ཆོས་མངོན་པ་ལས་གསུངས་པའི་ས་སྟེང་གི་རི་ཡི་རྒྱལ་བོ་རི་རབ་དང་ས་འོག་གི་དབང་ཆེན་གསེར་གྱི་ས་གཞི་གཉིས་ཚན་རིག་གི་གྲུབ་དོན་དང་རྙེད་དོན་དུ་གྱུར་ཡོད་མེད་ཐད་བསམ་གཞིག་མི་བྱེད་ཀ་མེད་རེད་ཡ། རྒྱུ་མཚན་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་གྲྭ་ས་ཁག་ཏུ་འདིའི་དོན་ལ་ཡང་ལོ་གསུམ་བཞིའི་ཚ་བའི་ནང་གི་ཆོས་རྩོད་རྒྱག་གིན་ཡོད་པ་རེད། གོང་ས་མཆོག་གིས་ཀྱང་མངོན་པ་མཛོད་ཀྱི་ནང་ན་ནང་པའི་ལམ་དང་དེའི་འབྲས་བུའི་རྣམ་གཞག་མ་གཏོགས་གཞིའི་གནས་སྐབས་སུ་སློབ་དཔོན་དབྱིག་གཉེན་གྱིས་འདི་འདྲ་ཞིག་མ་གསུངས་ན་དེ་འདྲ་ཞིག་ཀྱང་མ་གསུངས་ན་དྲག་ག་བསམ་པ་མང་པོ་ཞིག་འདུག་ཅེས་གསུང་ཟབ་ལན་མང་ཕེབས་འདུག དེ་བཞིན་མངོན་པ་མཛོད་ཀྱི་འཛམ་གླིང་དེ་ས་གཞི་རིལ་བོ་འདི་རེད་དམ་ཡང་ན་ས་གཞི་འདིའི་ཆ་ཤས་ཤིག་རེད། དགེ་ཆོས་ཀྱིས་གླིང་བཞི་ཀ་རྒྱ་གར་ནས་རྙེད་པ་དེ་ལ་འགྲེལ་བཤད་ཅིག་ཡོད་དམ། དེ་རིང་ང་ཚོའི་འདི་ན་ཨ་རི་བ་བོད་པའི་ནང་ཆོས་ཀྱི་འབུམ་རམས་པའི་ལག་ཁྱེར་ཡོད་པ་ཞིག་གིས་བོད་བརྒྱུད་ནང་བསྟན་གྱི་སྟོང་ཁམས་དང་གོ་ལའི་རྣམ་གཞག་ཆལ་ལེ་ཆོལ་ལེ་ཞིག་བཤད་ཀྱིན་འདུག་པར་ངས་ཟུར་ཉན་ཞིག་བྱས་པ་ཡིན་ཏེ། མགོ་སེར་ནང་པའི་འབུམ་རམས་པ་འདི་ལས་ང་ཚོའི་མཛོད་འཛིན་གྲྭའི་སློབ་གཉེར་བ་ཡག་པོ་ཞིག་གི་ཤེས་ཚད་ངོ་མ་དོན་དང་ལྡན་པ་ཞིག་འདུག་ཨང་བསམས་བྱུང་། ངན་པ་མ་རིག་ན་བཟང་པོ་མི་དྲན་ཞེས་པ་དེ་མི་ང་འདྲ་ལ་བཤད་པ་འདྲ།
ཡེ་ཤེས་དྲིན་ཆེན་པོ། ཆོས་ཀྱི་རྩོད་པ་འདི་དག་མཚམས་ཞོག་ཡ། ང་ལ་ཡང་བཤད་རྒྱུ་མང་པོ་ཡོད། ཁ་བརྡ་འདི་ལ་ཆོས་ཀྱི་གནད་འགག་དེ་ཚོ་འཁྱེར་ཡོང་ནས་ཅི་བྱེད། ཁ་བརྡ་ཀློག་མཁན་གྱི་ནང་ལ་དབེན་ས་བ་ཟེར་བའི་དོན་གོ་མཁན་ཡང་ཡོད་མེད་མི་ཤེས། འདི་ཚོ་ལས་ཟ་འཐུང་སྡོད་ལུགས་ཀྱི་སྐད་ཆ་བཤད་ན་ལེགས་པ་འདྲ། ཐུགས་རྗེས་གཟིགས།
