ཤར་ཕྱོགས་ཁུག་རྟ།
བོད་མི་མང་སྤྱི་ལྷན་སྐབས་ ༡༥ པའི་ཚོགས་དུས་གསུམ་པ་ཟླ་འདིའི་ཚེས ༡༤ ནས་འགོ་ཚུགས་ཟིན་པ་ལྟར། ཕྱི་ཟླ ༣ པའི་གྲོས་ཚོགས་ནི་སྔོན་རྩིས་ཀྱི་ཚོགས་འདུ་ཡིན་པར་ཟེར་སྲོལ་ཡོད་པ་ལྟར་ལས་ཁུངས་ཁག་གི་སྔོན་རྩིས་སྟེང་ཚོགས་འདུ་ཚོགས་བཞིན་པ་རེད། ཁོ་བོ་ཁ་སང་བར་གྲོས་ཚོགས་ཀྱི་ཟུར་ཉན་དུའང་བཅར་ཁོམ་མ་བྱུང་ཡང་། ཁ་སང་ཉིན་གང་གྲོས་ཚོགས་ཀྱི་ཟུར་ཉན་དུ་བསྡད་པ་དང་། དེ་མིན་མཚན་མོར་བོད་གཞུང་གི་བརྙན་འཕྲིན་བསྐྱར་ཟློས་ཟེར་བར་ལྟོས་ཏེ་གྲོས་ཚོགས་ལ་སྔར་ལྟར་སློབ་སྦྱོང་བྱ་ཐུབ་པ་བྱུང་། གཞན་དམིགས་བསལ་ཞིག་ལ་ད་ཐེངས་ཛ་དྲག་གི་སྐབས་སུ་ཚོགས་འདུ་དགོང་དྲོའི་ཆུ་ཚོད་ ༩ བ་དང ༧ བར་ཚོགས་བཞིན་པས་སྤྱི་ལྷན་གྱིས་མེད་ན་མ་གཏོགས་གང་ཡོང་ཅི་ཡོང་གནང་སྟངས་ལ་སྐྱ་སེར་མང་པོར་ཡིད་འགུལ་ཐེབས་བཞིན་པ་གོ་ཐོས་བྱུང་། བོད་ནང་དུའང་དེ་སྐོར་ཁག་ཅིག་ལ་ཁ་བརྡ་བྱ་རྒྱུ་བྱུང།
ཡིན་ནའང་། རྩ་དོན་གསུམ་གྱི་སེང་གེའི་བཀའ་ཤག་ད་ཐེངས་གྲོས་ཚོགས་སྟེང་འདར་སུག་འགའ་ཐེབས་བཞིན་པའང་མང་མང་གིས་གསལ་བོར་མཁྱེན་འདུག་ལ། སེང་གེ་ཚང་ལ་དོན་དག་བཤད་རྒྱུ་ལས་ཅུང་ཧམ་པའི་ཤེད་ཀྱིས་ཚོགས་ཉིན་ཕུད་རྒྱག་བྱེད་པའི་བསམ་ཚུལ་ཡོད་པ་ང་བཞིན་ཚང་མར་སྣང་བ་བྱུང་འདུག ངའི་བརྙན་འཕྲིན་ནང་ཁ་ན་སྒྲ་ནས་ཡོང་བའི་ཕྱི་དྲིལ་བཀའ་བློན་ཟེར་བ་བུ་མོ་བདེ་སྐྱིད་ཆོས་དབྱིངས་སྐུ་རླུང་བཞེངས་ནས་ལག་པས་ཅོག་ཙེ་རྡུང་བ་མཐོང་བྱུང། གནད་དོན་ལག་ཁྱེར་ཁ་པར་ཞིག་ལས་འཕྲོས་པ་དང་། གཞན་ཡང་ཚིག་ཟུར་ནས་ཁ་ན་སྒྲ་གཡུག་ནས་སླེབས་པ་དེ་ཞེ་དྲག་ཅིག་ཡིན་པ་གསུངས་བཞིན་དངན་པའི་དབུགས་རིང་འཐེན་བཞིན་དྲི་བ་ཚ་བོ་དག་ལ་ལན་འདེབས་གནང་བ་ཐོས་པས་སེམས་སྟེང་ནས་སྙིང་ཅིག་རྗེ་སོང།
ང་ཟུར་ཉན་དུ་བཅར་བའི་ཉིན་མོ་དེའང་ང་ཚོའི་བཀའ་ཁྲི་༼སྐུ་ཞབས་ངས་༽སྔར་བཞིན་ཤེས་ཡོན་ལ་དུངས་བ་ཡོད་པ་དང་། སློབ་གཉེར་གྱི་བརྒྱུད་རིམ་ཡོད་ཚུལ་བཤད་པ་ལས། དོན་ངོ་མའི་ཤེས་ཡོན་གྱི་ཞགས་རྩི་ཞིག་ཁ་ནས་ཐོན་སོང་བསམ་བསམ་མ་བྱུང་ཡང་། ཁོང་གི་སྐུ་ཟླའི་གཉེན་ཉེ་འཕྲོད་བསྟེན་བཀའ་བློན་ཟེར་བ་ཕོ་གསར་དེས་ལན་གནང་དུས་༼ ཨ་དང་ཨུ་ནས་༽གསུངས་རྒྱུ་མང་དྲག་ནས་སྐུ་ཞབས་ངས་དངོས་གནས་ཤ་གྲུང་པོ་བྱས་པ་མཐོང་བས་ང་ལ་ཡང་མི་མཛའ་བའི་སྙིང་རྗེ་ཅིག་སྐྱེ་སོང་།
ངས་ག་ལེར་ཚོགས་རྭར་ལྟོས། བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོར་ལྟོས་པས། བཀའ་བློན་ཚོའི་ལན་གནང་དུས་ང་དགོད་ན་འདོད་སར་སྤྱི་འཐུས་རྣམ་པའང་དགོད་ཀྱིན་འདུག གཏམ་བཤད་ཉོག་ནས་ཉོབ་འགྲོ་དུས་སྤྱི་འཐུས་ཁག་ཅིག་གིས་ཀྱང་ཕྱག་གིས་ཐོད་པ་སྐྱོར་ནས་བཞུགས་པ་མཐོང་བས། ང་ལ་བདེན་པ་ཞིག་པ་ཡོད་དེའང་ཇེ་གསལལ་ནས་ཇེ་གསལ་རེད་བསམས་སོང་། དེ་ནི་ངས་སྔ་མོ་ནས་བཀའ་ཤག་འདི་ལ་བདེ་དཔལ་སྟག་འབྲོང་གཉིས་ལས་གཞན་དུ་ཅི་ཞིག་འདུག་གམ་ཞེས་བཤད་མྱོང་བ་དེ་རེད།
