ཁྱོད་སུ་ཡིན།
ངས་འདི་ནས་ཆོས་བརྒྱུད་སྤྱི་འཐུས་ཀྱིས་དགོས་པ་མི་འདུག་ཅེས་དམིགས་སུ་བཀར་ཏེ་བཤད་རྒྱུ་ཡིན་ལ། འདི་ལྟར་བཤད་དོན་ནི་ད་ལྟའི་རང་རེའི་གནས་བབ་དང་སྤྱི་ཚོགས་ཀྱི་བདེ་འཇགས། མ་འོངས་པའི་བོད་ཀྱི་འདུན་ལམ་སོགས་ལ་གཞིགས་ནས་བཤད་པ་ཡིན།
སྤྱིར་འདས་ཟིན་པའི་དོན་དག་ཅིག་ཡང་དང་བསྐྱར་དུ་གླེང་ན་ཡག་པོ་མི་འདུག་མོད། སྐབས་ཐོག་འདིར་མི་གླེང་ཐབས་མེད་ཅིག་རེད་པས་ངས་ངེས་པར་དུ་གླེང་རྒྱུ་ཡིན།
ང་ཚོས་ཆོས་བརྒྱུད་སྤྱི་འཐུས་གླེང་ཡོང་ཚེ་ལོ་རྒྱུས་ཤིག་ཀྱང་དྲན་སོས་ཀྱི་མི་འདུག་གམ། ལོ་རྒྱུས་དེར་ད་དུང་ཡང་ཁྲག་དྲིས་ཁྱབ་འདུག་ཨང་། ཁྲག་དྲི་བྲོ་བའི་ལོ་རྒྱུས་དེ་ཀློག་ཚེ། ཡང་ཆོས་བརྒྱུད་ཀྱི་བར་ནས་བྱུང་བ་རེད་ལ། ཆབ་སྲིད་པ་ཚོས་ཆོས་ལུགས་དང་ཆོས་བརྒྱུད་བེད་སྤྱོད་བྱས་པ་ལས་བྱུང་བ་རེད། གནད་དོན་འདི་དག་ལ་གཞིགས་ཚེ། ང་ཚོས་ད་ལྟ་ཕྱིར་རྟོགས་བྱས་ན་ཡང་ད་དུང་ཕྱིས་མི་འདུག་སྙམ། སྤྱིར་ན་ནིང་གི་གྲོས་ཚོགས་ར་བའི་ནང་གི་སྤྱི་འཐུས་འགའི་བྱེད་སྟངས་དེས།
མི་མངོན་པའི་དབྱིངས་ན་ལྐོག་ཏུ་རྣག་འདུག་པའི་སྐྲང་སྦོས་དེ་ཕྱིར་མངོན་པ་རེད་པས། གཅིག་ནས་ཁ་གཏད་ཀྱི་མདུན་ཐད་ནས་ང་ཚོར་ངོ་ཚ་ཆེན་པོ་ཞིག་ཉོ་རུ་བཅུགས་པ་རེད་མོད། ཡིན་ན་ཡང་ཕྱོགས་གཅིག་ནས་བཤད་ན། སྔར་ནས་རྣག་བཞིན་པའི་སྐྲང་འབུར་དེར་སྨན་བཅོས་བྱེད་རན་པའི་ངོས་ཟིན་ཟབ་མོ་ཐོབ་བཅུགས་པ་ཡིན་པས་ཡག་པོ་བྱུང་བ་རེད། ད་ལྟ་ང་ཚོས་ལོ་རྒྱུས་ལ་ཕྱིར་དྲན་དང་འབྱུང་འགྱུར་ལ་ཞིབ་ལྟ་བྱས་ཏེ་མིག་མདུན་གྱི་ལམ་ལྗོངས་ལ་གཙང་སྦྲ་བྱེད་པའི་དུས་ལ་བབས་ཡོད་པ་དང་།
རང་རེ་ཚང་མས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཉེ་རང་ཆགས་སྡང་གི་ཕྱོགས་ཞེན་བསྐྱུར་ཏེ། སྐབས་ཐོག་གི་རང་རེའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་དངོས་ལ་གཞིགས་པའི་ལག་ལེན་རྣམ་དག་ཅིག་བྱེད་རན་ཡིན། དེ་བཞིན་ཆོས་བརྒྱུད་ཀྱི་ངོས་ནས་བཤད་ན་ཡང་དེ་མཚུངས་ཏེ། ད་ལྟ་ནི་གྲུབ་མཐའ་དང་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་པའི་དུས་མ་ཡིན་པར་འབྱུང་འགྱུར་དང་བོད་སྤྱིའི་གནས་སྟངས་ལ་བསམ་བློ་གཏོང་བའི་དུས་རེད། ལྷག་དོན་དུས་སྐབས་འདིར་མཚོན་ན། གྲོས་ཚོགས་སུ་ཆོ་བརྒྱུད་ལ་དམིགས་བསལ་གྱི་ལས་དོན་ཡང་ཅང་མེད་པས། དོན་མེད་དུ་རྐུབ་སྟེགས་བཅད་བསྡད་ན་ག་ལ་འགྲིག ད་དུང་སྡུག་ས་ཞིག་ནས་བཤད་ན། ཆོས་བརྒྱུད་ཀྱི་སྤྱི་འཐུས་འདི་མ་འོངས་པར་བོད་ཁ་འཐོར་དང་། ཁྲག་དྲི་བྲོ་བའི་ལོ་རྒྱུས་ཤིག་གི་རྒྱུ་རུ་གྱུར་ན་ཇི་ལྟར་བྱེད། ད་སྐབས་རང་རེའི་སྤྱི་ཚོགས་ཁྲོད་མང་ཤས་ཤིག་གི་རྫི་གསང་དོད་ས་དང་ཚོར་བ་སྐྱེན་ས་དེ་ཆོས་བརྒྱུད་དང་ཆོལ་ཁ་རེད་ལ་ཆབ་སྲིད་པ་ཚོའི་དམིགས་ས་གཙོ་བོ་ཡང་དེ་རེད། གལ་སྲིད་སྡེ་སྲིད་དང་ཕག་གྲུའི་སྐབས་བཞིན་ཆབ་སྲིད་པ་ཚོའི་ལག་ཆར་གྱུར་པའམ། ཡང་ན་མི་སྒེར་གྱི་ཚོར་བའི་དབང་དུ་གྱུར་ཏེ་ནང་འཁྲུག་ཅིག་བྱུང་ཚེ། གླེན་འཐོམ་པའི་ཆོས་ལུགས་ཀྱི་ཞེན་ཁོག་ནི་རང་རེའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་ཤས་དེ་རེད། དེ་བས་ད་ལྟ་ནས་ཆུ་མ་ཡོང་གོང་གི་རག་རྒྱག་རྒྱུ་ནི་སྐབས་སུ་བབས་པའི་གནད་ཀྱི་དོན་པོ་རེད་སྙམ། ལར་ནས་རང་རེའི་སྲིད་གཞུང་ནི་དམངས་གཙོའི་སྲིད་གཞུང་རེད་ལ། སྤྱི་འཐུས་གྲོས་ར་ནི་སྤྱི་དོན་སྒྲུབ་སའི་ར་བ་རེད། རྒྱུ་མཚན་འདི་དག་གིས་ན། ང་ཚོས་རྩོད་དགོས་མེད་པའི་ཐོབ་ཐང་ཞིག་རྩོད་དོན་མི་འདུག་གོ །
ཆོལ་ཁའི་སྤྱི་འཐུས་བརྐོ་འཇོག་ལ་འགྱུར་བ་གཏོང་རྒྱུ་གནས་སྐབས་དཀའ་ན་ཡང་། ཆོས་བརྒྱུད་སྤྱི་འཐུས་བརྐོ་འཇོག་ལ་ངེས་པར་འགྱུར་བ་གཏོང་དགོས་ཏེ། ང་ཚོས་མ་འོངས་པའི་དཀའ་རྙོག་སེལ་བར་གོམས་པ་རིམ་སྤོ་ཡི་སྣེ་འཁྲིད་ན་མ་རེད་དམ། གལ་སྲིད་ལ་ལ་ཞིག་གིས། ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཚོའི་རིང་མ་གཏོགས་འབྱུང་འགྱུར་དེ་འདྲའི་རྙོག་དྲ་ཡོང་གི་མ་རེད་ལ། འབྱུང་འགྱུར་གྱི་སྤྱི་འཐུས་ནི་སྤུས་གཙང་རྐྱང་ཐོན་གྱི་རེད་ཟེར་སྲིད་མོད། དེ་ནི་ཧ་ཅང་གི་དོགས་པའི་གནས་ཤིག་རེད།
རྒྱུ་མཚན་ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོན་སྟངས་ལ་ཆག་བཞག་ན། སྤྱིར་ཕྱིའི་མཐོང་སྣང་ལ་དམངས་གཙོའི་ལམ་སྲོལ་འདྲ་ཞིག་གི་ཐོག་ནས་ཐོན་གྱིན་པ་རེད་མོད།
དོན་དམ་པར་གྲྭ་ཚང་ཁག་གི་ཤུགས་ཆེ་ཆུང་དང་དེའི་ནང་ནས་ཆོལ་ཁའི་ཤུགས་ཆེ་ཆུང་གི་ཐོག་ནས་ཐོན་གྱི་ཡོད་པ་རེད། སོམས་དང་། ངང་ཚུལ་འདི་འདྲ་ཞིག་གི་འོག་ནས་སྤྱི་འཐུས་ཡང་དག་པ་ཞིག་ཐོན་ཐུབ་བམ། འདིར་བདག་གིས་སྔོན་དང་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཚོ་ཡང་དག་པ་ཞིག་མ་རེད་ཟེར་བ་མིན་མོད། ཕྱིན་ཆད་ཆབ་སྲིད་པ་ཚོར་ལག་པ་འཆང་སའི་གཞི་ཞིག་དང་། གྲོས་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་བྱེད་མཁན་སྣོན་མ་ཞིག་དགོས་དོན་མི་འདུག་ཅེས་པ་ཡིན།
༼ རང་རེའི་སྤྱི་ཚོགས་ལ་དོན་དམ་གྱི་གོ་རྟོགས་མ་སད་བར་དུ།
སྲིད་དོན་གྱི་གནད་འགག་དག་དམངས་ཚོགས་ཀྱི་ལག་ཏུ་འཇོག་འོས་པ་མི་འདུག་གོ ། ༽
རྩོམ་ཡིག་འདི་དངོས་སྣང་བར་འགྲོ་སོང་། དམངས་གཙོའི་རྒྱལ་ཁབ་ཅིག་གི་ནང་དུ་མི་གཅིག་ལ་འོས་ཤོག་གཅིག་ལས་གཉིས་དང་གསུམ་ལ་སོགས་འཕེན་པའི་ཐོབ་ཐང་ཡོད་མཁན་བཙན་བྱོལ་བོད་གཞུང་ལས་སུ་ཡོད་མི་ཤེས། གདན་ས་ཁག་གིས་གཙོས་གྲྭ་ས་དང་གྲྭ་ཚང་དེ་དག་གི་དགེ་འདུན་པ་ཚོར་འོས་གཉིས་འཕེན་པའི་ཐོབ་ཐང་ཡོད་པ་རེད། འདི་ཙམ་ནས་ཀྱང་སེར་སྐྱ་གཉིས་ཀྱིས་སྲིད་དོན་ཐོབ་ཐང་མི་མཚུངས་པ་རྟོགས་ཐུབ་པ་ཞིག་མ་ཡིན་ནམ། གལ་སྲིད་ཆོས་རྒྱུད་སྤྱི་འཐུས་དེ་མུ་མཐུད་ནས་ཡོང་དགོས་ན་བོད་ཡིན་ནོ་ཅོག་གིས་འདེམས་དགོས་པ་ལས་དགེ་འདུན་པ་དང་བཙུན་མ་གཅིག་པུས་འདེམས་མི་ཆོག་པ་དང་། ཡང་ན་གལ་སྲིད་ཆོས་རྒྱུད་སྤྱི་འཐུས་དེ་མུ་མཐུད་ནས་ཡོང་དགོས་པ་ན་དགེ་འདུན་པ་དང་བཙུན་མ་ཚོར་ཆོས་རྒྱུད་སྤྱི་འཐུས་འདེམས་རྒྱུ་ལས་གཞན་པའི་མི་སྐྱའི་སྤྱི་འཐུས་འདེམས་པའི་ཐོབ་ཐང་སྤྲོད་ཆོག་པ་དེ་ཡིན། འདི་ལྟར་བྱས་ན་ད་གཟོད་སྤྱི་འཐུས་ལ་འོས་འཕེན་སྟངས་ཀྱི་ཐོབ་ཐང་དེ་འདྲ་མཉམ་ཆགས་པ་ལས། གཞན་དགེ་བཙུན་ཚོར་མི་སྐྱ་ལས་འོས་འཕེན་གྱི་ཐོབ་ཐང་ཆེ་བ་འདུག་པས་ན་འདི་ཙམ་ཡང་དམངས་གཙོའི་འགྲོ་ལུགས་དང་མི་མཐུན་ཁར། ད་དུང་ཡང་བོད་པའི་སྤྱི་ཚོགས་ནང་དུ་དགེ་བཙུན་ལ་དོན་མེད་ཀྱི་ཐོབ་ཐང་དང་དགོས་མེད་ཀྱི་གོ་ས་ཞིག་བྱིན་འདུག་པར་སྙམ།
