒྱབ་ན་བསམ་གི་ཡོད། བོད་པ་ཚོས་ཤོག་སྦག་ག་ཚོད་ཉོས་ནས་བརྒྱབ་ན་རྒྱ་མི་ཚོང་བ་ཚོའི་ཁེ་ཕན་རེད། མ་གཞི་ཤོག་སྦག་ནི་མེ་མདའི་སྐད་གཅིག་པ་ཡིན་པས། བོད་མི་གཉའ་གནོན་བྱེད་སྤྱད་ཀྱི་སྐད་ངན་འདི་ལ་ང་ཚོས་དགའ་མོས་བྱེད་མི་རུང་མཐོང་། བྱས་ཙང་ད་ལོ་བོད་ནང་ཤོག་སྦག་མེད་པའི་ལོ་སར་ཞི་བ་ཞིག་གཏོང་ཐུབ་ན། འཕྲོད་བསྟེན་དང་ཁོར་ཡུག དཔལ་འབྱོར་དང་ཆབ་སྲིད། མྱ་ངན་དང་གདུང་སེམས་མཉམ་སྐྱེས་སོགས་དགེ་མཚན་མཐའ་མེད་པ་ཞིག་མཐོང་འདུག གནས་ཚུལ་རྒྱ་ཆེན་པོ་ཁྱབ་བསྒྲགས་བྱས་ཏེ་གང་ལྟར་ད་ལོ་ཉུང་མཐའ་ཤོག་སྦག་མེད་པའི་ལོ་སར་ཞི་བ་ཞིག་སྲུང་གཙི་བྱེད་ཐབས་སུ་སྣེ་ཁྲིད་མཁན་གྱི་སྒྲིག་འཛུགས་ཤིག་བྱུང་ན་བསམ་ཡོད། རང་ཉིད་དུས་ཚོད་ཀྱིས་རང་དབང་མི་སྟེར་ཡང་དྲ་ཐོག་འདིར་བསམ་ཚུལ་བཤད་ནས་སྐུལ་སློང་ཙམ་བྱས་ན། འདི་ལ་དགེ་མཚན་མཐོང་མཁན་དང་ནུས་འབྲེལ་ཡོད་མཁན་ཞིག་གིས་གྲུབ་འབྲས་སྨིན་པ་བྱེད་སྲིད་སྙམ་སྟེ་བྲེལ་སྟབས་ཀྱིས་བྲིས་པ་ཡིན།
སྤོབས་པ་མཐའ་ཡས་ལྟ་བུ་་དུས་ཚོད་དང་བསམ་བློ་མཁན་ཞིག་གིས་ཡོད་མཁན་ཞིག་གིས་”ཤོག་སྦག་མེད་པའི་ལོ་སར”དགེ་མཚན་ཞིབ་ཕྲའི་རྩོམ་ཡིག་བྲིས་ནས། ཞི་བའི་ལོ་སར་ཞིག་ལ་སྣེ་ཁྲིད་ཨེ་ཐུབ་ལྟ་རོགས།
ཤོག་སྦག་མེད་པའི་ཞི་བའི་ལོ་སར་སྲུང་གཙི་གནང་རོགས། བོད་མིའི་གོམས་གཤིས་ནི་ཀུ་འདེབས་རྒྱུ་རེད། དེའི་བོད་མི་དཔའ་བོ་ཚོའི་ཀུ་སྒྲ་ལ་སྙིང་འདར་གི་རེད
ཡིག་ནོར་མང་པོ་ཤོར་འདུག་ཏེ་ད་དུས་ཚོད་མེད། ཚང་མར་ཕྱི་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།