གྲོས་ཚོགས་འདི་ལ་ཆགས་བཞག་པ་ཡིན་ན། ཟམ་གདོང་རིན་པོ་ཆེའི་ཁྲི་ལ་བཞེངས་མཁན་ནི་དེ་རིང་ཚེ་རིང་དོན་གྲུབ་རང་རེད། འབྲོང་ཆུང་དཔའ་བོས་བདེ་སྲུང་ཧྲ་ཐག་གེར་བསྣམས་ནས་དྲིས་ལན་གྱི་ཟ་ཟུར་གྲ་གྲུ་ཀུན་ཏུ་ཉམས་ཞིག་འདུག འདི་གཉིས་མེད་ན་ད་ཐེངས་གྲོས་ཚོགས་འཐུས་མི་ཚོར་ལན་འདེབས་ཚད་ལྡན་ཞིག་ཀྱང་གང་ནས་ཁྱེར་ཡོང་དགོས།
དེའི་ཐོག་ལོ་ངན་སྒང་ལ་ཟླ་ལྷག་ཟེར་བའི་དཔེ་ལྟར་ལྟས་ངན་པ་ཞིག་ལ། སྐུ་ཞབས་ངའི་རྒན་རབས་པ་བཀའ་བློན་པད་མ་ཆོས་འབྱོར་ཕ་ཡུལ་ཨ་རི་ནས་རྒྱ་གར་དུ་ཕྱག་ལས་གནང་ཆོག་པའི་ཆོག་མཆན་མ་སྤྲད་པར་རྒྱ་གར་དུ་ཕེབས་ཐུབ་མི་འདུག ཆོས་རིག་བཀའ་བློན་གྱི་རྐུབ་སྟེགས་ནག་གོར་སེ་འདུག་ཁར། སྤྱི་འཐུས་ཤིག་གིས་ཞེ་སྣང་འཚེར་སྣང་ཅི་ཡང་མེད་པར་བཀའ་ཁྲི་སྐུ་ཞབས་ང་ལགས་ལ་ཤེས་རིག་བཀའ་བློན་ནས་དགོངས་པ་ཞུ་རོགས། ཚོགས་ཐེངས་འདིར་ཤེས་རིག་བཀའ་བློན་ཅིག་ཐོན་གི་འཇུག་རོགས་ཟེར། དེ་ལ་སྐུ་ཞབས་ངས་ཀྱང་བསམ་བློ་གཏོང་གི་ཡིན་ཟེར། ང་ཚོད་ཚོད་མེད་ལ་ཞེད་སྣང་ཡོང་གི་འདུག ད་གང་ལ་འགྲོ་དགོས་པ་རེད།
དངོས་གནས་སྤྱི་འཐུས་རྣམ་པ་ཚོས་སྐུ་ཞབས་ངས་འོས་བསྡུའི་སྐབས་བཏོན་པའི་༼ མ་འོངས་ལས་འཆར་༽ཞེས་པའི་ཨིན་བོད་ཟུང་འབྲེལ་གྱི་དེབ་ཤོག་གྲངས ༤༧ ཅན་དེ་ཀློག་རོགས། ངས་ཀྱང་དེ་དང་ད་བར་གྱི་ལས་དོན་གང་བྱས་བཤིབ་བསྡུར་བྱས་ནས་ཁྱེད་ཚོ་དང་བོད་མི་མང་ལ་སྐུ་ཞབས་ངའི་ཡོན་ཏན་སྟོན་ངེས་ཡིན། ཁྱེད་ཚོས་དོན་དངོས་ལག་པ་འཇུ་རོགས། ཁྱེད་ཚོས་༼ མ་འོངས་ལས་འཆར་༽བརྗེད་སོང་བ་ཡིན་ན། བོད་མི་མང་བརྗེད་སོང་བ་རེད། སྐུ་ཞབས་ངས་༼མ་འོངས་ལས་འཆར་༽ཐད་ཁྱེད་ཚོར་དྭང་བླང་གིས་ཡིག་རྩལ་སྤྲད་མདོག་ཁ་བོ་མ་རེད།
རྩོམ་པ་པོའི་མི་མང་མེད་པའི་ཡིག་ཚོགས་ཁག་ལ་ཁ་བརྡ་ཚང་གི་བསམ་གཞིགས་གནང་རོགས་ཞུ། འདི་ཤར་ཕྱོགས་ཁུག་རྟ་རེད་དམ། ཡང་ན་ཁ་བརྡ་ཚང་གི་རྩོམ་སྒྲིག་པ་ཅིག
འདི་གོ་རྒྱུ་ཞེ་དྲག་མི་འདུག ཡང་སྐྱར་ཐེངས་ལྔ་དྲུག་ཀློག་དགོས་ཡོད་སརེད། མཚམས་ཞུ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ཟེར་བ་ཆོས་དང་རིག་གཞུང་བསྐོར་ལ་ཤེས་ཡོན་ཐོས་རྒྱ་མེད་མཁན་ཞིག་རེད་འདུག ཁོ་རང་གི་ཚབ་ལ་དེ་ལས་ཤེས་བྱ་ཡོན་ཏན་ལེགས་པ་ཞིག་བསྐོས་རོགས་གནང་།
དེ་རིང་གི་གྲོས་ཚོགས་འདི་དང་སྟབས་སྟུན་ཤེས་རིག་བཀའ་བློན་དུ་སྐུ་སྒེ་དྲུུང་ཆེ་བློ་བཟང་སྦྱིན་པ་སྐོས་གནང་རོགས། བློ་སྦྱིན་ཁོང་ནི་བོད་མི་རིགས་ཀྱི་ཤེས་རིག་ལ་བྱང་ཆུབ་པའི་ཤེས་ཚད་ཡོད་རེད། དེས་ན་ཁོང་ནི་ཤེས་རིག་བཀའ་བློན་ཤིན་ཏུ་འོས།
ཤར་ཕྱོགས་ཁུག་རྟ་ཁྱེད་ངོ་མ་བོད་མི་ཞིག་ཡིན་ནམ་ཡང་དམར་བོའི་གཞུང་དང་ཁ་མཐུན་ཞིག་ཡིན། དེང་བར་ཁྱོད་ཀྱིས་རྒྱུན་བཀོལ་གསར་འགྱུར་ནང་དབུ་བོད་མིའི་གཞུང་ལ་ཟུར་ཟ་དང་ཁ་གཏོང་། དེ་བཞིན་ཆག་སྣ་དང་རས་ཤ་སྟག་མ་གཏོགས། བཟང་པོ་བྱ་བཞག་དང་དགའ་བའི་གནས་ཚུལ། བོད་མི་རིགས་ལ་ཕན་པའི་སྐད་ཆའམ་དཔྱད་གཏམ་ཞིག་དེང་བར་མཐོང་རྒྱུ་མི་འདུག་པས། དེ་དོན་ཁ་བརྡ་དྲ་བདག་ཡོངས་དང་སྐུ་ཞབས་ཁུག་རྟ་ལགས་ཀྱི་ཐུགས་སྣང་དང་ཡིད་གཟབ་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ།
