ཆོས་ཀྱི་ཉི་མ།
ཞི་བའི་སྨན་ལྗོངས་རྐང་འཐུང་འཁྲིགས་པའི་ཡུལ།།
འཇོལ་མོའི་གསུང་སྙན་སྒྲོག་པའི་བས་མཐའ་རུ།།
རྩྭ་དང་ལྡུམ་བུའི་འཚོ་བར་ལོངས་སྤྱོད་པའི།།
དྲང་སྲོང་རྣམས་ལ་གུས་པས་ཕྱག་འཚལ་ལོ།།
དོན་མེད་མི་ཡི་ཚེ་ནི་སྐད་ཅིག་ལ།།
འཆི་བའི་འཕྲང་ལ་རྒྱུགས་པའི་ངང་ཚུལ་འདི།།
ཡང་ཡང་བསམ་ན་ཡི་ཆད་སྣོན་མ་ཏེ།།
དོན་ལྡན་བྱ་བ་སྣ་གཅིག་བསྒྲུབ་མ་ནུས།།
འོན་ཀྱང་སྙིགས་མ་ལས་ཀྱང་ཆེས་སྙིགས་མའི།།
མི་བསྲུན་གདོལ་སྤྱོད་སྡིག་ལ་རྔམས་པ་ཡི།།
ཆོས་བརྒྱད་ཁོ་ནར་མགོ་བོ་མ་འཁོར་པར།།
ཐོས་བསམ་ཕྲན་ཙམ་བགྱིས་པར་ཡི་རང་སྐྱེས།།
ཞེས་མཆོད་པར་བརྗོད་ནས་གང་ཞིག་གླེང་བར་བྱ་བའི་དོན་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་གསུངས་རབས་མ་ལུས་པ་གདམས་པར་ཤར་བའི་སྐྱེས་བུ་འགའ་ཤས་ཀྱི་དེ་ལྟ་བུ་བྱུང་བ་བརྗོད་པར་འདོད་པས། སྔོན་གྱི་དུས་སུ་བོད་གངས་ཅན་གྱི་ལྗོངས་འདིར་དམ་པའི་སྐྱེས་ཆེན་གྲངས་མེད་པ་བྱོན་པ་ཡིན་ནའང་བོན་པོ་དང་འགལ་མེད་རྟོགས་རྒྱུ་མེད་པ་ཞིག་ཡིན་པས་དམར་མཆོད་སྲོལ་རྒྱུན་དེ་མེད་པར་བྱས་ཤིང༌། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས་པའི་དོན་དེ་རྒྱ་ཁྱབ་ཏུ་སྤེལ་བས་དཀར་འཇམ་ཞི་བ་ཉག་གཅིག་གི་ལམ་དུ་བསྐྱོད་རྒྱུའི་ཕུག་རེ་བཅངས་ནའང་དོན་ཐོག་ལག་ལེན་ཇི་མ་ཇི་བཞིན་འགེལ་མ་ཐུབ་པར་དེང་སང་གི་བར་དུ་སྒོ་ཕྱུགས་དང་རི་དྭགས་གསོད་པའི་སྲོལ་དེ་གསོན་པོ་ལ་གནས་ཡོད།
དེ་ཡི་ཕུག་དེ་ཆོས་ལུགས་ཞིག་ལ་ཐུག་མིན་དེ་ངས་ཁ་ཚོན་གཅོད་ནས་བཤད་མི་ཐུབ་ལ་བཤད་པའི་དགོས་པ་གང་ཡང་མེད། འོན་ཀྱང་དེ་དུས་བོན་པོའི་ཆོས་ལུགས་དེ་ད་ལྟའི་བོན་པོ་ནང་བཞིན་གྱི་ཕྱི་སོ་ཐར་གྱི་སྡོམ་པས་སྐུ་བཙུན་ཞིང༌། ནང་བྱང་སེམས་ཀྱི་སྡོམ་པས་ཐུགས་རྒྱུད་གཏམས་པ་ཞིག་ཡིན་ན་རྒྱ་གར་ནས་ཆོས་བསྒྱུར་བའི་དགོས་པ་གང་ཡང་མེད་པར་སེམས་པ་ནི་དངོས་བྱུང་ལོ་རྒྱུས་ཀྱི་གཏིང་མ་མྱུལ་པའི་ཟུར་བལྟས་ཀྱི་མཐོང་ཚུལ་ཙམ་ཞོར་འཕྲོས་སུ་གླེང་བ་ཡིན་པས་དགོངས་འགལ་མེད་པར་ཞུ།
ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་རབས་མཇུག་བསྒྲིལ་བ་ནས་བཟུང་འགྱུར་ལ་སྔ་འགྱུར་དང་ཕྱི་འགྱུར་ཞེས་པའི་རྣམ་བཞག་བྱུང་བ་དང་སྔགས་ཁས་ལེན་པའི་སྡེ་ཚན་འགའ་ཤས་ཀྱིས་མདོ་ཁས་མི་ལེན་པ་དང༌། མདོ་ཁས་ལེན་པའི་སྡེ་ཚན་འགའ་ཤས་ཀྱིས་སྔགས་ཁས་མི་ལེན་པ་དང༌། མདོ་སྔགས་གཉིས་མེ་ཆུ་ལྟར་འགལ་བ་ཁོ་ནར་འཛིན་པའི་སྡེ་ཚན་བྱུང་བའི་ལོ་རྒྱུས་གསལ་ལ་མི་གསལ་བ་མང་པཽ་བྱུང་བ་དང༌། སྐབས་དེ་ཤེད་དུ་སྔགས་རྙིང་མ་པ་ཞེས་པའི་སྡེ་ཚན་གཅིག གསང་སྔགས་གསར་མ་བ་ཞེས་པའི་སྡེ་ཚན་གཉིས་བྱུང་བ་དང༌། དེ་ནས་ཇོ་བོ་བཀའ་གདམས་པ་ཞེས་པ་དང༌། དཔལ་ལྡན་ས་སྐྱ་པ་ཞེས་པ་དང༌། འགྲོ་མགོན་བཀའ་བརྒྱུད་པ་ཞེས་པ་དང༌། ཞི་བྱེད་པ་དང༌། ཤངས་པ་བཀའ་བརྒྱུད་སོགས་ཕྱག་སྲོལ་ཅུང་ཟད་མི་འདྲ་བའི་རྣམ་བཞག་གི་ཆ་ནས་བཞག་པའི་ཆོསབརྒྱུད་རྣམས་སྤང་ལ་ཤ་མོང་བརྡོལ་བ་ལྟར་དུ་བྱུང། འདི་རྣམས་ཀྱི་བྱུང་རིམ་དང་གནས་ཚུལ་ལ་བལྟས་ན་རྒྱ་གར་དུ་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་བྱུང་རིམ་ལྟ་བུ་ཞིག་ཡོད།
གང་ཡིན་ཞེ་ན་རྩ་བའི་ལྟ་གྲུབ་ཀྱི་ཆ་ནས་ནང་པ་གཅིག་པ་ཡིན་ཀྱང༌། ན་བཟའ་དམར་པོ་མཆོད་པའི་ཆ་ནས་གོས་དམར་སྡེ་བ་དང༌། གནས་བརྟན་བགྲེས་པོ་རྣམས་ཕྱོགས་གཅིག་ཏུ་བཞུགས་པས་གནས་བརྟན་སྡེ་པ་སོགས་རིགས་བསྒྲེ་ན་ཤིན་ཏུ་ནས་མཚུངས་པ་ཡོད། གནས་སྐབས་ཐ་དད་དུ་བྱུང་བའི་བསྟན་པ་རྣམས་རྩོད་པ་ཧ་ཅང་ཆེན་པོ་འཕེལ་ནས་ཕན་ཚུན་གྱི་བར་དུ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་དམག་འཁྲུག་དང་འཁོན་འཛིན་རྒྱུན་མ་ཆད་པར་བྱུང་བ་ནི་སྔོན་གྱི་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟས་ན་སྐྱུགས་བྲོ་བའི་གནས་ཚུལ་བཤད་མི་ནུས་པ་དེ་འདྲ་མང་པོ་ཡོད། མི་ཞིག་གིས་བླ་མ་ག་གེ་མོའི་གསོལ་འདེབས་ཞིག་བཏོན་ན་ཡང་ཞེན་གོག་རེད་བསམ་མཁན་དེ་འདྲ་སྔར་ནས་ད་ལྟའི་བར་དུ་བྱུང་བ་རེད། དེ་དག་གི་བརྒྱུད་རིམ་ལ་བསམ་བློ་བཏང་ན་ཆོས་བཤད་མཁན་གྱི་བླ་མ་རྣམས་ཀྱི་བྱེད་པ་ལ་བརྟེན་ནས་བྱུང་བ་གསལ་པོ་རེད། དུས་དེང་སང་ཡང་༧སྐྱབས་མགོན་རིན་པོ་ཆེའི་ཆོས་ལུགས་ཚང་མ་གནད་འབབ་ས་གཅིག་པ་ཡིན་པའི་སྒྲུབ་བྱེད་ཇི་ཙམ་བཀོད་ན་དེ་ཙམ་གྱི་གོ་བ་མི་སྐྱེ་བ་འདི་ག་རེ་ཡིན་ན་བསམ་ནས་བློ་དོགས་རང་བཞིན་གྱིས་ཡོང་བ་རེད།
འོན་ཀྱང་སྔར་གྱི་བླ་མ་རྣམས་ཀྱིས་རང་ལྟ་མཆོག་འཛིན་ཆེ་དྲགས་པ་དང༌། གཞན་གྱི་ཆོས་རྒྱུས་ཆུང་དྲགས་པའི་རང་གི་ནང་ཆ་དེ་གསལ་པོར་བསྟན་ནས་ཡོད་པ་སློབ་མ་རྣམས་ཀྱིས་ཇི་བཞིན་མ་གོ་ནས་ལམ་དང་ལུགས་སྲོལ་དེད་ནས་སོང་བའི་དབང་གིས་ཞན་ཆ་འདི་སླེབ་པ་གསལ་པོ་ཡིན་པས་ཐོས་བསམ་ཕྱོགས་སུ་མ་ལྷུང་བ་ཞིག་གིས་བློ་མིག་དག་པར་བྱས་ནས་ལྟ་དགོས་པ་ཤིན་ཏུ་ནས་གལ་ཆེ་བའི་གནས་ཤིག་ཏུ་སླེབས་ནས་ཡོད།
སྔར་གྱི་དུས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོས་ལུགས་སོ་སོ་རང་འཇག་ལ་འཇོག་དགོས་པའི་བཀའ་ལུང་ཕབས་པས་བོད་ཁམས་བདེ་ལ་བཀོད་པ་དང༌། རྒྱལ་མཆོག་དགེ་འདུན་གྲུབ་ཀྱིས། ལར་ད་ལྟ་གངས་རི་ཁྲོད་འདི་ན། །རང་བསྟན་པ་འཛིན་པར་ཁས་ལེན་ཅིང༌། །གཞན་བསྟན་འཛིན་དགྲ་བོའི་དང་མར་འཛིན། །ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེ། ཞེས་དེ་ལྟ་བུའི་གསུང་སྐད་ཤོར་བ་རེད། །རྒྱལ་མཆོག་དགེ་འདུན་རྒྱ་མཚོས་རིས་མེད་གནང་ཞིང་རིས་མེད་ཀྱི་ཞྭ་སེར་མོ་བ་ཞེས་པའི་མཚན་གྱི་ཅོད་པན་དབུ་ལ་བཅིངས་བའི་ལོ་རྒྱུས་ཡོད། དེའི་རྗེས་ནས་ཆོས་བརྒྱུད་ཕན་ཚུན་བར་ཏུ་གུ་ཡང་གི་ལྟ་བ་ཕྱག་ལེན་ལ་བསྟར་མཁན་པཎ་ཆེན་བློ་བཟང་ཆོས་རྒྱན་བྱོན་ནས་བོད་གངས་ཅན་ལྗོངས་སུ་བཞུགས་པའི་ཆོས་བརྒྱུད་ཆེན་པོ་རྣམས་ཀྱི་མཐར་ཐུག་གི་བབ་ས་ལྟ་བའི་གནད་གཅིག་ཏུ་འབབ་པའི་མི་འཇིགས་པའི་སྒྲ་ཆེན་པོ་བསྒྲགས་ནས་ཆོས་སྤང་གི་ལས་ངན་བསགས་རྒྱབ་ཆུང་རུ་བཏང་བའི་གསུང་ཡིག་ཐོག་ཏུ་ཕབ་པ་ནི། དགེ་ལྡན་ཕྱག་ཆེན་ལས། ལྷན་སྐྱེས་སྐྱེས་སྦྱོར་གྭའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང༌། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང༌། །ངེས་དོན་ལུང་རིགས་ལ་མཁས་པའི། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབས། ཞེས་གསུངས་ནས་རིས་མེད་ཀྱི་གནད་སློང་བའི་བསྟན་པ་ལ་སྲི་ཞུ་ཆེན་པོ་ཞིག་མཛད། ཁོང་གི་བླ་མ་སངས་རྒྱས་ཡེ་ཤེས་ཀྱང་དེ་ལྟར་ཉམས་སུ་ལེན་པའི་གསུང་རབས་མ་ལུས་པ་གདམས་པར་ཤར་བའི་གང་ཟག་ཞིག་ཡིན་ནམ་སྙམ།
པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཞུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། ཞེས་གསུངས་པ་དང༌། དེ་ནས་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཡོད་པའི་དབང་དུ་བཏང་ན་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་བསམ་བཞིན་སྲིད་པ་བཟུང་བ་ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་རིག་འཛིན་གང་ཤར་རང་གྲོལ་ལམ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོས་རིས་མེད་ཀྱི་གཞུང་ལུགས་ལ་ཐོས་བསམ་རྣལ་མ་བགྱིས་ཤིང་དཔལ་ལྡན་ས་སྐྱ་བའི་བསྟན་པའི་གནད་སྟོན་པའི་ལམ་འབྲས་སྐོར་ཆད་པ་ཁ་བསྐངས་ཤིང་གསལ་བར་མཛད་པའི་བསྟན་བཅོས་ད་ལྟ་ཡང་མཇལ་དུ་ཡོད་པ་དང༌། དེ་བཞིན་རྫོགས་ཆེན་གྱི་སྐོར་དག་སྣང་རྒྱ་ཅན་ཉེར་ལྔ་དང༌། དམིགས་བསལ་དེ་དག་གི་དགོངས་གནད་སྙིང་པོར་དྲིལ་བ་རིག་འཛིན་ཞལ་ལུང་བརྩམས་པ་དང༌། རི་བོ་དགེ་ལྡན་པའི་ཕྱོགས་སུ་ལམ་རིམ་འཇམ་དཔལ་ཞལ་ལུང་བརྩམས་པ་དང༌། དེ་དག་བརྩམས་པའི་སྐབས་སུ་ཆོས་བརྒྱུད་སོ་སོའི་ཐ་སྙད་མ་འདྲེས་པ་གསལ་བར་མཛད་ནས་བསྲེ་བསླད་མེད་པའི་བསྟན་པ་འཛིན་པར་མཛད་པ་དང༌། དེའི་སྐབས་སུ་བཀའ་བརྒྱུད་པ་ཕལ་ཆེ་བ་འཇིག་རྟེན་ཆོས་བརྒྱད་ཀྱི་ཡོ་ལང་འཁྲུགས་ནས་སྔར་གྱི་བཀའ་བརྒྱུད་པ་གོང་མའི་རྣམ་ཐར་གྲོགས་རི་དྭགས་དང་འགྲོགས། གྱོང་ལྟོ་གོས་གཏམ་གསུམ་ལ་བཀུར་བའི་ལྡོག་ཕྱོགས་ཁོ་ན་ཕྱག་ལེན་ལ་བསྟར་ནས་ཡོད་པས་ངོ་གདོང་ལ་དགོས་པའི་དབང་གི་དགག་པ་མཛད་ནས་བཀའ་བརྒྱུད་པའི་བསྟན་པ་མ་འོངས་རྒྱུན་གནས་ཐུབ་པའི་མཛད་རྗེས་ཆེན་པོ་ཞིག་བཞག་ཡོད་ཀྱང་བཀའ་བརྒྱུད་པ་རྣམས་ཀྱི་བཀའ་དྲིན་ཇི་བཞིན་ངོ་ཤེས་མཁན་དཀོན་ཞིང་བླུན་པོ་ཅ་ཅོ་སྒྲོགས་ལ་དགའ་བ་རྣམས་ཀྱིས་རྟག་ཏུ་ཁྱད་གསོད་ཁོ་ན་བྱེད།
གང་ལྟར་ཡང་རྒྱལ་དབང་ལྔ་པ་ཆེན་པོ་ནི་ཆོས་སྤྱན་ལྡན་པའི་གང་ཟག་གཟུ་བོར་གནས་པ་ཞིག་གིས་བལྟས་ན་༧གོང་ས་མཆོག་གིས་ཡང་དང་ཡང་དུ་གསུངས་པ་བཞིན་རྒྱུ་མཚན་དང་ལྡན་པའི་ཆོས་ལུགས་རིས་མེད་གནང་ཞིང༌། ནང་པ་སངས་རྒྱས་པའི་བསྟན་པའི་སྲོག་འཛིན་མཁན་ཞིག་ཏུ་གྱུར་ནས་ཡོད། དེའི་སྐབས་སུ་སེ་འབྲས་དགེ་གསུམ་འཐོར་ཞིག་ཏུ་སོང་ནས་ཡོད་པས་ནཱ་ལེན་དྲའི་ཆོས་བརྒྱུད་རིགས་པའི་ལམ་ནས་ཤེས་རབ་ཀྱིས་གདར་ཤ་གཅོད་དགོས་པའི་གནད་རྣམས་ནུབ་པར་ཐེ་ཚོམ་ཏིལ་འབྲུ་ཙམ་མི་དགོས།
གང་ཡིན་ཞེ་ན། ཐོས་བསམ་ལ་དགྲ་རུ་ལྟ་ཞིང་བྱས་པའི་ཆོས་ཀྱི་སངས་རྒྱ་མི་ཐུབ་པར་བཤད་ནས་མ་བྱས་པའི་ཆོས་ཀྱིས་སངས་རྒྱ་རེད། མི་རྟོག་པ་སྒོམ་དགོས་རེད། རྣམ་རྟོག་དགག་དགོས་རེད། སྨྲ་བསམ་བརྗོད་བྲལ་རེད། བདེ་གསལ་མི་རྟོག་པ་སྒོམ་དགོས་པ་རེད་ཅེས་སེམས་ལ་ཁ་དོག་མདོག་དབྱིབ་གཟུགས་ཅན་གྱི་དངོས་པོ་མཐོང་རྒྱུ་མེད་པ་ཙམ་དེ་སྒོམ་གྱི་དངོས་གཞི་རུ་འཛིན་ནས་གསང་སྔགས་ཀྱི་ཆོ་ག་གྱེར་ཤེས་པ་ཙམ་ལ་སྐྱབས་བཅོལ་ནས་འདུག་དགོས་པའི་དགེ་རྒན་ནམ་བླ་མ་མང་པོ་ས་དར་རྡོ་དར་དུ་བྱུང་ཞིང་། དེ་དག་ལ་སྐྱེ་བོ་ཕལ་པ་ལ་དགོས་པའི་གྲུབ་རྟགས་དང་རྫུ་འཕྲུལ་ཡོད་པར་སྒྲོ་བཏགས་ནས་མཛད་པ་དང་འཕྲིན་ལས་དགེ་སློང་ལྷ་ཆེན་པོ་ལྟ་བུ་བྱུང་བས། ང་ཚོའི་ཆོས་དེ་ཧིན་རྡིའི་ཆོས་ལུགས་ནང་བཞིན་ཚོགས་མཆོད་འབུལ་དང་སྦྱིན་སྲེག་གི་ཆོ་ག་ཙམ་གྱིས་ཚིམ་ནས་འདུག་རྒྱུ་མ་གཏོགས་མེད་པར་གྱུར་བའི་རྒྱུ་ཕལ་ཆེར་ཚང་ཚར་བའི་སྐབས། སླར་ཡང་མཁས་པའི་འབྱུང་གནས་ཀྱི་ཆོས་སྡེ་རྣམས་བསྐྱར་གསོ་མཛད་པས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་གི་མངའ་བདག་རུ་བཞེངས་ནས་ཡོད་པ་འདི་དྲན་འོས་པ་ཞིག་ཡིན། དྲིན་ལན་ལོག་མཇལ་བཟོ་མཁན་རྣམས་ལ་སྙིང་དང་གློ་བ་ཡོད་མེད་ཐེ་ཚོམ་སྐྱེ་བའི་གཞི་ཙམ་རེད།
༧གོང་ས་ལྔ་པའི་དགའ་ལྡན་ཕོ་བྲང་ནི་རྒྱུན་འཛིན་བཟང་ངན་གྱིས་གནས་བབ་འཕོ་འགྱུར་ཕྲན་བུ་སོང་ཀྱང་ལྷག་བསམ་རྣམ་དག་གིས་བརྒྱུད་པ་འཛིན་མཁན་རྣམས་ས་ཕྱོགས་གང་དུ་སོང་ཀྱང་མཆོད་རྟེན་མགོ་འཇུག་ལོག་ན་བང་རིང་འཕྲེད་ལ་ཞེས་པའི་དཔེ་ལྟར་ཡོད་པ་འདི་མཐོང་ཆོས་སུ་ཡོད་པ་གསལ་པོ་རེད། དཔལ་ལྡན་ས་སྐྱའི་ཕྱོགས་ནས་གནས་གསར་བ་མཁྱེན་བརྩེཌྷི་དབང་ཕྱུག་གིས། ངསསྦྱངས་པ་དེ་ས་སྐྱའི་གཞུང་ལ་སྦྱངས་ཀྱང༌། །མཁས་པ་དེ་གསང་སྔགས་རྙིང་མ་ལ་མཁས་པ། །འདི་ཀོ་སྔོན་གྱི་ལས་འཕྲོ་ཞིག་མིན་ནམ། ཨ་ཧོ་ངོ་མཚར་དུ་ཆེ་བྱུང༌། ངས་བསྒོམ་པ་དེ་གསང་སྔགས་ལམ་འབྲས་ལ་བསྒོམ་ཀྱང༌། །རྟོགས་པ་དེ་རྫོགས་པ་ཆེན་པོ་ལ་ཤར་བ། འདི་ཀོ་སྔོན་གྱི་ལས་འཕྲོ་ཞིག་མིན་ནམ། ཨ་ཧོ་ངོ་མཚར་དུ་ཆེ་བྱུང༌། ངས་གསོལ་བ་དཻ་རྣལ་འབྱོར་དབང་ཕྱུག་ལ་བཏབ་ཀྱང༌། བྱིན་རླབས་དེ་ཨོ་རྒྱན་པདྨ་ཁོས་གནང་བ། །འདི་ཀོ་སྔོན་གྱི་ལས་འཕྲོ་ཞིག་མིན་ནམ། ཨ་ཧོ་ངོ་མཚར་དུ་ཆེ་བྱུང༌། ཞེས་གསུངས། དེ་བཞིན་དུ་ཀུན་མཁྱེན་གང་ཤར་རང་གྲོལ་གྱིས། དེང་སང་ཆོས་ལུགས་གྲུབ་མཐའ་མང༌། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག། །དོན་མེད་ཁ་སྡིག་མ་གསོག་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང༌།
ཤར་སྐལ་ལྡན་རྒྱ་མཚོས། ཆོས་རང་རང་མོས་པའི་དོན་ཟབ་དེ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོངས། །ལྕང་སྐྱ་རྡོ་རྗེ་འཆང་གིས། རང་གཞན་ལྟ་སྒོམ་གྲུབ་མཐའྀ་ཁྱད་པར་རྣམས། །ལྟ་ཅི་ཐ་སྙད་ཙམ་ལ་རྨོངས་ན་ཡང༌། །གཞན་ལུགས་འབད་པས་སྨོད་ཅིང་སྡང་སེམས་བསྐྱེད། །དེ་ཉིད་བསྟན་པའི་ག་དར་ཡིན་པར་བསྒོམ། །ཅོལ་ཅུང་གཡམ་རྒྱུགས་མཁན་ལ་ཐུགས་རྗེའི་གཟིགས། །ཞེས་གསུང་ཤོར་བ་རེད།
དེ་བཞིན་རིས་མེད་ཀྱི་བསྟན་པ་དར་ནུབ་མང་པོ་ཞིག་བྱུང་ཞིང་རྙོག་འཛིང་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་མང་པོ་ཞིག་བྱུང་བའི་མཇུག་ཏུ་མདོ་ཁམས་ཕྱོགས་སུ་འཇམ་དཔལ་དཔའ་བོ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་བྱོན་ཞིང་རིས་སུ་མ་ཆད་པའི་བཤེས་གཉེན་ལྔ་བཅུ་རྩ་ལྔ་བསྟེན་ནས། སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་དང༌། བྱང་ཕྱོགས་ཀྱི་བཤད་རྒྱུན་འདེགས་པའི་དཀའ་ཆེན་བཅུ་སོགས་ཀྱི་དགོངས་གནད་འགལ་མེད་གཅིག་ཏུ་བབ་པར་གཟིགས་ནས་ཕྱོགས་མཐའ་ཁག་ཏུ་ཕེབས་ནས་བྱ་བྲལ་གྱི་རྟུལ་ཞུགས་ཁོ་ནས་དཀའ་བ་བརྒྱ་ཕྲག་དུ་མ་དང་དུ་བླང་ནས་གསན་བསམ་དང་འཆད་སྤེལ་རྒྱ་ཆེ་ལ་རྒྱུན་མི་འཆད་པ་གནང་བས། བོད་གངས་ཅན་ལྗོངས་སུ་བྱུང་བའི་བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པའི་ཕྱག་བཞེས་དང་། ཐ་ན་མི་ཤེས་པ་རྣམས་ཀྱི་ཆོས་ལུགས་ཀྱི་ཁྱད་པར་ཞྭ་ཡིས་འབྱེད་པའི་གང་ཟག་རྣམས་ཀྱི་ངོར་ཕྱོགས་མཐའ་ཁག་ལ་ཕེབས་པའི་སྐབས་སུ་པཎ་ཞྭ་སེར་པོ་དང༌། དམར་པོ། རྙིང་ཕྱོགས་ཀྱི་ཨོ་རྒྱན་པད་ཞྭ། བཀའ་བརྒྱུད་པའི་དྭགས་ཞུ། ས་སྐྱ་པའི་ས་ཞུ་དང་གཏེར་ཕྱོགས་ཀྱི་ཞྭ་ཡ་མ་ཟུང་མི་འདྲ་བ་རྣམས་བསྣམས་ནས་ཕེབ་པའི་ཕྱག་སྲོལ་ཡོད་པ་དང༌། ཆོ་ག་ཕྱག་བཞེས་རྣམས་སོ་སོའི་ལུགས་སྲོལ་ཇི་མ་ཇི་བཞིན་གནང༌།