དྲ་བདག་ལགས། འགལ་མེད་པ་ཞུ། ངས་རྩོམ་ཡིག་དཔར་བཤུས་ཀྱི་རྗེས་འཕྲོར་རང་ཉིད་ཀྱི་བསམ་ཚུལ་བྲིས་རྗེས་ཡང་བསྐྱར་རྩོམ་ཡིག་འདི་དང་མཉམ་དུ་མཆན་བུར་བཀོད་ནོར་ཤོར་འདུག་ན། ཐུགས་རྗེ་གཟིགས། རྩོམ་ཡིག་འདི་དང་ངའི་མཆན་བུ་གཉིས་ཁ་ཁར་དབྱེས་རོགས་གནོངས། གུག་རྟགས་དེའི་མན་ཆད་ནས་ངའི་བསམ་ཚུལ་ཡིན།
dear friends,
though i did not read ech and everything but the most important thing is that, we should be united in any case and follow HIS HOLINESS. we should love our brothers and sisters those thinks and care about our own mother, not like chinese stray dogs (dhogyal wa)… and long live HH THE DALAI LAMA and all our great sets like bon, sakya, nyima, kagyu and gelung…
sorry i mean our ‘motherland’ tibet
རྩོམ་ཡིག་དེ་ཆ་ཚང་ཞིག་ཞིབ་མོར་ཀློག་རྒྱུ་མ་བྱུང་འོན་ཀྱང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་མི་དགོས་ཟེར་ནོ་
འདི་ངོ་མ་རྒྱུ་མཚན་ཆེ་བོ་འདུག
དེ་མེད་ན་འགྲིག་གི་རེད། དགོས་ནི་ཞིག་མ་རེད
གོང་གི་རྩོམ་ཡིག་དེ་སྤྱི་དོན་དང་ཆིལ་སྒྲིལ་ལ་དམིགས་ནས་བྲིས་ཡིན་སྲིད། གལ་སྲིད་ཁྱེད་སྤྱི་སེམས་དང་ཆིལ་སྒྲིལ་ལ་སེམས་ཁྲལ་ངོ་མ་ཡོད་ན། ཚིག་བརྗོད་བཀོད་དང་ཚོར་བ་བརྗོད་སྟངས་ཧ་ཅང་གཟབ་ནན་བྱེད་དགོས་པ་རེད། ལས་དོན་འདིའི་ཆེད་འཇམ་བཤད་དང་བཟོད་སྒོམ་ཆེན་པོའི་རྣམ་པ་ངེས་པར་དགོས་པ་ལས། རང་གིས་གང་འདོད་པ་ཚང་མ་ཚོར་བ་རྣོ་བོ་དང་ཚིག་རྩུབ་པོ་ཁོ་ན་སྤྱད་བཤད་ཚར་བ་དང་། གཞན་ལ་བསླབ་བྱ་ཐོབ་འདོད་པ་འགྲིག་གི་མ་རེད། ཕ་རོལ་བོས་ཕུགས་དོན་མ་རྟོགས་སྔོན་ལ་ཁྱེད་ཀྱི་འཁོན་འཛིན་ཚོར་བ་མཐོང་བ་ཞེན་པ་ལོག་འགྲོ་གི་རེད། དཔེརན་ “་་་་་་་་་ལོ་རྒྱུས་དེར་ད་དུང་ཡང་ཁྲག་དྲིས་ཁྱབ་འདུག་ཨང་། ཁྲག་དྲི་བྲོ་བའི་ལོ་རྒྱུས་དེ་ཀློག་ཚེ། ཡང་ཆོས་བརྒྱུད་ཀྱི་བར་ནས་བྱུང་བ་རེད་ལ།” ཚིག་རྩུབ་འདི་འདྲ་ལ་བརྟེན་ནས་སྤྱི་ཚོགས་ཆིལ་སྒྲིལ་བྱེད་ཐུབ་ཁག་པོ་རེད། གྲོས་ཚོགས་ནང་དུ་རྩ་བའི་གྱོད་གཞི་ཆེན་པོ་གང་ཡང་ཡོད་པ་མ་རེད། འོན་ཀྱང་མི་སྒེར་སོ་སོའི་སྐད་ཆ་བཤད་སྟངས་རྩུབ་དྲགས་པ་དང་། རྣམ་འགྱུར་སྟོན་སྟངས་སྡུག་དྲགས་ནས་བཟོས་པ་ཞིག་རེད། རྩ་བའི་སྤྱི་གང་ཆེ་འཚར་ལོངས་བྱུང་ས་ཆ་ཆེན་པོ་ནས་མ་ཡིན་པར། ས་ཁུལ་ཆུང་ཆུང་དང་། རང་གི་གཉེན་དང་གྲོགས་རྙིང་ཁོ་ནའི་དཀྱིལ་ཁོར་ནས་འཚར་བ་དང་། ལྷག་པར་ཁོ་ཚོའི་བློ་འདྲི་སའི་རྒྱབ་ལོག་མི་སྣ་རྣམས་ལ་དེང་རབས་ཀྱི་སློབ་སྦྱོང་དང་ཉམས་མྱོང་མེད་པ། གནའ་སྔ་མོ་བོད་རང་བཙན་ཤོར་དུ་འཇུག་མཁན་གྱི་བགས་ཆགས་རྙིང་ཤོས་ལས་མེད་པས་ལན་པ་རེད།
ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་བ་དེར་རྒྱུ་མཚན་གཏན་ནས་མེད་པ་ཞིག་མ་རེད་མོད། འོན་ཀྱང་རྒྱུ་མཚན་ འདིར་བཀོད་པ་རྣམས་ལ་བསམ་བློ་ཞིབ་ཚག་པོ་མ་བཏང་བ་དང་། ཤོད་ཐལ་ཆེ་དྲགས་པའི་སྐྱོན་གཉིས་ཀ་མཐོང་སོང་། འདས་པའི་སྐྱོན་བྱུང་བ་རྣམས་དང་། མ་འོངས་པར་བྱུང་བའི་ཉེན་ཁ་དང་དོགས་པ་ཡོད་པ་རྐྱང་པས་ད་ལྟའི་གནས་ཚུལ་ལ་ཐ་སྡོམ་རྒྱབ་མི་ཐུབ་ལ། ལར་ནས་རྒྱུ་མཚན་གཙོ་བོ་དཀའ་རྙོག་མི་ཡོང་བ་འདི་ལ་གཞི་བྱས་པ་འདིའི་མིའི་རྣམ་དཔྱོད་ཀྱི་ནུས་པ་ལ་ཡིད་ཆེས་མེད་པ་ཙམ་དུ་མ་ཟད་། རང་ཉིད་ལ་རང་ཉིད་ཀྱིས་བསམ་བློའི་གདེང་འཇོག་ཆུང་བའི་མངོན་རྟགས་ཙམ་ལས་གཞན་གང་ཡང་མིན། རྒྱུ་མཚན་སྣང་བར་འགྲོ་ཤོས་དང་སྟབས་བདེ་ཤོས་དེ་མི་གཅིག་ལ་འོས་གཉིས་འཕེན་པའི་ཁེ་དབང་ཡོད་མི་རུང་ཟེར་བ་འདི་རེད་། ད་ལན་དེ་ཙམ་རྗེས་སུ་མཇལ་ཡོང་།།
འདས་པའི་བྱུང་རིམ་དང་མ་འོངས་པའི་དོགས་གཞི་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་དོན་མི་འདུག་ཟེར་བ་དེ་གནས་ལུགས་ཤིག་ཡིན་མིན་མི་ཤེས་ལ། དམངས་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་རྩ་ནས་མ་རེད་ཟེར་ཡང་རྒྱུ་མཚན་ཞིག་ཏུ་མཐོང་གི་མི་འདུག ད་བར་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམས་ཡོང་བའི་རྒྱུད་རིམ་ལ་སྤྱི་སྡོམ་རང་བཞིན་གྱི་ཕན་ཉེས་གླེང་སློང་བྱེད་མཁན་མེད་པར་མཐོང་སྣང་ལ་བདེ་མིན་དང་ལུགས་སྲོལ་ཡོད་མེད་སོགས་ཀྱིས་འུར་ཤོབ་རྒྱག་སྟངས་འདི་དེ་བས་ཀྱང་ཐབས་སྐྱོ་བོ་ཞིག་ཏུ་འདུག ང་ཚོས་བྱ་བ་གང་ཞིག་ཡིན་ཡང་ཐོབ་ཐང་དང་ལུགས་སྲོལ་ཡོད་མེད་ལ་མ་ལྟོས་པར་གཙོ་བོ་དམིགས་ཐོག་སྤྱི་ཚོགས་ལ་ཕན་ནུས་ཐོན་གྱི་ཡོད་མེད་ནས་གླེང་ན་དགོས་པ་ལེན་རྒྱུ་དང་མི་དགོས་པ་གཡུགས་ཆོག་པར་འདོད། དེ་བས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་མི་དགོས་པར་འདོད་པ་ཙམ་མིན་པར་འདིའི་ཕྱོགས་སུ་ཆེད་ཞིབ་རྟོགས་འཇུག་གི་ངལ་བས་རྩོམ་ཡིག་ཅིག་སྤེལ་དང་ད་བཟོད་ང་ཚོས་གླེང་ཆོག ཨེ་རེད།
རྩོམ་ཀློག་ཐུབ་མ་སོང་ཡང་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བ་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད།
དྲ་ཐོག་མི་སླེབས་པར་ཟླ་ངོ་ཁ་ཤས་ཕྱིན་པའི་ནང་འདིར་རྒྱུ་བ་མང་པོ་ཕྱིན་འདུག ད་ལེན་ཆོས་ལུགས་སྤྱི་འཐུས་མི་དགོས་པའི་བསམ་འཆར་དེ་སྣང་བ་འགྲོ་པོ་ཞིག་དང་རྒྱུ་མཚན་རང་སྐྱ་འཕེལ་བ་གང་ཡང་མེད་པར་འུར་སྒྲོག་བྱེད་པ་འདྲ།