ཁུག་རྟ་ཡིན་དང་ལྗག་རྟ་ཡིན་མི་ཤེས་མོད་དཀྲུག་མ་བྱེད་རོགས་་་་་་་་་ངོ་་ཚ་རྒྱུ་མི་འདུག་ག་་་་་་
ཤར་ཕྱོགས་ཁུག་རྟ་ཁྱེད་ངོ་མ་བོད་མི་ཞིག་ཡིན་ནམ་ཡང་དམར་བོའི་གཞུང་དང་ཁ་མཐུན་ཞིག་ཡིན། དེང་བར་ཁྱོད་ཀྱིས་རྒྱུན་བཀོལ་གསར་འགྱུར་ནང་དབུ་བོད་མིའི་གཞུང་ལ་ཟུར་ཟ་དང་ཁ་གཏོང་། དེ་བཞིན་ཁ་ཆག་སྣ་རས་ཤ་སྟག་མ་གཏོགས། བཟང་པོ་བྱ་བཞག་དང་དགའ་བའི་གནས་ཚུལ། བོད་མི་རིགས་ལ་ཕན་པའི་སྐད་ཆའམ་དཔྱད་གཏམ་ཞིག་དེང་བར་མཐོང་རྒྱུ་མི་འདུག་པས། དེ་དོན་ཁ་བརྡ་དྲ་བདག་ཡོངས་དང་སྐུ་ཞབས་ཁུག་རྟ་ལགས་ཀྱི་ཐུགས་སྣང་དང་ཡིད་གཟབ་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ། ཟི་ལི་ནས།
ཁུག་རྟ་ལགས། ཁྱོད་ཀྱིས་བཤད་པའི་བཀའ་སྤྱིའི་ལྡིང་ཆའི་ཐོག་གི་སྐད་ཆ་རྣམས་ཏག་ཏག་ཏན་ཏན་ཞིག་ཡིན་མིན་ཞིབ་མོར་བལྟ་འཆར་ཡིན། སྤྱིར་མཐོ་དམན་གང་ལའང་ཐ་ན་ཟུར་ཟ་དང་སྐྱོན་བརྗོད་ཚུན་ཆད་དགོས་པ་སྤྱི་ཚོགས་ཤིག་ཡར་རྒྱས་འགྲོ་བར་ངེས་པར་དུ་དགོས། བསྟོད་ར་དང་ལྷ་གསོལ་རྐྱང་རྐྱང་བྱས་པས་ཕན་ཐོག་གི་མ་རེད། མུ་མཐུད་ནས་རྩོམ་ཡིག་འབྲི་རོགས།
རེད། གོ་ཁག་སེ་འདུག །འོན་ཀྱང་འདི་ནི་ཁུག་རྟས་གྲོས་ཚོགས་ར་བའི་ནང་གི་མཐོང་ཐོས་ཀྱི་ཚོར་བ་བྲིས་པ་རེད་འདུག །དྲང་པོར་བཤད་ན། ཁོ་བོ་ད་ལྟ་བོད་ཀྱི་དྲ་བརྙན་ལྟ་ཁོམ་མ་བྱུང་། གལ་སྲིད་དེ་བལྟ་མཚམས་ཁུག་རྟའི་སྐད་ཆ་ལ་བདེན་མི་བདེན་གྱི་མཆན་ཞིག་བྲིས་ན་བསམ།
ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་ཅོག་རྩེའི་སྟེང་དུ་ཁུ་ཚུར་བཞུས་པ་གོ་སྐབས་ང་ལ་ཡང་ཚོར་བ་ཁྱད་མཚར་ཞིག་སླེབས་སོང་། ཁྱེད་ཚོས་བལྟས་ན།
དངོས་གནས་ཁྱེད་རང་བོད་མི་ཞིག་ཡིན་ནམ། ཁྱེད་རང་སུ་ཡི་ཕོ་ཉ་ཡིན་ ཡང་ན་སྨྱོ་བ་འདྲ་མིན་ནམ། ག་དུས་ཡིན་ན་དབུས་མོད་མིའི་གཞུང་ལ་བསྙོན་འཛུགས་དང་། སྨ་འབེས་མ་གནང་རོགས
གཏམ་གླེང་འགའ་བྱེད་ན་འདོད་ཀྱི་འདུག ད་ཐེངས་ཀྱི་བགྲོ་གླེང་འདི་འོས་པོ་འདུག
ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས། ད་རེས་སེམས་ཤུགས་གཏན་ནས་མ་ཆགས་རོགས། དྲང་བདེན་དང་དང་ལྷག་བསམ་གྱི་མདའ་མོ་ལག་ཏུ་ཐོགས་ཏེ། རྣམ་དཔྱོད་དང་ཐབས་མཁས་ཀྱི་གཞུ་རྡུང་ཞིང་། བགྲང་བྱ་མང་པོའི་རིང་སྐབས་འཚོལ་བ་དང་དགྲ་བོའི་རྒྱུགས་ཁྱིའི་འབེན་དུ་བཟུང་བའི་མི་ངན་རྣམས་ཀྱི་ཀླད་ཁྲག་ཐང་ལ་གཏོར་དགོས། ཇི་སྲིད་མི་ངན་དེ་རྣམས་ཀྱི་སྲིད་གཞུང་དེ་ཟིན་པའི་རིང་ལ་དེ་སྲིད་དུ་ང་ཚོ་ལ་རྒྱལ་ཁ་མེད་ལ་ང་ཚོ་ལ་སྐྱིད་པའི་ཕུག་འདུན་ཀྱང་དེ་བས་མེད། སེམས་ཤུགས་མ་ཆགས། སེམས་ཤུགས་མ་ཆགས།
ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་དངོས་གནས་ཁྱེད་རང་བོད་མི་ཞིག་ཡིན་ནམ། ཁྱེད་རང་སུ་ཡི་ཕོ་ཉ་ཡིན་ ཡང་ན་སྨྱོ་བ་འདྲ་མིན་ནམ། ག་དུས་ཡིན་ན་ངེད་བོད་མི་ས་ཡ་དྲུག་གི་གཞུང་དེ་ལ་བསྙོན་འཛུགས་དང་། སྨ་འབེས་མ་གནང་རོགས༏ ང་རང་གི་ཁྱོས་སྐད་ཆ་དེ་གོ་དུས་སྤྲོ་ལང་ནི་དང་སེམས་སྐྱོ་ནས་དཀོན་མཆོག་གསུམ་འདུག་ཐུབ་གི་ན་སྐུ་མཁྱེན་ཁ་བརྡ་དྲ་བདག་དགྲ་དགའ་གཉེན་སྡུག་གི་གཏམ་དེ་ལ་ཐུགས་སེམས་ཞིག་བཞེས་རོག
དྲ་གྲོགས་ཚོ། ཤར་ཕྱོགས་ཁུག་རྟ་ལ་སྨྱོན་པ་དང་། དམར་གཞུང་གི་ཕོ་ཉ་ལྟ་བུར་བཤད་པས་ཕན་ཐོག་ནི་མ་རེད། གཙོ་བོ་ཁོས་བཤད་པའི་སྐད་ཆ་རྣམས་ལ་གནས་ལུགས་ཡོད་མེད་བརྟགས་ཏེ་སྐྱོན་ཡོན་གླེང་དགོས་པ་རེད། ཁུག་རྟ་ཁོ་ནི་རང་ཉིད་ཀྱི་མི་ཚེའི་རང་དབང་ངམ། རང་ཉིད་ཀྱི་སྨྲ་བརྗོད་རང་དབང་འཛམ་གླིང་འདིར་ལོངས་སུ་སྤྱོད་ཐུབ་པའི་བོད་མི་ཡ་གྱལ་བ་ཞིག་རེད། ཁོང་གི་རྩོམ་ཡིག་རྣམས་དྲ་ཐོག་ཏུ་བཀོད་པར་དགའ་བསུ་ཡོད། ངེད་བོད་པ་ཚང་བསྟོད་པ་རྐྱང་རྐྱང་ལ་གོམས་དྲགས་པས་དྲ་འབུ་མང་པོ་ཞིག་གི་སེམས་ལ་ཤོང་མིན་མི་ཤེས། གང་ལྟར་གཞུང་སྒེར་གང་ཞིག་གི་སྐྱོན་དང་ཡོན་ཏན་གང་ཐད་དུ་དཔྱད་དེ་རྩོམ་ཡིག་མུ་མཐུད་ནས་འབྲི་རོགས།
ཤར་ཕྱོགས་ཁུག་རྟ་ལ་རྒྱབ་སྐྱོར་ཡོད། ད་ཐེངས་ཀི་གྲོས་ཚོགས་ནང་ལྟོས་དུས་ཟམ་གདོང་ཚང་དྲན་གི། སེང་གེ་བཀའ་ཤག་ལ་བདེ་སྲུང་དང་དཔལ་འབྱོར་བཀའ་བློན་མེད་ན་རེ་བ་ཚར་ཚར་རེད་ཤག
ལྷག་པར་ཀིརྟི་སྒྲོལ་དཀར་ལྷ་མོ་ཟེར་བ་དེ་ཚོས་སྐད་ཆ་བཤད་དུས་དངོས་གནས་སེམས་སྐྱོ་ནས་ངུ་རྒྱུ་ཡོང་ཀི
བཀའ་ཁྲི་ལ་དྲི་བ་དྲི་ལན་བྱེད་པའི་སྐབས་སུ་ཤེས་ཡོན་ཞག་བརྩི་ཞིག་ཞལ་ནས་ཐོན་པ་མཐོང་མ་སོང་ན། ད་དངོས་གནས་ཤར་ཁུག་ལ། ཤེས་ཡོན་གྱི་ཞག་རྩི་མྱོང་བའི་ལྕེ་དེ་རྩ་ནས་མེད་པ་རེད། བདེན་མིན་འཛམ་གླིང་གི་གྲགས་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་བཀའ་ཁྲི་ལ་དྲི་བ་དྲི་ལན་བྱས་པ་ལ་གཟིགས་དང་། བཀའ་ཁྲིས་བཀའ་སློབ་གནང་སྐབས་སུ་བསྐྱར་ཟློས་མང་པོ་བྱེད་ཀྱིན་འདུག་པའི་སྣང་བ་ཞིག་དུས་དབང་སྐབས་ནས་ཤར་སོང་། འོན་ཀྱང་དྲི་བ་དྲི་ལན་བྱེད་སྐབས་སུ། གཞིའི་བྱེས་བོད་མིའི་གསར་ཚར་ཞིག་ལ་ཁོང་འདྲ་འདྲ་ཞིག་ཡོད་སྲིད་ཀྱང་དེ་སྔོན་དངོས་རྒྱུད་གང་ནས་མཐོང་ཐོས་མ་བྱུང་། གལ་སྲིད་སུ་དང་གང་ལ་དཔེར་མཚོན་སྟོན་རྒྱུ་ཡོད་ན། དྲྭ་ལམ་དུ་སྟོན་དང་བདེན་དཔང་ཐུབ་ལ། མངོན་སུམ་ལ་སྙོན་དགོས་ཀྱི་མེད།
ཁ་སེང་ཨ་རིས་སུ་ཕེབས་སྐབས་ཀྱི་དྲི་ལན་དེ་དག་ལ་གཟིགས་དང་། བཀའ་བློན་བྱས་ནས་ཟླ་བ་བཅུ་ཕྲག་གི་རིང་དུ་ཁོང་གི་མཛད་རྗེས་ཕྲིན་ལས་ཆེ་མཐོང་ལ་བལྟས་ན། བོད་པ་ཚང་ལ་ད་དུང་རེ་བ་འདུག བོད་རྒྱལ་ལོ།
ང་བཞིན་ཚང་མ་ལ་སྣང་བ་བྱུང་འདུག་ཟེར་བའི་སྐད་ཆ་འདི་ཐོས་སྐབས། གུང་ཁྲན་རིང་ལུགས་ཀྱིས། ཏ་ལའི་རུ་ཚོགས་ཉུང་ཉུང་ཞིག་གིས་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་རེད་ཟེར་བའི་མི་འདོད་པའི་འཁུ་བའི་རྣམ་འགྱུར་དེ་ལྷང་ལྷང་དྲན་བཅུག་སོང་། སྐད་ཆ་བཤད་སྟངས་གཉིས་པོ་འདི་ཅི་འདྲའི་འདྲ་བ་ལ།