ཨོ་ཡ། དེ་ན་ད་ཟ་འཐུང་གི་སྐོར་ནས་ཅིག་བཤད་ཁ་ཡེད་ཡ། ད་ནང་ཞོགས་པ་ངས་འཚིག་ཇ་ཕོར་བ་གང་འཐུངས་མ་ཐལ་སྐྱག་པ་གཏོང་རྒྱུ་ཡོང་སོང་བས་ལམ་སེང་གསང་སྤྱོད་དུ་སོང་། སྐྱག་པ་གཏོང་ཞོར་འདང་ཞིག་རྒྱག་དུས་དེ་རིང་གཟའ་ཉི་མ་ཡིན་པ་དྲན་ནས་ཅུང་མིན་ན་སྐྱག་པ་རྐུབ་འགག་བྱུང་སོང་། ཅི་རེད་ཟེར་ན། ནམ་རྒྱུན་གཟའ་ཉི་མ་རེ་རེ་བཞིན་ང་ལ་ལས་རྒྱུ་ཅི་ཡང་མེད་པས་འགྲོ་འདུག་མ་ཤེས་པའི་འཇིགས་སྐྲག་བསམ་གྱིས་མི་ཁྱབ་པ་ཞིག་མྱོང་གི་འདུག དེ་ནས་ཆོས་མངོན་པ་སློབ་སྦྱོང་བྱེད་མཚམས་དེར་སྐྱར་སྦྱོང་ཞིག་བྱེད་རྩིས་ཀྱིས་དབྱིན་དེབ་མཐུག་རྡང་མ་དེའི་ཁ་ཕྱེ་ལ་མ་ཕྱེ་ཡི་མཚམས་དེར་ཁྲོག་ཅེས་སྒོ་ཕྱེ་ནས་ནང་ཡོང་མཁན་ཞིག་བྱུང་སོང་། གཅིག་ལྟ་དུས། ཨ་བླ་མ་མཁྱེན། ད་ཡིན་ན་ཁོ་རེད། ལག་སྔ་བརྩད་དེ་གདོང་དཀྱིལ་ལ་གཅིག་བརྒྱབ་མ་ཐག་༩༡༡གི་ཨང་གྲངས་མ་མནན་ན་མི་འགྲིག་པ་སེམས་ནང་ལམ་སེང་དྲན་སོང་། ཡིན་ན་ཡང་ལག་ནོར་ནས་༠༡༡གནན་མ་ཐག་རྒྱ་རྒན་གཉིས་ངར་ངར་ཤོར་ཤོར་གྱིས་ནང་ལ་ཡོང་ནས་ཏྰ་ལའི་འདྲ་པར་གར་ཡོད། བོད་ཀྱི་དར་ཆ་གར་ཡོད་ཟེར། ཟི་ལིང་ཆང་དཀར་ཤེལ་དམ་བཞི་ཡིས་ལམ་འཇུག་བྱས་མ་ཐག་རྒྱ་མོ་ལྷ་མོ་འདྲ་བ་ཞིག་གིས་འཐེན་ཐུག་དཀར་རྒན་གཉིས་གསེར་ནག་གི་སྡེར་མ་ཞིག་གི་ནང་ལ་བཞག་ནས་ལྡེམ་ལྡེམ་ཁྱུག་ཁྱུག་གིས་མདུན་དུ་བསླེབས་སོང་། འདོད་ཆགས་ཀྱི་མེ་ལྕེ་དམར་ལྷམ་མེ་བ་ཞིག་གི་དཀྱིལ་ནས་སྡོམ་པ་ཕར་འབུལ་ལོང་མེད་པར་འཕྲོགས་ནས་བུད་སོང་བ་འདྲ། ཤུལ་དུ་ལུས་པ་ནི་ལོ་བརྒྱ་ལོན་པའི་ཤིང་ཏོག་ཀེ་ལ་རྙིད་པ་ཞིག་དང་རྟ་གསེབ་བརྒྱ་ཡིས་མི་ཟིན་པའི་འགྱོད་པ་དང་སྤྲིན་པ་ལྗིད་པོ་ཞིག་རེད། སྤྲིན་པ་དེར་ཞོན་ན་འགྲིག་མིན་དྲིས་པ་ན་མགོ་བོ་ལྕོག་ཙམ་བྱེད། སྒང་ལ་ཞོན་མ་ཐག་མེ་སྒྱོགས་ཀྱི་སྒྲ་ཞིག་གིས་སྣེ་ནས་དུད་ཞགས་ནག་པོ་ནམ་མཁའ་ཁྱབ་པ་ཞིག་དང་ཕིས་ཙ་སྡེར་མ་གང་མདུན་དུ་བཤམས་འདུག དཀྱིལ་གྱི་ཚོ་ས་སྣུམ་ས་དེ་རུ་སོ་རྒན་ཞིག་འདེབས་རྩིས་བྱེད་དུས་ཨ་ཤོ་ཀིའི་མེས་པོ་ཟླ་བ་སྦས་པ་དང་ཁོའི་སློབ་དཔོན་གཉིས་ཀྱི་གཡུལ་བཤམས་ལུགས་སེམས་ནང་ལ་ཆུ་ནག་བཞིན་གདུས་སོང་། ལམ་སེང་མཐའ་ནས་ཟ་རྩིས་བྱེད་དུས་རྒྱ་མིས་བོད་ས་མཐའ་ནས་ཟོས་པ་དེ་དྲན་པས་ཁྲག་གི་ཐིགས་པ་འགའ་མིག་མཐའ་ནས་བཞུར་ཏེ་ཞི་བདེའི་རྒྱ་མཚོའི་འཁྲིས་ཀྱི་ཉ་བའི་གྲོང་གསེབ་དེའི་རྩིག་རྟིང་ཞིག་ཏུ་འཁྱིལ་བྱུང་། ཉ་བའི་བུ་མོ། ཉ་བའི་བུ་མོ། སུ་ཡིན་གོ ཨོ་རེད། སྒེ་ཤ་ཞེས་པའི་འཇར་ཕན་གྱི་སྒྲུང་རིང་དེའི་ནང་གི་ཉ་བའི་བུ་མོ་ཆུང་ཆུང་སྙིང་རྗེ་བོ་དེ་རེད། མོ་ཉ་ཤ་བཟའ་རྒྱུར་དགའ་བོ་ཡོད་ལ་མོའི་གཅེན་མོ་དང་མོའི་དགའ་རོགས་གཉིས་ཀྱིས་ཤིང་ནགས་ནང་དུ་འཁྲིག་པ་སྤྱོད་པར་བལྟ་རྒྱུར་ཡང་དགའ་བོ་ཡོད། མཐའ་མར་མོ་བཙོངས་མཁན་གྱི་མི་རྒན་ལོ་ཚོད་ང་དང་འདྲ་བ་དེར་སེམས་པ་ཤོར་བ་ནས་སྒྲུང་འདི་འཁྲུག་ཆ་དོད་དུ་སོང་། ད་ཚར་ས་མ་རེད། སང་ཉིན་ཡིན་ན།
ཁམས་དང་། དབང་པོ་དང་། འཇིག་རྟེན་དང་། ལས་དང་ཕྲ་རྒྱས་དང་། ལམ་དང་གང་ཟག་དང་། ཡེ་ཤེས་དང་། སྙོམས་འཇུག་སྟེ་གནས་བརྒྱད་ཀྱི་བདག་ཉིད་ཅན་གྱི་བསྟན་བཅོས་སྟེ་མངོན་པ་མཛོད་འདི། སློབ་དཔོན་དབྱིག་གཉེན་གྱིས་སྔར་དགྲ་བཅོམ་པ་ཚོས་བསྟན་བཅོས་བྱེ་བྲེག་བཤད་མཚོ་ཆེན་མོ་གསན་ཏེ། མངོན་པ་སྡེ་བདུན་དང་། བྱེ་བྲག་བཤད་མཚོ་ཆེན་མོ་སོགས་ཀྱི་བརྗོད་བྱའི་སྙིང་པོ་མ་ལུས་པ་བསྡུས་ནས། དེ་ཡང་ཐེག་དམན་གྱི་ལུགས་སུ་མཛད་པར་གྲགས་པ་འདིར། རྒྱལ་དབང་མཆོག་གིས་གལ་ཏེ་སློབ་དཔོན་དབྱིག་གཉེན་ཕྱིར་འཇིག་རྟེན་ཁམས་ལ་ཕེབས་དབང་དུ་བཏང་ན། མངོན་པ་མཛོད་འདིར་བཟོ་བཅོས་མཛད་དགོས་རབས་ཀྱི་སྐུ་རྩེད་དང་། གནད་འགག་ཅིག་ལ། རྒྱལ་དབང་མཆོག་གིས་ཆོས་མངོན་པ་མཛོད་འདི་སྐབས་དེའི་སྤྱི་ཚོགས་དང་སྐབས་དེའི་སྐྱེ་བོ་ཐ་མལ་བ་ཚོའི་ཁམས་དང་མོས་པར་བརྟེན་ནས་མཛད་བཞག་པ་ཡིན་སྲིད་ཅེས་གསུངས་བ་ཞིག ངའི་ཡིད་ལ་ཡོད།
སྒྲུང་འདི་འཁྲུག་ཆ་དོད་དུ་སོང་བ་མ་རེད། ཁྱོད་རང་བསམ་བློའི་གོང་རིམ་འཁྲུག་ནས་ཚོར་ཤེས་མ་རྙེད་པ་འདྲ། རེ་བ་ལ་རིང་མིན་མི་ཡི་རྣམ་ཤེས་ཤིག་རྙེད་པར་སྨོན།
དྲྭ་རྒྱ་ལས་ཆོས་བཤད་མི་ཆོག་པ་ག་རེ་ཡིན་ནམ། གྲྭ་བ་དང་གྲྭ་ལོག་མང་བའི་སྤྱི་ཚོགས་འདི་ལ་ཆོས་བཤད་རྒྱུ་དེ་ཡང་གལ་ཆེན་པོ་མ་རེད་དམ། ཅིག་བྱས་ན་ཁྱེད་རང་དེ་ལ་སྤྲོ་སྣང་མེད་སྲིད་མོད། རྒན་པོ་ྐླུ་འབུམ་རྒྱལ་ལ་དོན་ཆུང་ཡང་། །ཞི་ལི་བསོད་ནམས་ཐར་ལ་དོན་ཆེན་ཡིན། །ཞེས་པ་དེ་དྲན་རོགས།