སྤྱི་དོན་ཁ་ལ་འཁྱེར་མཁན་དང་། ལྷག་པར་མ་འོངས་བོད་མི་རིགས་ཀྱི་ཆིག་སྒྲིལ་དང་མདུན་ལམ་ལ་སེམས་གཏིང་ནས་ཤ་ཚ་དང་སེམས་ཤུགས་ཅིག་ཡོད་ན། གོང་གསལ་བསམ་ཚུལ་འདིར་བསམ་བློ་ངེས་པར་ཏུ་གཏོང་དགོས་པར་འདོད་ལ། བོད་མི་རིགས་འདི་དམངས་གཙོ་ཡང་དག་གི་ལམ་ཁ་ཞིག་ཏུ་བསྐྱོད་འདོད་ཡོད་ན་དེང་བཙན་བྱོལ་སྤྱི་ཚོགས་ཀྱི་དགེ་བཙུན་རྣམ་པའི་འོས་འཕེན་གྱི་ཐོབ་ཐང་ལྷག་མ་འདིར་ངེས་པར་འགྱུར་བ་གཏོང་དགོས་པར་འདུག
མཆན་བུ་འདེབས་ན་ཡིན་གཅིག་དྲ་གྲོགས་ཤིག་ལ་སྡིགས་དམོད་དང་ཟུར་ཟ་བྱེད་དགོས་པ་མ་རེད། དོན་དག་ཅི་ཟིག་བྱེད་ཀྱིན་ཡོད་མེད་ལ་གཟས་ནས་སྐད་རེ་ཤོད་ན་དེས་ཕན་པ་ལས། ཐད་ཀར་དུ་གཞན་གྱི་མཆན་བུ་ཅི་ཞིག་བཏབ་པར་དགག་རྒྱག་བྱེད་ཨེ་ནུས་ལ་ལྟ་དགོས་ནི་མ་རེད། ཆོས་རྒྱུད་སྤྱི་འཐུས་དགོས་མིན་དང་དམངས་གཙོའི་འགྲོ་ལུགས་དང་མཐུན་མིན་གོང་དུ་བཤད་ཡོད། ལམ་དང་ལུགས་སྲོལ་དང་མཐུན་ན་བཟང་གི་རེད། དེང་གི་བོད་མི་རེ་འགས་རྟོགས་པ་མཏོ་སྙམ་དང་དགོངས་པ་ཡངས་རབས་ཀྱིས་སྐད་ཆ་གནམ་ནས་བཤད་ཀྱིན་འདུག འདིས་ནི་ང་ཚོ་ཕུང་གི་རེད་པས་གཞན་གྱིས་ནི་ཕུང་བར་མི་ནུས་སྙམ། འདིའི་མིང་ད་རང་ཚོད་མ་ཟིན་པ་ཟེར་ནི་རེད། ཆོས་རྒྱུད་སྤྱི་འཏུས་དགོས་ན་དགོས་ལུགས་ཁྲིམས་དང་སྒྲིག་སྲོལ། མི་དམངས་ཀྱི་ཁེ་ཕན་སོགས་གང་ཐད་བཤད་ཆོག་པས་ཤོད་རྒྱུ་ནི་མི་འདུག ཆོས་རྒྱུད་སྤྱི་འཐུས་དགོས་དོན་གང་རེད། གནོད་ནི་སྔ་ལོའི་ཚོགས་ཐོག་གཅིག་པོ་ནས་མཐོང་ཞིང་ཐོས་ཡོད་ཚོད་རེད། ད་བསྡད་ཀྱིན་བསྡད་ཀྱིན་ཇོ་ནང་ལའང་སྤྱི་འཐུས་དགོས་རྒྱུ་རེད། དེ་ནས་བོ་དོང་དང་བོད་པ་ཁ་ཆེ། བོད་པ་ཡེ་ཤུ་སོགས་ལའང་སྤྱི་འཐུས་དགོས་ཟེར་དུས་ཤིག་ཡོང་གི་རེད། ཏོབ་ཏང་སོགས་ཀྱི་སྐོར་ནས་གོང་དུ་བདག་གི་མཆན་བུ་དེར་གཟིགས་རོགས།
ཆོས་བརྒྱུད་སྤྱི་འཐུས་ཀྱི་གནད་དོན་འདིར། ལ་ལ་ཞིག་གིས་རང་ཚོད་ཚོད་ལ་ཁོང་ཁྲོས་འུར་རྒྱག་གིན་འདུག་མོད། དེས་བོད་སྤྱི་དོན་ལ་ཅི་ཡང་ཕན་ནི་མ་རེད། གལ་སྲིད་གནས་ལུགས་རེ་བཤད་རྒྱུ་ཡོད་ན་ཤོད་དང་བཀག་འགོག་བྱེད་མཁན་ཡོད་པ་མ་རེད། ཆོས་བརྒྱུད་སྤྱི་འཐུས་མུ་མཐུད་གནས་ན་སྐྱོན་ཡོན་ག་རེ་ཡོད་མེད་དང་དགོས་མཁོ་ཡོད་མེད་གང་འཚམ་གྱིས་རྩོམ་ཡིག་འདིར་གསལ་བོར་བྲིས་ཡོད་པ་དེ་ག་རང་ལགས། ད་དུང་དོན་དག་འགའ་རེ་ཤུགས་སུ་བཞག་ཡོད་ལ། གལ་སྲིད་གསལ་བོར་བཤད་ན་རྣམ་པ་ཚོའི་རྣ་བར་གོམས་མེད་རྐྱེན་འུར་རྒྱག་པར་དོགས་ཏེ་བཞག་ཡོད། ཞིབ་མོར་བསམ་བློ་རེ་གཏོང་རྒྱུ་རེ་བ་ཡིན། བླུན་པོའི་ཞེན་ཁོག་དང་ཕྱོགས་རུས་ཀྱི་དབུགས་ཁ་ལྷོད་ལ་ཕབ་སྟེ་བསམ་བློ་རེ་ཐོངས། བོད་སྤྱི་བ་དང་མ་འོངས་པའི་འདུན་ལམ་ལ་སོམས་ཏེ་བསམ་བློེ་རྣལ་མ་རེ་ཐོངས། འདི་ནི་སྐབས་ཐོག་ཏུ་བབས་པའི་དོན་དག་སྙིང་བོ་དེ་རེད།
ཆོས་བརྒྱུད་སྤྱི་འཐུས་དགོས་མིན་བསྐོར་ལ་བསམ་ཚུལ་མང་བོ་དེ་སྔོན་ནས་སླེབས་ཡོད། དྲང་བོར་བཤད་ན་ཆོས་བརྒྱུད་རེ་ལ་སྤྱི་འཐུས་དགོས་འཁོར་མི་འདུག གལ་སྲིད་དགོས་ན་ཆོས་བརྒྱུད་སྤྱིའི་ཐོག་ནས་སྤྱི་འཐུས་གཅིག་བཞག་ན་འགྲིག་གི་རེད། དེ་འདྲ་བྱུང་ན་ཆོས་བརྒྱུད་ཕན་ཚུན་བར་ལ་རྙོག་དྲ་ཉུང་རེ་འགྲོ་རྒྱུ་རེད་ལ་ཕན་ཚུན་འབྲེལ་བར་ཇེ་བཟང་ལ་འགྲོ་བའི་དགེ་མཚན་ཆེར་སྙམ། དྲང་བོར་བཤད་ན་ཆོས་བརྒྱུད་སྤྱི་འཐུས་ལས་སློབ་གྲྭ་སྤྱིའི་སྒང་ནས་སྤྱི་འཐུས་གཅིག་བཞག་ན་སློབ་གྲྭ་ཁག་ལ་དགོས་འཁོར་གང་ཡོད་འཐད་ཀར་གླེང་ཆོག་པའི་དགེ་མཚན་ཡོད། དེ་མིན་ང་ཚོའི་མ་འོངས་པའི་གཅེས་ཕྲུག་འདི་ཚོའི་སློབ་སྦྱོང་གི་དགོས་འཁོར་དང་། སློབ་སྤྱི་རེ་འགའི་ཚུལ་མིན་བྱ་སྤྱོད་སོགས་འཐད་ཀ་སྤྱི་འཐུས་ཚོས་གླེང་ཤེས་ཀི་མ་རེད་ལགས།
མཆན་ནང་གི་་་་་་་་་་་ཙན་དན་ལོ་མ་ལགས་ཀྱི་སྐད་ཆར་རྒྱབ་སྐྱོར་ཡོད།
ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་གསུང་ན་དེ་མི་དགོས་པའི་རྒྱུ་མཚན་ཡག་པོ་ཅིག་དང་འོག་གི་ཁོ་འོའི་དོགས་པ་ཁག་བཞི་ལ་ལན་འདེབས་གནང་བའི་རེ་བ་ཡོད།
༡ ཆོས་བརྒྱུད་ཁག་གི་སྤྱི་འཐུས་མི་དགོས་ཟེར་ན་ཆོལ་ཁའི་སྤྱི་འཐུས་ཀྱང་མི་དགོས་ཟེར་རྒྱུ་ཡིན་ནམ? ༢ ཆོལ་ཁའི་སྤྱི་འཐུས་མི་དགོས་ཟེར་བཞིན་དུ་ཆོལ་ཁ་བྱེ་བྲག་པ་གཅིག་ནས་སྤྱི་འཐུས་མང་པོ་ཐོན་སོང་ན་དེར་ཆོལ་ཁ་གཞན་དག་གཉིས་ཀྱི་བློ་ལ་བབས་ཀྱི་རེད་པས? ༣ དེ་འདྲ་བྱུང་ན་དཀའ་རྙོག་ཉུང་དུ་འགྲོ་འམ་མང་དུ་འགྲོ? ༤ ཆོལ་ཁའི་སྤྱི་འཐུས་དགོས་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་ན་དེ་མང་གཙོ་དང་མཐུན་གྱི་རེད་པས?
རྗེས་སུ་མཇལ་ཡོང་།།
གསལ་བཤད་ཞ྄ུ་རྒྱུར་གོང་གི་དྲི་བ་ཕུལ་སྟངས་ལས། མི་འདི་བརྒྱ་ཆ་བརྒྱ་ཐམས་པ་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ཟེར་བའི་ཕྱོགས་སུ་གཏོགས་པར་འཁྲུལ་མི་སྲིད་པ་མ་རེད། འོན་ཀྱང་རང་ངོས་ནས་ཐ་ཅིག་ཏུ་དགོས་དང་མི་དགོས་གང་ཡང་ཞུ་གི་མེད།
ངས་ཟེར་ན་མི་དགོས་ན་མི་དགོས་པའི་རྒྱུ་མཚན་ཡང་དག་པ་ཞིག་འགོད་དགོས་ཞུ་བ་ཡིན། ཐུགས་རྗེ་ཆེ།།
དྲ་གྲོགས་རིན་ཆེན་ལགས། དོགས་འདྲི་གནང་བར་བཀའ་དྲིན་ཆེ། དྲ་གྲོགས་གཞན་དག་གིས་ཇི་ལྟར་འདོད་མིན་མི་ཤེས། ངའི་བསམ་ཚུལ་ནི། ཆོལ་ཁའི་སྤྱི་འཐུས་ཀྱང་མི་དགོས་ཟེར་བ་ཡིན། མ་གཞི་ནས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་སྟངས་འདི་དམངས་གཙོའི་ལམ་ལུགས་དང་མཐུན་གྱི་མི་འདུག་སྙམ་ཡོད། འོན་ཀྱང་གནས་སྐབས་རིང་ཆོལ་ཁའི་སྤྱི་འཐུས་མི་དགོས་ཟེར་ན་ད་ལྟའི་རང་རེའི་དམངས་ཚོགས་ཀྱིས་དང་ལེན་བྱེད་ཐུབ་ནི་མ་རེད། དེ་བས་གནས་སྐབས་རིང་ཐབས་ཤེས་ཡོད་པ་མ་རེད། ཡུན་གྱིས་དམངས་ཚོགས་ལ་གོ་རྟོགས་སྤེལ་དགོས་པ་རེད། མ་གཞི་ནས་གནད་དོན་འདི་ངའི་རྩོམ་ཡིག་འདིའི་ནང་བཤད་ཡོད་པ་རེད། སྐུ་ཉིད་ཀྱིས་བསྐྱར་ལྟ་ཞིག་གནང་རོགས། ད་ལྟའི་ཆར་རང་རེའི་དམངས་ཚོགས་ལ་ཆབ་སྲིད་སོགས་ཀྱི་གོ་རྟོགས་ཧ་ཅང་སྐྱོ་བོ་རེད། ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་དག་གི་ལག་ལ་ཆབ་སྲིད་ཀྱི་གནད་འགག་བཞག་ཚེ་མཇུག་འབྲས་ཅི་འདྲ་ཞིག་འབྱུང་རྒྱུ་ཡིན་པ་སྐུ་ཉིད་ཀྱིས་གསལ་བོར་ལོས་མཁྱེན། དེ་བས་ངས་ད་ལྟའི་སྤྱི་འཐུས་འདེམས་སྟངས་འདི་ཡུན་གྱིས་ཆབ་སྲིད་ཚོགས་པ་དག་གི་ལག་ལ་འཇོག་དགོས་ཀྱི་འདུག་ཟེར་བ་ཡིན།