ཤར་ཕྱོགས་ཁུག་རྟ་ལགས། ཁྱོད་རྗེས་སུ་བཀའ་སྤྱིས་ཚོགས་འདུ་ཚོགས་སྐབས་ཁྱེད་རང་ཟུར་ཉན་དུ་མ་ཕེབས་ན་ཡག་པོ་ཡོད་པ་འདྲ། ཁྱོད་ཚོགས་ཁང་གི་ཕྱི་ལོག་ལ་ཐོན་མ་ཐག་སྐད་ཆ་འདྲ་མི་འདྲ་བཤད་ནས་སྤྱི་ཚོགས་ལ་ཕོངས་དཀྲུག་མ་བཟོ་། ཁྱོད་ཀྱིས་ཁྱོད་རང་བོད་མི་ས་ཡ་དྲུག་གི་ནང་དུ་ཡོད་པ་དང་། བཙན་བྱོལ་གྱི་མི་ཞིག་ཡིན་པའི་འདུ་ཤེས་རྩ་བ་ནས་དོར་ཏེ། གཞན་ལ་ཁ་ཁོར་ནས་བསྡད་པ་ཡོད་པ་དེ་ལ་བསམ་བློ་ཞིབ་མོ་གནང་དགོས། དེང་སྐབས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་ནང་ཁྱོད་ལྟ་བུའི་མི་ཧ་ཅང་མང་ཡང་་ལས་ལ་དངོས་སུ་འཇུག་མཁན་ནི། ཉིན་མོའི་སྐར་མ་དང་རི་བོང་གི་རྭ་ལྟར་ཧ་ཅང་དཀོན་པས། ཁྱོད་ཀྱིས་རྗེས་སུ་མི་གཞན་པའི་སྐྱོན་ལ་མི་ལྟ་བར་སོ་སོས་སྐྱོན་ལ་བརྟག་སྟེ་རང་ཉིད་ནས་འགོ་འཛུགས་ཀྱི་མི་རིགས་ཀྱི་རྩ་དོན་སླད་ཧུར་བརྩོན་བྱས་ན་དགོས་པ་ཆེ་བར་སྙམ་མོ།།
རྩོམ་པ་པོ་ལགས།
རྩོམ་ཡིག་གི་གཅོད་མཚམས་མི་གསལ་ཞིང༌། ནང་དོན་ཡང་ར་བཟི་སྐྱུག་པ་བསྐྱུག་པ་ལྟར་སྡེབ་གཅིག་ལ་ཁ་ནས་ཅི་ཐོན་བསྐྱུག་ན། གོ་བ་ལེན་སྟངས་ཤེས་ཀྱི་མི་འདུག་པ་མ་ཟད། རྩོམ་འདིའི་ནང་ཅི་ཞིག་བཤད་ཀྱི་ཡོད་མེད་ཀྱང་གོ་དཀའ།
ཁ་གསལ་གོ་བདེ་དགོས་པ་དང༌། དུས་ནམ་ཡིན་རུང་རང་གཞུང་ལ་སྐྱོན་བརྗོད་རྐྱང་བྱས་ན། ཡག་པོ་འདུག་གམ། སྐུ་ཉིད་ཀྱི་ཐུགས་དགོངས་དང་འགལ་ན་དགོངས་དག
ཁ་བརྡ་དྲ་བདག་ལགས། ངས་ཁ་བརྡ་དྲ་རྒྱ་དེ་མི་རེ་གཉིས་ཀྱི་སྙིང་ནད་བརྩོད་ས་ཞིག་མིན་པར། བོད་མིའི་བདེན་དོན་མཚོན་པའི་རྩོམ་ཡིག་སྣ་མང་སྤེལ་ས་ཞིག་ཡིན་པར་རེ་བཞིན་ཡོད།་ དེ་ལྟར་ཡོང་བར་འབད་རོགས།
གྲོས་ཚོགས་ལ་རེ་བ་ཆེན་པོས་ལྟོས་ཡིན། བཀའ་སྤྱི་གཉིས་ནས་འུག་སྐད་ཤོར་བཞིན་ཡོད་པ་ནི་དྲ་ཐོག་ནས་མི་བཤད་དགུ་བཤད་བྱེད་ཀི་འདུག་ཟེར་བ་དེ་རེད། ང་དེ་ནས་སེམས་ཧ་ཅང་སྐྱོ་བྱུང་། འུ་ཚོའི་བཀའ་སྤྱི་ལ་འདི་འདྲའི་བཟོད་བསྲན་དང་ངོ་གདོང་མི་འདུག་ན། རྒྱ་དམར་ལ་ཅི་ལྟར་ཁ་གཏད་གཅོག་ཐུབ་རེ་བསམ་ནས་མི་འདི་ཚོར་སྙིང་རྗེ་རེ་སྐྱེས།ཤར་ཁུགས་ཀྱི་བྲིས་པ་ལ་དོན་སྙིང་ལྡན་འདུག ཡོད་ན་མེད་ན་རྒྱ་ཆེའི་མི་མང་རེད།
བདེན་པ་བཤད་ན་ལྷ་ཡིས་ཆད་པ་གཅོད།
གཡོ་ཟོལ་སྤང་ན་་མི་རུབ་བརྒྱབ་ནས་བསོད།
ཁ་མཁས་ཚིག་མཁས་དོན་དམ་དང་བྲལ་བའི།
འུར་གཏམ་བཤད་ན་ཀུན་གྱིས་གོང་དུ་བཀུར།
ད་ཡིན་ན་ལྟད་མོ་འདུག་ རྩོམ་འབྲི་བ་ཁོང་མཁྱེན་པ་ལྡན་པ་ཞིག་རེད་འདུག་ལ་བོད་ཀྱི་ལ་རྒྱ་བཅངས་མཁན་ཞིག་རེད་འདུག་ ཁོང་ལ་བསྐྱོན་འཛུགས་བྱེད་མཁན་ཤོག་དེ་དངོས་གནས་རྒྱ་མིའི་སོ་པ་རེད་མདའ་
ཉི་མ་རིང་དུ་རིང་དུ་ རྩམ་པ་ཞིམ་དུ་ཞིམ་དུ་
འཇོན་མདོག་པ་རིའི་བཀའ་བཤག་གསར་པའི་མདོག་རྐྱ་མཐོང་དུས་བོད་མིའི་བསོད་ནམས་ཟད་པ་དངོས་སུ་མཐོང་