ཁྲིད་དང་ཉམས་བཞེས་ཀྱི་སྐོར་སོ་སོའི་ལུགས་སྲོལ་ཉམ་པ་མེད་པར་བུ་སློབ་རྣམས་ལ་གནང་བའི་སློབ་ཚོགས་ཀྱི་ས་ཁྱབ་པ་ལྟ་བུ་བྱུང་ཡང་གཙོ་བོ་རིགས་པའི་ལམ་ནས་རང་ལུགས་དང་གཞན་ལུགས་ཀྱི་གནད་སློང་བའི་རིགས་པ་སྨྲ་བའི་ཁྱུ་མཆོག་ས་སྟེང་མཁས་པ་ཡོངས་ཀྱི་གཙུག་རྒྱན། མཚན་ཡང་དག་པར་བརྗོད་པ་ལས། སྨྲ་བའི་སེངྒེ་ཚུགས་པ་མེད། །ཅེས་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱིས་རྗེ་རིན་པོ་ཆེའི་མན་ངག་གི་གནད་ཐམས་ཅད་རྟོགས་ཤིང་དགོངས་པའི་མཐིལ་ཟིན་པར་བྱས་ཏེ་མཁས་པའི་དབང་པོ་དཔལ་རི་རབ་གསལ་དང་རིགས་པའི་ལམ་ནས་བགྲོ་གླེང་གནང་ཤིང་དབུ་མའི་ཟབ་གནད་ཀྱི་ཕྲ་ས་ཉག་ས་ནས་ཆོས་དང་མཐུན་པའི་འབེལ་གཏམ་བགྱིས་ཤིང་མཐར་ཐུག་གི་བབ་ས་གཅིག་ཏུ་དགོངས་པ་མཐུན་པར་གྱུར་ཏེ་གཅིག་ཡིད་གཅིག་གིས་འཕྲོག་ཞིང༌། སྐྱེ་བ་འདི་ཙམ་དུ་མ་ཟད་མ་འོངས་པར་སྐྱེ་བའི་ཕྲེང་བ་ཀུན་ཏུ་དག་པའི་ཞིང་རྣམས་སུ་ཟབ་མོ་མཐར་ཐུག་གི་དོན་ལ་བསྒྲོ་གླེང་ཡོང་བའི་ཐུགས་སྨོན་བསྐྱོན་པ་དང༌། རྗེ་ཡི་དགོངས་པ་རྟོགས་མ་རྟོགས་ལ་རྩོད་པ་ལས་རྗེ་འགོག་པ་མ་ཡིན་པའི་ཚུལ་གསལ་བར་གསུངས་པ་དང༌། གོང་འོག་གང་དུ་བལྟས་ཀྱང་ཁོང་རྣམ་པ་གཉིས་ཀྱི་རྩོད་པ་དེ་འདྲ་བོ་འཕགས་བོད་གཉིས་སུ་དེ་སྔ་བྱུང་མ་མྱོང་བའི་ཆོས་ཀྱི་འབེལ་གཏམ་ཡང་དག་པ་ཞིག་རེད།
སྔ་ཕྱི་མཁས་པས་ལྟ་བ་གཏན་ལ་འབེབ་ཚུལ་ལ་ཁྱད་པར་བྱུང་བའི་སྐོར་བླ་མའི་བཀའ་བཞིན་གསལ་བར་མཛད་པ་གཞུང་ཉིད་ན་གསལ་བ་དང༌། རང་ཉིད་ལ་ཕྱོགས་ལྷུང་གི་ཞེན་པ་མེད་པ་གསལ་བར་གསུངས་པ་སོགས་ཡོན་ཏན་དང་ཐུགས་ཉམས་སུ་བཞེས་ཚུལ་གང་ལ་བལྟས་ཀྱང་འགྲན་པའི་ཟླ་དང་བྲལ་བ་མི་ཕམ་ཚང་གི་གཞུང་ལུགས་ལ་ཐོས་བསམ་བྱས་ན་་ད་གདོད་ཤེས་ཡོང་རྒྱུ་ཞིག་ཡོད་པ་འདི་གསལ་པོ་ཡིན། རིག་པའི་གནས་སྤྱི་དང་ཐ་ན་ཇུ་ཐིག་བཀོད་སྟངས་ཙམ་ལ་ལུགས་སྲོལ་ཇི་ཡོད་ལྟར་གསལ་བར་སྒྲོ་འདོགས་ཆོད་ཚུལ་ལ་བལྟས་ན་བློ་ཡུལ་ལས་འདས་པ་ཞིག་ཡིན། ང་ཚོའི་མི་ཚེ་ལ་ཐོས་བསམ་བྱས་ཀྱང་གཞུང་ལུགས་གཅིག་ལ་རྐང་ཚུགས་པ་ཡོང་མི་ཐུབ་པ་རང་ཉིད་ཀྱིས་མཐོང་བཞིན་དུ་ཡ་ཀི་འགྲིགས་མི་འདུག་མ་ཀི་འགྲིགས་མི་འདུག་ཅེས་བཤད་ན་ངོ་ཚ་བའི་གནས་ཡིན་ཀྱང་ང་ཚོ་ལ་རང་ངོ་འཕྲོད་པའི་གནས་ཤིག་ཡོང་ཨི་ཐུབ་ན་བསམ་ནས་དོགས་པ་རང་བཞིན་གྱིས་ཟ་གི་འདུག
འཇམ་དབྱངས་མཁྱེན་བརྩེ་དབང་པོའི་མི་ཕམ་རིན་པོ་ཆེའི་རྣམ་ཐར་ཞིག་བྲིས་ན་ཤེར་ཕྱིན་གྱི་མདོ་ལྟ་བུ་ཞིག་ཡོད་ཀྱང་ཁོང་མི་དགྱེས་པས་ད་ལྟ་མི་བྲི་གསུངས་ཚུལ་ལ་བལྟས་ན་འཕགས་པའི་ས་ལ་བཞུགས་པ་ཞིག་ཡིན་པར་ངེས། ཁོང་གི་ཞལ་ནས་ང་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཞིག་ཡིན་པར་ཞལ་བཞེས་གནང་ཡོད། ཁོང་ལ་ཐོབ་དང་སྙན་གྲགས་ཆེ་བའི་སུན་པ་མ་གཏོགས་མེད་པའི་སུན་སྣང་དེང་དུས་ཀྱི་བླ་སྤྲུལ་གྱི་མིང་འཛིན་ལྟར་མ་ཡིན་པ་གསལ་པོ་ཡིན་ལ་འདས་ཁ་ལ་མོ་དེ་ལྟར་གསུངས་པ་ལ་དགོས་པ་གཞན་གང་ཡང་མེད་པ་རེད།
དེ་བཞིན་དུ་རྡོ་གྲུབ་མདོ་སྔགས་བསྟན་པའི་ཉི་མ་ཡང་གསར་རྙིང་གི་མཁས་པའི་བཞེད་མཚམས་ཡོངས་རྫོགས་རྟོགས་པའི་སྒོ་ནས་དམིགས་བསལ་གྱིས་རྫོགས་ཆེན་དང་གསར་ཕྱོགས་ཀྱི་རྒྱུད་སྡེའིདགོངས་པ་བཞེས་ཕྱོགས་ཐད་དགོངས་གནད་འགལ་མེད་གཅིག་ཏུ་བསྒྲུབས་པར་མཛད་པའི་ཚུལ་ལ་༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་བསྔགས་བརྗོད་རྒྱུན་མ་ཆད་པར་གནང་བ་དང༌། དེ་བཞིན་དུ་རྫ་དཔལ་སྤྲུལ་རིན་པོ་ཆེ་མཆོག་ནས་ཀྱང་རིས་མེད་གནང་ཞིང་ལེགས་བཤད་གསེར་ཕྲེང་སོགས་ཀྱི་ཆོས་ཆར་ཕབ་པ་དང༌། ས་དགེ་རྙིང་བཀའ་བརྒྱུད་པ་ཚང་མས་ཁས་ལེན་པའི་བླ་མ་རིས་སུ་མ་ཆད་པར་གྱུར་པའི་རྣམ་ཐར་བདག་གིར་བཞེས་པ་དང༌། དེ་བཞིན་དུ་རྡོ་གྲུབ་བསྟན་པའི་ཉི་མའི་གསུང་ལས་བྱོན་པའི་སློབ་མ་སྙན་དགོན་གསུང་རབས་ཀྱིས་ཐེག་པ་རིམ་པ་དགུ་ཡི་རྣམ་བཞག་བཤད་པའི་གསུང་རྩོམ་སོགས་ད་ལྟ་མཇལ་དུ་ཡོད་པ་དང༌། ཕྱིས་ནས་རྒྱ་གར་དུ་བླ་མ་མང་པོ་ཞིག་ཕེབས་ཀྱང་ཡོངས་གྲགས་རིགས་པའི་ལམ་ནས་རིས་མེད་གནང་མཁན་མཁན་རིན་པོ་ཆེ་རིན་ཆེན་མཆོག་ཙམ་ལས་ཤིན་ཏུ་ནས་དཀོན་པར་སྣང༌།
སོ་སོའི་ཆོས་བརྒྱུད་དེ་ཆེ་རབས་འཇིགས་རབས་བཤད་པ་དང་ལུང་ཐར་ཐོར་འདྲེན་ནས་མཁས་པར་རློམ་པ་ཙམ་ལས་ཟབ་དོན་གྱི་གནད་འབྱིན་པའི་མཁས་པ་རིས་སུ་མ་ཆད་པ་ཉིན་སྐར་ལྟར་དཀོན་པར་སྣང༌། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་སྐྱབས་རྗེ་མང་པོ་ཞིག་བྱོན་པར་སྣང༌།
དེ་དག་ལས་༧གོང་ས་མཆོག་གིས་དབང་ལུང་མན་ངག་གི་བརྒྱུད་པ་ཞུས་པའི་གནས་ཚུལ་བྱུང་བ་ཙམ་ལས་དེ་དག་གི་གསུང་པའི་གནད་འདི་རེད་གསུང་རྒྱུ་མེད་པ་འདི་ག་རེ་ཡིན་ན་བསམ་ནས་དོགས་པ་སློང་མཁན་དེ་སྔ་བྱུང་མ་མྱོང་བ་ལྟ་བུ་རེད།
ང་འདྲ་བོ་ཞིག་གིས་བཤད་སྐབས་ལྟ་ལོག་རེད་དམ་ཉམས་རེད་མི་ལབ་པའི་ངེས་པ་མེད་ཀྱང་ལབ་ཀྱང་ཁྱད་པར་གང་ཡང་མེད་པས་མ་འོངས་ཆོས་བརྒྱུད་ཀྱི་མིང་ཁུར་པའི་སྐྱབས་རྗེ་ཚོ་ལ་སློབ་གཉེར་དགོས་པའི་གཞེན་བསྐུལ་གྱི་ཚུལ་དུ་བྲིས་པ་ཡིན། བློ་གྲོས་དང་ལྡན་པའི་གང་ཟག་མང་པོ་ཞིག་ལོག་ལམ་འགྲོ་མི་སྲིད་ཀྱང་བླང་དོར་ཇི་བཞིན་འབྱེད་མི་ནུས་པའི་གཡམ་ལ་རྒྱུགས་པའི་གང་ཟག་མང་པོ་ཞིག་ཉམ་ང་བའི་གཡང་ལ་འཁྲིད་པ་མཐོང་ཆོས་ལ་ཡོད་པ་གསལ་པོ་ཡིན་པས་ར་འཕྲོད་ན་ཡག་པོ་ཡོད་པ་རེད། དེང་དུས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ན་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཀྱི་སློབ་མ་མང་ཞིང་བསྟན་པ་ལ་བྱ་བ་རླབས་ཆེན་སྒྲུབ་བཞིན་ཡོད་པ་ལ་ཀུན་གྱི་བསྔགས་བརྗོད་དང་ཡི་རང་ཞུ་བ་འདི་ནི་ང་ཚོ་གངས་ཅན་པའི་ཙམ་ཟན་ཡོངས་ཀྱི་གཟི་བརྗིད་ཞིག་ཏུ་བརྩི་ཆོག
གངས་ཅན་གྱི་ལྗོངས་སུ་བཞུགས་པའི་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་རིན་པོ་ཆེའི་སྲིད་ཞུ་སྒྲུབ་པ་སྔ་མོ་པཎ་ཆེན་རིན་པོ་ཆེ་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་གཉིས་ཀྱིས་མ་བསྒྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་སོ་སྐྱེའི་བློ་ཡུལ་ལས་འགོང་པའི་བྱ་བ་མང་པོ་མཛད་པ་ནི་འཕགས་ཆེན་ཁོ་ནའི་སྤྱོད་ཡུལ་ལགས། རྫ་དཔལ་སྤྲུལ་རིན་པོ་ཆེས་དུས་རྒྱུན་གསུང་ལས་ཐོས་བསམ་ཕྱོགས་རེ་བ་ནི་བསྟན་པ་བཤིག་པའི་རྒྱུ་ཡིན་ནོ། ཞེས་གསུངས་སྲོལ་ཡོད་པ་དེ་གསལ་པོ་ཡིན་པ་ད་ལྟ་གསར་བུ་ཚོའི་གནས་ཚུལ་ལ་བལྟས་ན་གསལ་པོ་ཤེས་རྒྱུ་འདུག་པ་འདི་རེད།
དེ་བས་ན་རྒྱལ་བའི་བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པ་ཞིག་བྱུང་ན་རང་ཉིད་ཀྱི་བསོད་ནམས་ཀྱི་བསགས་རྒྱབ་ཆེ་རུ་གཏོང་བ་དང༌། མ་འོངས་པར་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་མཁན་ཞིག་ཡིན་ན་གལ་གནད་ཧ་ཅང་ཆེ་བས་དེ་ལུགས་དགོངས་དབྱིངས་སུ་མངའ་བ་མཁྱེན་མཁྱེན།།
ཐ་མལ་དུག་ལྔའི་མངལ་རྒྱ་དམ་མོ་རུ། །
བླང་དོར་གོ་འཛོལ་སྤྱོད་པའི་འཁྱམ་པོ་དེས། །
བླང་དོར་སྟོན་པའི་གཏམ་འདི་མི་མཛེས་ཀྱང༌། །
ཁྱི་ཁོག་གསེར་ཆུའི་དཔེ་ལྟར་འགྱུར་སྲིད་སྙམ། །
འཇིག་རྟེན་ཕལ་པའི་གཏམ་གྱི་དཔེ་ཞིག་ཏུ། །
ངན་པས་ཚིག་སྨྲས་བཟང་པོའི་བློ་རྙེད་འགྱུར། །
ཞེས་པའི་ཚིག་དེ་མན་ངག་དམ་པ་རུ། །
གོ་ནས་འབད་པའི་སྦྱོར་བས་ཚིག་འགའ་བྲིས། །
ཕྱོགས་རེས་མིག་ཅན་བསྟན་སེལ་སྡེ་འཁྲུགས་ཀྱི། །
ལས་ལ་ཉིན་མཚན་གཞོལ་བའི་སྐྱེ་སྤྲུལ་མིང༌། །
འཛིན་པ་འགའ་ཞིག་འདི་འདྲར་མི་དགྱེས་ཡང༌། །
བསྟན་འཛིན་རྒྱ་མཚོ་དགྱེས་པའི་རྟེན་དུ་ཕུལ། །
ཞེས་པ་འདི་ཉིད་གསང་ཆེན་སྔ་འགྱུར་པའི་བསྟན་པའི་ཞབས་འོག་ཏུ་སྐྱེས་ཤིང་བྲིས་ཀློག་དང་ཆོ་ག་ཆོས་སྤྱོད་ལ་འབད་རྩོལ་ཆེར་མ་དགོས་པར་ལུང་པའི་ལམ་དང་ལུགས་སྲོལ་ལྟར་ཤེས་ཀྱང་ཕན་པ་མེད་པ་མཐོང་ནས་རང་ལུགས་ཀྱི་དཔེ་ཆ་ལ་ལོ་འགའ་ཤས་སྦྱང་པའི་འབད་པ་བྱས་ཤིང་ཐོས་བསམ་ལ་བློ་ཁ་ཕྱོགས་པའི་སྐལ་པ་སྦོམ་པོ་ཞིག་ཏུ་གྱུར། ཁྱད་པར་དུ་ལས་སྨོན་བཟང་པོའི་བསགས་རྒྱབ་མི་དམན་པ་ཞིག་གིས་འཇམ་མགོན་རྒྱལ་བའི་བསྟན་པ་དང་མཇལ་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་བག་ཆག་བཟང་པོ་ཞིག་འཇོག་རྒྱུའི་སྐལ་པ་བཟང་པོ་བྱུང་བ་དང༌། དེ་བཞིན་དུ་སྐྱེད་བྱེད་ཀྱི་ཕ་དམ་པའི་དད་ཞེན་ཆེ་བ་དང༌། རྒྱུན་པར་ཉམས་བཞེས་གནང་བའི་འགྲོ་མགོན་བཀའ་བརྒྱུད་པའི་གཞུང་ལུགས་དང༌། མདོ་རྒྱུད་མན་ངག་བྱེ་བའི་གཏེར་མཛོད་དཔལ་ལྡན་ས་སྐྱ་པ་ཡབ་སྲས་སོགས་ཀྱི་གཞུང་ལུགས་ལ་ཐོས་བསམ་ཕྲན་ཙམ་བགྱིས་པའི་གོ་སྐབས་བཟང་པོ་བྱུང་བ་འདི་ཡ་མཚན་དངོས་བྱུང་ལྟ་བུར་མཐོང༌།
དེ་ཡང་ཆུ་ཕུག་གངས་གྱི་དཔེ་ལྟར་རྩོད་མེད་འཚེ་བྲལ་གྱི་ལམ་ལ་འགྲོ་བ་རྣམས་དབུགས་དབྱུང་བའི་ཕྱི་ནང་གི་བསྟན་པའི་གནད་མཐུན་པར་སྒྲུབ་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པཽ་མ་འདྲེས་པའི་འགྲོ་བ་རྣམས་ཀྱི་མཛའ་བཤེས་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་ཉག་གཅིག་ལས་བྱུང་བས་བཀའ་དྲིན་རྗེས་སུ་དྲན་ནས་ཨེ་མ་ཧོ་དང་ཨ་ལ་ལ་ཞེས་དགའ་བའི་ཅ་ཅོ་འབྱིན་པ་དང་ཆབ་གཅིག་རིགས་སློབ་རང་ཤག་རྒོལ་ངན་ཚར་གཅོད་པའི་ལྡིང་ཁང་དུ། རིས་སུ་མ་ཆད་པའི་བསྟན་པའི་གནད་གཅིག་ཏུ་འབབ་པར་གཟིགས་པ་རྣམས་ཀྱི་དེ་ལྟ་བུ་བྱུང་བ་བརྗོད་པ་འདི་དགོས་པའི་གནད་དུ་མ་མཐོང་ནས་རིས་མེད་རབ་འབྱམས་པའི་མིང་ཙམ་འཛིན་པ་ཆོས་ཀྱི་ཉི་མ་ནས་བྲིས་པའི་དགེ་བས་རྩོད་རྙོགས་དགོས་མེད་རྣམས་ཞི་བའི་རྒྱུར་གྱུར་ཅིག །
ཨོ་རྒྱན་ཉི་མ་གཉིས་པ་་་
ཁ་བརྡ་དྲ་བ་འདི་ཤིན་ཏུ་བཟང་། དེ་དེ་བཞིན་བསྐུལ་བར་ཞུའོ། ཆོས་མ་ཤེས་ནས་བོན་འཛིན་བ་ཆོས་ཀྱི་དབུ་ཁྲིད་པ་དག་གིས་ལན་པར་ཡིན་པས་ཀུན་གྱིས་ཤེས་དགོས། ཐོས་བསམ་སྒོམ་པ་མེད་པའི་སྐྱབས་རྗེ་ཆོས་རྗེ་སྐྱབས་མགོན་ཟེར་བ་ཚོས་བརླགས་པ་རེད། བདེན་པར་རྒྱལ་བར་གྱུར་ཅིག །
རེད་་་རེད་་་བདེན་པ་རེད། ངས་བསམ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་ཡག་ཟིག་རྩ་བ་ཉིད་ནས་མཐོང་མ་སོང་།
གཞན་པ་ཚང་མ་པར་གློག་བརྒྱབ་པ་དང་གཅིག་པ་རེད། ད་དུང་འགའ་ཤས་ནག་གཞར་ལ་ཡང་སོང་ཡོད་འདུག
ཚང་མས་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱི་གསུང་ལ་གཟིགས་རྒྱུ་གལ་ཆེན་པོ་རེད།
བོད་རྩོམ་དེ་ཚོ་ལ་དེ་ཙམ་གྱི་རིན་ཐང་ཡོད་མ་རེད།
འདི་ངའི་བསམ་ཚུལ་ཡིན།
ཡང་ཨོ་ཉི་གཅིག་སླེབས་སོང་། ཉོབ་པ་ལ། སུན་པ་ལ།
མིག་དཔེ་བཟང་བོའི་གཞེན་སྐུལ་ཞིག་རེད།
བོད་རྩོམ་དེ་ཚོ་ལ་དེ་ཙམ་གྱི་རིན་ཐང་ཡོད་མ་རེད། ཧཧཧ ད་ཐུགས་རྗེས་གཟིགས་ཤེས་ཡོན་ཅན་ཚོས་འདི་འདྲ་རྩ་བ་ནས་མ་གསུངས་རོགས་གནོངས། ད་ལྟའི་ཆར་བོད་ཡིག་ཐོག་བྲིས་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་དུ་གྲགས་པ་འདི་ཚོ་ལ་བོད་རང་གི་རིག་གནས་དང་བསམ་བློ་ལྟ་བ་ཡ་རབ་བཟང་སྤྱོད་སོགས་མང་པོ་ཞིག་ཆ་ཚང་བའི་རྒྱུ་མཚན་ལ་བརྟེན་ནས་ནུས་པ་དང་བྱིན་རླབས་ཏོག་ཙམ་ཐོན་གྱི་ཡོད་རེད། གཞན་རོང་ལུགས་དགེ་སློང་སེར་པོ་དང་ཨ་ན་མ་ན་ཞིག་ཆགས་སོང་ན་ངས་ནི་རེ་བ་དེ་ཙམ་མེད་ཐག་ཆོད་ཡིན་ནོ་ཟེར་ཞུ་རྒྱུ་ཡིན། །
ཨོ་སྤྲུལ་ཞིག་སླེབས་སོང།
རྒྱུ་མཚན་སྣ་གཅིག་མེད་པར་མེད་རབས་སྡུག་རབས་རྐྱང་བཤད་པར་ཡིད་ཆེས་མེད།
ཁོ་ཡི་རྒྱུ་མཚན་ལ་ལྟོས་དང། རྒྱ་གར་ནས་ནང་ཆོས་བོད་ལ་གདན་འདྲེན་དགོས་པའི་རྒྱུ་མཚན་འུ་ཐུག་མདོག་ལ།
དེ་ལྟར་ན་་་རྒྱ་ནག་དང་བལ་པོ་ནས་བུད་མེད་གདན་འདྲེན་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན་ནམ།
སྲོང་བརྩན་སྒམ་པོའི་སྐབས་སུ་བོད་ཀྱི་བུད་མེད་ལ་རྒྱོ་རྒྱབ་སའི་མོ་མཚན་མེད་པ་ཡིན་ནམ། ཡང་ན་བོད་ཀྱི་བུད་མེད་རྣམས་བུ་དང་འདྲ་བའི་ཁ་སྤུ་ཅན་ཤ་སྟག་ཡིན་ནམ། ཡང་ན་དེ་དུས་བོད་ཀྱི་བུད་མེད་ཀྱིས་བུད་མེད་ཀྱི་གོ་མ་ཆོད་པ་ཡིན་ནམ། ཅིས་ཕྱིར་རྒྱ་བཟའ་དང་བལ་བཟའ་བོད་ལ་གདན་འདྲེན་དགོས་པའི་རྒྱུ་མཚན་བྱུང་ངམ།
བན་བོན་གཉིས་ཆམ་མཐུན་མཉམ་གནས་མ་བྱུང་ན་བོན་པོ་ལ་གྱོང་གུན་མེད། དེས་བོད་ལ་གྱོང་གུན་འབྱུང་སྲིད།
ད་ཆ་བོད་ཀྱི་བླ་མ་མཁན་པོ་སྤྲུལ་མིང་འཛིན་པ་དེ་ཚོས། བོད་མི་ནི་རྒྱ་གར་གྱི་དགེ་ཕྲུག་ཡིན། བོད་མི་ནི་རྒྱ་ནག་གི་དགེ་ཕྲུག་ཡིན། བོད་ཡིག་ནི་རྒྱ་གར་གྱི་ཡིན། བོད་སྐད་ནི་རྒྱ་གར་གྱི་ཡིན། བོད་ཟས་ནི་རྒྱ་ནག་གི་ཟས་ཡིན། བོད་ཕྲུག་ནི་རྒྱ་ནག་གི་ཚ་བོ་ཡིན། བོད་ཡུལ་ནི་མུན་པའི་གླིང་ཡིན། རྒྱ་གར་ནི་འཕགས་ཡུལ་ཡིན། བོད་ཀྱི་རིག་གཞུང་ནི་དམར་མཆོད་པ་ཡིན། བོད་རིགས་ནི་སྤྲེལ་སྲིན་ཡིན། ད་གང་ལྷག་ཡོད་དམ། ད་རང་བཙན་རྩོད་གཞི་ཡོད་དམ། ད་མི་རིགས་རྩོད་གཞི་ཡོད་དམ། ད་སྐད་ཡིག་རྩོད་གཞི་ཡོད་དམ། བོད་སྨན་ནི་རྒྱ་གར་གྱི་ཨ་ཡུ་ཝེར་དྲིག་གི་ཁོངས་སུ་བཅུག ད་དབུ་ཁྲིད་དེ་ཚོས་སློབ་སྦྱོང་བྱེད་རན་མི་འདུག་གམ།
ཧ་ཧཧཧཧཧཧཧ
མི་འདི་རིགས་་་་་ཁ་ཟས་སྤང་ནས་ཟས། རིལ་མ་ནགས་སུ་གཏོང། ཟེར་བ་དེ་རེད། ཁ་ཟས་བོད་ནས་ཟས། ཕན་ཐོགས་རྒྱ་དཀར་ནག་ལ་བྱེད། སྡོད་ས་པྲལ་བར་བསྡད། མིག་ལ་ཐལ་བ་འདེབས་ཚུལ། འདི་ཚོར་བསམ་ན། ཡ་ང་། སྐྱི་འཇིག གཡང་ཟ།
ད་ཨོ་ཉིས་ཨ་ཀོང་གི་གོ་གནས་འཕྲོག་ཕྱིར་ཁོས་དེ་ཡི་སྔོན་དུ་མཚམས་ལ་སྡོད་ཀྱི་ཡིན་ཟེར་ནས། མཐའ་མའི་གྲུབ་འབྲས་ཅི་ཞིག་བྱས་མ་སོང་ངམ།
ཧ་ཧ། ཆོས་ཉི་ཟེར་བ་འདིས་ཆོས་ལུགས་གྲུབ་མཐའི་བར་དག་སྣང་མཐུན་ལམ་སོགས་མང་དག་ཞིག་བཤད། ཡང་ཧིན་རྡི་དང་བོན་ཆོས་རྣམས་ལ་དངོས་ཤུགས་གང་རུང་བརྒྱུད་འཐོངས་ཆུང་ཆེད་གསོད་ཀྱིས་སྨ་འབབས་བྱས་འདུག
ཡང་དེ་དུས་བོན་ཆོས་དེ་དེང་དུས་བོན་པོ་ནང་བཞིན་མ་ཡིན་ཟེར།
དྲི་བ་ཆུང་ངུ་ཞིག སྔར་དུས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་དེང་དུས་བོད་ཀྱི་ནང་ཆོས་ཇི་བཞིན་ཚང་མ་སྣེ་བསྡུས་ཤིག་ཡིན་ནམ། ?
ཕོ་དྲང་པོ་ཡིན་ན་དྲང་ལན་ཐེབས།
དེ་མིན་ན་ཟོག་པོ་ཁོག་སྟོང་ཡིན།
བུ་རང་ངོའི་གཡག་རྒན་མ་མཐོངས་ཀྱང་
ཕ་སྡེ་བའི་ཡུལ་ངོར་ཤིག་ཆུག་གསལ།
སློབ་གཉེར་གཙོ་བོར་བརྟེན་ནས་ཆོས་ཀྱི་རྟོགས་པ་འཐོབ་པ་བྱེད་པ་འདི་ཁ་ཡོད་ལག་ཡོད་ཀྱི་སྐད་ཆ་རེད། བདེན་པ་རེད།
ཆོས་ལུགས་ཚང་མའི་ནང་ལ། སློབ་གཉེར་ལ་འབད་པ་གཙོ་བོར་སྐྱོན་མཁན་ཚོས་བསྟན་པར་བྱས་རྗེས་མཐོན་པོ་བཞག་ཡོད། དཔེར་ན། པཎ་ཌི་ཏ་རོང་གཟོམ། ས་པཎ། རྒྱལ་བ་ཙོང་ཁ་པ། འབྲུག་པ་པད་དཀར། ཀརྨ་པ་དུས་གསུམ་མཁྱེན་པ། རྒྱལ་བ་ལྔ་པ། པན་ཆེན་བློ་བཟང་ཆོས་རྒྱན། འཇམ་དབྱངས་བཞད་པ། འཇམ་མགོན་ཀོང་སྤྲུལ། འཇུ་མི་ཕམ། གུང་ཐང་བསྟན་སྒྲོན། མཁན་པོ་གཞན་དགའ། རྫ་དཔལ་སྤྲུལ། སོགས་རེད།
སློབ་གཉེར་མི་དགོས་པར། རྟོགས་པ་ཅིག་ཡོད། གཉིས་ཡོད་ཟེར་མཁན་ཚོར་དྭོགས་པ་ཡོད། སངས་རྒྱས་ཀྱི་བཀའ་འགྱུར་བསྟན་འགྱུར་དང་། དེ་ཚོའི་ཁུངས་ལྡན་གྱི་འགྲེལ་པ་ཆོས་རྒྱུད་ཚང་མའི་ནང་ལ་བཞུགས་ཡོད་པ་དེ་དོར་ནས། དཔེ་རས་ནག་རིལ་ཐལ་བ་ཕྱུར་ཕྱུར་ཞིག་ཁྱེར་ཡོང་ནས། མགོ་ལ་ཞྭ་མོ་ཁ་དོག་འདྲ་མིན་གྱོན། དཔེ་ཆ་འདི་མགོ་ལ་བཞག་ནས་སངས་རྒྱས་ཀྱི་ལམ་ལ་ཁྲིད་མཁན་དེ་ཚོར་དྭོགས་པ་ཡོད།
ཨོ་སྤྲུལ་འདིས་སྐད་ཆ་ཉན་རིན་ཡོད་པ་ཁ་ཤས་བཤད་འདུག། འོན་ཀྱང་བོན་རྒན་འགའི་རྣར་འགྲོ་བཟོ་མི་འདུག། གོང་དུ་བན་དེས་སྐད་ལ་གཟིགས་དང་། སྲུང་བཙན་གྱིས་རྒྱ་བལ་གྱི་བཙུན་མོ་ལེན་པས་བོད་མོར་མོའི་མཚན་ཉིད་མ་ཚང་བར་འདོད་དགོས་སྐོར་བཤད་པ་ནི་དོན་དུ་ཨོ་ཉིས་བཤད་པའི་གླེང་གཞིར་ལན་མ་ཐེབས་པ་དང་རྒྱལ་པོས་རྒྱལ་ཁམས་སྐྱོངས་ཚུལ་མི་ཤེས་པའི་གླེན་བཤད་རང་རེད།
རྩོམ་ཡིག་འདིར་མི་ཤེས་ཤེས་མདོག་གིས་འདི་ལྟར་བྲིས་པ། གྲྭ་བརྒྱག་གི་ཁ་དང་རྟ་བརྒྱག་གི་རྐུབ་ཟེར་བ་ཅིས་མི་བདེན ༼གང་ཞིག་གླེང་བར་བྱ་བའི་དོན་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་གསུངས་རབས་མ་ལུས་པ་གདམས་པར་ཤར་བའི་སྐྱེས་བུ་འགའ་ཤས་ཀྱི་དེ་ལྟ་བུ་བྱུང་བ་བརྗོད་པར་འདོད་པས། སྔོན་གྱི་དུས་སུ་བོད་གངས་ཅན་གྱི་ལྗོངས་འདིར་དམ་པའི་སྐྱེས་ཆེན་གྲངས་མེད་པ་བྱོན་པ་ཡིན་ནའང་བོན་པོ་དང་འགལ་མེད་རྟོགས་རྒྱུ་མེད་པ་ཞིག་ཡིན་པས་དམར་མཆོད་སྲོལ་རྒྱུན་དེ་མེད་པར་བྱས་ཤིང༌། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས་པའི་དོན་དེ་རྒྱ་ཁྱབ་ཏུ་སྤེལ་བས་དཀར་འཇམ་ཞི་བ་ཉག་གཅིག་གི་ལམ་དུ་བསྐྱོད་རྒྱུའི་ཕུག་རེ་བཅངས་ནའང་དོན་ཐོག་ལག་ལེན་ཇི་མ་ཇི་བཞིན་འགེལ་མ་ཐུབ་པར་དེང་སང་གི་བར་དུ་སྒོ་ཕྱུགས་དང་རི་དྭགས་གསོད་པའི་སྲོལ་དེ་གསོན་པོ་ལ་གནས་ཡོད། དེ་ཡི་ཕུག་དེ་ཆོས་ལུགས་ཞིག་ལ་ཐུག་མིན་དེ་ངས་ཁ་ཚོན་གཅོད་ནས་བཤད་མི་ཐུབ་ལ་བཤད་པའི་དགོས་པ་གང་ཡང་མེད། འོན་ཀྱང་དེ་དུས་བོན་པོའི་ཆོས་ལུགས་དེ་ད་ལྟའི་བོན་པོ་ནང་བཞིན་གྱི་ཕྱི་སོ་ཐར་གྱི་སྡོམ་པས་སྐུ་བཙུན་ཞིང༌། ནང་བྱང་སེམས་ཀྱི་སྡོམ་པས་ཐུགས་རྒྱུད་གཏམས་པ་ཞིག་ཡིན་ན་རྒྱ་གར་ནས་ཆོས་བསྒྱུར་བའི་དགོས་པ་གང་ཡང་མེད་པར་སེམས་པ་ནི་དངོས་བྱུང་ལོ་རྒྱུས་ཀྱི་གཏིང་མ་མྱུལ་པའི་ཟུར་བལྟས་ཀྱི་མཐོང་ཚུལ་ཙམ་ཞོར་འཕྲོས་སུ་གླེང་བ་ཡིན་པས་དགོངས་འགལ་མེད་པར་ཞུ།༽
ག་དུས་ཡིན་ནའང་བོན་པོས་མ་འགྲིག་པའི་བཟོ་འདྲ་པོ། ཐུབ་ཚོད་འགྲོ་ས་ཞིག་ཡོད་བསམ་ས་དེར་བན་རྒན་་་འདི་ཚོ་ལ་ངོ་ཚ་མེད་པར་མང་པོ་གཏམ་རྒྱུ་ཡོད་རེད། དེང་སྐབས་རྒྱ་གར་ཧིན་རྡུ་བ་ཚོ་སྟོབས་འབྱོར་མངའ་ཐང་ཡར་རྒྱས་ཆེན་པོ་འགྲོ་ཡོང་དུས་སྔོན་མ་ནང་བཞིན་མུ་སྟེགས་པ་དང་ལྟ་བ་ལོག་པ་ཟེར་ནས་བན་དེ་ཚོས་ཧིན་རྡུ་བ་ཚོ་ལ་སྡུག་རིས་སྡུག་ཚད་ངན་སྨྲས་བྱས་པ་ཁག་དེང་སང་འཇམ་ཐིངས་སེ་ཚིག་འབྲུ་གཅིག་ཀྱང་གླེང་མི་ཕོད་པའི་རྒྱུ་མཚན་གང་ལ་ཐུག་ཡོད། དེར་མ་ཚད་ཧིན་རྐུབ་མགོ་ལ་འཇོག་ཀྱིན་ལྕེ་ལྡག་བརྒྱག་གིནའགྲོ་བསྡད་ཡོད་རེད། དེ་བཞིན་བན་དེ་ཚོས་ཁ་ཆེ་ཚོ་ལ་ཀླ་ཀློ་དང་མཐའ་ཁོབ་པ་སོགས་ཟེར་ནས་ངན་སྨྲས་བྱས་ཚད་དེ་དེང་སང་ཚིག་འབྲུ་གཅིག་ཀྱང་གླེང་མི་ཕོད་པའི་རྒྱུ་མཚན་གང་ལ་ཐུག་ཡོད། ད་བོན་པོ་ཚོ་ལ་ད་དུང་ཐུབ་ཚོད་གཅིག་འགྲོ་གི་ཡོད་བསམ་བསྡད་པ་མིན་ན་ཅི་རེད། བསམ་བློའི་གནས་ཚད་འདི་འདྲ་ཞིག་མ་གཏོགས་མེད་པའི་མི་ངན་ཞིག་གིས་ད་དུང་བོད་རིགས་རྒྱ་ཆེའི་མང་ཚོགས་ལ་སློབ་སྟོན་འདྲ་བྱེད་ཁུལ་བརྩོན་པ་ནི་་་་གད་མོ་ཤོར་བྱེད་མིན་ན་ཅི་ཡིན། །
ཕྱིན་ཆད་ཁྱེད་ལྟ་བུ་ཞི་བདེ་ལ་དགའ་མཁན་ཚོ་ཚོགས་སའི་དྲ་ཐོག་ཏུ་ཡོང་གི་མིན་པས་ཚང་མ་བདེ་མོར་བཞུགས་ལོ༎
ཁྱེད་ཚོས་བོན་པོར་ཁ་མ་བཏང་ན་ངས་ཁྱེད་ཚོར་ཁ་མི་གཏོང་། ཁྱེད་ཚོས་འགོ་མ་བཙུག་ན་ངས་མཇུག་མི་བསྡུ། ཡིན་ནའང་ཁྱོད་འདྲའི་ཨབ་ཕྲུག་ཚོ་ལ་ཁག་ཡོད་ཀྱི་མ་རེད། ཁྱེད་ཚོའི་གོང་མ་རྣམ་པའི་བཀའ་དྲིན་གྱིས་དེ་རིང་ཁྱོད་དང་ང་གཉིས་ངན་སྨྲས་བྱ་དགོས་པ་བཟོས་པ་རེད། འདི་ང་གཉིས་ཀྱི་སྐྱོན་མ་རེད། ཁྱེད་རྣམ་པའི་མིག་ལྟོས་བྱེད་ས་མཁས་པ་ཡིན་པར་གྲགས་པ་དེ་ཚོས་སྐྱོན་རེད་དོ། །
བོན་པོ་ལ་སྐྱབས་རྗེ་དང་ཆོས་རྗེ་ཡོད་ཆོག་ན་ཁ་ཆེ་དང་ཡི་ཤུ་དང་བལ་ཡུལ་བལ་གླང་དམར་གསོད་མཁན་ཚོ་ཡང་གཅིག་པ་རེད། དེང་དུས་རྫུན་གྱི་སྐྱབས་གནས་སུ་འཛིན་པར་མང་དུ་འགྲོ་ས་རེད། ད་མང་པོ་འབྲི་འདོད་མི་འདུག དོན་དག་ཅི་མི་འདུག
སྔོན་གྱི་བོན་དང་བོན་གསར་དང་གཡུང་དྲུང་བོན་སོགས་ལ་ཁྱེད་པར་ཡོད་དམ། གང་ལྟར་བོན་ནི་ང་ཚོའི་་ཕ་མེས་ཀྱི་ཆོས་རེད།
“འོན་ཀྱང་དེ་དུས་བོན་པོའི་ཆོས་ལུགས་དེ་ད་ལྟའི་བོན་པོ་ནང་བཞིན་གྱི་ཕྱི་སོ་ཐར་གྱི་སྡོམ་པས་སྐུ་བཙུན་ཞིང༌། ནང་བྱང་སེམས་ཀྱི་སྡོམ་པས་ཐུགས་རྒྱུད་གཏམས་པ་ཞིག་ཡིན་ན།” ཆོས་ཀྱི་ཉི་མ་མཆོག་གི་བཞེད་པ་བཞིན་དུ། བདག་གི་བློ་ཡང་དེ་ལྟར་ཤར་བ་ཇི་ལྟ་བཞིན་དུ། ལོ་ཁ་ཤས་སྔོན་དུ་བྲིས་པ་ལ་གཞན་ཞིག་གིས་སྲོང་བཙན་སྒོམ་པོས། རྒྱ་ནག་རྒྱལ་པོའི་བུ་མོ་དང་། བལ་པའི་རྒྱལ་པོའི་བུ་མོ་བག་མར་བླངས་པ་དེ་བོད་ལ་བུད་མེད་ཡོན་པ་མ་ཡིན་པས་ཡིན་ནམ། བྲིས་ཡོད་པ་བཀླགས། རང་རེ་རྣམས་ལོ་རྒྱུས་ཏེ། དེ་ལྟ་བུ་འབྱུང་བའི་ཚུལ་ཚད་མས་རྟོགས་པ་མེད་པ་དང་། ལོག་པར་རྟོག་པ་སེམས་ལ་ཞེན་པས། ཇི་ལྟ་བ་བཞིན་ཤེས་པར་དཀའོ།
དང་པོ་བོད་ཡུལ་དུ་བོན་དར། དེ་རྗེས་རྙིང་མ་དར། དེ་རྗེས་བཀའ་རྒྱུད་དར། དེ་རྗེས་ས་སྐྱ་དར། དེ་རྗེས་བཀའ་གདམ་པ་དར། དེ་རྗེས་དགེ་ལུགས་དར། དེ་རྗེས་ཇོ་ནང་དར། དེ་རྗེས་ང་ཡི་ཁོ་ཡིན་ཟེར་ནས་འདི་ཡིན་འདི་མིན་མེད་པའི་ཞྭ་མདོག་གོས་མདོག་སྣ་ཚོགས་ཀྱི་ཆོས་ལུགས་བོད་དུ་དར། གང་ལྟར་རྙིང་མ་བ་འདི་བོན་པོ་དང་ཕྱོགས་ཀུན་ནས་ཆོ་ག་ཕྱག་ལེན་ལས་སོགས་གང་ནས་ཀྱང་འདྲ་མཚུངས་སུ་ཡོད་འདུག་པ་འདི་ཅིས་ཕྱིར་བྱུང་བ་ཡིན་ནམ། དེ་རྗེས་སུ་དར་བའི་ས་སྐྱ་དང་བཀའ་རྒྱུད་དགེ་ལུགས་སོགས་ནི་བོན་པོ་དང་ཕྱོགས་མཚུངས་སུ་མེད་པ་འདི་རྒྱུ་མཚན་ཆེན་པོ་འདུག མི་ཚོས་རྙིང་མ་བ་ལ་བོན་ཚ་ཞེས་ཀྱང་བཤད་བཞིན་འདུག གང་ལྟར་སྲོང་བཙན་གྱིས་དམ་ཆོས་བོད་ལ་གདན་འདྲེན་པའི་རྒྱུ་མཚན་དེ་སྔོན་གྱི་བོན་ཆོས་མ་དག་པ་ཡིན་པའི་རྒྱུ་མཚན་ནི་ཆེས་འུ་ཐུག་པའི་སྐད་ཆ་རེད། ཅིར་སྟངས་ཁྱེད་ཚོས་བསམ་གཞིགས་བགྱིས་དང། བོད་རྒྱུད་ནང་བསྟན་འདི་ཕོ་རོག་དཀར་པོ་ལྟ་བུ་ཡུལ་ལུང་གཞན་དུ་དར་བའི་ཤཀྱའི་ཆོས་ལུགས་ལས་ཟུར་དུ་ཐོན་པ་འདི་རྒྱུ་མཚན་གང་ལ་ཐུག་གམ། གཏམ་ཨ་ཕས་བཤད་རྒྱུ། མནའ་མས་བཤད་ཀྱིན་འདུག ཁྱེད་ཚོས་བཤད་པ་ལྟར་ན། དང་པོ་རྙིང་མ་བོད་ལ་དར། རྙིང་བསྟན་མ་དག་པར་ཤེས་ནས། བཀའ་རྒྱུད་ཀྱི་བསྟན་པ་དར། དེ་རྗེས་བཀའ་རྒྱུད་ཀྱི་བསྟན་པ་འདི་མ་དག་པར་ཤེས་ནས། ས་སྐྱ་དར། དེ་རྗེས་ས་སྐྱའི་བསྟན་པ་འདི་མ་དག་པར་ཤེས་ནས། དགེ་ལུགས་དར་བ་ཡིན་ནམ། དེ་མིན་ཆོས་ལུགས་གཅིག་ལ་ཞྭ་མདོག་གོས་མདོག་སྣ་ཚོགས་སུ་མི་འདྲ་བ་ཅིས་ཕྱིར་བྱུང་བ་ཡིན་ནམ། གཞན་ཡང་ཆོས་རྒྱུད་ལྔ་ཡི་ཐོག་མའི་ལྟ་གྲུབ་གཏན་ལ་འབེབས་མཁན་ལའང་རྒྱ་བོད་ཀྱི་མཁས་པ་མི་འདྲ་བ་རེ་འདུག་པས། སྔ་མ་སྔ་མའི་བསྟན་པ་རྣམས་ཕྱི་མ་ཕྱི་མའི་མཁས་པ་ཚོས་མ་དག་པར་ཤེས་པ་ཡིན་ནམ། ཨོ་ཉིའམ་ཆོས་ཉིའི་རྗེས་འབྲེང་བ་ཚོས། ཆོས་རྒྱུད་བཞི་དང་ལྔ་ལས་སོགས་རིས་མེད་དགོས་ལུགས་དང། བོན་པོ་མི་ཡོང་ཚུལ་ལས་སོགས་ཤོད་པར། དང་པོ་ས་དགེ་བཀའ་རྙིང་ཇོ་ནང་ལས་སོགས་ཕ་མ་གཅིག་པའི་བུ་ཕྲུག་ཚོ་ནང་ཁུལ་དམག་འཁྲུག་བྱེད་རྒྱུ་དེ་ཚོ་མཚམས་ཞོག་དང། དེ་གས་འགྲིག་པ། བོན་པོ་ཁྱེད་ཚོ་དང་མཉམ་དུ་མེད་ན་དགའ་བ་ལས་སྡུག་རྒྱུ་མེད། བོད་དབུས་གཙང་ཁུལ་དུ་ཇོ་ནང་གི་བསྟན་པ་སུས་བསྣུབ་པ་ཡིན་ནམ། ཧེ་རུ་ཀ་ཡིས་རྦད་འབོད་བསད་གསུམ་གང་ཞིག་ལ་བྱས་འདུག་གམ། དེ་ཚོ་བོན་པོ་རེད་འདུག་གམ། ནང་བསྟན་གྱི་དམག་འཁྲུག་གི་རིག་པ་གཏན་ལ་འབེབས་ན་དེ་ཚོར་གཟིགས་དགོས། བལ་དམག་བོད་ལ་དྲངས་མཁན་གྱི་ཆོས་ལུགས་བོན་པོ་ཡིན་ནམ། སོག་དམག་བོད་ལ་དྲངས་མཁན་གྱི་ཆོས་ལུགས་བོན་པོ་ཡིན་ནམ། རྒྱ་དམག་བོད་ལ་དྲངས་མཁན་གྱི་ཆོས་ལུགས་བོན་པོ་ཡིན་ནམ། བོད་ཀྱི་ཡོད་ཚད་རྒྱ་གར་གྱི་ཡིན་ཚུལ་ཤོད་མཁན་གྱི་ཆོས་ལུགས་བོན་པོ་ཡིན་ནམ། ཁྲི་སྲོང་བོད་ཀྱི་སྲིད་ཁྲིར་འཁོད་པ་ནས་བོད་ལ་ཅི་ཞིག་བྱུང་མི་འདུག་གམ། མཐར་བོད་འདི་འཕུངས་མཁན་གྱི་ཆོས་ལུགས་དང་དེ་འཛིན་གྱི་མི་སྣ་རྣམས་བོན་དང་བོན་པོ་ཡིན་ནམ། དེ་ཚོར་རིམ་བཞིན་ལན་དགོས། དེ་མིན་ཁྱེད་ཚོས་གང་བཤད་བདེན་པར་མཐོང་སྲིད། ད་དུང་མང་དུ་ཡོད། བོན་པོས་རྟག་ཏུ་ཆོས་ལུགས་རིས་མེད་ཅེས་བཤད་དུས། རྙིང་མ་བར་ཁས་འཆེ་བ་འགའ་ཞིག་ནས་རྟག་ཏུ་དེ་ཚོར་དགག་བཞག་བྱེད་ཀྱིན་འདུག
མཁས་དབང་བན་དེ་བ་ལགས་ཀྱིས་ཚིག་ལ་འགྲོས་ཡོད་པ་དོན་ལ་གོ་རྒྱུ་ཡོད་པ་སྤུས་གཙང་ཞིག་བྲིས་གནང་འདུག་པར་ཤིན་ཏུ་ལེགས་སོ། ངའི་མཆན་ཆུང་ཁ་ཤས་གར་སོང་ཆ་མེད་དུ་གྱུར་སོང་འདུག། གནད་ལ་འཁེལ་བའི་མཆན་ཆུང་དེ་ཚོ་ཐར་པར་མི་གཏོང་ཐག་ཆོད་རེད། འོན་ཀྱང་རྣམ་པ་ཚང་མར་ཐུགས་བསུན་བྱུང་ཡོད་ན་གནས་སྐབས་དགོངས་འགལ་མེད་པ་ཞུ། ད་དུང་རིམ་པས་བགྲོ་གླེང་བྱེད་ཆོག་གི་རེད་དོ། །
ཆོས་ཀྱི་ཉི་མ་ཟེར་བ་འདི་མཚན་ཉིད་གྲྭ་ཚང་དུསློབ་གཉེར་ཐོན་མཁན་དེ་ཡིན་ནམ། དེ་ཡིན་ན་ཁོང་སློབ་སྦྱོང་ཡག་པོ། གོ་བ་ཟབ་པོ། རིགས་པ་རྣོན་པོ་ཞིག་རེད་བ་གོ་མྱོང་། ངས་ཀྱང་འཁྱུགས་ཙམ་མཇལ་མྱོང་།
“དེ་དུས་བོན་ཆོས་ལ་དགེ་མཚན་དང་དཔལ་ཡོན་དེ་འདྲ་བ་ཅིག་ཅིག་ཡོད་ན་རྒྱ་གར་ནས་ཆོས་འདྲེན་པའི་དགོས་པ་མེད་”ཟེར་བའི་གཏམ་ལ་ཧོད་ཙམ་བལྟས་ན་ཡིད་རྟོན་རྒྱུ་མཚན་གྱི་བཟོ་འདྲ་ཤར་སྲིད་ཀྱང་། དངོས་དོན་དུ་དེ་ནི་མ་བརྟགས་མ་དཔྱད་པའི་སྒམ་ཚིགས་ཞིག་གམ་ཡང་ན་ཐོས་ཆུང་ཕྱོགས་རེ་བ་བློ་ཚིམ་དགའ་བ་སྐྱེད་པའི་ངོ་མཚར་གཏམ་གྱི་རྒྱ་ལས་གང་ཡང་འདའ་མི་ནུས། དེ་ནི་ས་སྒང་འདིའི་ཆོས་ལུགས་འཕེལ་རིམ་དང་དབང་བསྒྱུར་ཁྱབ་སྤེལ་སོགས་ཀྱི་ངོ་བོ་དང་རྒྱབ་ལྗོངས་ལ་རྟོག་ཞིབ་མེད་པའི་རྟགས་ཚིགས་སུ་མངོན།
འདས་པའི་ལོ་ངོ་བཞི་སྟོང་ཡས་མས་ནས་བཟུང་འཛམ་གླིང་གང་སར་ཆོས་ལུགས་རྩོད་རྙོག་གི་ལོས་རྒྱུས་ཡོད་པ་མ་ཟད་ལྷག་པར་དུ་ཆོས་ལུགས་ཆེན་པོ་ཡེ་ཤུ་དང་། ཁ་ཆེ། ཧིན་དྷུ། ནང་པ་སོགས་ཕན་ཚུན་དམག་འཁྲུགས་དང་། དེ་བཞིན་རྒྱལ་ཁབ་དང་ཡུལ་གྲུ་སོ་སོར་རྙིང་འགོག་གསར་སྤེལ་ཀྱི་འཁྲུགས་ཟིང་ལོས་རྒྱུས་ཁག་ལ། མཁས་པ་ཚོས་ཉམས་ཞིབ་དང་དཔྱད་བསྡུར་མང་པོ་གནང་ཡོད། དེས་ན་ཆོས་ལུགས་ཅིག་ཡོད་བཞིན་དུ་ཆོས་ལུགས་གཞན་ཞིག་ནང་འདྲེན་ནམ་ཁྱབ་སྤེལ་དགོས་དོན་དེ། མཐའ་གཅིག་ཏུ་ཆོས་ལུགས་བཟང་ངན་དང་། དེ་དག་གི་དགེ་མཚན་ཆེ་ཆུང་ལ་ངོས་འཛིན་གནང་མེད་པ་མ་ཟད། དེ་ལས་ལྡོག་སྟེ་དེ་དག་མང་ཆེ་བར་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་པར་གསལ་སྟོན་མཛད་ཡོད། མི་དམངས་དབང་སྒྱུར་གྱི་ཐབས་ལམ་དུ་ཆོས་ལུགས་ཁ་ཆེར་དང་ལག་ཆར་བྱས་ཏེ། ཆབ་སྲིད་ཀྱི་ཁ་ལོ་སྔར་ནས་ད་བར་བསྒྱུར་དང་སྒྱུར་བཞིན་པ་འདི་ཡང་ང་ཚོས་ཟུར་བལྟས་ལེབ་མཐོང་ཡིན།