དེ་ལྟར་ཆབ་སྲིད་ཚོགས་པའི་བར་ནས་སྤྱི་འཐུས་འདེམས་ཐོན་བྱུང་ཚེ་ཆབ་སྲིད་ཀྱི་གནད་དོན་ཐོག་ལ་ཅུང་སྤུས་དག་ཡོང་ངེས་རེད། དེ་ལྟར་བྱུང་ཚེ་མི་དགོས་པའི་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་དེ་ཚོ་ཡོང་གི་མ་རེད་ལ། དེ་མ་བྱུང་ན་ཆོལ་ཁ་གཅིག་གི་མི་མང་སོང་བ་དང་གཅིག་གི་མི་ཉུང་སོང་བའི་བསམ་འཆར་དང་རྙོག་དྲ་ཐོན་གྱི་མ་རེད། དཔེར་ན་ད་ལྟའི་རང་རེའི་གཞུང་ཞབས་པ་དང་དཀའ་བློན་རྣམ་པ་ནང་བཞིན་རེད། ཆོལ་ཁུངས་ཀྱི་རྙོན་དྲ་ཅང་མི་འདུག་ག སྤྱི་འཐུས་རྣམ་པའི་བྱེད་ཕྱོགས་ཐོགས་ནས་ཀྱང་སྤྱི་བའི་གནད་དོན་ཐོག་ལ་དྲང་བདེན་གྱི་ཕྱག་ལས་གནང་རྒྱུ་ལས་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རུས་ཀྱི་དོན་དག་སྒྲུབ་ཀྱི་མ་རེད། དཔེར་ན་ད་ལྟའི་རང་རེའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནང་བཞིན་རེད།
འདི་ནི་སྐུ་ཉིད་ཀྱིས་དྲི་བ་དེ་དག་གི་ལན་ཆ་ཚང་ཡིན།
དྲ་གྲོགས་རྣམ་ཚོས་ཀྱང་དྲི་བ་དེར་ལན་རེ་རྒྱག་པའམ། དགོངས་འཆར་རེ་གསུངས་རོགས།
ཆོལ་ཁ་གསུམ་ནི་བོད་རྒྱལ་ཁབ་ཆེན་པོ་། བོད་རྒྱལ་ཁབ་ཆེན་པོའི་མི་མང་ནི་དཔེར་ན་རྒྱ་མཚོ་ལྟ་བུ་ཡིན་ལ་། ཆོས་་ལུགས་པ་དེ་ཚོ་རྒྱི་མཚོའི་ཀླང་དུ་ནོར་བུ་འཚོལ་མཁན་གྱི་དེ་དཔོན་ལྟ་བུ་ཡིན་པ་འདྲ་། ད་ལྟས་ར་རྒྱ་མཚོ་ཆེ་རྒྱུ་ར་། དེ་དཔོན་མང་རྒྱུ་རེད་། མང་པོ་བཤད་མ་བཤད་མེད་གི་། མང་གཙོ་ཚུལ་ལྡན་གྱི་རྒྱལ་ཁབ་དག་ལ་ཆོས་བརྒྱུད་འདྲ་མིན་གྱི་སྤྱི་འཐུས་ཡོད་ནི་འེ་རེད་།
རེད། ཁྱོད་ཀྱི་ཆེན་འབྲེལ་ནང་དུ་གསུངས་དོན། ཁྲག་དྲི་བྲོ་བའི་ལོ་རྒྱུས། ཁྱོད་ཀྱིས་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཡིན་པ་དང་ཡོད་པ་ངོ་ཤེས་བཞིན་དུ་ཡང་སྐྱར་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཞིག་བཟོ་འདོད་ཡོད་དམ། བོད་པའི་སྤྱིར་ཚོགས་འདིའི་གང་གི་སྤྱིར་ཚོགས་ཞིག་ཡིན་པ་ཤེས་སམ། མཐར་གཉིས་སུ་མ་ལྷུང་བས་ཁྲིམས་ཡིན་པ་ཤེས་སམ། སྤྱིར་ཁྲིམས་ཐོག་ནས་ཞིབ་དགོས་པར་ཞིག་རེད་མ་ཏོག་མི་རེ་ཟུང་གིས་བསམ་འཆར་དང་ཟང་ཟིང་གི་སྤྱིར་ཚོགས་སྐྲོན་ཐབ་ལ་རྩེས་མེད་རེད།
འདི་འདྲ་ཡིན་རྩམ་དྲ་གྲོགས་ཚོས་དང་པོ་ཁྲིམས་ངོ་ཤེས་པ་དེ་གལ་ཆེན་ནང་ནས་དོན་ཆེ་རེད་ལ་འདིར་ཐོས་བསམ་བྱེད་གལ་ཆེ་ལ་འདིར་དང་འདིར་འདྲ་ཡོངས་བའི་རེ་བ་ཡང་ཡོད། བཀྲ་ཤེས་བདེ་ལེགས།
ཁྱོད་སུ་ཡིན་གྱིས་བྲིས་པའི་ཆོས་བརྒྱུུད་སྤྱི་འཐུས་ཚོ་དགོས་ཀྱི་མི་འདུག་ཟེར་བ་དེ་ལ་རྒྱབ་སྐྱོར་བྱ་འདོད་བྱུང་། རྒྱུ་མཚན་ནི་གུ་དོགས་པའི་བསམ་བློ་དང་ཕྱོགས་ཞེན་གྱི་དབང་དུ་མ་སོང་བར། འདས་ཟིན་པའི་ང་ཚོའི་ལོ་རྒྱུས་ལ་ཕྱིར་མདང་ཟབ་མོ་ཞིག་དང་། མ་འོངས་པའི་མི་རིགས་འདིའི་བདེ་སྡུག་དང་ཁ་ཕྱོགས་ལ་བསམ་གཞིགས་ངེས་ཅན་ཞིག་བྱས་ཡོད་པ་འདིས་ངས་ཁྱེད་ཀྱི་དམིགས་རྒྱང་རིང་བར་རྟོགས། སྤྱིར་ང་རང་ཉིད་ཀྱང་ལུང་ཚན་དང་ཆོས་བརྒྱུད་བྱེ་བྲག་པར་གཏོགས་ལ། ཕྱོགས་ཞེན་མེད་པ་ཞིག་ཀྱང་མ་རེད། ཡིན་ནའང་ཆེས་གནད་ཆེ་ལ་འཇིགས་ཉེ་བའི་ད་ལྟའི་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་བདེ་སྡུག་ལ་ཞིབ་ཏུ་སེམས་ན་ང་ཚོའི་ལུང་ཚན་དང་ཆོས་བརྒྱུད་ཀྱི་ཞེན་ཁོག་འདི་ངེས་པར་དུ་དོར་དགོས་པ་ཞིག་རེད།
མཉམ་མྱོང་ལྟར་ན་སྔར་ལོའི་སྤྱི་འཐུས་གྲོས་ཚོགས་ཀྱི་སྐབས། གྲོས་ཚོགས་ར་བའི་མདུན་གྲལ་དུ་དམར་ལམ་མེར་བཞུགས་ཡོད་པའི་གཤེས་གཉེན་ཚོས་དོན་ཆུང་ངུ་ཞིག་ལ་རྐྱེན་བྱས་ཏེ་ཕྲག་དོགས་དང་ཞེ་སྡང་གི་གཉའ་གནོན་མ་ཐུབ་པར། འཕྲོ་རིམ་འཕྲོར་སོང་ནས་མདུན་གྲལ་སྟོང་སེང་ངེར་བཏང་བ་དེས་ང་ཚོ་ལ་མི་གཞན་གྱི་མདུན་ནས་ངོ་ཚ་དང་བསླབ་བྱ་གཉིས་མཉམ་དུ་སྤྲད་མྱོང་།
སྤྱིར་འདི་ནི་ཁོ་ཚོ་གཅིག་བུའི་ལན་པ་ཡང་མ་ཡིན་པར་ང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་ནོར་འཁྲུལ་ཞིག་ཡོད་པ་ར་སྤྲོད་བྱས་པ་ཞིག་ཀྱང་རེད།
གོང་དུ་ཁྱེད་ཀྱི་མཆན་ཞིག་ན་ཆབ་སྲིད་ཚོགས་པའི་སྟངས་འཛིན་གྱི་ལམ་དུ་འགྲོ་དགོས་པར་བཤད་པ་དེ་ལ་རྒྱུ་མཚན་ལྡན། ཡིན་ནའང་རིམ་པ་དེར་སླེབས་དགོས་ན་ང་ཚོའི་སྤྱི་ཚོགས་འདི་ལ་བསམ་བློའི་གོ་རྟོགས་ངེས་ཅན་དགོས་པར་སྣང་། གང་འདིར་བསམ་ཚུལ་འདི་ལ་དགའ་བོ་བྱུང་།
རེད་ད་ཤར་རལ་གྲིས་བཤད་ནོ་བདེན་པ་རེད་། ད་ང་ཚོའི་ཆོས་རྒྱུད་ཁག་གི་སྤྱི་འཐུས་དགོས་ཀྱིན་མི་འདུག་ཟེར་གྱིན་ཡོད་མ་རྟོག་། ཆོས་དགོས་ཀྱིན་མི་འདུག་ཟེར་གྱིན་མེད་ད་། ཚང་མས་ཉན་ཤེས་གོ་ཤེས་བྱས་ན་མ་རྟོག་་་་་་།
ད་དེ་རིང་ནས་བཟུང་སྤྱི་འཐུས་ཚོགས་མགོ་ཚུགས་ཡོད་པ་རེད། སྔོན་ལོ་བཞིན་ཁྲོ་ཚིག་དང་ཟུར་ཟ་རྐྱང་མ་ཡིན་པར་བོད་ཀྱི་དོན་དངོས་ལ་གཞོལ་བའི་སྐད་ཆ་རེ་བཤད་པའི་རེ་བ་ཆེ། གཞན་གནས་ཚུལ་ཅི་འབྱུང་རེ་སྒུག་བྱས་འདུག་པ་ལས་ད་དུང་ཅང་ཤེས་ནི་མ་རེད།
འདས་པསི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ཆོས་དགོས་ན་ཆོས་བརྒྱུད་དེར་ཆབ་སྲིད་ཀྱི་ཁེ་དབང་དགོས་པ་ཞེ་དྲག་གསལ་པོ་རེད། བོད་ཀྱི་འཐབ་རྩོད་འདི་ཆབ་སྲིད་རྐྱང་པའི་འཐབ་རྩོད་དམ་ཡང་ན་མི་རིགས་རྐྱང་པའི་འཐབ་རྩོད་ཡིན་ཟེར་ན་ནི་གནས་ཚུལ་ཐ་དད་རེད། དེ་མིན་ང་ཚོས་ཆོས་ཀྱི་ཆེད་དུ་ཆབ་སྲིད་ཀྱི་ཁེ་དབང་རྩོད་ཀྱི་ཡོད་པ་གསལ་པོ་རེད་པ།
རྒྱ་ཆེ་ས་ནས་ང་ཚོའི་སྲིད་ཀྱི་ཁ་ཕྱོགས་འདི་ཆོས་ཀྱིས་བསྒྱུར་ནས་ཆབ་སྲིད་ཀྱི་ངོ་བོ་ཁོ་རང་ཆོས་སྲིད་ཟུང་འབྲེལ་ཡིན་ཟེར་མཎི་བགྲང་བགྲང་བྱས་ནས་ཡོད་བཞིན་དུ་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་པ་མི་འདུག་ཟེར་ན་དེ་ཟེར་རྒྱུས་འཕོངས་པའི་གཏམ་ཞིག་མ་རེད་དམ།