གོ་རྒྱུ་མེད་གི ཁ་གསལ་བོ་བཟོ་རོགས།
ཁ་བརྡ་ཚང་གིས་དགེ་ལུགས་པ་དང་དེའི་རྒྱུད་འཛིན་ལ་སྐྱོན་བརྗོད་འདྲ་མེད་ཚེ་གཞན་གང་ལའང་དོ་སྣང་ཆེན་པོ་མི་བྱེད། ཁ་བརྡ་ཚང་ནི་ཆོས་ལུགས་ཀྱི་དུག་ཆུས་སྨྱོས་པའི་ཚོགས་པ་ཞིག་རེད། ངའི་སྐད་ཆ་འདི་ཁོང་ཚོར་སྐྱོན་བརྗོད་བྱས་ཙང་གང་མགྱོགས་མེད་པར་གཏོང་ངེས་ཡིན།
ཁ་བརྡ་ཚང་ནས་དྲ་གྲོགས་ཚོས་ཁུག་རྟ་ཁེར་རོའི་སྟེང་དུ་ཁྱི་ཟུག་ཟུག་མ་བྱས་ན་ལེགས། བསམ་འཆར་བཤད་ཆོག་ལ་གླེང་མོལ་སྣ་ཚོགས་ཡོད་ན་བཟང་།གཙོ་བོ་གུ་ཡངས་དཀྱེལ་ཡངས་ལ་བསམ་བློ་ཐོངས།
དགེ་མཐོང་ལགས། ཤི་ལངས་བརྒྱབས་འདུག་ག
མང་གཙོའི་གཞུང་ཞིག་ཡིན་ན་མི་མང་གི་ཁ་ལ་ཉན་དགོས་གི་རེད། མི་མང་གི་ཁ་ལ་མི་ཉན་པའི་གཞུང་ཞིག་ཡིན་ན་མང་གཙོ་ཟེར་པ་དེ་ཆགས་གི་མ་རེད། ང་ཚོའི་གཞུང་ནི་མང་གཙོའི་གཞུང་ཡིན་ཙང་མི་མང་གི་ཁ་ལ་ཉན་གི་རེད། གལ་སྲིད་མི་མང་གི་ཁ་ལ་མ་ཉན་ན་མི་མང་གིས་ཁྱོད་ཚོ་མར་འཐེན་གིན་རེད། གང་ཡིན་ཟེར་ན། མི་མང་གིས་ཁྱོད་ཚོ་ཡར་བཞག་པ་རེད། མི་མང་གིས་ཡག་པོ་རེད་ཟེར་ནས་ཡར་བཞག་དུས་མི་མང་གི་ཁ་ལ་ཉན་དགོས་གི་རེད། མ་ཉན་ན་མར་འཐེན་གི་རེད། དེ་ཆོས་ཉིད་ཡིན་པ་ཡང་ཤེས་དགོས་གི་རེད།
དེ་ནས་རྩ་དོན་གི་ཐོག་ལ་སུ་ཡིན་ན་ཡང་སྐད་ཆ་ཤོད་ཆོག་གི་རེད། དེར་གཞུང་སྒེར་སུ་ཡིན་རུང་ཁྱད་པར་ཡོད་མ་རེད། བཀའ་ཤག་གི་བཀའ་བློན་ཡིན་ནའང་འདྲ། སྤྱི་འཐུས་མི་སྣ་ཡིནའང་འདྲ། གཞུང་ཞབས་པ་དང་མི་མང་དཀྱིས་མ་ཡིན་ནའང་འདྲ། དེ་མིན་སུ་ཡིན་ན་ཡང་སྤྱིའི་རྩ་དོན་ལ་ཕན་པའི་སྐད་ཆ་ཤོད་པའི་དབང་ཆ་འདྲ་མཉམ་ཡོད་པ་རེད།
སྐད་ཆ་ཤོད་སྐབས་སྐད་ཆ་བདེན་མི་བདེན་དང་འགྲིག་མི་འགྲིག་ལ་བལྟ་རྒྱུ་གལ་ཆེ་བ་མ་གཏོགས་ཤོད་མཁན་སུ་ཡིན་མིན་ལ་བལྟ་རྒྱུ་དེ་གཙོ་བོ་མ་རེད། སུས་ཤོད་པའི་སྐད་ཆར་བདེན་པ་ཡོད་ན་དེར་རྒྱབ་སྐྱོར་བྱེད་དགོས་གི་རེད། དེ་འདྲ་བྱས་ན་་་བདེན་པ་ཉིད་རྒྱལ་གྱུར་ཅིག་་་་ཟེར་བའི་རྒྱལ་རྟགས་སྒང་གི་ཚིག་དེ་ལ་དགེ་མཚན་བྱུང་བ་རེད། དེ་འདྲ་མ་ཡིན་ན་ཚིག་དེ་དོན་སྟོང་ལ་གྱུར་བ་རེད།
གྲོས་ཚོགས་དང་བཀའ་ཤག་ལ་དོ་སྣང་གནང་ནས་ཇུས་གཏོགས་བྱས་པ་ཡག་པོ་རེད། མི་མང་གིས་གཞུང་ལ་བལྟ་རྟོག་དང་གཞུང་གིས་མི་མང་ལ་ལྟ་རྟོག་བྱེད་དགོས་གི་རེད། དེ་འདྲ་བྱེད་ན་གཞི་ནས་གཞུང་མང་གཉིས་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ཡིད་ཆེས་ཡོང་གི་རེད། སུ་ཡིན་ན་ཡང་གཞུང་གི་ལས་ཀ་བྱེད་སྟངས་ལ་ཇུས་གཏོགས་མང་ཙམ་གནང་ན་ཡག་གི་རེད།
ཁྱོད་ཚོ་ཚང་མ་ང་དང་ཤར་ཁུག་སོགས་སྨྱུག་ཐོགས་པ་ཚོའི་སྒང་ལ་མཆོང་སྟངས་འདིས་ང་ལ་ཆུང་དུས་ཀྱི་དོན་དག་ཅིག་དྲན་གསོ་ཐེབས་སོང་། དེ་ནི་ང་ལོ་བཅུ་གཅིག་ཙམ་ཡིན་དུས་ཕ་ཡུལ་གྱི་བྱེའུ་གཟུགས་པོ་ཅུང་ཆེ་བ་མིང་ལ་ཐེ་རྒྱ་ཟེར་བའི་རིགས་ཤིག་ཡོད། ང་ཚོ་བྱིས་པ་ཚོས་བྱེའུ་དེའི་ཁྲོད་ནས་གཅིག་བཟུང་སྟེ་མགོ་ལུས་ལ་ཚོན་དམར་པོ་དང་ལྗང་ཁུ་ལྟ་བུ་བྱུགས་ནས་མངགས་བཞག་པ་ཡིན་ན། ཁོས་རང་ལུས་ཀྱི་ཚོན་རྩི་སྙིང་རྗེ་བོ་དེ་ཁྱེར་ནས་རང་དང་རང་གཅིག་པ་ཚོ་ཡོད་སར་འཕུར་སོང་ཚེ། རིགས་གཅིག་སྤུན་ཟླ་ཚོས་ཁོ་ལ་དགའ་བསུ་བྱེད་རྒྱུ་ཕར་བཞག་རུབ་རྡུང་གིས་མཆུ་གཙག་དང་སྡེར་ཤད་བྱས་ནས་གསོན་པོར་བསད་འཇོག་གིན་འདུག ད་ངའི་སྒྲུང་ཐུང་དེ་རྫོགས་སོང་།