ངས་འདིར་ཆོས་ལུགས་ཚང་མར་གཅིག་པ་རེད་ཟེར་གྱིན་མེད། འོན་ཀྱང་རེ་འགས་ཆོས་རྒྱལ་ཚོས་རྒྱ་གར་གྱི་ནང་ཆོས་ཡག་དྲག་པ་དང་བོད་ཀྱི་བོན་ཆོས་སྡུག་དྲག་པའི་སྤངས་ལེན་བྱས་པ་རེད་ཟེར་བ་ནི་དཔྱད་ཞིབ་རིག་པའི་དབྱར་ཆུ་འབྲུག་པའི་ཉེར་གཅིག་་དུས་ཀྱི་མཐའ་གཅོད་གཏམ་དུ་མ་མཐོང་། བཟང་ངན་གྱི་ཁྱད་པར་ཡིན་ན་རྒྱ་གར་གྱི་རྒྱལ་པོ་ཐམས་ཅད་ཀྱིས་སྔར་ཧིན་དྷིའི་ཆོས་ལུགས་གྲུབ་མཐའ་གཞན་ཐ་དག་སྤངས་ཏེ་ནང་ཆོས་ལ་མ་ཞུགས་པ་གང་ཡིན་ནམ། རྒྱུན་དུ་ཕྱི་པ་མུ་སྟེགས་པ་སྡུག་རབས་དང་ནང་པ་སངས་རྒྱས་པ་འཇིག་རབས་ནི་ང་ཚོའི་ཁ་ལ་རླུང་ལྟར་རྒྱུགས་པ་བཤད་ཅི་དགོས།
སྤྱིར་ཁ་ཆེ་དང་ཡེ་ཤུ་སོགས་ཀྱི་རྩ་བའི་ལྟ་གྲུབ་ལ་ཧ་ཅང་གི་འགལ་ཟླ་ཆེར་མེད་པ་དང་། དེ་བཞིན་ཡེ་ཤུ་གསར་རྙིང་དང་། ཁ་ཆེ་ནང་ཚན་མི་འདྲ་བའི་བར་དམག་འཁྲུག་གི་ཁྲག་ཆར་ཕབ་དང་་འབེབས་བཞིན་པ་འདི་དག་ཆོས་ལུགས་ཡུལ་གྱི་བཟང་ངན་གཅིག་པུར་ཁ་ཚོན་གཅོད་དཀའ། དེང་སང་ལ་ཆ་བཞག་ན་ཡུལ་ལུང་སྐྱོ་པོ་མང་པོར་ཡེ་ཤུས་རོགས་སྐྱོར་གྱི་རྐྱེན་གྱིས་ཡེ་ཤུར་འགྱུར་བཞིན་ཡོད་ལ་དེའི་ནང་བོད་མི་ཡང་མང་པོ་ཡོད་། དེ་བཞིན་ངའི་ཤེས་ཚོད་ལ་དཔེར་ན་རྒྱ་གར་དང་བོད་ཀྱི་ས་མཚམས་མོན་རྟ་དབང་རྒྱུད་དུ་བོད་ཀྱི་མི་རིགས་སྔར་ནང་པ་དང་ཧིན་དྷི་འདྲེས་མའི་ཚུལ་དུ་ཡོད་པ་དེ་དག་མང་པོ་ཞིག་དེང་སང་ཡེ་ཤུར་གྱུར་ཡོད།
དེས་ན་ཆོས་ལུགས་བརྗེ་རྒྱུར་རམ་དར་ནུབ་གྱི་བྱུང་བ་ལ། ཆོས་ལུགས་ཀྱི་ཞེན་ཁོག་དང་། ཆབ་སྲིད། དཔལ་འབྱོར་གྱི་གནོན་ཤུགས་སོགས་རྒྱུ་རྐྱེན་མང་པོ་ཡོད་པས་ཡག་སྡུག་བཟང་ངན་ཁོ་ནར་རྒྱུ་མཚན་དུ་འགྲེལ་བ་ནི་དཔྱིས་ཕྱིན་པའི་དན་རྟགས་ཤིག་ག་ལ་ཡིན་ཏེ་མ་ཡིན་ནོ།
ངས་བོན་གྱི་ཡིག་ཆ་དང་ལོ་རྒྱུས་འགའ་ཞིག་ཀློག་མྱོང་ཡོད། དེ་དག་ནང་ཁོ་ཚོས་བོན་དར་ནུབ་སྐོར་འཆད་སྐབས་རྒྱ་གར་གྱི་བན་ཆོས་བོད་དུ་དྲངས་པའི་རྒྱུ་རྐྱེན་བོད་ཀྱི་རྒྱལ་བློན་ནང་ཁུལ་དང་རྒྱལ་བློན་དང་གོ་དབང་ཆེ་བའི་བོན་གྱི་བླ་མ་བར་ཆབ་སྲིད་ཀྱི་གདན་ཐོབ་མ་མཐུན་པའི་རྐྱེན་གྱིས་ཡིན་པར་བཤད་ཡོད། དེ་དག་མཐའ་གཅིག་ཏུ་བདེན་པ་ཁུངས་ཐུབ་ཡིན་པར་བརྗོད་བཀའ་ནའང་། འཛམ་གླིང་འདིར་ལོ་རྒྱུས་ཀྱི་བྱུང་བ་དེ་འདྲ་ཤིན་ཏུ་མང་བས་རྒྱུ་མཚན་གཏན་ནས་མེད་པ་ཡང་བརྩི་མི་ཐུབ།
བན་དེ་བ་ལགས་ཀྱིས་གསུངས་པ་ལ་ཡང་བདེ་ཆ་ཞིག་འདུག། འོན་ཀྱང་སྔོན་གྱི་བོན་ཆོས་དེ་སྔར་ནས་ད་ལྟའི་གཡུང་དྲུང་བོན་ཇི་མ་ཇི་བཞིན་ཡིན་ན་ནང་ཆོས་བསྒྱུར་དགོས་དོན་མི་འདུག་སེམས་པ་ལ་ཡང་རྒྱུ་མཚན་ཞིག་ལོས་ཡོད། བཀའ་རྙིང་ས་དགེ་རྣམས་གྲུབ་མཐའ་མི་གཅིག་པ་ཡིན་ཀྱང་མཐར་ཐུག་གི་གཞི་རྩ་འམ་བརྟེན་ས་དེ་གཅིག་ཡིན། དེ་གང་ཡིན་ཞེ་ན་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཡིན། ས་དགེ་བཀའ་རྙིང་བཞི་ལ་བཀའ་བསྟན་སོ་སོ་མེད། དེ་ཡིན་དུས་ས་དགེ་བཀའ་རྙིང་བཞི་ནི་སྔར་བསྒྱུར་ཟིན་པའི་བཀའ་བསྟན་ལ་བརྟེན་ནས་རིམ་པས་བྱུང་བ་ཞིག་ཡིན་མ་གཏོགས། ཆེད་དམིགས་ཀྱིས་ནང་ཆོས་རྒྱ་གར་ནས་བོད་སྐད་དུ་བསྒྱུར་བ་ལྟ་བུའི་དཀའ་བ་ཁྱད་དུ་བསད་། ངལ་བ་དང་དུ་བླངས་ཏེ་བཟོས་པ་ཞིག་ག་ལ་ཡིན། དེ་ཡིན་དུས་ས་དགེ་བཀའ་རྙིང་གི་ཐུན་མོང་དུ་གྱུར་པའི་བཀའ་བསྟན་དང་དབྱེ་བ་མེད་པའི་བཀའ་བརྟེན་ཞིག་སྔར་ནས་བོད་ལ་ཡོད་ན་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས། བོད་ཀྱི་མི་རབས་ནས་མི་རབས་ཀྱི་བར་དུ་རྗེ་འབངས་ཐམས་ཅད་སྡུག་ལ་སྦྱོར། རྒྱུ་དངུལ་ཡོད་ཚད་དེའི་ཕྱོགས་སུ་བཏང་ནས་གསར་དུ་བསྒྱུར་དགོས་དོན་གང་ཡིན་ནམ་སྙམ་པའི་དོགས་པ་དེ་སུ་ལ་ཡང་འཆར་ངེས་པ་ཞིག་ཏུ་མཐོང། འོན་ཀྱང་བོན་པོ་རྣམས་ཀྱི་ཐུགས་ལ་དེ་འདྲའི་དོགས་གཞི་གཏན་ནས་མི་འཆར་བ་མ་ཟད། ད་དུང་བོན་གྱི་བཀའ་བརྟེན་སྔར་ནས་ཡོད་བཞིན་དུ་ནང་ཆོས་ཀྱི་བཀའ་བསྟན་བོད་དུ་བསྒྱུར་བ་ནི་ས་ས་དགེ་བཀའ་རྙིང་བྱུང་ཚུལ་དང་མཚུངས་པ་ཙམ་དུ་ཟད་སྙམ་པའི་སྣང་བ་ཙམ་མ་གཏོགས་མེད་པ་ནི་ཅི་འདྲའི་ཡ་མཚན། ལྷག་དོན་དུ་ཡང་བོད་ལ་ཡོད་པའི་བཀའ་བརྟེན་གང་ཡིན་པ་ཞིག་གསར་དུ་བསྒྱུར་བ་ནི་བོད་ལ་བུད་མེད་ཡོད་བཞིན་དུ་རྒྱ་བཟའ་དང་བལ་བཟའ་ཁབ་ཏུ་བླངས་པ་དང་མཚུངས་ཚུལ་གསུངས་པ་དེ་བས་ཀྱང་ཡ་མཚན་དུ་མཐོང་། གང་ལྟར་ཆོས་ལུགས་པ་རྣམས་ཀྱིས་བོན་གྱི་བཀའ་བརྟེན་དེ་དག་སྔ་མོ་ནས་ཡོད་རབས་བཤད་ཀྱང་བོན་གྱི་ཞིབ་འཇུག་པ་རྣམས་ཀྱིས་ནི་བན་དང་ཐུན་མོང་མ་ཡིན་པའི་གཞུང་འགའ་རེ་ཡོད་པ་རྣམས་སྔར་ནས་ཡོད་མོད་ཀྱི་བན་དང་ཐུན་མོང་དུ་འགྱུར་པའི་འདུལ་བ་མདོ་སྡེ་མངོན་པ་ལྟ་བུ་རྣམས་ནི་ཕྱིས་སུ་བན་ནས་བཤུས་པར་མངོན་ཞེས་གསུངས་བཞིན་འདུག་གོ།
ཡ། འདི་ལ་དམག་ཆེན་ཤུགས་ཆེ་ཐག་ཆོད་ཅིག་ཚུགས་འདུག ཡག་པོ་འདུག རྒྱོབ་ཤིག ཐར་པ་མ་གཏོང་ཞིག ང་ཚོ་བན་བོན་གཉིས་དབར་ལ་ཚིག་ཟིན་གཅིག་ཀྱང་ཆེ་ཆུང་གཏོང་རྒྱུ་མེད། སྔོན་མ་ཡང་བན་བོན་མ་འགྲིགས་པར་ང་ཚོ་རྒྱལ་ཁབ་ཆ་ཚང་གཞན་ལ་ཤོར་བ་རེད། དེ་ཇི་འདྲ་རེད་ཨེ། འདི་བན་བོན་མ་འཆམ། བོན་པོས་བོད་ཀྱི་རྒྱལ་པོ་ཁྲི་རལ་པ་ཅན་དཀྲོངས། ཁྲི་དར་མ་རྒྱལ་པོར་ཕེབས་སྐབས། བན་པོ་ལྷ་ལུང་དཔལ་རྡོར་གྱིས་ཁྲི་དར་མ་དཀྲོངས། བོད་འདི་ལྟར་བྱས་ནས་ཉམས་འགོ་ཚུགས་པ་རེད། ད་ཆ་ས་ཚང་མ་གཞན་ལ་ཤོར་ཚར་སོང་། ལྷག་པ་འདི་བོད་རིགས་ཐ་འཐོར་དང་བན་ཆོས་དང་བོན་ཆོས་ཐ་ཐོར་བསྟན་འཛིན་གྱི་སྐྱེ་བུ་འགས་གང་ཐུབ་ཀྱིས་བདག་སྐྱོང་དང་དར་སྤེལ་གཏོང་བ་དེ་རེད། ད་ཁྱོད་ཚོས་བན་བོན་གྱི་དབུ་ཁྲིད་དེ་ཚོ་ལྷ་ལུང་དཔལ་རྡོར་དང་བོན་པོའི་དམག་དཔོན་དེ་ཚོ་བཞིན་ཕྱི་མའི་ཡུལ་ལ་ཐོངས། ལྷག་མ་རྣམས་ཕན་ཚུན་གསོད་རེས་ཐོངས། གཞི་ནས་ཁྱོད་ཚོའི་འདོད་པ་བསྐང་བར་རྒྱུར།
འདིར་བསླེབས་པའི་བན་བོན་གྱི་བདུད་ཕྲུག་ཁྱེད་ཚོ་སྙིང་ན་དགོས་དོན་ཅིག་ནི། བོན་པོའི་སེམས་ལ་བན་པོ་ཏོག་ཙམ་ལྷག་ཡོད་པ་དེ་མ་འདོད་པ་རེད། བན་པོའི་སེམས་ལ་བོན་པོ་ཏོག་ཙམ་ལྷག་ཡོད་པ་དེས་མ་སྐྱིད་པ་བྱེད། ཁ་གཅིག་པུ་མིན་པར། ལག་འགུལ། གསོད་རེས་ཐོངས། ཁྱོད་ཚོའི་འདོད་པ་འཚིམས་པར་བྱེད།
ལྟས་སྐྱེས་ཁྱོད་ཚོ་ནི།
༼དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས། བོད་ཀྱི་མི་རབས་ནས་མི་རབས་ཀྱི་བར་དུ་རྗེ་འབངས་ཐམས་ཅད་སྡུག་ལ་སྦྱོར། རྒྱུ་དངུལ་ཡོད་ཚད་དེའི་ཕྱོགས་སུ་བཏང་ནས་གསར་དུ་བསྒྱུར་དགོས་དོན་གང་ཡིན་ནམ་སྙམ་པའི་དོགས་པ་དེ་སུ་ལ་ཡང་འཆར་ངེས་པ་ཞིག་ཏུ་མཐོང།༽ ཟེར་བའི་ཤོད་སྟངས་འདི་ཚོ་ནི་འུད་ཤོབ་ཟེར་བ་དེ་དངོས་གནས་རེད། འུ་ནག་པོ་ཐུག་སོང་བའི་བཤད་ཆ་རེད། རྒྱ་གར་དུ་མ་ཕྱི་རྙིང་པ་ཡང་ན་གསར་པ་སོགས་པོ་ཏི་གཅིག་རྐྱང་སྟོན་རྒྱུ་མེད་པ་ལ། ག་རེ་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ནས་བསྒྱུར་རྒྱུ་ཡོད་དམ། ཁྱེད་རང་ཚོ་འབྲུག་པས་སྔོན་གྱི་བོད་ཡིག་དང་བོད་ཀྱི་གསུངས་རབ་རྣམས་དུས་ཕྱིས་ཁྱེད་ཚོས་བཟོས་བཞག་པ་ཡིན་མདོག་ཤོད་བཞིན་པ་དང་གཅིག་པ་གཅིག་རྐྱང་རེད་དོ། སྔོན་མ་བོན་པོའི་གསུངས་རབ་རྣམས་ཁ་བསྒྱུར་བྱས་ནས་བན་དེར་བཟོས་བཞག་པ་རེད་མ་གཏོགས་ཁྱེད་ཚོ་ལ་དེ་འདྲ་མང་པོ་བསྒྱུར་རྒྱུའི་འཇོན་ཐང་ཆེན་པོ་ཡོད་པའི་བཟོ་ཞིག་མི་འདུག་གོ།
སྲོང་བཙན་གྱི་དུས་ལ་བོན་པོ་ཟེར་བའི་མིང་ཡང་ཡོད་པའི་དཔང་རྟགས་མི་འདུག བན་དེ་ཟེར་བའི་མིང་དེ་ལ་འདྲ་བཟོ་བྱས་ནས་བོན་པོ་ཟེར་བ་ཞིག་བྱུང་བ་འདྲ། ང་ཚོས་ཞིབ་ཏུ་གླེང་དང་ཡག་པོ་འདུག ངས་ད་དུང་བོན་སྐོར་ལ་དཔེ་ཀློག་བྱེད་བཞིན་ཡོད།
པང་ཀོང་ཕྱག་རྒྱ་པ་ཡིན་ནམ་གཅིག་ནམ་མཁའ་སྟོང་པ་ནས་བབ་ཡོང་བ་རེད་ཟེར་ནས་རྫུན་བཤད་བྱེད་ཀྱིན་བསྡད་འདུག་བ། ནམ་མཁའ་ནས་ཅི་བབ་སྡོད་རྒྱུ་ཡོད་ལྐོག་ལྐོག་ཡིབ་ཡིབ་ལ་བོན་དཔེ་ཁ་བསྒྱུར་བྱས་བསྡད་པ་དེ་འདྲ་རེད། རྫུན་གྱི་རྨང་གཞི་ཆེ་ཤོས་ཅིག་འདི་མིན་ན་ཅི་ཡིན། །
ཁ་སྔོན་ཨོ་ཉི་ཟེར་བ་དེ་འུ་ནག་པོ་ཐུག་ནས་་་་ཏུན་ཧོང་གི་ཡིག་རྙིང་རྣམས་་་བོན་པོས་བཟོས་བཞག་པ་དེ་འདྲ་རེད་ཟེར་སྡུག་སྐད་ཤོར་སོང་། ད་དེ་རིང་ཡང་འདིར་ཧམ་རྒྱུག་ལ་མངོན་དུ་ཕྱོགས་པའི་མི་འགས་སྲོང་བཙན་སྐབས་སུ་བོན་ཟེར་བའི་མིང་ཚིག་མིན་འདུག་ཟེར། ད་ཁྱེད་ཚོ་ངོ་མ་ཆི་ལབ་འདི་ལབ་མེད་ནས་ཕྱི་ས་འཕྲེད་ལ་ཤོར་འགྲོ་གི་ཡོད་ས་རེད། །
བོན་པོས་སྣ་འཐེན་ནས་ཁ་ནང་ཨེ་ཡོང་ལྟ་གི་འདུག་ག། ལས་ངན་པོ་ཁྱོད་ཀྱི་ཕ་རྒན་ལོག་ལམ་སོང་ཡོད་ན་ཡང་གངས་རིས་ལྗོངས་སུ་མཁས་གྲུབ་གནམ་གྱིས་ས་བཀབས་པ་ལྟ་བུ་ཚོ་ལ་ཁ་ངན་དང་ཚིག་ངན་འདེབས་རྒྱུ་མཚམས་བཞག་ན་མཛེས་སོ།
ཡོངས་རྫོགས་བོད་ཀྱི་གྲུབ་མཐའི་ཆུ་མགོ གངས་ཅན་གསེར་རིའི་རྒྱལ་གྱི་གཙུག་ནོར། ཕ་མས་ཨ་མས་སྟོང་གི་ཡངས་ཆོས། རིམ་བརྩེགས་ཐེག་པ་དགུ་ཡི་ཡངས་གོང་། ལྟ་བ་ཕ་ཆོས་རྫོགས་པ་ཆེན་པོའི་ཡས་ཕབ། བླ་ན་མེད་པའི་གྲུབ་མཐའི་རྒྱལ་པོ། འཕྲུལ་ངག་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ལ། སྔོན་ནས་ད་བར་གྲུབ་མཐའ་གཞན་ལས་མི་ཉུང་བ་དག་སྣང་རིས་མེད་ཀྱི་མཁས་གྲུབ་གྲངས་ལས་བརྒལ་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་ནའང་། བདག་འཛིན་ང་བོའི་ཁྲག་རླུང་འཕར་ཞིང་། ཕྱོགས་རིས་ལིང་ཏོག་གིས་མིག་བསྒྲིབས་ཏེ། ལོ་རབས་ནས་ལོ་རབས་བར་དབང་ཤུགས་དཔུང་ངམ་གྱི་ཐོ་བས། རང་རིགས་ནང་ཁུལ་དང་། རང་རེའི་གྲུབ་མཐའ་གཞན་གྱི་མགོ་བོ་བཅོམས་པའི་ངན་པ་ལང་ཤོར་ཅན་དེ་ཚོས། བོད་མི་རིགས་དང་། བོད་རྒྱལ་ཁབ་ཆེན་པོའི་མཐུན་སྒྲིལ་སྟོབས་ཤུགས་རྩ་བརླག་ཏུ་བཏང་སྟེ་ད་ལྟ་ཡུལ་གྱར་ཉམས་སྨེས་སུ་གྱུར་ནའང་། ད་དུང་ཀླད་རྙིང་མཁྲེགས་བཟུང་གི་ཞེན་རོ་བསྐྱར་ཏེ་ཁོག་ཡངས་དཀྱིལ་ཆེའི་དེང་རབས་ཀྱི་རྐང་རྗེས་ཙམ་ཡང་མི་མཐོང་བ་འདི་ནི་ཅི་འདྲའི་ལས་ངན་ལྕི་མངའ་བའི་རྣམ་སྨིན་ཞིག་ཡིན་ནམ།
ཨ་ཤི་ཆོས་སྒྲོན་ཕོ་མན་མོ་ལོག། དབྱིན་ལུགས་ལྟར་སྟ་རྐ་སྤེལ་མར་བརྫང་དགོས་རྒྱུ་མ་ཁྱོད་ཉོན་ཨ།
གཉན་པོ་གསང་བ་་་་དེ་འདྲ་ཧ་ལས་པའི་་་་གཉན་པོ་་་་དང་་་་གསང་བ་་་་བྱེད་དགོས་པ་ག་རེ་ཡིན། འདིའི་སྐོར་ནས་ངས་མང་ཙམ་འབྲི་དགོས་ན་འབྲི་ཆོག། དེ་དུས་ཁྱོད་འདོད་སྨྱོས་ལངས་ནས་དྲན་མེད་བརྒྱལ་མ་འགྲོ་གོ །
ཁྱེད་ཚོས་བོན་པོའི་སྟེང་དུ་ཁྱི་སྤྱང་མཉམ་སྦྲེལ་གྱིས་ཁྱོད་ཤི་ང་གསོན་བྱེད་མདོག་སྟོན་པ་ཙམ་རེད། གཞན་ཡང་ས་དགེ་བཀའ་རྙིང
བཞི་བསྟན་པ་གྲུབ་མཐའ་གཅིག་ཚུལ་བཤད་པ་འདི་བདེན་པ་ཡིན་ནམ། དེ་ཡིན་ན་ས་དགེ་གཉིས་བསྟན་པ་གྲུབ་མཐའ་གཅིག་ཡིན་ན་ཁྱོད་ཤི་ང་གསོན་གྱིས་དགག་པ་ཁུག་ཅན་བཅོ་བརྒྱད་དེ་ཚོ་ཅིས་ཕྱིར་བྱུང་བ་རེད་དམ།
རྙིང་དགེ་གཉིས་བསྟན་པ་གྲུབ་མཐའ་གཅིག་ཡིན་ན། དགེ་ལུགས་ཀྱི་ལྡན་མ་སྟོང་དཔོན་ནམ་ཏྲེ་ཧོར་སྐྱོར་དཔོན་ཚེ་དབང་ནོར་བུས་ཀློང་ཆེན་པ་དང་ཁོང་གི་གསུང་རྫོགས་ཆེན་ལ་དགག་བཞག་གིས་རྙིང་མ་བ་ལ་སངས་རྒྱས་བསྒྲུབ་རྒྱུའི་ལམ་མེད་ཅེས་བཤད་མེད་དམ། ད་དུང་ཇོ་ནང་བོད་དབུས་གཙང་ཁུལ་ནས་མཐར་འབུད་གཏོང་དགོས་རྒྱུ་མཚན་བསྟན་པ་རྣམ་པར་མ་དག་ཚུལ་གྱིས་བཤད་མེད་དམ། ད་དུང་བཀའ་རྒྱུད་ལ་ཡོད། རྒྱུ་མཚན་ཁུང་ཐུབ་ཤོད་དགོས་ན་རིམ་གྱིས་ཞུ་ཆོག
ཀུན་ཁྱབ་སྐྱེ་འགག་བྲལ་བ་བོན་གྱི་སྐུ།།
རང་སྣང་འགག་མེད་རང་རྩལ་ལོངས་སྤྱོད་རྫོགས།།
གང་འདུལ་དེར་སྟོན་སྣ་ཚོགས་སྤྲུལ་པའི་སྐུ།།
ཁྱབ་བདག་སྟོན་པ་གཤེན་རབ་རྒྱལ་གྱུར་ཅིག །
འཇིག་རྟེན་ཁམས་ནི་བསམ་མི་ཁྱབ་པ་རུ།།
བོན་དང་དེ་སྟོན་བསམ་གྱིས་མི་ཁྱབ་པའི།།
རབ་འབྱམས་རྡུལ་རྙེད་ཞིང་ཁམས་ཀུན་ཁྱབ་ཅིང།།
བློ་ཆུང་བདག་འདྲས་བརྗོད་པར་ག་ལ་ནུས།།
འོན་ཀྱང་རིས་མེད་གྲུབ་མཐའ་རྣམ་མང་ལ།།
ཐོས་བསམ་གོམ་པ་འདོར་བའི་རྐང་སྟེགས་སུ།།
ཞེན་གོག་མཁྲེགས་འཛིན་རྡོ་རྗེའི་བྲག་རྫོང་གཏོར།།
མེས་པོའི་རིག་གཞུང་འཛིན་པའི་ལམ་འདི་བསྐྲུན།།
སྐལ་བཟང་འདི་ལ་བྱོན་པའི་སྟོན་པ་དེས།།
གཟིགས་ཚད་ལྔ་དང་དགོངས་ཚད་རྣམ་པ་ལྔས།།
རྒྱལ་བཞད་མ་ཡི་ལྷུམས་སུ་སྐུ་བལྟམས་ནས།།
འོལ་མོ་གླིང་དུ་ཐེག་དགུའི་བོན་འཁོར་བསྐོར།།
ཤ་ཟ་གདོང་དམར་བོད་ཀྱི་ཡུལ་ཁམས་འདིར།།
སྟོན་པ་མཆོག་དེས་དངོས་སུ་ཞབས་བཅག་ཅིང།།
ངེས་དོན་ཐེག་པའི་བོན་འཁོར་བསྐོར་བ་ཡི།།
གདུལ་བྱ་མེད་པས་དྲང་དོན་བོན་རྣམས་བསྟན།།
དེ་ནས་སྐད་ཅིག་བདུན་རིང་ཡོན་ཏན་གྱི།།
ཡུལ་དབུས་འོལ་མོ་གླིང་དུ་སླར་ཡང་གཤེགས།།
སྐུ་ཡི་མཛད་པ་སྟོན་པའི་གནས་སྐབས་འདིར།།
གཤེན་ལོ་གྱ་གཉིས་བར་དུ་འགྲོ་དོན་བསྐྱངས།།