འགྱུར་བ་བཏང་དགོས་ན་ཆབ་སྲིད་ཀྱི་ངོ་བོ་ལ་འགྱུར་བ་བཏང་དགོས་པ་ལས་དེའི་ཡན་ལག་ལ་ལག་པ་འཆང་བའི་དགོས་པ་ཆེ་བ་དེ་ཙམ་གང་ཡང་མཐོང་མ་སོང། ངོ་བོ་ལ་འགྱུར་བ་བཏང་དགོས་ན་དང་པོ་འཐབ་རྩོད་ཀྱི་ངོ་བོ་འདི་མི་རིགས་གཅིག་གི་གསོན་གནས་རྐྱང་པའི་བདེ་ཐབས་ཤིག་བཟོ་དགོས་ལ་དེའི་དབུ་ཁྲིད་༧རྒྱལ་བ་རིན་པོ་ཆེས་གཙོས་པའི་ཆོས་ལུགས་ཀྱི་མི་སྣ་སུས་ཀྱང་ཡོང་ཐབས་མེད་པ་གསལ་པོ་རེད།
སྒོང་ང་ཟ་དགོས་ན་སྒོང་ང་བཅག་དགོས་པ་ལས་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་ཁབ་རྩེ་གཉིས་ཀྱིས་འཚེམ་བུ་མི་ཡོང་བ་ཟུར་བསྟས་ལབ་མཐོང་རེད་པ། བསམ་ཕོད་ན་རྒྱ་ཆེ་ས་ནས་བསམ་ཕོད་པ་ཞིག་དང་གལ་ཏེ་དེ་འདྲ་འཇོན་ཡག་མེད་ན་རྩ་བ་བོར་ནས་ཡལ་ག་ལ་འཛིན་པའི་རང་ཅག་གི་བསམ་བློ་ཐུང་ཐུང་འདི་ཚོ་ཆུང་ཆུང་འདི་ཚོ་ཡལ་བར་དོར་ན་མི་བཟང་ངམ།
རྗེས་སུ་མཇལ་ཡོང་ཐུགས་རྗེ་ཆེ།།
ཧ་ཧ་ཧ་ད་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བ་དེ་དག་གིས་བཤད་སྟངས་ལ་བལྟས་ན་བོད་ཀྱི་ཆབ་སྲིད་དབང་ཆ་གྲྭ་ཚང་ཁག་ལ་ཤོར་འགྲོ་བའི་བཟོ་འདུག་ཧ་ཧ་སྔོན་ཆད་དགོན་པ་གྲྭ་ཚང་ཟེར་བ་དང་མི་འདྲ་བའི་ད་ལྟའི་ཆར་གྲྭ་ས་གྲྭ་ཚང་དེ་དག་བསླབ་པ་སློབ་གཉེར་དང་ཐོས་བསམ་སྒོམ་སྒྲུབ་གོང་འཕེལ་དུ་གནས་ཡོད་ལ་དགོན་སྡེ་དེ་དག་ནི་ལྷམ་མེ་ལྷན་ནེ་ལྷང་ངེ་གནས་ཡོད་པའི་སྔ་ལས་ཡར་རྒྱས་ཕྱིན་ཡོདཔས།གལ་སྲིད་བོད་ཀྱི་ཆབ་སྲིད་དབང་ཆ་གྲྭ་ས་གྲྭ་ཚང་ལ་ཡོདན་ལོ་མང་པོའདི་འདྲ་ཡུལ་གྱར་དུ་གནས་ཡོད་རྒྱུ་མ་རེད།མི་སྐྱ་ཚོ་འཇོན་ན་ཐོན་ཤོག་དང།མི་སྐྱ་ཚོས་སྤྱི་རྒྱུ་ལྐོག་ཟ་མི་བཟོ་མཁན།སྒེར་པ་ཕྱུག་སྤྱི་པ་ཉམས་མི་བཅུག་མཁནམི་ཡོད་ན་ཏོན་ཤོག།རེད་ཡ་
ཆོས་བརྒྱུད་སྤྱི་འཐུས་ཀྱང་མི་དགོས།
ཆོས་རིག་ལས་ཁུངས་ཡང་མི་དགོས
ཆོས་སྲིད་ཟུང་འབྲེལ་ཀྱང་མི་དགོས།
ཆོས་ཀྱི་དབུ་འཁྲིད་མི་དགོས་སོ།།ཁྱེད་ཚོ་ལ་དགོས་རྒྱུ་དེ་རེད་པས།ཕོ་ཕཽ་ཆབ་སྲིད་རིག་པ་ཞར་ཀོ།མིག་ཡ་གཅིག་ཞར་བ་རེད་གུ།
༼དོན་དམ་པར་གྲྭ་ཚང་ཁག་གི་ཤུགས་ཆེ་ཆུང་དང་དེའི་ནང་ནས་ཆོལ་ཁའི་ཤུགས་ཆེ་ཆུང་གི་ཐོག་ནས་ཐོན་གྱི་ཡོད་པ་རེད། སོམས་དང་། ངང་ཚུལ་འདི་འདྲ་ཞིག་གི་འོག་ནས་སྤྱི་འཐུས་ཡང་དག་པ་ཞིག་ཐོན་ཐུབ་བམ།༽ ཁྱེད་ཀྱིས་གྲྭ་ཚང་ཁག་ཤུགས་ཆེ་ཆུང་ཟེར་བ་གྲྭ་ཚང་དེ་གང་རེད།་་་་དེའི་ནང་ནས་ཆོལ་ཁ་ཤུགས་ཆེ་ཆུང་ཟེར་བ་དེའི་ནང་གི་ཆོལ་ཁ་ཤུགས་ཆེ་བ་དེ་གང་རེད་ལབ་གདའ།མཛོ་ཞར་རས་རྩ་ཟ་བ་བཞིན་གྱུར་ཡོད་པ་ཨེ་ཤེས་སམ།་ཧ་ཧ་ཧ་ཕོ་ཕཽ་ཕཽ་།
ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་བ་ཆོ་མེད་ཀྱི་གཏམ་རང་རེད། དེ་མ་ཡིན་པ་རག་བཟི་དང་། འཁྲུག་་རྩོད་རྒྱག་མཁན། འཁྲིག་སྲེད་ཀྱི་དོན་དུ་མིག་སེར་རྩོད་མཁན་དང་། རང་དོན་དུ་ལྐུབ་སྟེགས་སྲུང་མཁན་རྐྱང་དགོས་ཀྱི་འདུག་གམ།
བྲ་ཏྲེ་ལགས། རྒྱུས་མེད་ན་རྒྱུས་གཏམ་མ་བཤད་རོགས། ད་དུང་གཞི་མེད་བསྙོན་འཛུགས་ཀྱང་མ་གནང་རོགས།
དྲ་གྲོགས་”ཁྱོད་སུ་ཡིན”ངས་གོང་དུ་ཞུས་པ་དེ་དག་གཟུ་བོར་གནས་ཏེ་གང་དྲན་པ་རྣམས་དྲང་པོར་ཞུས་པ་ཡིན་ཡང་དེ་ལ་དགག་ལན་དམིགས་བསལ་མ་གནང་བའི་རྒྱུ་མཚན་གང་ཡིན་ན།
དྲ་གྲོགས་”བྲེ་ཏྲེ”གླེང་སྟེགས་འདིར་སྒེར་གྱི་བསམ་བློའི་ངར་ཤུགས་ཀྱི་སྦགས་ཞིང་གང་ཟག་ལ་སྡིག་པའི་བྱ་སྤྱོད་དེ་ཆོས་འཇིག་གཉིས་ཀ་དང་མི་མཐུན་པས་མ་གནང་ན་མི་མཛེས་སམ།
རྗེས་སུ་མཇལ་ཡོང་།།
ཁྱེད་སུ་ཡིན༽ཁྱེད་ཀྱིས་བཤད་སྟངས་ལ་བལྟས་ན་རྒྱུས་ཡོད་ཆགས་ཡོང་ནི་རེད་གོང་གི་བཤད་པ་དེ་དག་ལ་གཞི་མེད་པ་ཡིན་ན་འགྲིག་གི་གཞི་མེད་པའི་བསྙོན་འཛུགས་དོན་མེད།༼རིན་ཆེན་ཁྱེད་ཀྱིས་ཆོས་དང་འཇིག་རྟེན་གཉིས་ལ་མཐུན་པའི་བྱ་བཞག་ཅི་ཡོད་དམ༽གྲྭ་ལོག་ཆོས་ལོག་དད་ལོག་ཅན་ཞིག་མིན་ན་ཨ་ཨུ་རྩུ་ཡིན་འགྲོ།
བྲ་ཏྲེ་ཁྱོད་ཀྱིས་བཤད་ཐལ་ཤོར་བའི་ཚིག་རྩུབ་དེ་ཚོར་ཁྱོད་རང་ཤྱཀྱའི་རྗེས་འཇུག་པ་གཅིག་ལ་འོས་དང་མི་འོས་བསམ་བློ་གཏོང་། དེ་མིན་ཁྱོད་ལ་ཁ་མཆུ་མེད་བདེ་མོ་བྱོས་།
དྲྭ་གྲོགས་”ཁྱོད་སུ་ཡིན་”གླེངས་སྟེགས་འདིར་མི་འདྲ་མིན་སྣ་ཚོགས་འདུ་འཛོམས་བྱེད་ས་ཡིན་པས་རང་མདོག་སྟོན་མཁན་མང་པོ་ཡོད་ཀྱང་ཁྱོད་ཀྱིས་བཟོད་བསྲན་མུ་འཐུད་གནང་དེ་དོན་ལ་བབས་པའི་བཀའ་མོལ་ད་མུས་བཞིན་གནང་བའི་རེ་བ་ཡོད།
ཐུགས་རྗེ་ཆེ་རྗེས་སུ་མཇལ་ཡོང་།།
ཆོས་རྒྱུད་སྤྱི་འཐུས་ཚོ་ཕན་མེད་གནོད་བྱེད་ལས་མེད་པ་བག་ཆགས་ངན་པ་འཇོག་མཁན་ད་ལྟའི་ངོ་ཐོག་གི་ཆོས་འཐུས་ཚོས་བྱ་སྤྱོད་ཐ་ཤལ་ཅན་ཚོས་བཟོས་པ་རེད། ཁོ་ཚོའི་བྱེད་སྤྱོད་ལ་མི་མང་འུ་ཐུག་ཞེན་ལོག་ནས་ཆོས་འཐུས་སམ་གཏོར་མ་གམར་པོ་འདི་ཚོ་དགོས་མེད་དོར་བྱ་རེད་ཟེར་གྱི་ཡོད་པ་རེད། ཆོས་འཐུས་ཚོས་མུ་མཐུད་བྱ་སྤྱོད་ངན་དག་སྤེལ་བ་ཡིན་ན། ནང་ཆོས་སྤྱི་དང་ལྷག་དོན་ཆོས་རྒྱུད་སོ་སོ་ལ་ཞེན་པ་ལོག་སྲིད་པ་རེད། ང་ལྟ་བུ་ཡིན་ནའང་སྔ་མོ་གྲྭ་བཙུན་ལ་དད་གུས་ཚད་མེད་ཞུ་མཁན་ཞིག་ཡིན། ཐ་ན་ངའི་ཁྱིམ་ན་གྲྭ་བཙུན་ལ་འཐུང་ཕོར་དམིགས་སུ་བཀར་ནས་བདག་བརྒྱབ་ཡོད། གྲྭ་བའི་གོང་དུ་འདུག་སྲོལ་ཡང་མེད། འོན་ཀྱང་ཆོས་འཐུས་ལྟ་བུའི་ཆོས་པ་མང་པོ་དང་རྒྱུས་ཡོད་ཆགས་རྗེས། ང་རང་གླེན་པ་རེད་དྲན་ནས་ཚིག་པ་ཟ་གི་འདུག ཁོག་ན་ཆོས་མེད། ཁ་ན་ཡ་རབས་ཀྱི་ཚིག་མེད། ལག་ན་ལྟ་གོས་འཚོལ་ཐབས་ཀྱི་ལག་ཤེས་མེད། ཁོག་ན་ཞེ་སྡང་དང་གཅིན་སྐྱག་ལས་མེད། གདོང་ན་ང་ཚོ་ཁྲེལ་མེད་པ་འདི་ཚོའི་མགོ་སྐོར་འོག་ཚུད་ནས་མི་རིགས་འདི་ད་བར་དུ་ཁུ་སུམ་པོར་རྗེས་ལུས་ཐེབས་འདུག་དྲན་པ་ལས། ད་དུང་ཡང་བླུན་པོ་འདི་ཚོས་ཆོལ་ཆོས་སོགས་སྤྱད་ནས་བོད་མི་རིགས་མུ་མཐུད་ནས་ཉམས་ཆགས་དང་ཕམ་ཉེས་ལས་ཐར་དུ་འཇུག་ས་མ་རེད་དྲན། བོད་མི་རིགས་གཉིད་སད་རྒྱུ་རྦད་དེ་འཕྱི་དྲགས་འདུག ནག་ཕྱོགས་བདུད་ཀྱི་གྲྭ་དམར་འདི་ཚོ་རྒྱལ་ནས་བོད་འདི་ཉམས་བཞིན་འདུག་པའི་ཞེད་སྣང་སྐྱེས།