ཡ། སྤོབས་པ། ང་ཚོས་ནང་པས་མཆོད་པ་འབུལ་རྒྱུདང་མ་ཟད་མཆོད་མེ་འབུལ་རྒྱུ་ལ་ཁྱོད་རང་གིས་བཤད་པ་ནང་ལྟར། མཆོད་མེ་མང་པོ་མཆོད་ན་སྤྱི་ཚོགས་གྱི་འཚོ་བ་གནོད་ཟེར་རྒྱུ་དེ་ཁྱོད་རང་མིག་རྒྱངས་ཐུང་དྲག་པ་རེད། ཆོས་ལུགས་གཞན་གྱི་བྱ་སྤྱོད་སྐོར་ཁྱོད་མགོ་མ་ཚོས་པར་ད་དུང་ནང་པའི་སྐོར་ཆ་རྒྱུས་སྤུ་རྩེ་མ་ཤེས་པར་ཁ་བཙུམ་ན་དགའ་ཡི་རེད། ཁ་ཆེ་ཆོས་ལུགས་ཀྱི་དུས་ཆེན་ཨིད་བསླེབས་འཛམ གླིང་ཁ་ཆེས་ཡོངས་རྫོགས་ཀྱིས་སེམས་ཅན་ར་དུང་ཕྱུར་མང་པོ་ལི་རེར་དམར་བསད་བྱས་པ་དང། ཡི་ཤུ་ཆོས་ལུགས་ཊར་ཀའི་་བྱ་དུང་ཕྱུར་མང་ཁ་ཟས་ངེས་པར་དུ་སྤྲོ་སྐྱིད་ཟས་པ་སོགས་ལ་ཁྱོད་འཚོ་བ་དང་བསོད་པ་བསགས་པའི་ལས་ལ་རྗེས་འདྲངས་བྱ་འདོག་རེད། ཡ་སྙིང་རྗེ་ལས་ངན་པ་གསོག་པ་གཟབ་དགོས།
མཆོང་མེ་ཀོང་བུ་གང་ཕུལ་བ་དང་ཆུ་གཏིང་བུ་གང་ཕུལ་བ་གཉིས་ཕལ་ཆེར་བསོད་ནམས་གསོག་ཆེ་ཆུང་ཁྱད་པར་ཨེ་ཡོད་ན་བསམས་པ་བྱུང་། སྤྱིར་བཏང་སངས་རྒྱས་ཀྱི་ཆོས་ངོ་མ་དེ་སེམས་བཟང་པོ་བྱེད་དགོས་པ་དང་། དེ་ལས་གཏིང་ཟབ་ཚ་བྱེད་དགོས་འདུག་ན་བདག་མེད་དང་སྟོང་ཉིད་བདེན་བཞི་སོགས་ལ་རིགས་པས་དཔྱད་ནས་དཔྱད་དོན་བསྒོམས་ནས་སངས་རྒྱས་དགོས་པ་མ་གཏོགས། མཆོད་མེ་མང་པོ་སྦར་བ་དང་སྒོར་མོ་སངས་རྒྱས་འདྲ་སྐུའི་མདུན་བཞག་པས་སངས་རྒྱས་རབས་ཤིག་ལོ་ངོ་བཅུ་ཕྲག་རིང་ལ་གཞུང་ཆེན་དག་ལ་སྦྱངས་པ་མི་དམན་ཙམ་བྱས་ཀྱང་གཏན་ནས་་མཐོང་མ་སོང་།།
གཞུང་ཆེན་གྱི་དོན་རྒྱ་ཆེ་ལ་གཏིང་ཟབ་པ་འདི་ཁྱོད་ཀྱིས་རྟོགས་མིན་འདུག དུས་ཚོད་འཕྲོག་རླག་རང་རེད། སེམས་ཅན་གྱི་ཁམས་དབང་མོས་པ་ཐ་དད་པ་སྣ་ཚོགས་པ་ཡོད་ཅིང་དེ་དག་ཐམས་ཅད་སངས་རྒྱས་ཀྱིས་བསྟན་པའི་སྙིང་དོན་ཁོ་ན་ལ་ལག་ལེན་མི་ཐུབ་པས་ན་སངས་རྒྱས་ཀྱི་ལམ་བཟང་པོ་ལ་དཀྲི་བའི་ཐབས་ལམ་ཟབ་མོ་ཡིན་པ་ཤེས་དགོས། འབྲི་ཁོམ་མིན་འདུག་ན་ད་ལན་འདི་ཙམ་གྱིས་ཆོག་པར་མཛད་རོགས།
ད་ཁྱོད་ཚོ་ལ་བླ་མས་དབང་གནང་བའི་མོས་པ་དང་སློབ་མ་དབང་ཞུས་པས་མོས་པ་མཛོད་དང་འདྲིག་གི་རེད། སྔོན་མ་ཏང་གིས་བཤད་པ་བཞིན་གདན་ས་དགོན་སྡེ་ཁག་ཚོས་ཡུལ་སྡེ་བཤུ་ཞོག་རེད་ཟེར་བ་བཞིན་རེད། མཆོད་མེ་མ་མཆོད། ཁ་ལག་མ་ཟོ་། སྐྱགས་པ་དང་རྫབ་དུང་ནང་ཁ་ལག་ཟོ་འགྲོ་སོང་ཡོད་མ་རེད།