རྒྱ་གར་གཞུང་གིས་ང་ཚོའི་བཀའ་བློན་ལའང་མཐོང་མཆན་སྤྲོད་ཀྱི་མེད་ན། ང་ཚོའི་ངོས་ནས་རྒྱ་གར་གྱི་ཚབ་ལ་རྒྱ་ནག་ཚང་ལ་ངོ་རྒོལ་མང་པོ་ཞིག་བྱེད་བཞིན་པ་མཚམས་བཞག་ནས། ཁོང་གཉིས་ཀ་གཅིག་གཅིག་ལ་གཏུགས་བཅུགས་དགོས་པ་རེད་ཨང་།
རྩོམ་ཡིག་གནད་ལ་ཁེལ་པོ་དང་། དངོས་སུ་མཐོང་ཐོས་བྱུང་བ་རྣམས་ཡིག་ཐོག་ཏུ་ཕབ་ཏེ་བསམ་ཚུལ་བཤད་ཐུབ་པ་དེ་གཟི་བརྗིད་ཡིན་མོད་ཀྱང་། རང་རེ་ཐུན་མོང་གི་སྒྲིག་འཛུགས་སམ་གཞུང་ཞིག་གི་དབུ་ཁྲིད་རྣམ་པ་ལ་གུས་
ལུགས་དང་བཅས་པའི་ཡ་རབ་བཟང་སྤྱོད་ཀྱི་སྒོ་ནས་རང་གི་བསམ་ཚུལ་འདོན་སྤེལ་གནང་རྒྱུ་ནི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཞུས་ནའང་གལ་འགངས་ཆེ་བའི་རང་
བཞིན་ཙམ་དུ་མ་ཟད།། རང་གི་ལྟ་ཚུལ་ལམ་མཐོང་ཐོས་དྲན་རེག་རྣམས་ལ་
མི་གཞན་གྱིས་ཆ་འཇོག་དང་བརྩི་བཀུར་ཡིད་ཆེས་སོགས་ཇེ་ཆེར་འགྲོ་བ་གདོན་མི་ཟ་ཞིང་། དགྲ་དགའ་གཉེན་སྡུག་གི་རྒྱུ་རུ་འགྱུར་མི་སྲིད་པས་ན།
སླད་མའི་ཆར་ཡང་དེ་ལུགས་ཐུགས་ལ་བཅངས་ནས་འགྲོ་བ་མིའི་མ་མཐའི་ཐོབ་ཐང་སྨྲ་
བརྗོད་རང་དབང་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཡིན།
སྨྲ་བརྗོད་རང་དབང་གཞོལ་བ་ལེགས་བསྔགས་འོས་ཀྱང་།།
ནང་མཚང་ཕྱི་རུ་བསྒྲགས་ན་ཀླད་མེད་འདྲ།།
བུ་རྒོད་དཔའ་རྩལ་ངོམས་པ་བརྗིད་མོད་ཀྱང་།།
རང་ཁྱིམ་རྩ་རལ་བཟོས་ན་བུ་རུལ་ཡིན།།
ཞེས་པས་མཐའ་བཟུང་སྟེ་མཇུག་བསྡུ་བར་བྱའོ།།
དངོས་གནས་རྩོམ་འདྲི་མཁན་དང་རྒྱབ་སྐྱོར་བྱེད་མཁན་རྣམས་འདྲ་བོ་འདུག སེང་གེ་ཚང་ཟེར་བ་དེ་སུས་བཟོས་པ་རེད་བསམ་བློ་ཐོངས་དང་། ཁྱོད་ཀྱི་རྩོམ་སྤེལ་དགོས་པའི་རྩ་དོན་དེ་གསལ་པོ་འདུག སྙིང་རྗེ་གཞིས་ལུས་སྤུན་ཟླ་ལ་བསམ་སེམས་གང་ཡང་མེད་པར་མཐོ་དམན་ཚང་མ་ལ་སྐྱོན་བརྗོད་རྐྱང་རྐྱང་བྱེད་པ་ནི་དམིགས་ཡུལ་གང་ཡིན་ས་རེད། ཤེས་ལྡན་ཚང་མས་གཟིགས་དང་འདི་ལ་བོད་མི་ཤེས་ཡོན་ཅན་གྱི་དྲི་མ་འདུག་གམ།
ཨ་ཁུ་ཀླ་སྨྱོན་ལགས། ཁྱོད་ནི་སྙན་དང་སྒྲུང་རྩོམ་ལ་ཅུང་ཟད་བྲོ་བ་འདུག་ཀྱང་། གཞན་གནད་ཆེ་བའི་ཆབ་སྲིད་དང་། རྒྱ་ཆེ་བའི་ཤེས་རིག་དང་གཏིང་གཟབ་པའི་གཞུང་ལུགས་ཀྱི་སྐོར་ལ་སུག་བྲིས་ཤིག་ནམ་ཡང་མཐོང་མྱོང་མེད་པས་དེ་ཙམ་གྱིས་སྦོས་སྦོས་མ་བྱས་ན་ཡག
ཤར་ཕྱོགས་ཁུག་རྟ་ལ་རྒྱབ་སྐྱོར་ཡོད། ད་ཐེངས་ཀི་གྲོས་ཚོགས་ནང་ལྟོས་དུས་ཟམ་གདོང་ཚང་དྲན་གི། སེང་གེ་བཀའ་ཤག་ལ་བདེ་སྲུང་དང་དཔལ་འབྱོར་བཀའ་བློན་མེད་ན་རེ་བ་ཚར་ཚར་རེད་ཤག