མཛད་པའི་གཙོ་བོ་ཡུ་ཁྲི་རབ་འབྱམས་པར།།
རྒྱལ་པོ་དབོ་ཡི་ཞིང་དུ་བདེ་གཤེགས་སྟོང།།
མཚན་ནས་བརྗོད་པས་ཕྱོགས་བཅུའི་སེམས་ཅན་རྣམས།།
སེམས་ཉིད་བོན་གྱི་ཀློང་དུ་མངོན་སངས་རྒྱས།།
སྟོན་པའི་སྤྲུལ་པ་གདུང་འཚོབ་མུ་ཆོ་དང།།
ཟས་གཙང་སྲས་དང་དྲན་པ་ནམ་མཁའ་དང།།
ཚེ་དབང་རིག་འཛིན་པདྨ་འབྱུང་གནས་སོགས།།
སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་མི་ཁྱབ།།
གཤེན་བསྟན་གསལ་མཛད་རྒྱན་དྲུག་མཆོག་གཉིས་དང་།།
བོད་ཡུལ་འདྲེན་མཛད་ལོ་ཙཱ་ཆེ་བཞི་སོགས།།
རིམ་པར་བརྒྱུད་པའི་ཁུངས་དང་ལྡན་པ་ཡི།།
གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་འབྲས་ནི།།
འཁོར་འདས་རང་བཞིན་རྡུལ་ཙམ་མེད་པ་ལ།།
བཟང་ངན་རྣམ་རྟོག་བློ་ཡིས་བརྟགས་པ་ཙམ།།
སྐྱེ་འགག་གནས་གསུམ་བྲལ་བ་བོན་གྱི་སྐུ།།
ཉི་དང་ཟེར་བཞི་ལུས་ཅན་ཀུན་ལ་ཁྱབ།།
སྒོམ་པ་གནས་ལུགས་ཇི་བཞིན་ངོས་བཟུང་ནས།།
འཁྲུལ་སྣང་བོན་གྱི་སྐུ་རུ་བཞུགས་པ་ལ།།
མ་བཅོས་རང་བཞིན་ལྷུག་པར་སྐྱོང་བྱས་ན།།
འོད་ལྔའི་ཀློང་དུ་མངོན་སངས་རྒྱ་བར་འདོད།།
མདོ་རྒྱུད་ཀུན་དང་མཐུན་པའི་སྤྱོད་པ་ལ།།
རིམ་བཞིན་སློབ་པའི་གོ་རིམ་མ་ནོར་བར།།
ཇི་བཞིན་ཉམས་སུ་ལེན་པའི་ངང་ཚུལ་ནི།།
ཤཱཀྱའི་རྗེས་འཇུག་དག་དང་མཚུངས་པ་ཡིན།།
འབྲས་བུ་གཡུང་དྲུང་ལྟ་བུའི་ཏིང་འཛིན་གྱིས།།
སྒྲིབ་གཉིས་ཕྲ་ཞིང་ཕྲ་བ་སྤངས་བྱས་ནས།།
འབྲས་བུ་དོན་གྱི་སྐུ་ལྔ་ལྷུན་གྲུབ་ཏུ།།
མངོན་སངས་རྒྱས་ནས་གཞན་དོན་འབད་མེད་འབྱུང།།
གཡུང་དྲུང་བོན་གྱི་གྲུབ་མཐའ་པད་དཀར་ཕྲེང།།
ཕྱོགས་ཞེན་མི་གཙང་རྡུལ་གྱིས་གཡོགས་པའི་ཚེ།།
དྲང་པོའི་བློ་ཡི་རྔ་ཡབ་རྡེབ་བྱས་ནས།།
རང་བཞིན་གཤིས་ཀྱི་གནས་ཚུལ་གསལ་བར་བྱས།།
སྐྱབས་གསུམ་བང་རིམ་བརྩེགས་པའི་བ་གམ་རྩེར།།
བདེན་བཞི་བླང་དོར་ཆོས་འཁོར་རབ་ཏུ་བཀྲ།།
བདེན་གཉིས་ཐབས་ཤེས་ཉི་ཟླ་ནོར་བུའི་མཚན།།
བོན་སྐུའི་རྟེན་མཆོག་གླིང་བཞིའི་མཆོད་སྡོང་ཉིད།།
བླ་ཆེན་མི་དྲག་རྣམས་ཀྱིས་བོན་ལ་སྨད།།
རྗེས་འབྲང་མཁས་བླུན་སྟོང་གིས་བོན་ལ་སྨད།།
བོན་ནག་རྭ་ཅོ་མཆུ་ཞེས་མིང་འདོགས་ཀྱང།།
ཞིབ་པར་བརྟག་ན་དེ་ཙམ་སྨོད་དོན་ཅི།།
རང་ཅག་བོན་གྱི་རྗེས་སུ་མི་འབྲང་ཡང།།
བོན་ཉིད་རང་ཉིད་རྗེས་སུ་འབྲང་ཐབས་ཀྱིས།།
ཨུ་ཚུག་རྒྱག་པའི་དགོས་པ་གང་ཡང་མེད།།
སོ་སོའི་ལམ་ན་ཐར་པ་རེ་རེ་ཡོད།།
མདོ་སྔགས་སེམས་སོགས་དམ་པའི་གཞུང་ལུགས་ལ།།
ཐོས་བསམ་རྣལ་མའི་དོན་ལ་བརྩོན་པ་ཡི།།
དྲང་སྲོང་འདུས་པའི་སྡེ་ཚོགས་རབ་འཕེལ་ནས།།
མི་འདོད་རྒུད་པའི་ཉེར་འཚེ་ཞི་བར་སྨོན།།
ཅེས་གཡུང་དྲུང་བོན་གྱི་བསྟན་པ་ལ་བསྟོད་པའི་སྐབས་སྟེ་ལྔ་པའོ།། ༡༩༩༨།༥།༣། བྲིས་པའོ།། འདི་ནང་གི་ཐ་སྙད་དང་རྣམ་བཞག་འཇོག་སྟངས་སོགས་བོན་གཞུང་ཇི་བཞིན་མ་བྱུང་བ་ཡོད་ངེས་པས་དགོངས་འགལ་མེད་པ་ཞུ། གང་ཡིན་ཞེ་ན་གཡུང་དྲུང་བོན་ལ་བསྟོད་པ་གྲུབ་མཐའ་གཞན་གྱི་ནང་ནས་ཡིག་ཐོག་ཏུ་བཀོད་མཁན་བྱུང་བ་དེ་ང་གཅིག་པུ་མིན་འགྲོ་བསམ་པའི་དོགས་འཆར་ཡང་ཡོད། དོན་ལ་བོད་དུ་བྱུང་བའི་གྲུབ་མཐའ་འདི་ལ་གུས་པ་ཡོད་པའི་ཐོག་རང་གི་ཆབ་སྲིད་སོགས་ཀྱི་དགོས་དམིགས་གང་ཡང་མེད་པའི་ཐོག་ནས་བྲིས་པ་ཞིག་ཡིན་པས་ད་ལྟ་སྐབས་འདིར་འགོད་འདོད་བྱུང་། གང་ཡིན་ཞེ་ན་བོན་གྱི་སྨྱུག་ཐོག་པ་འགའ་ཤས་ཀྱིས་གྲུབ་མཐའ་འདིར་ས་དགེ་བཀའ་རྙིང་གི་སྡང་ཞུགས་ཀྱི་ལྟ་བ་དེང་དུས་ཡང་ཁུར་མེད་དམ་སྙམ་པའི་ཅ་ཅོ་ཆེ་བ་འདི་རང་ཉིད་ལ་མཚན་ཤས་ཉོ་བྱེད་འདྲ་བོ་མ་གཏོགས་བོན་བསྟན་ལ་ཕན་པ་ཆེར་མ་མཐོང་ཡང་གང་ཟག་གི་བསམ་ཚུལ་དང་དགོངས་ཚུལ་གང་ལ་དམིགས་ནས་བཤད་པ་སུས་ཀྱང་འགོག་མི་ཐུབ་པས་ང་ལྟ་བུས་བཤད་ཚོད་མི་ཐིག འོན་ཀྱང་ང་འདྲ་བོ་ཡིན་ན་ས་དགེ་བཀའ་རྙིང་གི་ཁྲོད་ལ་འཚར་ལོང་བྱུང་བའི་ཉམས་མྱོང་ལ་བསམ་ན་བོན་ལ་མི་དགའ་བ་དང་མེད་པའི་བཟོ་བའི་ཞེ་གནག་པའི་གང་ཟག་དེང་དུས་སུ་ཡང་མཐོང་མྱོང་མེད། བོན་རྣམས་ཀྱིས་མཁན་ཆེན་བོ་དྷི་ས་ཏྭ་ལ་སྨད་པ་དང་བསྟོད་པ་གང་ཡིན་མི་ཤེས་བོན་བསྣུབས་པའི་སྨོན་ལམ་བཏབ་པ་སོགས་མང་པོ་བཤད་ཡོད་པ་རེད།། དེ་ཚོ་ལ་རྙིང་མའི་ངོས་ནས་འཁོན་འཛིན་བྱེད་རིན་མེད་ལ་བྱེད་མཁན་སུ་ཡང་ངས་ནི་མཐོང་མྱོང་མེད། སྤྱིར་བོད་ཀྱི་མཁས་པའི་ཁྲོད་དུ་བོན་པོ་ཕྱི་ནང་གང་ཡང་མ་ཡིན་པར་གྲུབ་མཐའ་ཟུར་པ་ཞིག་ཏུ་འཇོག་པ་དང། ཡང་འགའ་ཤས་ཀྱིས་ནི་བོན་ལ་དབྱེ་བ་མི་འདྲ་མང་པོ་ཕྱེས་ཡོད། དེ་དག་ལ་བོན་གྱི་མཁས་པ་རྣམས་ཀྱིས་དགག་པ་བསྐྱོན་ཡོད། ངས་དེང་དུས་ཀྱི་བོན་པོ་ངས་ཤེས་པ་ཚོ་ནང་པ་གྲུབ་མཐའ་རེད་ལབ་ཀྱི་ཡོད། གང་ཡིན་ཞེ་ན་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་མིང་མི་འདྲ་མ་རེད་མ་གཏོགས་དོན་དག་གཅིག་པ་བོན་ལ་འདུག་པ་མཐོང་བའི་གནད་ཀྱིས་ཡིན། དེ་དག་གང་ཡིན་ནའང་ང་ཚོའི་མཁྲེགས་འཛིན་གྱི་མདུད་རྒྱ་ཅུང་ཙམ་ལྷོད་ནས་ལྐོག་གྱུར་གྱི་གནས་ལ་དཔྱད་པ་བྱེད་པ་ནི་མེད་མི་རུང་པ་ཞིག་ཡིན་པས་གྲོགས་པོ་ཕན་ཚུན་གྱི་འདུ་ཤེས་མ་ལྷོད་པའི་སྒོ་ནས་དཔྱད་པ་ནི་གནས་ལུགས་མ་ནོར་བར་རྟོགས་པའི་སྒོ་གཅོད་མི་རུང་པ་དེ་ཡིན་པས་དེ་ངེས་པའི་ཐོག་ནས་རྩོད་པ་དང་འཚང་འདྲུ་བཞད་གད་སློང་བ་སོགས་གལ་ཆེན་པོར་མཐོང། ཆགས་སྡང་ཁོ་ནས་རྩོད་པ་ནི་བོན་དང་བོད་བཤིགས་པའི་སྦྱོར་བ་ཡིན་པས་དགོས་པ་མེད་དོ། སྤྱིར་བཏང་ལུགས་སྲོལ་འདྲ་བོ་སྔ་མོ་ཡོད་པ་དེ་བཤད་དུས་ཅི་ཡང་མི་ཤེས་པའམ་ཞེན་གོག་གི་དུག་སྡོང་རྒྱས་པའི་གང་ཟག་འགའ་ཤས་ཀྱིས་ཆབ་སྲིད་ཀྱི་དགོས་དམིགས་འགའ་ལ་དམིགས་ནས་གྲུབ་མཐའི་བར་དུ་ཆགས་སྡང་སློང་མཁན་འདྲ་བོ་མང་པོ་མཐོང་སོང། དཔེར་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བོད་སྔ་ཕྱིའི་ལྟ་བའི་བཞེད་མཚམས་ཀྱི་སྐོར་དེ་སྔ་མོ་བཞེད་རྒྱུན་ཡོད་བསྡད་པ་དེ་འདྲ་བཤད་དུས་དགེ་ལྡན་གྱི་ལྟ་གྲུབ་ཁོ་ན་ལ་ཞེན་གོག་བྱེད་ནས་རང་ལུགས་ཇི་བཞིན་མི་གོ་བའི་གང་ཟག་འགའ་ཤས་ཀྱིས་འཁང་ར་བྱེད་པ་དེ་འདྲ་མཐོང་མྱོང་ཡོད་ལ་ཞེ་སུན་ཡང་སྐྱེ་མྱོང་ཡོད། ད་དག་ལ་དེ་སྔ་རབས་དང་ཕྱི་རབས་པའི་བཞེད་མཚམས་མི་འདྲ་བ་རེད། དེ་མར་འགྲེལ་བཤད་རྒྱག་ནས་སྔ་མོ་བཞེད་མཚམས་དེ་ཚོ་གསུངས་པ་རེད། དེ་གལ་མེད་པ་རེད། ད་དུང་དགག་བཞག་ག་ཚད་ཡོད་ན་ཡག་ག་ཡོད་པ་རེད། དེ་མེད་སོང་ན་བསྟན་པ་ནུབ་འགྲོ་བ་རེད་ཅེས་བཤད་དུས་གྲོགས་པོ་འགའ་ཤས་ལ་ར་འཕྲོད་པ་དེ་འདྲ་མང་པོ་བྱུང་མྱོང་ཡོད། དྲང་མོ་བཤད་པའི་ཁུལ་བྱས་ན་སྔ་མོ་ལོ་རྒྱུས་ནང་ལ་ཡོད་བསྡད་པའི་གྲུབ་མཐའ་དེ་ཚོ་ག་དུས་བྱུང་མིན་དང་དེ་དག་གི་འཕེལ་འགྲིབ་སོགས་དཔྱད་བརྗོད་བྱེད་པའི་གཞི་རུ་འོང་ཞིང་དཔྱད་བརྗོད་བྱེད་པ་དེ་ནི་འོས་པའི་ལས་ཞིག་ཡིན་པ་ལས་མི་འོས་པའི་ལས་སུ་མཐོང་མི་རུང་བར་སེམས།། དེང་དུས་ནི་༸སྐྱབས་མགོན་རིན་པོ་ཆེས་ཐུགས་རྗེ་དང་ཟིལ་ཤུགས་འོག་བོན་པོ་ལ་དབུགས་དབྱུང་གཟེངས་བསྟོད་ཚད་ལས་འདས་པ་གནང་བ་འདིས་བོན་གྱི་མཚན་མཐོང་གོང་མཐོར་བཏང་ཡོད་པས་མ་འོངས་པའི་ལོ་རྒྱུས་ནང་དུ་གནས་ངེས་རེད།། བོད་ལ་རྒྱ་གར་ནང་བསྟན་དར་བ་ནས་བཟུང་བོན་པོ་ལ་བོད་རྒྱལ་ཁབ་ཀྱི་ངོས་ནས་བསམ་བླ་བཏང་ན་མཚན་མཐོང་དེང་སང་ལས་ཆེ་བ་ཞིག་ཕལ་ཆེར་ཐོབ་མྱོང་མེད་པས་ཆགས་སྡང་གི་རྒྱུད་བསླད་པའི་སྒོ་ནས་བོན་བསྟན་འདི་དོན་མེད་དུ་མི་བཤིགས་པར་ཞུ།།
dhoshul ལགས་ཀྱིས་ཡག་པོ་བྲིས་གནང་ཡོད་ས་རེད། ད་ལྟར་ཚིག་འབྲུ་རེ་རེ་བྱས་ནས་ཀློག་མ་ཐུབ་མ་སོང། རྗེས་སུ་ཞིབ་ལྟ་བྱ་ཆོག། ཁྱེད་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། བན་དེའི་ནང་དུ་ཡང་མི་གསེར་འདྲ་བ་དེ་འདྲ་གཏན་གཏན་ཡོད་ངེས། བན་བོན་གཉིས་ཀས་ཕན་ཚུན་མཐུན་ལམ་བྱ་རྒྱུ་དེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་ང་ཚོ་མི་རིགས་གཅིག་གི་ཁྱིམ་ཚང་ནང་དུ་གནས་པ་གཅིག་པ་རེད། ཚང་མ་གཅིག་གིས་གཅིག་ལ་ཉེ་ལ་ཉེ་བརྒྱུད་རྐྱང་རྐྱང་རེད། རྟག་པར་འཁྲུག་རྩོད་རྐྱང་རྐྱང་གིས་དུས་འདས་ནས་བསྡད་ན་མི་ཚེ་ལ་སྙིང་པོ་མེད་པ་ཤེས་དགོས་སོ། མ་ཐ་ཡང་འཛམ་གླིང་མི་མངས་ཀྱི་མདུན་དུ་ངོ་ཚ་ཤེས་པ་དགོས་པ་རེད། ཆོས་ཀྱི་ཉི་མ་ཟེར་བའི་མི་ངན་གླུད་འདྲ་བ་འདིས་ག་འདྲ་ཞིག་བྲིས་འདུག་ལྟོས་དང་བོན་པོ་ཚོ་ཟུར་དུ་ཕུད་དགོས་པའི་རེ་ངན་བཅང་གི་ཡོད་པ་རེད། བོན་པོ་ཚོ་སྔར་ནས་ད་བར་རང་ཚུགས་བཟུང་ནས་བསྡད་ཡོད་པ་གང་ཞིག་ལ་བསམ་ཤེས་ན་ལོ་རྒྱུས་ལྡན་པའི་བོད་ཡུལ་དང་བོད་ཀྱི་མི་རིགས་འདི་དང་འབྲེལ་བའི་འགན་ཆེན་པོ་ཞིག་ཡོད་པ་རེད། ཆུང་ཆུང་མ་རེད་དོ་གྲོགས་པོ་ལགས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོས་དཀའ་ངལ་གྱི་ལམ་བུ་དུ་མར་འགྲིམ་ནས་མི་ལོ་༥༠་རིང་ལ་མིག་དཔེ་བལྟ་འོས་པའི་སྐུ་ལས་སྐྱོན་པ་འདི་མི་ངན་ཁྱོད་འདྲ་བས་རྩོམ་འཆལ་འདྲ་བྲིས་ནས་འཕྲོག་བརླག་ཏུ་གཏོང་འདོད་དམ། །
སྟོན་པ་གཤེན་རབ་གྱིས་གསས་མཁར་སྟོང་བཞེངས་པ་དེ་ཚོའི་རྩིག་པ་ཞིག་རོ་འདྲ་བསྟན་རྒྱུ་ཡོད་དམ། བོན་པོའི་རྫོགས་ཆེན་གྱིས་ས་རྡོ་ཚང་མ་འཇའ་ལུས་སུ་དེངས་སོང་བ་འདྲ་ཡིན་ནམ།ཧཧཧཧ
བོན་པོའི་བླ་མ་ཚོ་དམུ་ཐག་ལ་འཇུ་ནས་ནམ་མཁར་གཤེགས་རྒྱུ་ཡོད་ན་ནམ་མཁའ་ནས་དཔང་ཀོང་ཕྱག་རྒྱ་པ་འབབ་མི་སྲིད་པའི་རྒྱུ་མཚན་ཅི། ད་ལྟ་ནང་ཆོས་རྒྱ་གར་གྱི་སྐད་དུ་བསྟན་རྒྱུ་མེད་ཟེར་བ་ནི་བོན་པོ་ལགས་ཀྱི་འུད་གཏམ་ཆེན་པོ་ཞིག་རེད། རང་ཉིད་འུད་གཏམ་སྒྲོག་པ་ལ་ཡ་ང་མེད་པར་གཞན་ལ་འུད་གཏམ་མ་སྒྲོགས་ལབ་པ་ནི་ངོ་ཚ་དགོས་པའི་གནས་ཤིག་རེད། གལ་ཏེ་ད་ལྟ་རྒྱ་གར་གྱི་སྐད་དུ་མེད་པ་ཙམ་གྱིས་རྒྱ་གར་ནས་བསྒྱུར་བ་མིན་པར་བསྒྲུབ་ནུས་ན་བོན་ཆོས་རྣམས་ཀྱང་ཞང་ཞུང་སྐད་ནས་བསྒྱུར་བ་མིན་པར་འགྱུར་ཏེ་ད་ལྟ་ཞང་ཞུང་གི་སྐད་དུ་བཀའ་བརྟེན་ཕར་ཞོགས་ཡི་གེ་སྣ་གཅིག་ཡོད་ཚོད་མིན་འདུག་པས་སོ༎ ཧ་ཧ་ཧ་
ཞང་ཞུང་གི་སྐད་དུ་ཡི་གེ་སྣ་གཅིག་མེད་པར་བཤད་པ་ནི་ཧམ་ཚོད་རང་རེད། མཐོང་རྒྱ་ཐོས་རྒྱ་ཁྲོམ་པའི་སྦལ་བ་ལས་མེད་པའི་རྟགས་མཚན་རང་རེད། ཆུ་ཀླུང་ཆུང་ཆུང་འུར་སྒྲ་ཆེ། ཡུལ་ཆུང་མི་རྣམས་འུར་སྒྲ་ཆེ།
ཞང་ཞུང་སྨར་ཡིག་གི་དཔེ་ཆ་གཅིག་ཀྱང་མཐོང་རྒྱུ་མེད་ཅེས་བོད་ཀྱི་གནའ་བོའི་ཤེས་རིག་ཞིབ་འཇུག་པ་མཁར་རྨའུ་བསམ་གཏན་གྱིས་པེ་ཅིང་དུ་བཤད་པ་རེད།
མཁར་རྨེའུས་གླང་དར་ལ་ལྷ་སྲས་དར་མ་ཞེས་བཤད་པ་རེད་དེ་ལ་ཁྱེད་ཚོས་མ་འདོད་པའི་རྣམ་འགྱུར་བསྟན་པ་མ་རེད་དམ། བསམ་ཡས་མཁན་པོས་བོད་ཀྱི་བཙན་པོ་ལྐོག་གསོད་བཏང་བ་རེད་ཅེས་བཤད་པ་རེད། བོད་དུ་མནའ་བསྐྱེལ་དུས་སེམས་ཅན་དམར་གསོད་གཏོང་སྲོལ་ཡོད་པ་དེ་་་་་བོན་གྱི་ཆོས་ལུགས་ཀྱི་སྲོལ་ཤུལ་མིན་པར་བན་དེ་བ་ཚོས་རྒྱབནག་བོ་ལ་གདན་དྲངས་བ་ལས་བྱུང་བའི་ཡུལ་སྲོལ་ཞིག་ཡིན་པར་བཤད་པ་རེད། བན་དེའི་ལོ་རྒྱུས་སུ་བོན་པོ་ཤ་བ་ཡུ་མོ་སྟོང་ཕྲག་ནས་སྟོང་ཕྲག་དམར་མཆོད་འབུལ་སྲོལ་བཤད་པ་དེར། ཁོས་རིགས་པ་རྒྱ྄ུ་མཚན་དག་པའ་དགག་པ་ཚ་ནན་རྒྱབ་འདུག ཁྱབ་པ་འགྲིག
ཨོ་ལས་ངན་པོ། དེ་ཚོ་ནི་བན་དེ་བའི་མིང་ཁུར་ནས་དོན་ཁོག་སྟོང་བ་བོན་འཁོར་ཁྱོད་ལྟ་བུ་བོན་པོ་དག་ལས་བན་དེ་བ་དངོས་དེ་ཚོ་ནི་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་ཡིན་པར་ཤེས་ན་དེས་ཆོག བདེན་པའི་བན་ཆོས་ལ་གཟིགས།
ག་རེ་་་་གཉན་པོ་གསང་བ་་་་ཡིན་ནམ་གཅིག། མི་རྒྱུ་རྐུ་མ་བརྒྱག་དུས་གསང་བ་ལོས་བྱེད་དགོས། ད་དུང་གཉན་པོ་ཡིན་ནམ་གཅིག།
རྐུ་མ་བརྒྱབ་པའི་ཅ་ལག་དེ་ཚོ་སྦས་བཀུང་ལོས་བྱེད་དགོས་ལམ་སེང་མི་ལ་བསྟན་ན་འགྲིག་གི་མ་རེད་བ། ནམ་མཁའ་ནས་བབས་ཟེར་བ་དེ་དོན་དག་ངོ་མར་བོན་ནས་བསྒྱུར་བའམ་བྱུང་བའི་དོན་བསྟན་པ་རེད། བོན་དང་ནམ་མཁའ་གཉིས་ཕན་ཚུན་གཅིག་ལ་གཅིག་འདྲེས་ཀྱི་ལོ་རྒྱུས་རིང་མོ་ཡོད། དེ་ཁྱེད་ཚོས་ཀྱང་ཤེས་ལེ་རེད། རོང་པའི་རྐུབ་ལྡག་རྒྱུ་མ་གཏོགས་གླན་ལྐུག་ཁྱེད་ཚོས་བོད་སྔ་རབས་ཀྱི་གསང་ཚིག་ཤེས་ཀྱི་མ་རེད་བ། ཁག་མེད་སྙིང་རྗེ། །
ཨ་ཁུ་ཀླུ་ཚང་གིས་གནས་མཇལ་ལ་འགྲོ་བདེ་བའི་ལམ་ཡིག་གསལ་ཐང་ཐང་གསུངས་འདུག་པར་གུས་བཀུར་ཞུ།
མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ་སྟེ། གྲོགས་པོ་རེ་ཟུང་གིས་བན་བོན་གྱི་སྐོར་ག་དུས་ཡིན་ཡང་དྲུད་ཡོང་གི་འདུག ཡག་པོ་ཁྱོན་ནས་མ་རེད། ཆོས་ལུགས་ཆོས་བརྒྱུད་ག་རེ་ཡིན་ཡང་མདོར་དེད་ན་ཡ་རབས་ཤིག་དང་། གཅིག་གིས་གཅིག་ལ་མཐུན་སྒྲིལ་གནང་བྱེད་ཀྱི་ཐབས་ལམ་ཞིག་ལས་གཅིག་གིས་གཅིག་ལ་བཟང་ངན་རྩོད་རྒྱག་བྱེད་མ་རེད་པ། ལྷག་པར་དུ་རྩོམ་ཡིག་འདི་དང་འབྲེལ་མེད་དོན་གཞན་གྱི་བན་བོད་ཀྱི་སྐད་ཆ་བཤད་ན་ཅི་ཕན། དྲིན་ཆེན་ཚོ་་་བན་བོད་ཀྱི་མཐུན་ལམ་ལ་གནོད་པའི་སྐད་ཆ་མ་བཤད་རོགས།
བོན་པོ་ཡོད་བཞིན་དུ་རྙིང་མ་མི་དགོས་པ་དང་། རྙིང་མ་ཡོད་བཞིན་དུ་ས་བཀའ་དགེ་གསུམ་མི་དགོས་པ་སོགས་ནི་རྣམ་པ་ཀུན་ཏུ་རིགས་པ་མཚུངས་ཀྱང་། གྲུབ་མཐའ་རེར་རང་གི་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པ་ཡིན་ཕྱིན་དེ་ལྟ་བུའི་རིགས་པ་དེས་མཐའ་མི་ཆོད་པ་ཡིན། གཞན་ཡང་རྒྱལ་དབང་ལྔ་བས་བསྟན་པ་རིས་མེད་བྱས་པ་རེད་ཟེར་ན་ཁྱོད་ཀྱི་སེམས་ཁམས་དེ་ཕྱོགས་གང་ཞིག་ཏུ་ཡོད་པ་ས་རིས་ཐང་གསལ་དུ་གྱུར་འདུག་པས། ངས་ཁྱོད་ལ་རྒྱལ་དབང་ལྔ་བའི་རང་རྣམ་དང་བོན་བཀའ་ཇོ་གསུམ་གྱི་ཆོས་འབྱུང་ཁག་གིས་མཆོད་པ་ཕུལ་བ་ཡིན། ཧ་ཧ་ཧ།
ང་བདེན་ཁོ་རྫུ་ན་རློམ་པ་ནི།
འགོང་པོ་བདག་གི་གཅེས་འཛིན་ཡིན།
ང་རྫིག་ང་བཙན་ཟེར་བ་ནི།
ང་རྒྱལ་ལྦ་རྔ་རླུང་སྤུར་ཡིན།
བདག་པོ་རྐུན་མ་ཡིན་ན་དེ།
མགོ་རྐུབ་ལོག་པའི་ལོག་ཤེས་ཡིན།
ས་གཞི་རིང་མོའི་གོ་ལ་འདིར།
བརྒྱ་ཕྲག་སྟོང་གི་གྲུབ་མཐའི་དབུས།
རང་ཉིད་བྱ་རོག་དཀར་པོའི་བློ།
མཐོང་མཐོང་དགྲ་འཛིན་མིན་ན་ཅི།
ལུང་དང་རྟོགས་པ་མ་ཡིན་པར།
ཆགས་སྡང་བསྟན་པ་འཛིན་པ་འདི།
མུན་པ་སྡིག་པ་དེ་ཡིན་ལ།
བདུད་དང་འདྲེ་ཡང་དེ་ལས་མིན།
རྫུན་པ་ཧམ་ཆེན་ཁྱོད་ཡིན་ལ།
རྐུན་མ་གཡམ་ཆེན་ཁྱོད་ལས་སུ།
རང་རེ་བོད་ཁ་བ་གངས་ཅན་ལྗོངས་སུ་བོད་མི་ས་ཡ་དྲུག་པོའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པའི་བོད་བརྒྱུད་ནང་བསྟན་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་གྲུབ་མཐའ་ཁག་ནི་བསྟན་པ་དེ་དང་དེ་ཡང་དག་ཅིག་དང་བསྟན་འཛིན་དེ་དང་དེ་ངོ་མ་ཞིག་ཡིན་ན། ཐམས་ཅད་དགོངས་པ་གཅིག་དང་མགྲིན་དབྱང་གཅིག་ཏུ་མ་བགྲོས་བསམ་པ་གཅིག་མཐུན་དུ་བབ་ཡོང་བ་ནི་སྨོས་ཅི་ལ་དགོས། དེ་ཡང་མདོ་ལུགས་སྤྱི་དང་ཁྱད་པར་དུ་སྔགས་ཡང་སྒོས་སུ་རྣལ་འབྱོར་བླ་མེད་རྒྱུད་དེ་དེ་ལ་བསླེབས་དུས་གྲུབ་མཐའ་སོ་སོའི་ཤིང་རྟའི་སྲོལ་འབྱེད་པ་ཚོའི་ཐུགས་བསྐྱེད་སྨོན་ལམ། རྗེས་འཇུག་གདུལ་བྱ་རྣམས་ཀྱི་ཁམས་དང་མོས་པ་ཇི་བཞིན་རྩལ་འདོན་བྱེད་སྟངས་དང་གཞུང་སོ་སོའི་དངོས་ཤུགས་ཀྱི་གོ་བ་གསལ་འདོན་བྱེད་སྟངས་ཀྱི་ཁྱད་ཙམ་ལས་གཅིག་གིས་ཀྱང་ཐམས་ཅད་བཞེད་ལ་དེ་བཞིན་ཐམས་ཅད་ཀྱིས་ཀྱང་གཅིག་དེ་ཉིད་བཞེད་དོ། གཅིག་དེ་གཙོར་འདོན་གནང་བས་གཞན་རྣམས་ལུགས་དེས་མི་འདོད་པར་ཇི་ལྟར་བསྒྲུབས་ནུས་སམ། གཏན་ནས་མི་ནུས།
དགག་པ་སོ་སོར་ཡོང་གི་ཡོད་པ་ཡང་དཔེར་ན་ལུགས་གཅིག་དེ་གཙོར་འདོན་བྱེད་དུས་གཞན་རྣམས་རང་བཞིན་གྱིས་སྐབས་ཐོག་དེར་དེའི་ཕྱོགས་སྔ་ཆགས་འགྲོ་ཡི་ཡོད་པ་རེད། དེས་ན་བདེན་པ་ཟེར་བ་སྐབས་ཐོག་སོ་སོའི་བདེན་པ་ལུགས་སོ་སོར་ཡོད་པས་བདེན་པའི་ཐིགས་དྲང་པོར་བཏབས་ན་དེ་ལ་བལྟོས་ཏེ་ཡོ་བའི་འཁྱོག་ཟུར་དུ་ཐོན་ཡོང་བ་ནི་ཆོས་ཉིད་ཅིག་རེད། དེ་ཙམ་གྱིས་གཞན་དེ་ནོར་བ་ཡིན་པའམ་ཡང་དག་མ་ཡིན་པ་བསྒྲུབ་རྒྱུ་ནི་ཞེ་དྲག་ཁག་པོ་རེད། ཞར་བྱུང་དུ་ཨ་མཚར་རྩེད་མཚར་རེ་ཡང་ཐོན་ཡོང་རྒྱུ་ཡིན་པ་ནི་རིགས་སྨྲ་སྤྱིའི་འགྲོ་སྟངས་ཤིག་སྟེ་མཁས་པ་མཁས་པའི་ནང་ན་མཛེས་པའི་ཉམས་བཟང་པོ་གཟི་བརྗིད་དང་ལྡན་པ་ཞིག་རེད། །
སངས་རྒྱས་ཐམས་ཅད་ཚོགས་བསགས་པ་མཉམ་པ་དང་ཆོས་སྐུར་སངས་རྒྱས་པ་འདྲ་མཉམ་ཡིན་ནའང་སངས་རྒྱས་ལ་ཡང་དགོས་དབང་གིས་རིགས་རུས་གཟུགས་སྐུའི་བསྟན་ཚུལ་སོགས་གདུལ་བྱ་སོ་སོར་བལྟོས་ཏེ་སྣ་ཚོགས་པ་ཞིག་ཡོང་གི་ཡོད་པ་ལྟར། རྒྱུད་སྡེ་བཞིའི་ལྷ་ཚོགས་ཐམས་ཅད་ཀྱང་ཡིན་ངོ་མ་ནི་རྡོ་རྗེ་འཆང་ཉིད་ཡིན་ཀྱང་ལྷ་དང་ལྷ་མོ་སྣ་ཚོགས་པའི་གཟུགས་སུ་ཤར་ཏེ་འགྲོ་བའི་དོན་མཛད་ཀྱི་ཡོད་པ་ནི་དོན་དངོས་དང་མཐུན་པ་ཞིག་རེད། དེ་བཞིན་ཐུབ་པའི་དགོངས་པ་མཐར་ཐུག་གཅིག་ཡིན་ཀྱང་གདུལ་བྱའི་དབང་གིས་གྲུབ་མཐའ་བཞི་ལ་སོགས་པ་གསུངས་དགོས་ཐུག་པ་ཡང་དེ་འདྲ་རེད། དེ་བཞིན་བོད་བརྒྱུད་ནང་བསྟན་རྣམས་མཐར་ཐུག་གི་དགོངས་པ་གཅིག་ཡིན་ཀྱང་བཞེད་སྲོལ་ལམ་འཁྲིད་སྲོལ་མི་འདྲ་བ་ཁྱེད་དང་ང་ལྟ་བུའི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་སྟོན་གྱི་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་དེ་རྣམས་མི་མཐུན་པ་རེད་ཅེས་ནམ་ཡང་ཤོད་མི་ཐུབ་ལ་བཤད་ཀྱང་རྒྱུ་མཚན་ཡང་དག་ཅིག་ཁྱོན་ནས་མེད་པ་རེད། དཔེར་ན་ཅི་ཡང་མི་ཤེས་པའི་བྱིས་པ་ཆུང་ངུ་ཞིག་གི་མཐར་ཐུག་གི་དམིགས་ཡུལ་སློབ་ཆེན་གྱི་ཤེས་བྱ་ཡོན་ཏན་ཡོངས་སུ་རྫོགས་ཏེ་རང་གཞན་གྱི་དོན་རྒྱ་ཆེན་པོ་ཞིག་བསྒྲུབ་རྒྱུ་དེ་ཡིན་ཀྱང་གནས་སྐབས་སོ་སོར་སློབ་ཆུང་དང་སློབ་འབྲིང་དེ་བཞིན་དམའ་འབྲིང་མཐོ་འབྲིང་སོགས་བརྒྱུད་དེ་དེ་ཚང་མ་དོན་གྱིས་གནས་སྐབས་དེ་དང་དེར་བྱིས་པ་དེར་བལྟོས་ཏེ་བདེན་པ་དང་དགོས་མཁོ་ཡོད་པ་རྐྱང་རྐྱང་ཆགས་བསྡད་པ་མ་ཟད་གང་ཟག་གཅིག་ཉིད་ཀྱི་མངོན་འདོད་བསྒྲུབ་པའི་ཆ་རྐྱེན་རྐྱང་རྐྱང་ཆགས་ཡོད་པ་དེ་འདྲ་རེད། །
བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ཞེས་པ་ཡང་དཔེར་ན་རྗེ་རིན་པོ་ཆེས་སྐྱེས་བུ་ཆེ་ཆུང་གསུམ་དང་མདོ་སྔགས་འཁོར་བ་ལ་སྐྱོན་དུ་ལྟ་བ་དང་ཡང་འཁོར་བ་ལ་འཇུག་པ་སོགས་གནས་སྐབས་སོ་སོར་གནང་བཀག་གི་ཁྱད་པར་ཡོད་ཀྱང་འགལ་བ་གང་ཡང་མེད་པར་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་གོ་སྟེ་ལག་ཏུ་ལེན་པར་འགྲེལ་བ་ལྟར་བོད་ཀྱི་ཆོས་བརྒྱུད་རྣམས་ཀྱང་དེ་ག་རང་རེད། གནད་འགག་ནི་སོ་སོར་གང་ཕན་ན་དེ་སོ་སོ་ལ་བལྟོས་ཏེ་ཆོས་ཟབ་ཤོས་དེ་རེད། དཔེར་ན་མི་གཅིག་གིས་ཆོས་རྗེ་ས་པཎ་ལ་ཆོས་རྣམས་ལས་གང་ཟབ་ཞེས་འདྲི་སྐབས། རང་ལ་གང་ཕན་ན་དེ་རང་ཉིད་ལ་བལྟོས་ཏེ་ཟབ་ཤོས་དེ་ཡིན། སྤྱིར་ན་སྔགས་ཟབ། ཞེས་བཀའ་གནང་བ་ལྟ་བུ་རེད།
ང་ཤ་ཟ་རྒྱུར་མི་དགའ་ཡང་ཤ་དེ་ཟས་སྡུག་ག་ཞིག་ཡིན་པ་ནི་ང་ལ་བལྟོས་ཏེ་རེད་མ་གཏོགས་ཤ་ཟ་རྒྱུར་དགའ་མཁན་ཞིག་ལ་བལྟོས་ཏེ་ཤ་དེ་ཁ་ཟས་ཞིམ་ཤོས་དེ་ཆགས་བསྡད་ཡོད་རེད། དེས་ན་ང་ཤ་ཟ་རྒྱུར་མི་དགའ་བའི་རྒྱུ་མཚན་གྱིས་ཤ་དེ་ཞིམ་པོ་མ་ཡིན་པ་སོ་སོ་རང་ཉིད་ལ་བལྟོས་ཏེ་བཤད་རྒྱུ་ལས་གཞན་ཇི་ལྟར་བསྒྲུབ་ཐུབ་བམ། དེ་བཞིན་དུ་ཤ་ཟ་རྒྱུར་དགའ་བའི་མི་དེས་ཀྱང་ཤ་དེ་ཁ་ཟས་ཞིམ་ཤོས་ཡིན་པ་རང་ཉིད་ལ་བལྟོས་ཏེ་བཤད་རྒྱུ་ལས་གཞན་ཇི་ལྟར་བསྒྲུབ་བམ། ད་དུང་ཆགས་ཞེན་གྱིས་ཤ་དེ་ཡག་ཤོས་དེ་ཡིན། ཤ་མ་ཡིན་པའི་ཟས་རྣམས་ལ་བྲོ་བ་ཁྱོན་ནས་མེད་ཅེས་ཨུ་ཚུགས་ཇི་ལྟར་རྒྱག་བཏུབ་བམ། མི་ཡ་རབས་ཤིག་དང་བསམ་ཤེས་ཅན་ཞིག་ཡིན་ན་སུས་ཀྱང་དེ་འདྲ་བྱེད་མི་སྲིད།
རིས་མེད་སློབ་དཔོན་ལུང་རིགས་སྨྲ་བ་དགེ་བཤེས་ཆོས་ཉི་ལགས་ཀྱིས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་བཞིན་གསུང་རབ་མ་ལུས་གདམ་ངག་ཏུ་འཆར་ཏེ་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་བདུད་རྩིའི་བགོ་བཤའ་འགྱེད་གནང་བར་སྙིང་ཐག་པ་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་བཀའ་དྲིན་ཆེ་ཞུ། ཇི་སྐད་དུ་རྗེས་ཞལ་ལས། དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུངས། །མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང་། །ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེའི་མིག །ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས། །བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག །མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས། །ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ། །བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར། །ཞེས་ཇི་སྐད་གསུངས་པ་དེ་ག་རང་རེད། ལེགས་ཉེས་ཡག་པོ་འབྱེད་མི་ཤེས་པ་དང་སློབ་གཉེར་ཡག་པོ་མི་བྱེད་མཁན་བྱས་ཀྱང་ཕྱོགས་རེའི་མིག་ཅན་དག་གིས་ནི་ཁྱེད་ཀྱིས་བྲིས་གནང་བའི་རྩོམ་ཡིག་འདིའི་གོ་བ་ལོན་པའི་གོ་སྐབས་ག་ལ་ཡོད་དེ་རྒྱུ་མཚན་ནི་དེ་ལྟར་རྟོགས་པའི་རྒྱུ་དང་བྲལ་བའི་ཕྱིར་རམ། འགལ་རྐྱེན་ཆགས་སྡང་གིས་བསྒྲིབས་པའི་ཕྱིར་རོ།
མང་པོ་ཞིག་གིས་འབྲེལ་མེད་ཀྱི་གཏམ་མང་དུ་སྨས་འདུག་ཁར་ད་དུང་གཞི་མེད་ཀྱི་སྒྲོ་འདོགས་སྣ་ཚོགས་ཤིག་དང་བྱིས་པའི་བྱེད་སྟངས་ལྟར་དེ་མ་ཐག་མི་བུ་སྒེར་ལ་འཁོན་འཛིན་དང་ཁ་འཛིངས་སྣ་ཚོགས་བྱས་ཏེ་མི་དགོས་པའི་རྙོག་དྲ་མང་པོ་ཞིག་བཟོ་བཞིན་འདུག་པ་སྤྱིར་ན་དམངས་གཙོའི་སྤྱི་ཚོགས་ནང་སྨྲ་བརྗོད་རང་དབང་ལོས་ཀྱང་ཡིན་མོད་དེ། འོན་ཀྱང་རང་ཉིད་ལ་དོན་དེ་ཤེས་འདོད་དམ་ལུས་ངག་གི་བྱ་སྤྱོད་ལ་འགན་འཁུར་བསམ་བློའི་སྟེང་ནས་ལྷག་བསམ་སོགས་སྤྱི་སྨན་གྱི་འདུ་ཤེས་དང་ཀུན་སློང་གང་ཡང་མེད་པར་ཐན་སྐད་སྒྲོག་པ་དག་ནི་བྱུང་རྒྱལ་དུ་སྨྲ་བ་ཙམ་སྟེ་སྙིང་པོ་མེད་པ་ཉིད་དུ་མཐོང་། རྒྱུ་མཚན་ནི་དེ་ལྟར་སྨྲ་བ་རྣམས་ནི་རང་གཞན་གང་ལའང་མི་ཕན་པའི་གཏམ་འཆལ་གྱི་རིགས་ཏེ་གད་སྙིགས་ཀྱི་ལུད་ཕུང་དུ་གཤེགས་གསོལ་བྱས་ན་ཏག་ཏག་རེད།
རང་རེ་བོད་ཀྱི་གཏམ་དཔེར། བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་མཁན་ཞིག་གིས་སྨད་ན་བཟང་། ཞེས་བཤད་སྲོལ་ཡོད་པ་ལྟར་རེད། ཆོས་བརྒྱུད་གང་དང་གང་ཡིན་ཀྱང་རུང་གི་དེ་དག་ལ་ཤེས་ནས་དད་པ་ཐོབ་མཁན་དག་གིས་ནི་གཞན་ལ་ནམ་ཡང་ཁ་གཏོང་མི་སྲིད་དེ། གནད་འགག་བསྟན་པ་མཐའ་དག་ལ་ཤེས་ནས་ངེས་པ་རྙེད་པའི་ཕྱིར། འོན་ཀྱང་ཟེར་སྒྲོས་ཙམ་དང་ངག་སྒྲོས་ཐན་ཐུན་རེ་ལ་རེ་བཞིན་དུས་ཚོད་སྐྱེལ་མཁན་དག་གིས་ནི་ཆགས་སྡང་གི་གཏམ་ཇི་ཙམ་མང་དུ་སྨྲས་པ་དེ་ཙམ་དུ་རང་ཉིད་ཀྱི་ཆོས་བརྒྱུད་དེ་དང་དེར་སྨྲ་འབེབས་བྱས་པ་ཁོ་ནར་ཟད་པ་མ་ཟད། རང་ཉིད་ཀྱི་ནང་རྟགས་དང་ཀུན་སློང་ཤེས་ཚད་མི་གཞི་ཡོད་ཚད་བྱ་སྤྱོད་ཀྱི་ཐོག་ནས་སྲང་ལ་གཞལ་ཏེ་ཁོ་བོའི་ལྗིད་ཚད་ནི་འདིའོ་ཞེས་གཞན་ལ་བསྟན་པ་དེ་ཙམ་དུ་ཟད་དོ་སྙམ་མོ། །
བཀའ་དྲིན་ཆེ། ། ། །
བོན་པོ་དང་ནང་པ་གཉིས་ལྟ་གྲུབ་གཅིག་ཡིན་སྟངས་ག་ནས་ཡོད་དེ་སྟོན་པ་སོ་སོ་བའི་བསྟན་པ་ཡིན་པས་སོ་སྙམ་མོ།།
བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །
ཡིད་ཆེས་རྙེད་པའི་རྟག་ཏུ་གང་བར་ཤོག །
ཆོས་བརྒྱུད་རྣམས་ལ་ཕྱོགས་ཙམ་མ་སྦྱངས་པར། །
དེ་ལ་ཤེས་ནས་དད་པ་ཇི་ལྟར་ཐོབ། །
དེ་ལ་ཤེས་ན་དད་པ་མ་ཐོབ་ན། །
དེ་རྣམས་དགོངས་པ་འགལ་མིན་ཇི་ལྟར་ཤེས། །
ལུང་རིགས་སྨྲ་བའི་རིས་མེད་སློབ་དཔོན་ཁྱེད། །
ཆོས་བརྒྱུད་ཀུན་ལ་ཞིབ་མོ་བློ་ཡིས་སྦྱངས། །
རང་གིས་ཉམས་ལེན་གཞན་ལའང་བརྩེ་བས་སྟོན། །
རིས་མེད་བསྟན་པའི་སྙིང་པོའི་སྲུང་སྐྱོབ་ཏུ། །
རིས་མེད་ལུང་རིགས་སྨྲ་བའི་མཁས་པ་ཁྱེད། །
རིས་མེད་བསྟན་པའི་སྤོ་ལ་འགྱིང་བཞིན་དུ། །
རིས་མེད་ལུང་རིགས་གནམ་ལྕགས་ཐོག་འབབ་ཀྱིས། །
རྒོལ་ངན་འུག་པའི་ཚོགས་རྣམས་དབྱིངས་སུ་གཏོར། །
ད་ཡང་བན་བོན་གྱི་བསྟན་དགྲ་ཡོངས་རྫོགས་འདིར་འབྱོར་འདུག