དགེ་བཤེས་དཔལ་གྲགས་གིས་ཀྱང་།
འོད་ཁང་༼མཆོད་མེ་འབུལ་ཁང་༽སོགས་ཀྱིས་ཐབས་ཤེས་མ་བྱས་ན་ཕན་ཡོན་ལས་ཉེས་དམིགས་ཆེ་བ་འགྱུར་ཉེན་ན། ཁང་པའི་སྒོདང་སྒེའུ་དག་དང་། མཆོད་མེའི་ཉེ་སྐོར་བཅས་གང་འགབ་ཏུ་ལྕག་ས་དྲས་གཡོག་པ་སོགས་ཐབས་ཤེས་གང་ཡོད་བྱ་དགོས། གལ་ཏེ་ཐབས་ཤེས་གཞན་མེད་པར་བྱ་བ་དེས་སེམས་ཅན་མང་པོའི་སྲོག་ལ་གནོད་ན། བྱ་བ་དེས་དཀོན་མཆོག་མཉེས་ཐབས་མེད་པས་རེ་ཞིག་བོར་ན་ལེགས་སམ་སྙམ། ཞེས་གསུངས་པ་བདེན་ལ།
ཡང་། ༼མཆོད་མེ་ཕུལ་ན༽དམིགས་བསལ་ལ་རང་གཞན་ཀུན་གྱི་མ་རིག་པའི་མུན་པ་བསལ་བ་དང་། ཤེས་རབ་ཀྱི་སྣང་བ་ཇེ་གསལ་ཇེ་རྒྱས་སུ་འགྲོ་ཞིང་། མངོན་ཤེས་མྱུར་དུ་ཐོབ་པ་སོགས་ཀྱི་ཕན་ཡོན་ཡོད་པར་གསུངས། ཞེས་དང་།
དེ་ལ་ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས།
འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ། །
དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས། །
དེ་བས་བདེ་ཞིང་སྐྱིད་པ་འདོད་པས། །
དཀོན་མཆོད་ལ་རྟག་ཏུ་བརྩོན་་བྱ། །
གཞན་ཡང་མདོ་ལས།
གང་ཞིག་བཞུགས་ལ་མཆོད་པ་དང་། །
མྱ་ངན་འདས་པའི་སྐུ་གདུང་ལ། །
སེམས་ནི་་མཉམ་པར་དང་བ་ཡིས། །
བསོད་ནམས་ལ་ནི་ཁྱད་པར་མེད། །གསུངས་པ་ལྟར་དུས་རྟག་་ཏུ་མཆོད་པ་ལ་བརྩོན་དགོས་འདུག་གོ །
སྐུ་ཞབས྄སྟག་སྨྱོན་གྱིས་གསུངས་པ་བཞིན་ཤོག་སྦགས་མང་པོ་རྒྱག་སྲོལ་དེ་ཡང་གཅིག་ནས་བོད་རང་གི་ལུགས་སྲོལ་མིན་པ་དང་། གཉིས་ནས་ཁོར་ཡུག་ལ་གནོད་པ། གསུམ་ནས་མེ་མདའི་སྐད་སྒྲ་ལྟ་བུས་ཉམས་མི་དགའ་བར་བཟོ་བ་སོགས་ཡག་པོ་གང་ཡང་མིན་སྟབས་འདི་སྤངས་དགོས་པར་ཡིད་ཆེས་བརྟན་པོ་ཡོད། གོ་སྐབས་བྱུང་ན་དེའི་སྐོར་ཞིབ་ཙམ་ཞིག་འབྲི་འདོད་འདུག