ཆོས་རྒྱུད་སྤྱི་འཐུས་ཚོ་ཕན་མེད་གནོད་བྱེད་ལས་མེད་པ་བག་ཆགས་ངན་པ་འཇོག་མཁན་ད་ལྟའི་ངོ་ཐོག་གི་ཆོས་འཐུས་ཚོས་བྱ་སྤྱོད་ཐ་ཤལ་ཅན་ཚོས་བཟོས་པ་རེད། ཁོ་ཚོའི་བྱེད་སྤྱོད་ལ་མི་མང་འུ་ཐུག་ཞེན་ལོག་ནས་ཆོས་འཐུས་སམ་གཏོར་མ་གམར་པོ་འདི་ཚོ་དགོས་མེད་དོར་བྱ་རེད་ཟེར་གྱི་ཡོད་པ་རེད། ཆོས་འཐུས་ཚོས་མུ་མཐུད་བྱ་སྤྱོད་ངན་དག་སྤེལ་བ་ཡིན་ན། ནང་ཆོས་སྤྱི་དང་ལྷག་དོན་ཆོས་རྒྱུད་སོ་སོ་ལ་ཞེན་པ་ལོག་སྲིད་པ་རེད། ང་ལྟ་བུ་ཡིན་ནའང་སྔ་མོ་གྲྭ་བཙུན་ལ་དད་གུས་ཚད་མེད་ཞུ་མཁན་ཞིག་ཡིན། ཐ་ན་ངའི་ཁྱིམ་ན་གྲྭ་བཙུན་ལ་འཐུང་ཕོར་དམིགས་སུ་བཀར་ནས་བདག་བརྒྱབ་ཡོད། གྲྭ་བའི་གོང་དུ་འདུག་སྲོལ་ཡང་མེད། འོན་ཀྱང་ཆོས་འཐུས་ལྟ་བུའི་ཆོས་པ་མང་པོ་དང་རྒྱུས་ཡོད་ཆགས་རྗེས། ང་རང་གླེན་པ་རེད་དྲན་ནས་ཚིག་པ་ཟ་གི་འདུག ཁོག་ན་ཆོས་མེད། ཁ་ན་ཡ་རབས་ཀྱི་ཚིག་མེད། ལག་ན་ལྟ་གོས་འཚོལ་ཐབས་ཀྱི་ལག་ཤེས་མེད། ཁོག་ན་ཞེ་སྡང་དང་གཅིན་སྐྱག་ལས་མེད། གདོང་ན་ངོ་ཚ་ཁྲེལ་མེད་པ་འདི་ཚོའི་མགོ་སྐོར་འོག་ཚུད་ནས་མི་རིགས་འདི་ད་བར་དུ་ཁུ་སུམ་པོར་རྗེས་ལུས་ཐེབས་འདུག་དྲན། ད་དུང་ཡང་བླུན་པོ་འདི་ཚོས་ཆོལ་ཆོས་སོགས་སྤྱད་ནས་བོད་མི་རིགས་མུ་མཐུད་ནས་ཉམས་ཆགས་དང་ཕམ་ཉེས་ལས་ཐར་དུ་འཇུག་ས་མ་རེད་དྲན། བོད་མི་རིགས་གཉིད་སད་རྒྱུ་རྦད་དེ་འཕྱི་དྲགས་འདུག ནག་ཕྱོགས་བདུད་ཀྱི་གྲྭ་དམར་འདི་ཚོ་རྒྱལ་ནས་བོད་འདི་ཉམས་བཞིན་འདུག་པའི་ཞེད་སྣང་སྐྱེས།
རིན་ཆེན་ལགས། ང་ཉིད་ཀྱིས་གསུངས་པ་དེར་དེ་ཙམ་གྱི་ཡིད་འཐད་མ་བྱུང་ཐལ། ང་ཚོས་ང་ཚོར་དགོས་པའི་རང་དབང་དང་ཐོབ་ཐང་། རིག་གཞུང་སོགས་མདོར་ན་བོད་ཀྱི་ཡོད་ཚད་ཀྱི་ཆེད་འཐབ་རྩོད་བྱེད་པ་ལས། ཆོས་ཁོ་ན་ཙམ་གྱི་ཆེད་མིན་པ་ཧ་ཅང་གསལ་བོ་རེད། ཆོས་སྲིད་ཟུང་འབྲེལ་ཟེར་བ་ཡང་གཙོ་བོ་དཔལ་ཡོན་ཞིག་གི་ཆེད་རེད། དེ་ཡང་ཧ་ཅང་གསལ་བོ་རེད། འོན་ཀྱང་ཆོས་སྲིད་ཟུང་འབྲེལ་ཡིན་ན་ངེས་པར་ཆོས་ལུགས་ཀྱི་གྲོས་འཐུས་དགོས་པའི་ངེས་པ་ཨེ་ཡོད་དམ། ཆོས་དོན་ལས་ཁུངས་ནི་ཆེད་དུ་ཡོད་པ་རེད་མོད། སྐུ་ཉིད་ལ་ཞུ་རྒྱུ་ཞིག་ཡོད་པ་ནི། རང་རེའི་ཆོས་སྲིད་ཟུང་འབྲེལ་ཟེར་བ་འདི་ཆོས་ལུགས་རིས་མེད་ཅིག་གི་ཐོག་ནས་བཤད་པ་རེད་དམ། ཡང་ན་ནང་བ་ཁོ་ནའི་དབང་གིས་བཤད་པ་རེད། འདི་ནིཆོས་སྲིད་ཟུང་འབྲེལ་ཡིན་ན་ངེས་པར་ཆོས་བརྒྱུད་སྤྱི་འཐུས་དགོས་ཞེས་པར་གནད་དོན་ཞིག་རེད། སྔར་དང་ད་ལྟའི་གནས་བབ་ཐོག་ནས་བཤད་ན། རང་རེའི་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཆོས་དེ་ནང་བའི་ཐོག་ནས་བཞག་པ་ཧ་ལམ་གསལ་བོ་རེད་འདོད། གནད་དོན་འདི་ཁ་རྔོག་རྒྱུ་ཞིག་ཡིན་མིན་མི་ཤེས་པས་ད་རང་ཚོད་འཛིན་གྱི་ཡིན།
གཞན་གོང་དུ་དྲ་གྲོགས་མེ་ཆ་ལགས་ཀྱིས་གསུངས་པ་བཞིན། ང་ཚོས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཞེས་པ་ལས། ཆོས་མི་དགོས་ཟེར་གྱི་ཡོད་པ་མ་རེད། འདིས་ཀྱང་ཆོས་སྲིད་ཟུང་འབྲེལ་ཟེར་བར་གནོད་ཀྱི་ཡོད་མེད་གསལ་བོ་རེད་པ། ཡང་གཅིག་བཤད་ན། གདན་ས་སོགས་དགོན་སྡེ་ཁག་གི་གྲྭ་བ་ཚོར་ཡང་། ཆབ་སྲིད་ལ་གོ་རྟོགས་དང་འཇོན་ཐང་། ལྷག་བསམ་བཅས་ཡོད་ན། གྲོས་འཐུས་སུ་ཐོན་ཆོག་ཆོག་རེད། ངེས་པར་ཆོས་བརྒྱུད་ཀྱི་འཐུས་མི་ཞིག་གི་རྣམ་པའི་སྟེང་ཐོན་དགོས་དོན་མི་འདུག་སྙམ་མོ། །
གོང་དུ་དྲ་གྲོགས་འོད་ལགས་ཀྱིས་༼ད་བར་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམས་ཡོང་བའི་རྒྱུད་རིམ་ལ་སྤྱི་སྡོམ་རང་བཞིན་གྱི་ཕན་ཉེས་གླེང་སློང་བྱེད་མཁན་མེད་པར་མཐོང་སྣང་ལ་བདེ་མིན་དང་ལུགས་སྲོལ་ཡོད་མེད་སོགས་ཀྱིས་འུར་ཤོབ་རྒྱག་སྟངས་འདི་དེ་བས་ཀྱང་ཐབས་སྐྱོ་བོ་ཞིག་ཏུ་འདུག ང་ཚོས་བྱ་བ་གང་ཞིག་ཡིན་ཡང་ཐོབ་ཐང་དང་ལུགས་སྲོལ་ཡོད་མེད་ལ་མ་ལྟོས་པར་གཙོ་བོ་དམིགས་ཐོག་སྤྱི་ཚོགས་ལ་ཕན་ནུས་ཐོན་གྱི་ཡོད་མེད་ནས་གླེང་ན་དགོས་པ་ལེན་རྒྱུ་དང་མི་དགོས་པ་གཡུགས་ཆོག་པར་འདོད།༽ཅེས་གསུངས་པ་འདི་ནི་ཧ་ཅང་དོན་ལ་གནས་པ་ཞིག་རེད་འདོད། དེ་བས་དོན་དངོས་ཀྱི་ཐོག་ནས་དགེ་ཕན་ཡོད་མེད་ལ་གཞིགས་དགོས་པ་ལས་སྔར་ནས་ལུགས་སྲོལ་དེ་ཡོད་པས་ཆོས་བརྒྱུད་སྤྱི་འཐུས་དགོས་ཞེས་ན་གཟུ་བོའི་གཏམ་ཞིག་ཡིན་པར་མི་འདོདད་ནུས་སོ། །
གུས་པས་ཆོས་བརྒྱུད་སྤྱི་འཐུས་དགོས་མི་དགོས་གཉིས་ཀ་ལ་མནོ་བསམ་གཏོང་གིན་ཡོད། གང་ལ་རྒྱུ་མཚན་མང་བ་ཡོད་པའི་ཕྱོགས་སུ་ཤར་བསྐྱོད་བྱེད་རྐྱང་ཡིན། འོན་ཀྱང་དྲང་པོ་ཞུས་ན་ཕྱོགས་གཉིས་ཀར་རྒྱུ་མཚན་བློ་ལ་བབས་པ་ཞིག་གསུང་པ་ད་བར་ཐོས་མ་སོང་ཞེས་ཞུ་ན་ཐལ་དྲག་མེད། དགོས་ཟེར་མཁན་ཚོ་ལ་དེ་བས་ཀྱང་རྒྱུ་མཚན་བཤད་ཡག་མིན་འདུག། དེར་བརྟེན་དགོས་པའི་རྒྱུ་མཚན་གུས་པའི་སེམས་ལ་གང་དྲན་འབུད་ཙམ་ཞུ་གིན་ཡིན།
དང་པོ། ལུགས་སྲོལ་ལ་འགྱུར་བ་བཏང་འོས་པ་ཡིན་ན་བཏང་དགོས་པ་ཤིན་ཏུ་བདེན་མོད། གསར་བརྗེ་ཡང་ན་མང་གཙོ་ལ་ཁ་གཡོག་སྟེ་འགྱུར་བ་ལ་དགའ་དྲག་ཧེབ་ལང་པ་དེ་ཙམ་གྱིས་འགྱུར་བ་བཏང་དགོས་ན་བཏང་ཚོད་མེད་པ་མ་ཡིན་ནམ།
གཉིས་པ། ལམ་ལུགས་ལ་འགྱུར་བ་བཏང་བ་ལ་ལུགས་སྲོལ་དེ་བེད་མེད་ཡང་ན་རྗེས་ལུས་ཡང་ན་ཐལ་དྲག་པའི་གནས་ཚུལ་གང་ཞིག་ཡིན་པ་གཞི་རྩར་བཞག་དེ་གང་ཟག་སྒེར་གྱི་འདོད་བློ་དང་འཚམས་མ་འཚམས་ཇི་ལྟར་ཡང་རྒྱ་ཆེ་སའི་སྤྱི་ཚོགས་ཀྱི་ཕྲལ་ཕུགས་ཀྱི་དགོས་མཁོ་དང་ཁེ་ཕན་སོགས་ལ་གནོད་མི་གནོད་ལ་བསམ་ནས་འགྱུར་བ་བཏང་དགོས།
གསུམ་པ། མི་རིགས་ཀུན་ལ་ཐུན་མོངས་གི་མངོན་འདོད་མི་འདྲ་བ་ཡོད་པར་བརྟེན་རྒྱལ་ཁབ་གང་ལ་ཡང་ཆབ་སྲིད་ཀྱི་མངོན་འདོད་དང་རྩ་ཁྲིམས་སོགས་མི་འདྲ་བ་ཡོད་ལ་རྒྱལ་ཁབ་ཤར་ནུབ་གང་དུ་ཡོད་ཀྱང་ནུབ་ཕྱོགས་ཀྱི་འགྲོ་ལུགས་རང་ལེགས་པ་ཡིན་པའི་ངེས་པ་མེད་པ་གསལ་པོ་རེད།
བཞི་པ། བོད་མི་རིགས་འདི་ཆོས་ལུགས་ཀྱིས་བསམ་བློར་དབང་བསྒྱུར་ཟིན་པའི་མི་རིགས་ཞིག་ཡིན་པ་དང་རིག་གཞུང་སོགས་གང་སྤྱིར་ཆོས་ཀྱི་བསམ་བློས་མ་གོས་པ་ཧ་ལམ་མེད་པ་འདི་ལ་རྨོངས་དད་དང་རྗེས་ལུགས་གང་ཟེར་ཡང་མི་རིགས་ཀྱིས་འདེམས་པའི་ལས་དབང་ཡིན་ཙང་འདི་གཞིར་མ་བཞག་རང་བཞག་རེད།