ང་རང་སོག་ཡུལ་དུ་རྒྱལ་སྤྱི་བོད་རིག་པའི་ཚོགས་འདུ་ལ་འགྲོ་དུས་གནམ་གྲུ་ནང་དུ་བན་བོན་གྱི་ཞིབ་འཇུག་པ་གཉིས་ཀྱི་དཀྱིལ་ལ་བསྡད་རྒྱུའི་གོ་སྐབས་རག་སོང་། གོ་སྐབས་འདི་ནི་དཔེ་མི་སྲིད་པའི་གོ་སྐབས་བཟང་པོ་ཞིག་རེད། གང་ཡིན་ཟེར་ན་ཁོང་གཉིས་ཀྱིས་གནམ་གྲུའི་སྡོད་ཁྲི་བསྒང་ལས་བསྡད་པ་ནས་བན་བོན་གྱི་ཞིབ་འཇུག་གི་སྐོར་ལ་བཀའ་མོལ་གནང་འགོ་ཚུགས་ཏེ་སོག་ཡུལ་གྱི་གནམ་ཐང་ལ་མ་བབས་བར་དུ་བཀའ་མོལ་གནང་སོང་། བོན་གྱི་ཞིབ་འཇུག་པ་ནི་ན་ཚོད་རྒན་པ་ཞིག་རེད་ལ་བན་གྱི་ཞིབ་འཇུག་པ་ནི་ན་སོ་གཞོན་པ་ཞིག་རེད་འདུག། དེར་བརྟེན་བན་གྱི་ཞིབ་འཇུག་པས་བོན་གྱི་ཞིབ་འཇུག་པ་དེ་ལ་གུས་ཞབས་དང་བརྩི་མཐོང་ཆེན་པོ་འདུག། ཁོང་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་བན་བོན་གྱི་སྐོར་སྤྱི་དང་ཡང་སྒོས་ཁོང་རང་རྣམ་པས་ཞིབ་འཇུག་བྱས་པའི་གྲུབ་འབྲས་སྐོར་དྲི་བ་དྲིས་ལན་མང་པོ་ཞིག་གནང་སོང་། ཁོང་རྣམ་པ་མཁས་པ་ན་མཁས་པ་རང་རེད་འདུག། བཀའ་མོལ་གནང་དུས་དལ་ཞིང་ལྷོད་ལ་འཛུམ་ཞིང་སྙན་པའི་སྒོ་ནས་གནང་བ་ལས་ཚིག་རྩུབ་བཤད་རྒྱུ་དང་གཅིག་བཤད་མ་ཚར་བའི་སྔོན་ལ་གཅིག་གིས་བཤད་ཡ་སོགས་གཏན་ནས་གནང་གི་མི་འདུག། བན་གྱི་ཞིབ་འཇུག་པ་དེ་ནི་ཧྥ་རན་སི་གཙུག་ལག་སློབ་གྲྭ་ནས་ཡིན་ཞིང་དེང་སང་ཨ་མདོའི་ཕྱོགས་ལ་ཞིབ་འཇུག་གནང་གི་ཡོད་ཟེར། བོན་གྱི་ཞིབ་འཇུག་པ་ནི་ཨ་རི་ནས་ཡིན་ཞིང་ད་ལྟ་ཞང་ཞུང་གི་སྐོར་ལ་ཞིབ་འཇུག་གནང་གི་ཡོད་ཟེར། ཁོང་རྣམ་པ་གཉིས་ཀྱི་བཀའ་མོལ་ནང་ནས་ངས་ད་ལྟ་གསལ་པོར་དྲན་པ་ནི་བོན་གྱི་ཞིབ་འཇུག་པས་པདྨ་གླིང་པའི་གཏེར་སྟོན་རྫུན་མ་ཡིན་རབས་སྐོར་བཤད་པ་དང་། ཞང་ཞུང་གི་ཡུལ་རྙེད་ཡོད་རབས་བཤད་པ་དེ་རེད། བན་གྱི་ཞིབ་འཇུག་པ་དེས་ཞང་ཞུང་ཡུལ་ཡིན་པའི་བདེན་དཔང་གང་ཡོད་ཟེར་དུས་སྔོན་ལྷ་གསོལ་བོན་གསོལ་བྱེད་དུས་མཆོད་སྟེགས་སུ་བེད་སྤྱད་བྱས་ཡོད་ངེས་པའི་རྡོ་མང་པོ་ཞིག་བརྙེས་ཡོད་ཟེར་སོང་། གནམ་གྲུ་བབས་ཚར་བའི་རྗེས་གནམ་ཐང་གི་ཕྱི་ལོགས་སུ་སྐར་མ་༣༠ ཙམ་གྱི་རིང་བསྡད་དགོས་བྱུང་བའི་རིང་ངས་བན་གྱི་ཞིབ་འཇུག་པ་དེ་ལ་ཞང་ཞུང་ཡུལ་གྱི་བདེན་དཔང་སྐོར་ལ་ཁྱེད་ཀྱི་བསམ་ཚུལ་ག་རེ་ཡོད་ཟེར་དྲིས་པ་ཡིན། ཁོང་གིས་ནི་རྡོ་ལ་ཚན་རིག་གི་ལམ་ནས་བརྟག་དཔྱད་གཏང་ཐབས་མེད་པས་དེས་ཞང་ཞུང་ཡུལ་ཡིན་པའི་བདེན་དཔང་བྱེད་མི་ནུས་ཟེར་གསུངས་ཀྱི་འདུག། བན་བོན་སུ་རྫུན་མིན་དབྱིན་ཇི་བས་མི་རིང་བར་ར་སྤྲོད་བྱེད་ས་རེད།
ཁྱེད་ཚོས་ད་བར་མི་ལོ་༡༣༠༠་ཡས་མས་ཤིག་གི་རིང་ལ་་་་་་གཉན་པོ་གསང་བ་་་་་ཟེར་བའི་ཐ་ཚིག་ངོ་མཚར་ཅན་འདི་ལ་ལོག་འགྲེལ་རྐྱང་རྐྱང་བྱས་པ་རེད། ད་ངས་དུས་རབས་ཉེར་གཅིག་འདིར་དྲང་འགྲེལ་ཡག་ཐག་ཆོད་ཅིག་བྱས་ན་མ་གཏོགས་འགྲིག་མ་སོང་། དང་པོ་་་་གཉན་པོ་་་་ཡིན་དགོས་པའི་རྒྱུ་མཚན་དང་་་་་དེ་རྗེས་་་་་་གསང་བ་་་་་ཡིན་དགོས་པའི་རྒྱུ་མཚན་དེ་ཚོ་ཤེས་དགོས། བོད་སྔ་རབས་ཀྱི་མཁས་པ་དེ་ཚོའི་གསུངས་ལ་ནན་དུ་བསམ་ན་གོ་རྒྱུ་ཡག་པོ་ཡོད་རེད་དོ། །
གཡུ་འབྲུག་ཨ་ཕྱི་ཨོ་ཉི་ལས་སོགས་མི་ཉུང་ཤས་ཤིག་གིས་བོན་ལ་ལྟ་ཚུལ་དེ་བན་དེའི་བོན་ལ་ལྟ་ཚུལ་མཚོན་མི་ཐུབ་་་་འོན་ཀྱང་དེས་བོན་ཕྱོགས་ནས་བན་ལ་ལྟ་ཚུལ་ལ་འགྱུར་བ་འགྲོ་སྲིད། ལྷག་པར་དུ་རྙིང་མ་བར་བོན་པོས་ལྟ་ཚུལ་ལ་འགྱུར་བ་འགྲོ་བཞིན་འདུག གཡུ་འབྲུག་ནི་འབྲུག་པ་ཞིག་ཡིན་པ་དང་དེ་ལས་ཀྱང་འབྲུག་གི་དཔེ་མཛོད་དུ་ལས་ཀ་བྱེད་མཁན་རེད། གང་ལྟར་ཁྱེད་ཚོས་བན་བོན་དབར་ལ་དཀྲུག་ཤིང་ཇི་ལྟར་རྒྱབ་ཀྱང་དོན་འབྲས་སོན་མི་སྲིད། སྔོན་ཆད་བཙན་པོ་དང་དབང་ཡོད་རྒྱུ་ངོམས་ཀྱིས་བསྒྱུར་མོད་ད་ཆ་དུས་རབས་གསར་པ་འདིར་དེ་འདྲ་འགྲོ་ས་མེད། དེ་འདྲ་བྱེད་མཁན་ནི་ཆོས་ལུགས་པ་ཞིག་ཏུ་ངོས་འཛིན་བྱེད་མི་ནུས། ལྷག་པར་དུ་ནང་ཆོས་པ་ཡིན་ཟེར་ནས་གཡོ་རྒྱུ་ཁྲམ་གསུམ་གྱི་འཚེ་བའི་ལས་ལ་ཞུགས་ཚེ་དེས་ནང་ཆོས་ཡོངས་ལ་སྐྱོན་ཆ་ཡོང་རྒྱུ་ལས་མེད། དེང་སང་ཕྱི་རྒྱལ་བ་དེ་ཚོས་བོད་པར་དོགས་པ་ཆེན་པོ་བྱེད་ཀྱི་འདུག་་་སྔར་ཡིན་ན་བོད་པ་རྣམས་ནི་འཚེ་མེད་ཀྱི་ལྟ་གྲུབ་ཉམས་ལེན་པ་དང་གཞན་ཕན་ཅན་ཆོག་ཤེས་ཅན་རེད་སྙམས་འདུག་ད་ལྟ་ཁོང་ཚོ་དེ་ལས་ལྡོག་འདུག རིམ་བཞིན་ཕྱི་རྒྱལ་མགོ
སེར་བ་ཚོས་ཁུངས་བསྐྱལ་ཐག་ཆོད་རེད།
ཀུན་ཁྱབ་སྐྱེ་འགག་བྲལ་བ་བོན་གྱི་སྐུ།།
རང་སྣང་འགག་མེད་རང་རྩལ་ལོངས་སྤྱོད་རྫོགས།།
གང་འདུལ་དེར་སྟོན་སྣ་ཚོགས་སྤྲུལ་པའི་སྐུ།།
ཁྱབ་བདག་སྟོན་པ་གཤེན་རབ་རྒྱལ་གྱུར་ཅིག །
འཇིག་རྟེན་ཁམས་ནི་བསམ་མི་ཁྱབ་པ་རུ།།
བོན་དང་དེ་སྟོན་བསམ་གྱིས་མི་ཁྱབ་པའི།།
རབ་འབྱམས་རྡུལ་རྙེད་ཞིང་ཁམས་ཀུན་ཁྱབ་ཅིང།།
བློ་ཆུང་བདག་འདྲས་བརྗོད་པར་ག་ལ་ནུས།།
འོན་ཀྱང་རིས་མེད་གྲུབ་མཐའ་རྣམ་མང་ལ།།
ཐོས་བསམ་གོམ་པ་འདོར་བའི་རྐང་སྟེགས་སུ།།
ཞེན་གོག་མཁྲེགས་འཛིན་རྡོ་རྗེའི་བྲག་རྫོང་གཏོར།།
མེས་པོའི་རིག་གཞུང་འཛིན་པའི་ལམ་འདི་བསྐྲུན།།
སྐལ་བཟང་འདི་ལ་བྱོན་པའི་སྟོན་པ་དེས།།
གཟིགས་ཚད་ལྔ་དང་དགོངས་ཚད་རྣམ་པ་ལྔས།།
རྒྱལ་བཞད་མ་ཡི་ལྷུམས་སུ་སྐུ་བལྟམས་ནས།།
འོལ་མོ་གླིང་དུ་ཐེག་དགུའི་བོན་འཁོར་བསྐོར།།
ཤ་ཟ་གདོང་དམར་བོད་ཀྱི་ཡུལ་ཁམས་འདིར།།
སྟོན་པ་མཆོག་དེས་དངོས་སུ་ཞབས་བཅག་ཅིང།།
ངེས་དོན་ཐེག་པའི་བོན་འཁོར་བསྐོར་བ་ཡི།།
གདུལ་བྱ་མེད་པས་དྲང་དོན་བོན་རྣམས་བསྟན།།
དེ་ནས་སྐད་ཅིག་བདུན་རིང་ཡོན་ཏན་གྱི།།
ཡུལ་དབུས་འོལ་མོ་གླིང་དུ་སླར་ཡང་གཤེགས།།
སྐུ་ཡི་མཛད་པ་སྟོན་པའི་གནས་སྐབས་འདིར།།
གཤེན་ལོ་གྱ་གཉིས་བར་དུ་འགྲོ་དོན་བསྐྱངས།།
མཛད་པའི་གཙོ་བོ་ཡུ་ཁྲི་རབ་འབྱམས་པར།།
རྒྱལ་པོ་དབོ་ཡི་ཞིང་དུ་བདེ་གཤེགས་སྟོང།།
མཚན་ནས་བརྗོད་པས་ཕྱོགས་བཅུའི་སེམས་ཅན་རྣམས།།
སེམས་ཉིད་བོན་གྱི་ཀློང་དུ་མངོན་སངས་རྒྱས།།
སྟོན་པའི་སྤྲུལ་པ་གདུང་འཚོབ་མུ་ཆོ་དང།།
ཟས་གཙང་སྲས་དང་དྲན་པ་ནམ་མཁའ་དང།།
ཚེ་དབང་རིག་འཛིན་པདྨ་འབྱུང་གནས་སོགས།།
སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་མི་ཁྱབ།།
གཤེན་བསྟན་གསལ་མཛད་རྒྱན་དྲུག་མཆོག་གཉིས་དང་།།
བོད་ཡུལ་འདྲེན་མཛད་ལོ་ཙཱ་ཆེ་བཞི་སོགས།།
རིམ་པར་བརྒྱུད་པའི་ཁུངས་དང་ལྡན་པ་ཡི།།
གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་འབྲས་ནི།།
འཁོར་འདས་རང་བཞིན་རྡུལ་ཙམ་མེད་པ་ལ།།
བཟང་ངན་རྣམ་རྟོག་བློ་ཡིས་བརྟགས་པ་ཙམ།།
སྐྱེ་འགག་གནས་གསུམ་བྲལ་བ་བོན་གྱི་སྐུ།།
ཉི་དང་ཟེར་བཞི་ལུས་ཅན་ཀུན་ལ་ཁྱབ།།
སྒོམ་པ་གནས་ལུགས་ཇི་བཞིན་ངོས་བཟུང་ནས།།
འཁྲུལ་སྣང་བོན་གྱི་སྐུ་རུ་བཞུགས་པ་ལ།།
མ་བཅོས་རང་བཞིན་ལྷུག་པར་སྐྱོང་བྱས་ན།།
འོད་ལྔའི་ཀློང་དུ་མངོན་སངས་རྒྱ་བར་འདོད།།
མདོ་རྒྱུད་ཀུན་དང་མཐུན་པའི་སྤྱོད་པ་ལ།།
རིམ་བཞིན་སློབ་པའི་གོ་རིམ་མ་ནོར་བར།།
ཇི་བཞིན་ཉམས་སུ་ལེན་པའི་ངང་ཚུལ་ནི།།
ཤཱཀྱའི་རྗེས་འཇུག་དག་དང་མཚུངས་པ་ཡིན།།
འབྲས་བུ་གཡུང་དྲུང་ལྟ་བུའི་ཏིང་འཛིན་གྱིས།།
སྒྲིབ་གཉིས་ཕྲ་ཞིང་ཕྲ་བ་སྤངས་བྱས་ནས།།
འབྲས་བུ་དོན་གྱི་སྐུ་ལྔ་ལྷུན་གྲུབ་ཏུ།།
མངོན་སངས་རྒྱས་ནས་གཞན་དོན་འབད་མེད་འབྱུང།།
གཡུང་དྲུང་བོན་གྱི་གྲུབ་མཐའ་པད་དཀར་ཕྲེང།།
ཕྱོགས་ཞེན་མི་གཙང་རྡུལ་གྱིས་གཡོགས་པའི་ཚེ།།
དྲང་པོའི་བློ་ཡི་རྔ་ཡབ་རྡེབ་བྱས་ནས།།
རང་བཞིན་གཤིས་ཀྱི་གནས་ཚུལ་གསལ་བར་བྱས།།
སྐྱབས་གསུམ་བང་རིམ་བརྩེགས་པའི་བ་གམ་རྩེར།།
བདེན་བཞི་བླང་དོར་ཆོས་འཁོར་རབ་ཏུ་བཀྲ།།
བདེན་གཉིས་ཐབས་ཤེས་ཉི་ཟླ་ནོར་བུའི་མཚན།།
བོན་སྐུའི་རྟེན་མཆོག་གླིང་བཞིའི་མཆོད་སྡོང་ཉིད།།
བླ་ཆེན་མི་དྲག་རྣམས་ཀྱིས་བོན་ལ་སྨད།།
རྗེས་འབྲང་མཁས་བླུན་སྟོང་གིས་བོན་ལ་སྨད།།
བོན་ནག་རྭ་ཅོ་མཆུ་ཞེས་མིང་འདོགས་ཀྱང།།
ཞིབ་པར་བརྟག་ན་དེ་ཙམ་སྨོད་དོན་ཅི།།
རང་ཅག་བོན་གྱི་རྗེས་སུ་མི་འབྲང་ཡང།།
བོན་ཉིད་རང་ཉིད་རྗེས་སུ་འབྲང་ཐབས་ཀྱིས།།
ཨུ་ཚུག་རྒྱག་པའི་དགོས་པ་གང་ཡང་མེད།།
སོ་སོའི་ལམ་ན་ཐར་པ་རེ་རེ་ཡོད།།
མདོ་སྔགས་སེམས་སོགས་དམ་པའི་གཞུང་ལུགས་ལ།།
ཐོས་བསམ་རྣལ་མའི་དོན་ལ་བརྩོན་པ་ཡི།།
དྲང་སྲོང་འདུས་པའི་སྡེ་ཚོགས་རབ་འཕེལ་ནས།།
མི་འདོད་རྒུད་པའི་ཉེར་འཚེ་ཞི་བར་སྨོན།།
ཅེས་གཡུང་དྲུང་བོན་གྱི་བསྟན་པ་ལ་བསྟོད་པའི་སྐབས་སྟེ་ལྔ་པའོ།། ༡༩༩༨།༥།༣། བྲིས་པའོ།།
རི་བོང་རྭ་ཡི་རྩེ་མོ་ལ།།
རྣོ་སོ་ཡོད་ཅེས་བསྟོད་པ་དང་། །
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལ།།
བསྟོད་པའི་མཐེ་བོང་བསྒྲེངས་གཉིས་མཚུངས།།
དེ་ནས་ཕུག་རོན་ཙམ་དང་བྱེའུ་ཙམ༔ སྦྲང་བུ་ཙམ་དང་སྲོ་མ་ཙམ་སོང་ནས༔ དེ་ནས་བལྟས་ཀྱང་མིག་གིས་མ་མཐོང་སྟེ༔ ཧཧཧཧ
དགོངས་དག། ཆོས་སྒྲོན་མ་ལ་ཕུལ། །
བན་བོན་གཉི་ཀས་ཕན་ཚུན་ལ་གུས་བཀུར་དང་བཅས་པའི་སྒོ་ནས་དོགས་དཔྱོད་དང་བགྲོ་གླེང་རེ་མཛད་ཐུབ་ན་དངོས་གནས་ཡག་པོ་འདུག །དེ་མིན་ཁྱོད་ཁ་དང་ང་སྣ་ལབ་ནས་འཐབ་མོ་རྐྱང་བྱས་བསྡད་ན་དགོས་པ་དང་རྒྱུ་མཚན་ཅི་ཡང་མི་མཐོང་གི་མི་འདུག།
སྟོན་པ་ཤཱཀྱ་ཐུབ་བདེན་པ་སྟོན་ཆེད་དུ།
བརྩེ་བས་འཛམ་པའི་གླིང་དུ་ཕེབས་པར་མཛད།
དེ་བཞིན་ཉིད་ནི་བོན་པོས་ཤེས་གྱུར་ན།
བན་འདེ་དགའ་བ་མི་བསྒོམ་ཇི་སྟེ་ཁྲོ།
བདེན་པ་བཞི་དང་གཉིས་སོགས་ཐ་སྙད་རྣམས།
དང་པོ་སུས་བྱས་སུས་ཤེས་རྩོད་འདོད་ན།
སངས་རྒྱས་དང་པོ་ཤཱཀྱ་ཐུབ་མིན་པར་ནི།
སངས་རྒྱས་ཉིད་ཀྱིས་ལུང་ལས་ངེས་པར་འགྱུར།
སྐྱབས་མེད་མགོན་མེད་སྐྱེ་བ་སྔ་ཕྱི་མེད།
རྒྱུ་ཡོད་ནོར་ཡོད་ལོག་སྤྱོད་མཚོན་སྤྱོད་བཞིན།
ཁྱིམ་སྤོང་ཆུང་མ་སྤོང་བའི་འདུན་མ་ཅན།
སྐྱབས་བཅས་མགོན་བཅས་བན་བོན་ཅིའི་ཕྱིར་རྩོད།
འོལ་མོ་ལུང་ག་བ་རེད་ཧ་གོ་ཡོད་པས
འོལ་མོ་ལུང་དེ་ལོ་རྒྱུས་ཀྱི་དུས་ཡུན་རིང་དྲག་ནས་ས་ཆ་མ་ནོར་བ་ཞིག་དྲང་པོ་བཤད་ན་རྙེད་ཁག་པོ་ཡིན་གྱི་རེད། ད་རྙེད་དུ་ཡོད་པ་ནི་བོན་གྱི་བཀའ་བརྟེན་གསུང་རབ་རྣམས་ཡིན་པས་མཇལ་ནས་ཞིབ་འཇུག་ཞིག་གནང་ན་ཡག་པོ་ཡོད་གྱི་རེད། ངས་བསམ་པ་ལ་བོན་གྱི་བཀའ་འགྱུར་དེ་དག་ལ་ལྟ་རྟོགས་མྱོང་མཁན་དཀོན་པོ་འདྲ་བོ་མཐོང་གི་འདུག བཀའ་འགྱུར་པོད་བརྒྱ་དང་བཞི་བཅུ་ཡས་མས་ཞིག་ཡོད་པ་རེད། དེ་ཚོ་ཤེས་མཁན་རྣམས་དྲ་ཐོག་ལ་སླེབ་ཡོད་ས་མ་རེད། ཧམ་པ་བཤད་ནས་མི་གཞི་དང་ཆོས་ལུགས་ལ་དམའ་འབེབ་མང་པོ་བྱེད་མི་རུང་པར་སེམས། བཀའ་འགྱུར་པོད་ཆུང་ཆུང་འདྲ་བོ་ཡོད་པ་རེད། ཞིབ་འཇུག་མཛད་ན་རྡ་སའི་དཔེ་མཛོད་ནང་དུ་ཡོད་པ་རེད། ངས་པོད་ཁ་ཤས་མཇལ་མྱོང་ཡོད་པ་དེ་དག་མདོ་འདི་དང་རྒྱ་བརྒྱུར་གྱི་མདོ་འདི་དང་འདྲ་བོ་འདུག་བསམ་པ་ཞིག་མཐོང་མ་སོང།
ཀུན་ཁྱབ་སྐྱེ་འགག་བྲལ་བ་བོན་གྱི་སྐུ།།
རང་སྣང་འགག་མེད་རང་རྩལ་ལོངས་སྤྱོད་རྫོགས།།
གང་འདུལ་དེར་སྟོན་སྣ་ཚོགས་སྤྲུལ་པའི་སྐུ།།
ཁྱབ་བདག་སྟོན་པ་གཤེན་རབ་རྒྱལ་གྱུར་ཅིག །
འཇིག་རྟེན་ཁམས་ནི་བསམ་མི་ཁྱབ་པ་རུ།།
བོན་དང་དེ་སྟོན་བསམ་གྱིས་མི་ཁྱབ་པའི།།
རབ་འབྱམས་རྡུལ་རྙེད་ཞིང་ཁམས་ཀུན་ཁྱབ་ཅིང།།
བློ་ཆུང་བདག་འདྲས་བརྗོད་པར་ག་ལ་ནུས།།
འོན་ཀྱང་རིས་མེད་གྲུབ་མཐའ་རྣམ་མང་ལ།།
ཐོས་བསམ་གོམ་པ་འདོར་བའི་རྐང་སྟེགས་སུ།།
ཞེན་གོག་མཁྲེགས་འཛིན་རྡོ་རྗེའི་བྲག་རྫོང་གཏོར།།
མེས་པོའི་རིག་གཞུང་འཛིན་པའི་ལམ་འདི་བསྐྲུན།།
སྐལ་བཟང་འདི་ལ་བྱོན་པའི་སྟོན་པ་དེས།།
གཟིགས་ཚད་ལྔ་དང་དགོངས་ཚད་རྣམ་པ་ལྔས།།
རྒྱལ་བཞད་མ་ཡི་ལྷུམས་སུ་སྐུ་བལྟམས་ནས།།
འོལ་མོ་གླིང་དུ་ཐེག་དགུའི་བོན་འཁོར་བསྐོར།།
ཤ་ཟ་གདོང་དམར་བོད་ཀྱི་ཡུལ་ཁམས་འདིར།།
སྟོན་པ་མཆོག་དེས་དངོས་སུ་ཞབས་བཅག་ཅིང།།
ངེས་དོན་ཐེག་པའི་བོན་འཁོར་བསྐོར་བ་ཡི།།
གདུལ་བྱ་མེད་པས་དྲང་དོན་བོན་རྣམས་བསྟན།།
དེ་ནས་སྐད་ཅིག་བདུན་རིང་ཡོན་ཏན་གྱི།།
ཡུལ་དབུས་འོལ་མོ་གླིང་དུ་སླར་ཡང་གཤེགས།།
སྐུ་ཡི་མཛད་པ་སྟོན་པའི་གནས་སྐབས་འདིར།།
གཤེན་ལོ་གྱ་གཉིས་བར་དུ་འགྲོ་དོན་བསྐྱངས།།
མཛད་པའི་གཙོ་བོ་ཡུ་ཁྲི་རབ་འབྱམས་པར།།
རྒྱལ་པོ་དབོ་ཡི་ཞིང་དུ་བདེ་གཤེགས་སྟོང།།
མཚན་ནས་བརྗོད་པས་ཕྱོགས་བཅུའི་སེམས་ཅན་རྣམས།།
སེམས་ཉིད་བོན་གྱི་ཀློང་དུ་མངོན་སངས་རྒྱས།།
སྟོན་པའི་སྤྲུལ་པ་གདུང་འཚོབ་མུ་ཆོ་དང།།
ཟས་གཙང་སྲས་དང་དྲན་པ་ནམ་མཁའ་དང།།
ཚེ་དབང་རིག་འཛིན་པདྨ་འབྱུང་གནས་སོགས།།
སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་མི་ཁྱབ།།
གཤེན་བསྟན་གསལ་མཛད་རྒྱན་དྲུག་མཆོག་གཉིས་དང་།།
བོད་ཡུལ་འདྲེན་མཛད་ལོ་ཙཱ་ཆེ་བཞི་སོགས།།
རིམ་པར་བརྒྱུད་པའི་ཁུངས་དང་ལྡན་པ་ཡི།།
གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་འབྲས་ནི།།
འཁོར་འདས་རང་བཞིན་རྡུལ་ཙམ་མེད་པ་ལ།།
བཟང་ངན་རྣམ་རྟོག་བློ་ཡིས་བརྟགས་པ་ཙམ།།
སྐྱེ་འགག་གནས་གསུམ་བྲལ་བ་བོན་གྱི་སྐུ།།
ཉི་དང་ཟེར་བཞི་ལུས་ཅན་ཀུན་ལ་ཁྱབ།།
སྒོམ་པ་གནས་ལུགས་ཇི་བཞིན་ངོས་བཟུང་ནས།།