མ་རིག་པའི་མུན་པ་སེལ་བ་ལ་ཐོས་པའི་སྒྲོན་མེ་སྦར་དགོས་པ་ནི་གཞུང་ཆེན་མོའི་སྙིང་དོན་རེད་ལ། དངོས་པོའི་གནས་ཚུལ་ལ་ཡང་མཐུན་པ་རེད། མཆོད་མེ་སྦར་ན་ཁང་པའི་མུན་ནག་སེལ་བ་ལས་མ་རིག་པའི་མུན་པ་སེལ་མི་ཐུབ་པ་གསལ་པོ་རེད་དེ། སེམས་ཁུང་ན་མ་རིག་པས་གང་བའི་འབྲོག་པ་ཚོ་ལ་ལྟོས་དང་ཤེས་འོང་། ་རྣམ་རྒྱལ་སྟོང་མཆོད་རྐྱང་རྐྱང་སྦར་ལེ་རེད།
སྤོབས་མཐའ་དང་སྟག་སྨྱོན་ལ་རྒྱབ་སྐྱོར་ཡོད།དངོས་གནས་བོད་མི་མང་ཤོས་ཀྱིས་དེང་སང་ཆོས་གནང་སྟངས་དེ་རྨོངས་དད་ཁོ་ན་རེད་འདུག་པས།ཆོས་དང་མི་མཐུན་པ་སྤྱི་ཚོགས་ལ་གནོད་གཞིའི་རིགས་ངེས་པར་སྤངས་དགོས་པ་རེད།
གཉིས་ནས་ཤོག་སྤག་བརྒྱབ་ཡས་དེ་རྒྱ་ནག་ཏུ་དར་སོ་ཆེ་ལ་ལྷག་པར་རྒྱ་ནག་གིས་དང་ཐོག་གདོན་འདྲེ་ཕྱིར་ཕུད་ཀྱི་ཆ་ལག་ཅིག་ཡིན་འདུག།འོན་ཀྱང་རིམ་པས་སྤྲོ་སྐྱིད་རིགས་ལའང་བེད་སྤྱོད་བྱས་ཡོད་པ་རེད།གང་ལྟར་དེ་འཁོར་ཡུག་དང་མིའི་སེམས་ཁམས་ཀུན་བག་མི་ཕེབས་པ་ཅིག་རེད་འདུག
སྨན་མོ་མཚོ་ནས་སྤོབས་མཐའ་ཡས་ལགས་སུ་དུས་དབང་བསྐུར་ན་ཕན་གནོད་གངགི་རྒྱུ་རུ་འགྲོ་མིན་གསུངས་རོགས་ཞེས་རེ་སྐུལ་ཞུས་འདུག་པས། དུས་དབང་བསྐུར་བའི་ཕན་ཡོན་དང་བཅས་པ་སྦྱོར་དངོས་རྗེས་གསུམ་ཆ་ཚང་བ་ཞིག། ༧གོང་ས་༧སྐྱབས་མགོན་ཆེན་པོས་དད་ལྡན་མང་ཚོགས་འབུམ་གཉིས་ཙམ་ལ་བཀའ་དྲིན་བསྐྱངས་བཞིན་ཡོད་པ་དེ་ལས་ལྷག་པ་ཞིག་སྤོབས་པ་མཐའ་ཡས་ལགས་ལ་གསུངས་རྒྱུ་ཨེ་ཡོད་ཡོད་ན་ང་ཡང་ཞུ་འདོད།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནང་། ནུབ་མ་གཅིག་ལ་ཤོག་སྦག་སྒོར་ས་ཡ་དུ་མའི་རིན་གོང་མེར་བསྲེག་བཏང་འགྲོ་གི་འདུག