ལྔ་པ། བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་འདི་བོད་མི་ས་ཡ་དྲུག་ཙམ་གྱི་ངོ་ཚབ་ཡིན་པ་ལས་འདི་བཟང་འདི་ངན་གྱི་སློབ་སྟོན་པ་མིན་པས་རྒྱ་ཆེ་ས་ནས་བཤད་ན་ཇི་སྲིད་བོད་ནང་གི་བོད་མིའི་མངོན་འདོད་དང་ཆོས་ཕྱོགས་ཀྱི་བསམ་བློའི་རང་བཞིན་ལ་འགྱུར་བ་མ་སོང་བ་དེ་སྲིད་དུ་ད་ཡོད་ཀྱི་བཙན་བྱོལ་ཆབ་སྲིད་ལ་འགྱུར་བ་བཏང་མི་རུང་ཡང་གསལ་པོ་རེད།
དྲུག་པ། གནས་དོན་དེ་དག་ཕྱོགས་སྡོམ་རྒྱབ་ནས་བལྟས་ན་ལམ་ལུགས་དེ་ལམ་ལུགས་ཡིན་པ་ཙམ་རྒྱུ་མཚན་དུ་མ་བྱས་ཀྱང་ལམ་ལུགས་སོར་བཞག་དགོས་པ་ལྟ་བུ་ཞིག་མཐོང་རུང་རྨོངས་འཆར་ཚད་འཛིན་འོས་པའི་ངེས་པ་མེད་པས་ད་དུང་བགྲོ་གླེང་ལྷུག་པོར་ཡོང་བ་ཞུ།།
རྗེས་སུ་མཇལ་ཡོང་།།
ཙན་དན་ལོ་མས་༼ ད་དུང་ཡང་བླུན་པོ་འདི་ཚོས་ཆོལ་ཆོས་སོགས་སྤྱད་ནས་བོད་མི་རིགས་མུ་མཐུད་ནས་ཉམས་ཆགས་དང་ཕམ་ཉེས་ལས་ཐར་དུ་འཇུག་ས་མ་རེད་དྲན། བོད་མི་རིགས་གཉིད་སད་རྒྱུ་རྦད་དེ་འཕྱི་དྲགས་འདུག ནག་ཕྱོགས་བདུད་ཀྱི་གྲྭ་དམར་འདི་ཚོ་རྒྱལ་ནས་བོད་འདི་ཉམས་བཞིན་འདུག་པའི་ཞེད་སྣང་སྐྱེས།༽ཨོ་སྙིང་རྗེ་ལས་ངན་པ་ཙན་དན་ལོ་མ་དེ་དུག་གི་ལོ་མ་གྱུར་ཚར་ཤག༸གོང་ས་སྐྱབས་མགོན་ཆེནཔོ་གྲྭ་པ་ཡིན་པས་ནག་ཕྱོགས་བདུད་རེད་པས།བདེན་པ་རེད་ཡ་རིན་ཆེན་གྱིས་རང་མདོག་སྟོན་མཁན་མང་པོ་འདུག་ཟེར་བ་བཞིན་རང་མདོག་སྟོན་ནས་རང་འཇགས་གནས་སོང་བ།ཁྱེད་སུ་ཡིན་ཁྱེད་ཀྱིས་རིན་ཆེན་གྱིས་བཤད་པ་དོན་ཚན་བཞི་པ་དང་ལྔ་པ་ལ་ལེན་འདོན་དང།ཁྱེད་རང་ཚོ་མ་སྐྱེ་སྔོན་ནས་ངེད་ཀྱིས་དྲན་ཚར་ཡོད་བོད་འདི་ཆོས་སྒོ་ལ་ཞུགས་པའི་གང་ཟག་གིས་ཆབ་སྲིད་ལ་འཇུག་མི་དགོས་པ་ཞིག་ག་དུས་འགྱུར་ཡོང་སྙམ་པ་ཡོད་།ཆོས་བྱེད་པ་ཚོས་སྲིད་དོན་ལས་གཞན་ཆོས་གཙང་གཙང་བྱེད་ན་ཅི་མི་ལེགས།རེད་དེ་གོང་ཞུ་ལྟར་ཁྱིམ་པ་ཆབ་སྲིད་པ་ཚོས་མི་འཇོན་ནས་མཐར་འདི་ནང་ལྷུང་བ་རེད།
མ་ཚད་མ་འོངས་བོད་འདི་ལ་ཉེན་ཁ་ཆེ་པོ་གསུམ་ཡོད་པས་ཉེན་ཁ་དེ་ལས་གྲོལ་བའི་ཐབས་ཡོད་ན་སྟོན་རན་ཤག།ཉེན་ཁ་དེ་དག་ནི་
ད་ལྟའི་ཆར་བོད་ནང་བོད་མི་རྣམས་ཀྱི་སེམས་ཤུགས་ཆེ་པོ་ཡོད་ཀྱང་རྗེས་སུ་རིམ་པའི་སེམས་ཤུགས་ཆག་པའི་ཉེན་ཁ་ཤིན་ཏུ་ཆེ།རྒྱ་ནག་གོང་ཕྲན་ཏང་གིས་བོད་ནང་གི་བོད་མི་ལ་ད་ལྟའི་ཆར་བོད་མི་འཚོ་བ་སྡུག་པོ་རྣམས་ལ་འཚོ་བའི་དཀའ་ངལ་ཐད་ལ་རོགས་རམ་བྱས་པ་དང་ཕྲུ་གུ་སློབ་གྲྭ་གཏོང་ནས་རོགས་སྐྱོང་གང་ཐུབ་བྱེད་བཞིན་ཡོད་།དེར་བརྟེན་རང་གི་བསམ་ཚུལ་ལ་ཉེན་ཁ་ཆེ་པོ་གསུམ་ཡོད་དང་པོ་ནི་བོད་མི་རྣམས་རྒྱ་ཡི་གཤིས་ཀ་འཇག་ནས་སྐྱེ་སྒོ་བཀག་སྟེ་བོད་ནང་བོད་མི་རིགས་ཉུང་དུ་འགྲོ་བ་དང་མི་རིགས་རྩ་རླག་འགྲོ་བའི་ཉེན་ཁ་ཡོད༎གཉིས་པ་ནི་༸གོང་ས་མཆོག་དགོང་ལོ་མཐོ་རུ་ཕྱིན་ནས་ཕྱི་རྒྱལ་ལ་དགོངས་པ་གཤེགས་དགོས་པ་དང་། གསུམ་པ་ནི་རྒྱ་གར་དུ་ཡོད་པའི་གདན་ས་ཁག་གྲྭ་རྒྱུན་ཉུང་དུ་ཕྱིན་ནས་གྲྭ་རྒྱུན་ཆད་པ་དང་་ གཞན་པ་གཞིས་ཆགས་བོད་མི་ཕལ་ཆེ་བ་ལ་སྔ་ལྟར་སྐྱོ་པོའི་འཚོ་བ་སྐྱེལ་དགོས་པས་ཉེན་ཁ་ཡོད་དེ་རྣམས་ཀྱི་གདོང་ལེན་ག་འདྲའི་བྱེད་རྩིས་ཡོད་དམ། བཙན་བྱོལ་ལ་ཡོད་པའི་གཞུང་དང་དེ་མིན་པའི་ཚོགས་པ་ཁག་མི་རྣམས་ཀྱིས་བསམ་བློ་གཏོང་དགོས་།་ བཙན་བྱོལ་ནང་ལ་བོད་མི་ཚོས་འཚོ་བ་ཡར་རྒྱས་འགྲོ་བའི་དམིགས་ཡུལ་མེད་པ་དང་སློབ་གྲྭ་བ་རྣམས་ མཐོ་སློབ་ཐོན་པ་དང་ལས་ཀ་བྱེད་ས་མེད་པའི་དཀའ་ངལ་ཆགས་ཡོད། ཚོགས་པ་ཁག་གིས་ཆབ་སྲིད་ཀྱི་ལས་ཀ་དེ་ཚོགས་པ་དེའི་ཁེ་ཕན་ཚོང་གི་ཡོང་བབ་སྒྲུབ་བྱེད་བྱས་སྟེ་དོན་དམ་པ་བོད་མིའི་རྩ་དོན་ཆེད་སྒྲུབ་ཐུབ་པ་མི་འདུག་སྙམ།གོང་ཞུས་ཉེན་ཁ་ལས་གྲོལ་བའི་ཐབས་ལམ་ཅི་ཡོད་སྟོན་ཤོག།་ཉེན་ཁ་ཆེ་པོ་གསུམ་ལས་གྲོལ་བའི་ཐབས་ཁྱེད་ཚོ་ལ་ཅི་ཡོད་དམ
ལྷིང་འཇགས་ཀྱི་གྲོས་ཚོགས་ར་བ་ན་
མི་གཞིས་མེད་པའི་གཡུང་དྲུང་རྒྱལ་མཚན་གྱིས
ཁྲིམས་ཀྱི་ཕུང་པོར་ཧམ་པའི་ལྕག་བཙན་གྱིས་་་
མི་མང་མིག་ཆུ་རྟོལ་བ་ཡིད་རེ་སྐྱོ་
སྤྱིར་ཆོས་བརྒྱུད་ཚོའི་སྤྱི་འཐུས་ཡོད་ནའང་སྐྱོན་ཆ་ཆེ་བ་གང་ཡང་མེད། དེ་ལྟར་ཉེན་ཁ་ཆེ་བའི་ཆགས་སྒོ་ཞིག་བྱུང་ཉེན་ཡོད་པའི་རྟགས་མཚན་ཀྱང་མེད། འོན་ཀྱང་ཕོ་ལོ་སུམ་ཅུ་ཕོ་ལོ་སུམ་ཅུ་ལྷག་ཙམ་མི་ཚེ་བསྐྱལ་ཟིན་པ་ངའི་མཐོང་སྣང་ལ། ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཕལ་ཆེ་བ་དགེ་བཤེས་དང་མཁན་པོ་ཡིན་མདོག་མདོག་དང༌། རིགས་པ་བཀྲ་བོ་ཡོད་མདོག་མདོག་དང༌། གྲོས་ཚོགས་སྐབས་སུའང་སྙན་ངག་ཐུང་ཐུང་འདྲ་བྲིས་ནས་ཁོང་ཚོ་ནང་ཁུལ་སྐུར་རེས་བྱས་པའི་འགའ་མཐོང་ཐོས་བྱུང༌། སྐབས་རེ་གཏམ་བཤད་བྱེད་སྐབས་ལུས་ལ་གྲ་ཆས་གྱོན་པའི་གཡའ་ཙམ་ཡང་མི་འདུག དེར་སྐབས་འཕྲལ་ཆོས་བརྒྱུད་སྤྱི་འཐུས་ཀྱི་གདམས་ཕྱོགས་སོགས་ཀྱི་ཐད་འགྱུར་བ་ཞིག་ཏན་ཏན་གཏོང་དགོས་ཀྱི་འདུག། ༎
ཆོས་དང་སྲིད་གཉིས་མེ་ཆུ་མཉམ་གནས་ལྟ་བུ་ཡིན་པས། ནམ་ཞིག་ཆོས་བརྒྱུད་སྤྱི་མཐུན་མེད་ན་ལེགས།
བསྡོམ་ཚིག་ནི། བོད་བཙན་པོའི་ཁྲི་རབས་ཞེ་གཉིས་པ་བཀྲོངས་ནས་སྤུ་རྒྱལ་བོད་ཀྱི་སྟོབས་ཤུགས་ཡོངས་སུ་ཉམས་ཤིང་མཐར་བོད་སིལ་བུ་འཐོར་ཏེ་རང་དབང་རང་བཙན་ཤོར་བ་རེད། དེང་སྐབས་ཆ་སྤྲིན་དུས་རབས་ནང་དུ་འང་རྨོངས་དད་རྗེས་འབྲང་མ་བྱས་ན་བོད་འབངས་སྤྱི་ལ་ཕན་པར་སེམས།