འཁྲུལ་སྣང་བོན་གྱི་སྐུ་རུ་བཞུགས་པ་ལ།།
མ་བཅོས་རང་བཞིན་ལྷུག་པར་སྐྱོང་བྱས་ན།།
འོད་ལྔའི་ཀློང་དུ་མངོན་སངས་རྒྱ་བར་འདོད།།
མདོ་རྒྱུད་ཀུན་དང་མཐུན་པའི་སྤྱོད་པ་ལ།།
རིམ་བཞིན་སློབ་པའི་གོ་རིམ་མ་ནོར་བར།།
ཇི་བཞིན་ཉམས་སུ་ལེན་པའི་ངང་ཚུལ་ནི།།
ཤཱཀྱའི་རྗེས་འཇུག་དག་དང་མཚུངས་པ་ཡིན།།
འབྲས་བུ་གཡུང་དྲུང་ལྟ་བུའི་ཏིང་འཛིན་གྱིས།།
སྒྲིབ་གཉིས་ཕྲ་ཞིང་ཕྲ་བ་སྤངས་བྱས་ནས།།
འབྲས་བུ་དོན་གྱི་སྐུ་ལྔ་ལྷུན་གྲུབ་ཏུ།།
མངོན་སངས་རྒྱས་ནས་གཞན་དོན་འབད་མེད་འབྱུང།།
གཡུང་དྲུང་བོན་གྱི་གྲུབ་མཐའ་པད་དཀར་ཕྲེང།།
ཕྱོགས་ཞེན་མི་གཙང་རྡུལ་གྱིས་གཡོགས་པའི་ཚེ།།
དྲང་པོའི་བློ་ཡི་རྔ་ཡབ་རྡེབ་བྱས་ནས།།
རང་བཞིན་གཤིས་ཀྱི་གནས་ཚུལ་གསལ་བར་བྱས།།
སྐྱབས་གསུམ་བང་རིམ་བརྩེགས་པའི་བ་གམ་རྩེར།།
བདེན་བཞི་བླང་དོར་ཆོས་འཁོར་རབ་ཏུ་བཀྲ།།
བདེན་གཉིས་ཐབས་ཤེས་ཉི་ཟླ་ནོར་བུའི་མཚན།།
བོན་སྐུའི་རྟེན་མཆོག་གླིང་བཞིའི་མཆོད་སྡོང་ཉིད།།
བླ་ཆེན་མི་དྲག་རྣམས་ཀྱིས་བོན་ལ་སྨད།།
རྗེས་འབྲང་མཁས་བླུན་སྟོང་གིས་བོན་ལ་སྨད།།
བོན་ནག་རྭ་ཅོ་མཆུ་ཞེས་མིང་འདོགས་ཀྱང།།
ཞིབ་པར་བརྟག་ན་དེ་ཙམ་སྨོད་དོན་ཅི།།
རང་ཅག་བོན་གྱི་རྗེས་སུ་མི་འབྲང་ཡང།།
བོན་ཉིད་རང་ཉིད་རྗེས་སུ་འབྲང་ཐབས་ཀྱིས།།
ཨུ་ཚུག་རྒྱག་པའི་དགོས་པ་གང་ཡང་མེད།།
སོ་སོའི་ལམ་ན་ཐར་པ་རེ་རེ་ཡོད།།
མདོ་སྔགས་སེམས་སོགས་དམ་པའི་གཞུང་ལུགས་ལ།།
ཐོས་བསམ་རྣལ་མའི་དོན་ལ་བརྩོན་པ་ཡི།།
དྲང་སྲོང་འདུས་པའི་སྡེ་ཚོགས་རབ་འཕེལ་ནས།།
མི་འདོད་རྒུད་པའི་ཉེར་འཚེ་ཞི་བར་སྨོན།།
ཅེས་གཡུང་དྲུང་བོན་གྱི་བསྟན་པ་ལ་བསྟོད་པའི་སྐབས་སྟེ་ལྔ་པའོ།། ༡༩༩༨།༥།༣། བྲིས་པའོ།། འདི་ནང་གི་ཐ་སྙད་དང་རྣམ་བཞག་འཇོག་སྟངས་སོགས་བོན་གཞུང་ཇི་བཞིན་མ་བྱུང་བ་ཡོད་ངེས་པས་དགོངས་འགལ་མེད་པ་ཞུ། གང་ཡིན་ཞེ་ན་གཡུང་དྲུང་བོན་ལ་བསྟོད་པ་གྲུབ་མཐའ་གཞན་གྱི་ནང་ནས་ཡིག་ཐོག་ཏུ་བཀོད་མཁན་བྱུང་བ་དེ་ང་གཅིག་པུ་མིན་འགྲོ་བསམ་པའི་དོགས་འཆར་ཡང་ཡོད། དོན་ལ་བོད་དུ་བྱུང་བའི་གྲུབ་མཐའ་འདི་ལ་གུས་པ་ཡོད་པའི་ཐོག་རང་གི་ཆབ་སྲིད་སོགས་ཀྱི་དགོས་དམིགས་གང་ཡང་མེད་པའི་ཐོག་ནས་བྲིས་པ་ཞིག་ཡིན་པས་ད་ལྟ་སྐབས་འདིར་འགོད་འདོད་བྱུང་། གང་ཡིན་ཞེ་ན་བོན་གྱི་སྨྱུག་ཐོག་པ་འགའ་ཤས་ཀྱིས་གྲུབ་མཐའ་འདིར་ས་དགེ་བཀའ་རྙིང་གི་སྡང་ཞུགས་ཀྱི་ལྟ་བ་དེང་དུས་ཡང་ཁུར་མེད་དམ་སྙམ་པའི་ཅ་ཅོ་ཆེ་བ་འདི་རང་ཉིད་ལ་མཚན་ཤས་ཉོ་བྱེད་འདྲ་བོ་མ་གཏོགས་བོན་བསྟན་ལ་ཕན་པ་ཆེར་མ་མཐོང་ཡང་གང་ཟག་གི་བསམ་ཚུལ་དང་དགོངས་ཚུལ་གང་ལ་དམིགས་ནས་བཤད་པ་སུས་ཀྱང་འགོག་མི་ཐུབ་པས་ང་ལྟ་བུས་བཤད་ཚོད་མི་ཐིག འོན་ཀྱང་ང་འདྲ་བོ་ཡིན་ན་ས་དགེ་བཀའ་རྙིང་གི་ཁྲོད་ལ་འཚར་ལོང་བྱུང་བའི་ཉམས་མྱོང་ལ་བསམ་ན་བོན་ལ་མི་དགའ་བ་དང་མེད་པའི་བཟོ་བའི་ཞེ་གནག་པའི་གང་ཟག་དེང་དུས་སུ་ཡང་མཐོང་མྱོང་མེད། བོན་རྣམས་ཀྱིས་མཁན་ཆེན་བོ་དྷི་ས་ཏྭ་ལ་སྨད་པ་དང་བསྟོད་པ་གང་ཡིན་མི་ཤེས་བོན་བསྣུབས་པའི་སྨོན་ལམ་བཏབ་པ་སོགས་མང་པོ་བཤད་ཡོད་པ་རེད།། དེ་ཚོ་ལ་རྙིང་མའི་ངོས་ནས་འཁོན་འཛིན་བྱེད་རིན་མེད་ལ་བྱེད་མཁན་སུ་ཡང་ངས་ནི་མཐོང་མྱོང་མེད། སྤྱིར་བོད་ཀྱི་མཁས་པའི་ཁྲོད་དུ་བོན་པོ་ཕྱི་ནང་གང་ཡང་མ་ཡིན་པར་གྲུབ་མཐའ་ཟུར་པ་ཞིག་ཏུ་འཇོག་པ་དང། ཡང་འགའ་ཤས་ཀྱིས་ནི་བོན་ལ་དབྱེ་བ་མི་འདྲ་མང་པོ་ཕྱེས་ཡོད། དེ་དག་ལ་བོན་གྱི་མཁས་པ་རྣམས་ཀྱིས་དགག་པ་བསྐྱོན་ཡོད། ངས་དེང་དུས་ཀྱི་བོན་པོ་ངས་ཤེས་པ་ཚོ་ནང་པ་གྲུབ་མཐའ་རེད་ལབ་ཀྱི་ཡོད། གང་ཡིན་ཞེ་ན་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་མིང་མི་འདྲ་མ་རེད་མ་གཏོགས་དོན་དག་གཅིག་པ་བོན་ལ་འདུག་པ་མཐོང་བའི་གནད་ཀྱིས་ཡིན། དེ་དག་གང་ཡིན་ནའང་ང་ཚོའི་མཁྲེགས་འཛིན་གྱི་མདུད་རྒྱ་ཅུང་ཙམ་ལྷོད་ནས་ལྐོག་གྱུར་གྱི་གནས་ལ་དཔྱད་པ་བྱེད་པ་ནི་མེད་མི་རུང་པ་ཞིག་ཡིན་པས་གྲོགས་པོ་ཕན་ཚུན་གྱི་འདུ་ཤེས་མ་ལྷོད་པའི་སྒོ་ནས་དཔྱད་པ་ནི་གནས་ལུགས་མ་ནོར་བར་རྟོགས་པའི་སྒོ་གཅོད་མི་རུང་པ་དེ་ཡིན་པས་དེ་ངེས་པའི་ཐོག་ནས་རྩོད་པ་དང་འཚང་འདྲུ་བཞད་གད་སློང་བ་སོགས་གལ་ཆེན་པོར་མཐོང། ཆགས་སྡང་ཁོ་ནས་རྩོད་པ་ནི་བོན་དང་བོད་བཤིགས་པའི་སྦྱོར་བ་ཡིན་པས་དགོས་པ་མེད་དོ། སྤྱིར་བཏང་ལུགས་སྲོལ་འདྲ་བོ་སྔ་མོ་ཡོད་པ་དེ་བཤད་དུས་ཅི་ཡང་མི་ཤེས་པའམ་ཞེན་གོག་གི་དུག་སྡོང་རྒྱས་པའི་གང་ཟག་འགའ་ཤས་ཀྱིས་ཆབ་སྲིད་ཀྱི་དགོས་དམིགས་འགའ་ལ་དམིགས་ནས་གྲུབ་མཐའི་བར་དུ་ཆགས་སྡང་སློང་མཁན་འདྲ་བོ་མང་པོ་མཐོང་སོང། དཔེར་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བོད་སྔ་ཕྱིའི་ལྟ་བའི་བཞེད་མཚམས་ཀྱི་སྐོར་དེ་སྔ་མོ་བཞེད་རྒྱུན་ཡོད་བསྡད་པ་དེ་འདྲ་བཤད་དུས་དགེ་ལྡན་གྱི་ལྟ་གྲུབ་ཁོ་ན་ལ་ཞེན་གོག་བྱེད་ནས་རང་ལུགས་ཇི་བཞིན་མི་གོ་བའི་གང་ཟག་འགའ་ཤས་ཀྱིས་འཁང་ར་བྱེད་པ་དེ་འདྲ་མཐོང་མྱོང་ཡོད་ལ་ཞེ་སུན་ཡང་སྐྱེ་མྱོང་ཡོད། ད་དག་ལ་དེ་སྔ་རབས་དང་ཕྱི་རབས་པའི་བཞེད་མཚམས་མི་འདྲ་བ་རེད། དེ་མར་འགྲེལ་བཤད་རྒྱག་ནས་སྔ་མོ་བཞེད་མཚམས་དེ་ཚོ་གསུངས་པ་རེད། དེ་གལ་མེད་པ་རེད། ད་དུང་དགག་བཞག་ག་ཚད་ཡོད་ན་ཡག་ག་ཡོད་པ་རེད། དེ་མེད་སོང་ན་བསྟན་པ་ནུབ་འགྲོ་བ་རེད་ཅེས་བཤད་དུས་གྲོགས་པོ་འགའ་ཤས་ལ་ར་འཕྲོད་པ་དེ་འདྲ་མང་པོ་བྱུང་མྱོང་ཡོད། དྲང་མོ་བཤད་པའི་ཁུལ་བྱས་ན་སྔ་མོ་ལོ་རྒྱུས་ནང་ལ་ཡོད་བསྡད་པའི་གྲུབ་མཐའ་དེ་ཚོ་ག་དུས་བྱུང་མིན་དང་དེ་དག་གི་འཕེལ་འགྲིབ་སོགས་དཔྱད་བརྗོད་བྱེད་པའི་གཞི་རུ་འོང་ཞིང་དཔྱད་བརྗོད་བྱེད་པ་དེ་ནི་འོས་པའི་ལས་ཞིག་ཡིན་པ་ལས་མི་འོས་པའི་ལས་སུ་མཐོང་མི་རུང་བར་སེམས།། དེང་དུས་ནི་༸སྐྱབས་མགོན་རིན་པོ་ཆེས་ཐུགས་རྗེ་དང་ཟིལ་ཤུགས་འོག་བོན་པོ་ལ་དབུགས་དབྱུང་གཟེངས་བསྟོད་ཚད་ལས་འདས་པ་གནང་བ་འདིས་བོན་གྱི་མཚན་མཐོང་གོང་མཐོར་བཏང་ཡོད་པས་མ་འོངས་པའི་ལོ་རྒྱུས་ནང་དུ་གནས་ངེས་རེད།། བོད་ལ་རྒྱ་གར་ནང་བསྟན་དར་བ་ནས་བཟུང་བོན་པོ་ལ་བོད་རྒྱལ་ཁབ་ཀྱི་ངོས་ནས་བསམ་བླ་བཏང་ན་མཚན་མཐོང་དེང་སང་ལས་ཆེ་བ་ཞིག་ཕལ་ཆེར་ཐོབ་མྱོང་མེད་པས་ཆགས་སྡང་གི་རྒྱུད་བསླད་པའི་སྒོ་ནས་བོན་བསྟན་འདི་དོན་མེད་དུ་མི་བཤིགས་པར་ཞུ།།
བོན་པོའི་ལོ་རྒྱུས་བོན་པོ་ཤེས་ཀྱི་མ་རེད་ཟེར་བ་ཐོས་སོང་དངོས་གནས་ཡིན་པ་རེད
འདྲེ་མོ་ཨ་ཕྱི་དེ་འདི་ནས་ཕྱིར་འབུད་བཏང་བ་འདྲ་དགའ་བསུ་ཡོད་ཁ་བརྡ་དྲ་བས་བཏང་འཛིན་ནན་པོ་གནང་རོགས་ང་ཚོ་ད་ལྟ་ནི་མཐུན་བསྒྲིལ་དགོས་པའི་དུས་ཚོད་ཞིག་ཡིན་པས་ཆོས་རྒྱུད་ཆོས་ལུགས་ཆོལ་ཁའི་དབར་ལ་རྒྱུ་མཚན་སྣ་གཅིག་མེད་པར་ཁ་ནས་གང་ཐོན་བྲིས་ཏེ་གཏོང་རྒྱུ་འདི་རིགས་རྩ་བ་ཉིད་ནས་ཡག་པོ་ཞིག་མ་རེད་དྲན་་་ཁྱེད་རྣམ་པའི་ཕྱག་ལས་བསྟར་སྟངས་ལ་དགའ་བསུ་དང་རྗེས་སུ་ཡི་རངས་ཞུ།
བན་དེ་ལགས་དེ་ཙམ་གསུང་མི་ཉན། གལ་ཡོད་མ་རེད། ཁོང་གིས་སྙན་པོ་འབྲི་གི་འདུག མ་རྩ་རྩོད་རྒྱག་དུས་འདྲ་མི་འདྲ་བཤད་ན་གལ་མེད་པ་རྩོད་མཁན་རྣམས་ལ་ཉམས་མྱོང་ཡོད་ཀྱང་མི་ཕལ་ཆེ་བས་གོ་ལོག་ལ་འགྲོ་བ་དེ་ང་ཚོའི་ཤེས་ཤེས་པ་རེད། དོགས་གཅོད་གནང་དུས་ཕར་ཚུར་དངོས་ཡོད་གནས་ཚུལ་དང་ག་རེ་མཐུན་ཆེ་བ་འདུག སྒྲུབ་བྱེད་དང་འགོག་བྱེད་ལ་བསམ་བློ་བཏང་ནས་རྣམ་དཔྱོད་དྲང་པོའི་ཕྱོགས་སུ་འགྲོ་བ་དེ་གལ་ཆེན་པོ་འདུག དེ་མ་ཡིན་པར་ང་ཆེ་དང་ང་བཙན་སོགས་ཐ་སྙད་རྫིག་པོ་གསུངས་པ་ཙམ་གྱིས་གང་ཡང་མི་ཡོང་བ་གསལ་པོ་རེད། གང་ལྟར་ལོ་རྒྱུས་ལ་དཔྱད་བརྗོད་བཟོ་བ་ཙམ་ལ་ཐོབ་ཤོར་གང་ཡང་མེད་པ་གསལ་པོ་རེད།།
ཁྱེད་ཚོས་དུས་རྒྱུན་ཆོས་རྒྱལ་བཀའ་དྲིན་ཅན་ཟེར་ནས་ཁ་མཁས་པ་མང་ཐག་ཆོད་ཅིག་ཤོད་སྡོད་པ་རེད་མ་གཏོགས། དོན་ངོ་མར་ཆོས་རྒྱལ་བཀའ་དྲིན་ཅན་གྱིས་དགོངས་པའི་སྲོལ་བཟང་་་་བོན་ཆོས་ཟུང་འབྲེལ་་་་གྱི་ཆོས་ལུགས་གསར་པའི་ལམ་བུར་དེང་སང་གི་བོད་ཀྱི་བན་དེ་འདི་ཚོ་ནི་རྩ་བ་ནས་བསྐྱོད་ཀྱི་མི་འདུག། ཅིས་ན་ཁྱེད་ཚོ་ནི་བོན་ལ་སྡང་གཟུག་ཧ་ཅང་ཆེ་བས་སོ། དེ་ནི་སྔོན་གྱི་ཆོས་རྒྱལ་བཀའ་དྲིན་ཚོའི་དགོངས་པ་དང་རྒྱབ་འགལ་དུ་སོང་བའི་བྱ་བ་ཀླད་པ་རུལ་བ་སྣ་བས་མ་ཚོར་བའི་དཔེར་སོང་བ་མ་ཡིན་ནམ། །
འོལ་མོ་ལུང་རིང་ཟེར་ན་དེང་སང་གི་མངའ་རིས་ས་ཆར་གཏོགས་པའི་གངས་དཀར་ཏི་སེ་ཟེར་བ་དེ་རེད། དེ་བོན་གྱི་ལོ་རྒྱུས་ནང་ལན་མང་བཤད་བཞག་ཡོད་པ་རེད། འདིའི་སྐོར་ངས་དྲྭ་ལམ་འདིའི་སྟེང་ནས་ལན་མང་བཤད་ཡོད། ཕལ་ཆེར་མང་པོ་ཞིག་གིས་མ་གཟིགས་ནས་སྐད་བརྒྱབ་བསྡད་ཡོད་པ་འདྲ། ཧ་ཧ་ཧ། ད་དེ་འདྲ་ཞིག་ཡིན་རྒྱུ་རེད།
ཁ་བརྡ་སང་གིས་བོན་པོ་བན་དེའི་མིང་ཁུར་ནས་ནང་དཀྲུགས་མཁན་ཆགས་སྡང་ཁོ་ན་བཤད་ནས་བོན་བཟང་རབས་བཤད་པ་འདིས་གང་བཤད་དྲ་ཐོག་ཏུ་རང་སོར་ཚེ་ཐར་དང་རང་དབང་གཏོང་བ་དགའ་ཡོད། ཁོས་ནང་པའི་ཆོས་དང་སྟོན་པ་ཤྰཀ་ཐུབ་དང་པད་འབྱུང་ལ་སྨད་པ་བསམ་ཚེ་བོན་ལུགས་ཀྱི་གསང་བ་ཕྱི་རུ་བརྡལ་བྱུང་། བོན་བཀའ་བརྟེན་དུ་གླིང་གཞི་ལ་ཝ་ར་ན་སི་དང་བྱ་རྒོད་ཕུང་རི།རྒྱལ་པོ་ཁབ་སོགས་ནས་གཤེན་རབ་ཡིན་པ་བཤད་འདུག ད་དུང་བོན་པོ་ཚོས་ཨུ་ཚུགས་རྒྱགས་ནས་གཞོང་གཞུང་ནས་ཡིན་བོད་ནས་ཡིན་ཟེར་ན་སྣ་འཐེན་ནས་ཁ་ནང་ཨེ་ཡོང་ལྟ་བ་དེ་རེད། མ་ཚད་ཡོལ་མོ་གངས་རིན་པོ་ཆེ་ཡིན་ན། ཡོལ་རིན་པོ་ཆེ་མིཟེར་གང་ཡིན་ནམ། ་་་་་ཧཧ
འོལ་མོ་ལུང་རིང་གངས་རི་ཏི་སེ་རེད་ཟེར་མཁན་དེས་ལུང་པ་དང་རིའི་ཁྱད་པར་ཡང་ཤེས་མི་འདུག
སྙིང་རྗེ་བོན་པོ་ཚོ་གོ་བ་དེ་རེད
འོལ་མོ་ལུང་རིང་དེ་ཞང་ཞུང་ལ་ཡོད་ན་ཞང་ཞུང་སྒོ་ཕུག་བར་གསུམ་ཡོད་པའི་ནང་ནས་ཞང་ཞུང་སྒོ་དེ་བོད་ཀྱི་མངའ་རིས་ས་ཁུལ་འདིར་ངོས་འཛིན་ན་འོལ་མོ་ལུང་རིང་སྒོ་ལ་ཡོད་ལ་ཅེས་བཤད་དགོས་པ་ཡིན་ན།
དྲང་དོན་གྱི་འོལ་མོ་ལུང་དང་ངེས་དོན་གྱི་འོལ་མོ་ལུང་ག་རེ་ཡིན་ནམ།
འདི་དངོས་གནས་ཤེས་འདོད་བྱུང་ནས་དྲི་བ་ཡིན་བོན་དང་བན་གྱི་བར་དུ་ཅོ་འདྲི་འདྲ་བོ་ལ་ཐུགས་བསམ་མི་བཞེས་རོགས་ཞུ།། ང་དང་ང་འདྲ་བོ་མང་པོ་ལ་དེ་ཤེས་འདོད་ཆེན་པོ་ཡོད་པ་ངས་མཐོང་བས་དྲི་བ་འདྲི་བ་ཡིན་པས་ཆགས་སྡང་མི་སློང་བའི་ལན་འདྲ་གནང་རྒྱུ་ཡོད་ན་ཡག་པོ་འདུག
ཤེས་འདོད་ཡོད་པའི་དོན་གནད་ལ་ལན་མེད་པ་ག་རེ་ཡིན་ན།
འོལ་མོ་ལུང་རིང་གི་ལོ་རྒྱུས་རྒྱས་ཤོས་དེ་དཔེ་ཆ་ག་རེའི་ནང་ལ་ཡོད་པ་རེད། དེའི་སྐོར་ངོ་སྤྲོད་གཅིག་གནང་ཐུབ་ན་ཡག་པོ་འདུག ངས་ནི་ཤར་རྫ་རིན་པོ་ཆེའི་ཆོས་འབྱུང་ཙམ་ལས་གཞན་པ་ཀློག་མྱོང་མེད། བོན་གྱི་བཀའ་བསྟན་ག་རེའི་ནང་ལ་འོལ་མོ་ལུང་དེ་ཡོད་པ་རེད།
གདོན་གཟུགས་བོན་དང་གཡུང་དྲུང་བོན་ལ་ཁྱད་པར་ཞིག་ཡོད་པ་གཞིར་བཞག་ནས་བཤད་ན་སྐྱོན་ག་རེ་ཡོད་ན།
བོན་དངགཡུང་དྲུང་བོན་ལ་ཁྱད་པར་ཕྱེས་ན་སྐྱོན་ག་རེ་ཡོད་པ་རེད། ངས་བསམ་པ་ལ་དེ་གཉིས་ཁྱད་པར་ཕྱེས་ན་ཡག་པོ་མེད་འགྲོ་བསམ་དགོངས་འགལ་མེད་པ་ཞུ།
བོན་པོ་ལགས་ཀྱིས་ལན་ཞིག་གནང་ན་ཡག་པོ་འདུག་ཡག་པོ་འདུག
བོན་དངགཡུང་དྲུང་བོན་ལ་ཁྱད་པར་ཕྱེས་ན་སྐྱོན་གང་མེད་པ་མ་ཟད་བདེན་པ་བཤད་པ་རེད། དེ་བཤད་ན་བོན་པོ་ཚོ་རྫུན་རྐུབ་བརྡོལ་བ་རེད། གཤེན་བུ་ཟེར་བ་ཞིག་ཡག་པོ་བཤད་སོང་ང་། གཡུང་དྲུང་བོན་སྔོན་ནས་དམར་མཆོད་དང་ཆོས་དང་མི་མཐུན་ས་མང་། མཐུན་ས་ཡང་བསང་དང་རླུང་རྟ་ཙམ་སོགས་ཡོད། དེང་དུས་བོན་པོ་དེ་ནང་ཆོས་ལ་འདྲ་བཟོ་བྱས་ནས་གཅིག་པ་འདྲ་བྱས་པ་རེད། གང་ཡིན་ན་རྒྱུ་ཆས་ཡག་པོ། རང་བཞིན་སྤོས་དག་ཅིག་ཚོང་ར་ན་བཀྲམས་ན། མི་ངན་འགའ་རེའི་རྫུན་མ་རྒྱུ་ཆས་གཏན་ནས་མི་འདྲ་ན་ཡང་ཕྱོགས་འདྲ་ཞིག་ལམ་སང་ཐོན་ནས་སྤེལ་བ་ནང་བཞིན་རེད། དོལ་ཤུལ་ལ་ལན་ཙམ་མེད་ན་སྙིང་རྗེ་ནས་བྲིས་པའོ། །
ཨ་ཕྱི་ཐུགས་རྗེ་ཆེ།། ཡིན་ནའང་བོན་པོ་ཚོས་དེ་གཅིག་པ་ཡིན་ཞེས་ཨུ་ཚུག་འདྲ་བོ་རྒྱག་གི་འདུག དེ་ལ་རྒྱུ་མཚན་ག་རེ་ཡོད་ན་ངས་ཤེས་མ་སོང། ངས་བོན་གྱི་ལོ་རྒྱུས་འགའ་ཤས་ཀློག་པ་ཡིན་དེའི་ནང་ལ་ཁྱད་ཡོད་མེད་གང་ཡང་མཐོང་མ་སོང། གསལ་པོ་ཤེས་ན་ལན་གནང་རོག་བོན་ལ་ ཁྱད་གསོད་འདྲ་བོ་དེ་འདྲ་གནང་ན་ཡག་པོ་མི་འདུག ཁྱེད་ཀྱིས་ཡག་པོ་བྲིས་འདུག ང་ལ་ལན་གནང་བ་ཐུགས་རྗེ་ཆེ།།