ནམ་མཁའ་རུ་མེ་ཏོག་ཚོན་མདོག་འདྲ་མིན་སྣ་ཚོགས་མེ་སྟག་བཞིན་འཐོར་ཡོང་ན་མཛེས་སྡུག་ཡིད་དབང་ཕྲོགས་པ་ཞིག་རེད་འདུག་ཀྱང་འགྲོ་སོང་ག་ཚོད་གཏོང་གི་ཡོད་མེད་གོ་ཡོང་ན་ངོ་མ་ང་ཚོ་ལྟ་བུ་དབུལ་ཕོངས་ཀྱི་རྒྱལ་ཁབ་ནས་ཡོང་མཁན་ཚོར་མཚོན་ན་ངོ་མ་སེར་སྣ་སྐྱེ་གི་འདུག འདིའི་འགྲོ་སོང་འདི་ཚང་མ་ཨ་ཧྥེ་རི་ཀའི་ནང་བཏང་བ་ཡིན་ན་ཅི་མ་རུང་བསམ་པ་སྐྱེ་གི་འདུག
སྤོབས་པ་མཐའ་ཡས་དང་བྲག་ཞོལ་སྤེན་པ་གཉིས་ནས་ཤོག་སྦག་མེད་པའི་ཞི་བའི་ལོ་སར་ལ་སྐུལ་སློང་དང་ལེན་བྱས་པར་ཐུགས་རྗེ་ཆེ། སྤོབས་པ་མཐའ་ཡས་ནས་ཤོག་་སྦག་མེད་པའི་ཞི་བའི་ལོ་སར་ཞེས་པ་ལྟ་བུའི་སྐུལ་སློང་དང་སྣེ་ཁྲིད་ཀྱི་རྩོམ་ཡིག་ཞིབ་ཕྲ་ཞིག་དྲ་ཐོག་གང་མྱུང་སྤེལ་བའི་རེ་སྐུལ་ཡོད། ཨ་མདོ་ཚོས་ཤོག་སྦག་ལ་ཤོག་བོས་དང་དུག་ཤོག་ཟེར་གྱི་འདུག ཤོག་བོས་དང་ཤོག་བུའི་མེ་མདའ་ཟེར་བ་དོན་གཅིག་ཡིན་པ་འདྲ། དུག་ཤོག་ཟེར་བའང་ཤོག་བུས་བཏུམ་པའི་དུག་རྫས་སམ་འགད་རྫས་ཞེས་པའི་དོན་ཡིན་འདུག་ན། མདོར་དེད་ན་ཤོག་སྦག་ནི་མེ་མདའི་དོད་ཡིན་ཚོད་འདུག་པས། ང་ཚོ་བོད་ལྟ་བུ་མེ་མདའི་སྐད་སྒྲའི་འོག་ཏུ་ཚེ་སྲོག་འདར་འདར་བྱེད་བཞིན་པའི་མི་རིགས་ཤིག་ལ་མཚོན་ན་མེ་མདའི་སྐད་སྒྲ་ལ་ལོངས་སྤྱོད་ཀྱི་འདུ་ཤེས་ནམ་ཡང་སྐྱེས་མི་སྲིད་ཤིང་། དགའ་སྟོན་གྱི་མཚོན་རྟགས་དེ་བས་ཀྱང་མ་རེད། གལ་སྲིད་ང་ཚོས་མེ་མདའི་སྐད་སྒྲར་ལོངས་སྤྱོད་ཀྱི་འདུ་ཤེས་དང་དགའ་སྟོན་གྱི་མཚོན་རྟགས་བྱས་ན། དེ་ནི་སྲིན་འབུ་མེ་ལྕེབས་ཀྱིས་མེ་འོད་ཀྱི་མཐའ་ནས་གཤོག་ལྷབ་བྱེད་བཞིན་བྲོ་གར་འཁྲབ་ཀྱིན་པ་དང་གཅིག་པ་ལྟ་བའི་སྣང་བ་མི་སྟེར་རམ། མ་ཟད་རྒྱ་བོད་གཉིས་ལོ་སར་སྟངས་ཀྱང་མ་འདྲ་མངོན་གསལ་དོད་པོ་དགོས་རྒྱུ་གལ་ཆེ་བ་མཐོང་། བོད་མི་ཀུ་འདེབས་རྒྱུར་དགའ་བོ་ཡོད་པ་རེད། རྒྱ་མི་ལ་ཀུ་བཏབ་ནས་མཛད་སྒོ་སྲུང་བརྩི་བྱེད་སྲོལ་མེད་པ་འདྲ། རྒྱ་བོད་དམག་འཁྲུགས་སྐབས་བོད་མི་དཔའ་རྒོད་ཚོས་ཀུ་སྒྲ་ལ་རྒྱ་དམག་ཚོ་སྙིང་འདར་བའི་བཤད་སྲོག་འདུག