བཙན་བྱོལ་ནང་དུ་ཡང་བོད་ཀྱི་སྔ་རབས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེའི་ལྷག་རོ་ལུས་ཡོད་པ་སྨོས་མེད་རེད་ལ། དེ་ཡང་གཞུང་འབྲེལ་གྱི་བྱ་བ་གང་དང་གང་བྱེད་ཀྱང་ཐོག་མར་ཆོས་བརྒྱུད་མི་འདྲ་བ་ཁག་གི་མགོ་བ་དེ་ཚོར་གཙྀགས་ཆེན་ལྟ་བུར་གཞུང་སའི་ལས་དོན་གང་ཡང་ཆོས་ལུགས་ཀྱི་བྱེད་སྒོ་ལྟ་བུའི་ཐོག་བྱེད་ཀྱིན་ཡོད་པའི་ཚོར་བ་ཡོད་ལ། དེ་ཡང་གཅིག་ནི་བོད་ཕྱི་ནང་གི་བོད་མི་མང་ཆེ་བའི་ཆབ་སྲིད་གོ་རྟོགས་ཧ་ཅང་ཞན་པོ་ཡིན་པ་དང་། གཉིས་ན་བོད་མི་ཚོ་གནས་ལུགས་མེད་པའི་དུང་ཞེན་གྱིས་ཧོབ་རྒྱུགས་བྱེད་རྒྱུ་ཐལ་དྲགས་པའི་སྣང་ཚུལ་འདུག་ཅིང་། དེ་ཡང་བོད་གཞུང་སའི་ཆབ་སྲིད་ཀྱི་ལས་དོན་གང་དུའང་ཆོས་བརྒྱུད་མི་འདྲ་བའི་ཁྲི་བ་དག་ལ་དམིགས་བསལ་གྱི་ཐོང་ཐང་ཡོད་པ་དེས་བོད་གཞུང་གིས་ད་དུང་ཡང་ཆོས་སྲིད་གཉིས་ལས་ཆོས་གཙོའི་ལས་དོན་གཙིགས་སུ་བྱེད་བཞིན་པའི་ལས་སུ་ཁོ་བོའི་ནམ་ཡང་མཐོང་གིན་འདུག་ལ། དེ་ཡང་བོད་གཞུང་དུ་ཆབ་སྲིད་པ་ཤེས་འཇོན་གཉིས་ལྡན་ཡོང་གིན་མེད་པའི་རྒྱུ་ཡང་རེད། དེ་ཡང་བོད་ཉེ་རབས་ཀྱི་ལོ་རྒྱུས་ནང་གི་སོག་པོར་རྒྱབ་རྩ་བྱས་ཏེ་ཆོས་བརྒྱུད་མི་འདྲ་བའི་རྩོད་པའི་མི་སྤྱོད་ལས་འདས་པའི་དམར་གསོད་དང་། དོལ་རྒྱལ་གྱི་ཟིང་སློང་བཅས་གང་ཡིན་ཡང་གཙོ་བོ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ལམ་ལུགས་ཀྱི་ལམ་ཕྱོགས་འོག་བྱུང་བ་ནི་སྨོས་མེད་རེད་ལ། སྔོན་སྟོན་པའི་དུས་སུ་རྒྱ་གར་ཏུ་དེ་འདྲའི་ལུགས་མ་བྱུང་ལ། བོད་ཉེ་རབས་སུ་ཡང་ཆོས་མ་དར་བ་མ་རེད་མོད་འོན་ཀྱང་དེ་དང་དེ་ལྟ་བུའི་སྐྱོ་གར་རབས་དང་རབས་བྱས་ནས་བྱུང་བ་ཡིན་པས། བོད་ཀྱི་ཆོས་གོ་མི་ཆོད་ཅིང་སྲིད་གོ་མི་ཆོད་པའི་ཆབ་སྲིད་ལམ་ལུགས་དང་། སྤྲུལ་སྐུའི་ལམ་ལུགས། སྤྱི་འཐུས་ལམ་ལུགས་སོགས་ལ་ཏན་ཏན་འགྱུར་བ་གཏོང་དགོས་པ་ནི་སྨོས་མེད་ཡིན་རྒྱུ་རེད།
ཁྱེད་སུ་ཡིན་ནི་་་ དངོས་གནས་བོད་མི་ས་ཡ་དྲུག་གི་བདེ་དོན་ལ་བསམ་གཞིག་དང་དེང་དུས་ཀྱིས་སྤྱི་ཚོགས་ལ་དཔྱད་ཞིབ་དཔྱིས་ཕྱིན་པར་བྱས་པའི་མཁས་བ་དྲང་བདེན་གྱི་རྒྱབ་བསྟེནམཐོན་པོ་ཅན་ཞིག་རེད་སྙམ།
གོང་དུ་དྲ་གྲོགས་རྣམས་ཀྱིས་རང་རང་གི་འདོད་པ་དང་གཞན་གྱིས་ཟེར་སྒྲོས་སོགས་སྐུ་ལས་མཛད་མེད་ངང་
དཔྱད་པ་སྣ་ཚོགས་བྱས་བ་ལ་ལྟས་ན་ད་དུང་ཡང་གླད་སྙིང་མཁྲེགས་བཟུང་དང་ཕྱོགས་རེས་ཀྱིས་མིག་སྒྲིབ་ཏེ་བཤད་མཁན་ཁ་ཤེས་མཐོང།། ངས་སྔ་མོ་ཞིག་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་འདི་གཏན་ནས་མི་དགོས་མ་ཟད་
ཆོལ་ཁ་སོ་སོའི་སྤྱི་འཐུས་ནང་དུའང་གྲྭ་བ་གཅིག་ཀྱང་སླེབ་མི་ཉན་པ་ཤེས་ཡོད། འོན་ཀྱང་མྱི་འཁྱམ་ང་འདྲ་
བ་ལ་དེས་ནུས་པ་གང་ནས་ཡོད། ད་ལོ་སྐབས་༡༤པའི་སྤྱི་འཐུས་ཚོགས་དུས་༩་པའི་ཐོག་ལ་ལྟོས་དང་
གྲྭ་བ་སྤྱི་འཐུས་དེ་ཚོ་བདག་པོའི་གསོས་པའི་སྒོ་ཁྱུ་བཞིན་ཞེ་མཁོན་དང་ཞེན་ཁོག་གིས་ལུས་ཀྱི་རྣམ་འགྱུར་
ཁྲོ་བོ་བཞིན་འཁྲིགས་ཏེ་ ལུས་ངག་ཡིད་གསུམ་གྱི་མི་དགེ་བ་བཅུ་པོ་མཚོན་ཆ་བཞིན་བཀོལ་སྤྱོད་བྱས་ཏེ།
ང་གྲྭ་བ་གྲྭ་རྐྱང་ཡིན་ སྲོག་གཅིག་ལས་མེད་པས་ཧ་ལས་པ་ག་རེ་ཡོད་རེད་འགྲོ་ཆོག་ཆོག་ཡིན་ཞེས།
རྫིག་མཉམ་རེ་སྟོན་སྐབས་རང་ཉིད་མི་ཡིན་པའང་ངོས་མ་ཟིན་པ་འདྲ། གཉིས་སྟོང་བརྒྱད་ལོར་བོད་ཆོལ་
ཁ་གསུམ་གྱི་སྤུན་ཟླ་ཁྲི་ཕྲག་མང་པོའི་ཚེ་སྲོག་རྒྱ་དམར་གྱིས་རྩེད་སྤྱད་བྱས་ཏེ་ བསད་་་བཟུང་་་བཅོམ་་
གསུམ་་་བྱས་ནས་་རང་རིགས་མ་ཟད་བྱམས་སྙིང་རྗེས་རྒྱུད་བརླན་པའི་ཕྱི་རྒྱལ་བ་སྤུན་ཟླ་མང་པོས་ཀྱང་རང་དབང་མེད་པར་མིག་ནས་འཆི་མ་འཛེགས་བཞིན་པའི་སྐབས།། བོད་མི་མང་སྤྱི་མཐུས་ནས་ཛ་དྲག་འཚོགས་འདུ་ཐང་ཁ་ཤས་ལ་བསྐོང་ཡང་འདི་འདྲ་བའི་རྫིག་མཉམ་སྟོན་མ་དགོས་སྐད་སང་མཐོན་པོས་ངང་འཆར་གཞི་བློར་བབས་པོ་ཞིག་འཐེན་ནི་ངའི་བརྙན་འཕྲིན་ལས་མཐོང་མ་མྱོང་། ད་དུང་བོད་ཀྱི་ཆོས་རྒྱུད་ཆེན་པོ་
བཞི་གཡུང་དྲུང་བོན་དང་བཅས་བའི་སྔོན་བྱོན་དམ་པ་རྣམས་ཀྱིས་བཤད་སྒྲུབ་ཀྱི་བསྟི་གནས་ཆོས་སྡེ་མང་པོ་
བཙུགས་པའི་དགོས་པ་ཡང་རྗེས་ཞུགས་གདུལ་བྱ་རྣམས་ནས་གཞུང་དོན་མཉམ་སུ་བླང་ཏེ་འཁོར་པའི་ཞེན་
ཐག་རྩ་ནས་བཅད་དེ་བྱ་རྡོ་ཐོག་ནས་འཕུར་བ་བཞིན་བྱེད་དགོས་པའི་བསླབ་བྱ་ཐོས་མྱོང་བ་ལས།།
རྒེར་མཁོན་དང་ཕྱོགས་ཞེན་ཐུགས་ལ་བཏེགས་ནས་མི་དགེ་བཅུའི་གཤོགས་རྩལ་རྒྱང་དེ་གྲྭ་བ་གྲྭ་རྐྱང་
བྱ་རྡོ་ཐོག་ནས་འཕུར་བའི་རྣམ་ཐར་འཇལ་མ་མྱོང་་་ད་དུང་ཤུན་ཏུ་མང་ཡང་རྗེས་སུ་འབྲི་ཆོག་
གང་ལྟར་ཆོས་རྒྱུད་དང་གྲྭ་བའི་སྤྱི་འཐུས་འདི་གཏན་ནས་མི་དགོས་བ་ཞིག་ཡིན་ནོ།།
སྤྱི་མཐུན་འཁྲུགས་གཟིངས་སྐབས་ཁ་ཤས་མ་གཏོགས བོད་སྤྱི་པའི་བདེ་སྡུག་རྒྱབ་སྐོར་ཏེ་ང་ཆེ་ང་བཙན་ལྟ་བུར། རང་དོན་ཁོ་ནའི་སླད་ང་སྐྲག་རྒྱུ་མེད། ང་ཞེ་དགོས་མེད། ཅེས་སྐད་སངས་མཐོ་པོར་སྒྲོགས་མཁན་དགེ་ཤེས་བེ་རི་འཇིགས་མེད་ལགས་ནི་ཤིན་ཏུ་ངོ་མཚར་ཆེ། གང་ཡིན་ཞེས་ན་བོད་སྤྱི་པའི་ངོ་འཚབ་བྱས་ཏེ་སྐད་ཆ་དེ་ལྟ་བུ་སེམས་ནས་བསམ་ཀྱང་ཁ་ནས་བཤད་ཕོད་པ་ནི་ཆེས་རྩ་དོན་ལ་གནོད་ཚེ་བཏང་མཁན་མཁན་དེ་རིགས་་མཐའ་སྐྲོད་བཏང་ན་ཅི་མི་བཟང༌།
ཆོས་བརྒྱུད་ཁག་ནས་ཕེབས་པའི་སྤྱི་འཐུས་རྣམ་པ་ནི། ཆོས་བརྒྱུད་བྱེ་བྲག་པ་སོ་སོའི་འཐུས་མི་བྱས་ནས་ཕེབས་ཀྱི་ཡོད། འོན་ཀྱང་ཁོང་རྣམས་རང་ཉིད་དཔོན་པོ་ཡིན་སྙམ་པའི་ཁེངས་པ་ཞིག་གིས་སྐྲང་སྦོས་ཐེབས་ནས་ཆོས་བརྒྱུད་ཁག་གི་འཐུས་མི་ཡིན་པ་ཕལ་ཆེར་སླར་མི་ལྡོག་པའི་ཚུལ་དུ་བརྗེད་པ་འདྲ།
དངོས་གནས་བོད་མི་མང་པོས་མཐོང་ཚུལ་ཧ་ཅང་ཞན་པོ་འདུག་ལ། འདིར་འཁོད་པའི་མཆན་ཐུང་ནི་ཟུར་ཆ་ཆུང་ཆུང་ཞིག་རེད། ཁྱེད་རྣམ་པའི་གནང་སྟངས་མི་མཛེས་པ་དེས་རྐྱེན་པས་གལ་ཏེ་མ་འོངས་པར་ཆོས་བརྒྱུད་སྤྱི་འཐུས་འདེམས་མཚམས་འཇོག་པ་ཡིན་ན། ཆོས་བརྒྱུད་སོ་སོའི་ཁེ་ཕན་ལ་གནོད་རྒྱུ་ཞིག་ལས་ཕན་པ་གང་ཡོད། ཆོས་བརྒྱུད་སོ་སོར་ནམ་ཞིག་དཀའ་ངལ་ཞིག་འཕྲད་པའི་ཚེ་དེའི་འཐུས་མི་དེས་ལམ་སེང་གྲོས་ཚོགས་སུ་གླེང་སློང་བྱས་ཏེ་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཧ་ཅང་ཆེ།
དམིགས་བསལ་ཆོས་བརྒྱུད་སྟོབས་འབྱོར་ཞན་པ་རྣམས་བསམ་མནོ་ཐོངས། མ་འོངས་པར་དེ་འདྲ་ཞིག་མེད་ན། དཀའ་ངལ་ག་རེ་འཕྲད་རྒྱུ་རེད།
དཔེར་ན། བོད་མིའི་ནང་དུ་ཆོས་ཁས་ལེན་མི་བྱེད་མཁན་མང་དུ་འགྲོ་རྒྱུ་ལས། ཉུང་དུ་འགྲོ་མི་སྲིད། དེ་རིང་ཁ་སང་དགོན་པ་གང་རྫིག་རྫིག་ཁག་ཏུ་གྲྭ་པ་བཟོ་རྒྱུ་ལས། བླ་མ་ལ་བལྟས་ནས་གྲྭ་པ་བཟོ་ཉུང་ཉུང་ཡིན་པ་འདྲ་འདུག
དེར་བརྟེན་བོད་མི་སྤྱི་ལ་ཕན་པའི་སེམས་བསྐྱེད་མེད་ཀྱང༌། རང་ཉིད་ཀྱི་ཆོས་བརྒྱུད་གནོད་མི་སྐྱེལ་བའི་ས་མཚམས་ཤིག་ལོས་དགོས། དེ་ཡང་མེད་ན་ལས་འབྲས་ལགས་ཀྱིས་མཁྱེན༎ ༎