དགེ་མཚན་དང་རྒྱུ་མཚན་ཆེས་མང་ཡང་གུས་་པས་འདིར་འབྲི་མི་ལྕོགས་ཀྱང་། སྤོབས་པ་མཐའ་ཡས་ལགས་ནས་ཡིག་ཟོར་མེད་ཅིང་ཚིག་དོན་ཚང་བ། དགེ་མཚན་དང་ཉེས་སྐྱོན་གྱི་ཕྲ་འབུར་དུ་བཏོན་པའི་རྩོམ་ཡིག་སྤུས་ལེགས་ཤིག་གང་མགྱོགས་འབྲི་བའི་ཡིད་ཆེས་ཡོད། ང་ཚོ་བོད་རེད། སུས་འཇོན་ན་གཅིག་རེད།
སྤོབས་མཐའ་ལ་རེ་བཅོལ་བས་འབྲས་མེད་རེད། གང་ཡིན་ཞེ་ན་ལྡོག་ཕྱོགས་ནས་སྨྲ་བར་ཁོང་ལ་སྤོབས་པ་མཐའ་ཡས་པ་ཡོད། དོན་མཐུན་ཕུག་རྒྱང་རིང་བའི་གནས་ཚུལ་སྟག་སྨྱོན་གྱིས་བྲིས་པའི་ཤོག་སྦགས་སྐོར་ལ་འབྲི་ཡི་མ་རེད་ལ་འབྲིའང་མི་ཐུབ་ཕན་གནོད་ཆ་གང་གཙོ་དྲང་བདེན་དངོས་ཡོད་གནས་ཚུལ་སོགས་འབྲི་བའི་ལྷག་བསམ་ཤེས་རྒྱ་རང་བཞིན་གྱིས་བདེན་ཕྱོགས་མེད།
མ་རིག་པའི་མུན་པ་སེལ་མི་ཐུབ་པ་གསལ་པོ་རེད་བརྗོད་པ་ཁྱོད་ཀྱིས་གནས་ཚུལ་དང་མཐུན་པའི་མ་མཐོང་བ་རྒྱུ་མཚན་བྱས་ཏེ་སྨྲས་ན་མི་ལོ་འདི་ཙམ་རིང་སློབ་སྦྱོང་གནང་བ་ཕན་པ་གཅིག་ཀྱང་མ་བྱུང་བས་བླ་མ་དགེ་བའི་བཤེས་གཉེན་འོ་རྒྱལ་ཁོ་ནའི་རྒྱུར་ཟད།
ཤོག་སྦག་ནི་རྒྱ་མི་གཅིག་པུས་བེད་སྤྱོད་པ་ཞིག་མརེད། རྒྱ་གར་དང་བལ་པོས་ཀྱང་ལོ་གསར་ལ་བེད་སྤྱ྄ོད་མཁན་རེད།་དེ་ཙམ་རྒྱ་བོད་ཀྱི་ཁྱད་འགྱེད་མ་འགྱེད་ཀྱིས་ཐུགས་ཕྲ་དགོས་མ་རེད། སྤྱིར་ང་རང་ཚོས་ཚོས་རིག་གཞུང་སོགས་དང་ཡི་གེས་ཀྱིས ཁྱད་པར་ཡོད་རེད།
༄༅།། ཐོག་མར་ངས་དྲ་གྲོགས་ལྷན་རྒྱས་ལ་ཕྱི་ལོ་༢༠༡༢་ལོར་ཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་
རྒྱུ་དང་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།།
སྤོབས་པ་མཐའ་ཡས་ལགས་སུ་ཚིག་ཁ་ཤས་ཞུ་འདོད་བྱུང་།། གང་ཡིན་ཞེ་ན། ཡང་དུ་སྤོབས་པ་མཐའ་ཡས་ལ་ཕྱིན་ཕྱི་ལོག་པའི་སྦོ་བ་ཞིག་སྐྱེས་ནས། མཆོད་མེ་མང་པོ་འབུལ་ན་སྤྱི་ཚོགས་གྱི་འཚོ་བར་གནོད་ ཟེར་བ་སོགས་ཉེས་སྐྱོན་ཤ་ཏག་བརྩལ་ནས་ཆད་མཐར་ལྷུང་བའི་སྐད་ཆ་དེ་དད་ལྡན་པ་རྣམས་ལ་དོག་སློང་གི་སྐད་ཆ་ཁུང་ལུང་མེད་པ་ཞིག་རེད་ལ། ལོངས་སྤྱོད་མེད་པསི་སྤྲང་པོའི་སེར་སྣའི་སྐྱོ་སྐད་ཞིག་རེད་སྙམ། ཧཧ།།
༧གོང་ས་མཆོག་ནས་ད་བར་བོད་ཀྱི་ནང་ཆོས་ལ་དག་ཐེལ་གནང་བཞིན་དུས་རབ་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་དགོས་གསུང་བ་སོགས་སྔ་ཕྱི་མང་པོ་བཀའ་སློབ་ཕེབས་ཡོད་པས་ཁྱེད་འདྲ་བ་ཞིག་གི་ནང་ཆོས་བྱེད་ཕྱོགས་སྐོར་བྲེལ་བཤད་རྒྱབ་ནའང་ཉན་མཁན་ག་ལ་ཡོད། ༧ གོང་ས་མཆོག་དབུ་བཞུགས་ཐོག་ གནས་མཆོག་རྡོ་ལྡན་དུ་མཆོད་མེ་འབུམ་མཆོད་ཕུལ་ནས་མཆོད་སྤྲིན་རྒྱ་ཆེར་ཕུལ་ནས་བསོད་ནམ་ཀྱི་ཚོགས་བསག་གནང་བ་ཁྱེད་ཀྱི་ཤེས་ཀྱི་མེད་དམ། ཧཧ ཁྱེད་ལ་དུས་ཚོད་མང་པོ་འདུག་ཀྱང་ང་ལ་དུས་ཚོད་མིན་འདུག་དེ་ཚམས་སུ།། མཚན་མོའི་ཆོུད་༡༢ ལ།། ཡིག་ནོར་ལ་དག་བཅོས་གནང་ན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།། །།
ཕྱིན་ཅི་ལོག་་་ ་་་་་་་་ཡིག་ནོར
ཁྱེད་རྣམས་པར་ཞུ་རྒྱུར། འཕན་པོ་བསྟན་དར་པས་གྱེར་འདོན་ཞུས་པ། བོད་ཀྱི་ལོ་རྒྱུད་ཟེར་བ་ཞིག youtube ནང་བཞགས་ཡོད་པས་གཟིགས་ཞིབས་གནང་རོག་ལ་དགེ་སྐྱོན་ཡང་གསུང་རོག་གནང་།
མཚན་སྙན་ཅན་གྱི་སྤོབས་མཐའ་ལགས།
སྨན་མོ་མཚོ་ཡི་དྲི་བ་ལ།
རྣོ་པོའི་ཚིགས་ཤིག་མེད་ན་ཡང་།
ལེན་མེད་ལྐུག་པ་མ་བཞུགས་རོགས།
རྣམ་རྟོག་གི་ཚེར་མ་ལགས། ཁྱེད་ནས་སྤོབས་པ་མཐའ་ཡས་ལ་སྤོ་བ་སྦྱིན་པར་ཐུག་རྗེ་ཆེ་ཞུ་ནེ་ཡིནད། གུས་པ་དགུག་ནས་ཡོད། སྐུ་རྩེད་ཞུས། ཧཧཧ
ལྷན་རྒྱས་ལ་ཞུ་རྒྱུར། YouTube ནང་ 2012 Empathy ཟེར་བ་འདི་གནོན་དང་
བཙན་པོའི་ཕོ་ཉས་གྱེར་འདོན་བྱས་པའི་གདུང་སེམས་མཉམ་བསྐྱེད་ཟེར་བ་དེ་གཟིགས་གི་རེད།།