ལྷག་པར་ཀིརྟི་སྒྲོལ་དཀར་ལྷ་མོ་ཟེར་བ་དེ་ཚོས་སྐད་ཆ་བཤད་དུས་དངོས་གནས་སེམས་སྐྱོ་ནས་ངུ་རྒྱུ་ཡོང་ཀི
བསམ་ཚུལ་བཏོན་པ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།
བོད་མི་དམངས་ཀྱིས་ངེས་པར་དུ་བོད་མི་དམངས་ཀྱི་སྤྱི་འཐུས་དང་བཀའ་བློན་རྣམས་པར་མི་འགྲིག་སར་སྐྱོན་བརྗོད་བྱེད་དགོས། རྟག་པར་རང་གིས་རང་བསྟད་ནས་བསྡད་ན་མཐའ་མར་སྐུ་དྲག་དག་གི་སྐྱོ་གར་འཁྲབ་དགོས་པ་ཞིག་ཡོང་ངེས་ཡིན།
ཆོས་རིག་བཀའ་བློན་ལ་རྒྱ་གར་གཞུང་གིས་ལས་ཀ་བྱེད་རྒྱུའི་ཆོག་མཆན་མ་སྤྲད་པར་ཕེབས་མ་ཐུབ་པ།བཀའ་ཁྲི་མཆོག་གིས་དངོས་སུ་གྲོས་ཚོགས་ནང་གསལ་བཤད་བྱས་སོང་ད།
ཤར་ཁུག་ཞབས་འདྲེན་མ་བཤད། བཀའ་ཁྲི་ནིབོད་མི་མང་ནས་གདམས་པ་དང་། གོང་ས་མཆོག་ནས་ཐུགས་བབ་དང་། མ་ཚད་ཁོང་ནི་སྐུ་ཚབ་ཀྱང་ཡིན་།
ཆོས་རིག་བཀའ་བློན་ནས་སྔོན་མ་བདེ་སྲུང་བཀའ་བློན་གནང་སྐབས་ལས་དོན་ཚགས་ཚུད་མ་བྱུང་བ་རྒྱ་གར་གཞུང་ནས་མཁྱེན་པ་རེད། ཧ་ཧ་་་ད་ཡིན་ཆོས་རིག་བཀའ་བློན་ཚད་ལྡན་ཞིག་བཀོད་པའི་རེ་བ་ཆེན་པོ་ཡོད།།
ཁུག་རྟ་འདི་ཁྭ་ཏ་ཞིག་ཨེ་ཡིན་སྙམ་ནས་དོགས་པ་ཡོད།
ཤར་སྐྱག་ཁྱོད་ཀྱི་རྒྱུན་དུ་སྒེར་མཁོན་སེམས་ལ་ཉལ་ནས་གནད་དོན་ཆུང་ཆུང་རིགས་ཆེན་པོ་བཟོས་ནས་ཕྱི་ཚོག་ལ་དཀྲུག་ཤིང་བྱེད་རྒྱུ་དེ་ཁྱེད་ཀྱི་དམིགས་ཡུལ་མཐར་ཐུག་ཡིན་པ་གསལ་བོ་རེད། ཁྱེད་རང་རྒྱ་གཞུང་གི་ཉིན་གླ་རེད་དམ་ཡང་ན་ཟླ་ཕོགས་ཡོད་ནི་རེད་ངས་གསར་བོ་ཞུ་ཐུབ་པ་ཞིག་ལ་ཁྱེད་ཀྱིས་རྒྱ་མའི་ལག་ནས་སྒོར་ལེན་གྱི་ཡོད་པ་མངོན་གསར་དོད་པོ་རེད།
དེ་མིན་ཚད་ལས་བརྒལ་བའི་སྐྱོན་བརྗོད་མང་དྲགས་ན་མཇུག་འབྲུས་གང་ཞིག་ཡོད་ཁྱེད་ཀྱི་ཚོད་དཔག་བྱེད་ཐུབ་པས་རེ་བ་ཡོད། དྲང་བདེན་ལ་ཕྱོགས་པའི་དྲྭ་གྲོགས་ཚོ་ང་ཚོས་ད་ནས་བཟུང་ཁོ་ལ་མང་གསར་བ་ཞིག་འདོགས། ངས་ཁོ་ལ་”ཤར་ཕྱོགས་རྒྱ་དམར་གྱི་ཞོན་རྟ”ཟེར་རྒྱུ་ཡིན།་
ཉེ་ཆར་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པའི་སྟང་དམིགས་བསལ་སྐུ་མགྲོན་བཀའ་ཟུར་དང་སྤྱི་འཐུས་ལས་ཐོག་ཐུབ་བསྟན་ལུང་རིག་མཆོག་གིས། ཤར་ཕྱོགས་རྒྱ་དམར་གྱི་ཞོན་རྟ་ལ་དམིགས་ནས་བཀའ་སློབ་འདི་འདྲ་ཞིག་གནང་ཡོད།
“གནའ་སྔ་མོ་བོད་མ་ཤོར་གོང་གི་ལུང་སྡེ་བྱེ་བྲག་པའི་འཁོན་འཛིན་དེ་འདྲ་མི་བྱེ་བྲག་པ་སོ་སོའི་བསམ་བློའི་ནང་ཁུར་ཏེ། བར་སྐབས་བཙན་བྱོལ་ནང་དུའང་ཕར་ཚུར་གཅིག་གིས་གཅིག་ལ་མཐོང་ཚུལ་འཛིན་པ་དེ་འདྲ་ཡོང་གི་འདུག་ཟེར་ནས་ཐོས་སོང་། དེ་བདེན་པ་ཡིན་ཚེ་ཧ་ཅང་བློ་ཕམ་རེད།
དེ་འདྲ་བྱས་པ་ཡིན་ན་མདོ་སྨད་ཀྱི་ཞབས་འདྲེན་རེད། དེ་སྔོན་ངས་རྟག་པར་ནང་ཁུལ་འཆམ་མཐུན་ཐད་མདོ་སྨད་ཀྱིས་མིག་དཔེ་སྟོན་ཐུབ་ཀྱི་ཡོད་ཅེས་བརྗོད་མྱོང་ཡོད། ད་ལྟ་སོ་སོའི་བཤད་པ་དེ་ནོར་བ་མིན་འགྲོ་བསམ་པ་དྲན་ཡོང་གི་འདུག ངས་ནན་གྱིས་ཞུ་འདོད་ཅིག་ལ་ནང་ཁུལ་འཆམ་མཐུན་གནང་རོགས་ཞུ་རྒྱུ་ཡིན” ཁོང་གི་བཀའ་སློབ་ཤར་ཁུག་སྐྱག་ཟན་གྱི་གོ་མེད་ནི་ཡིན་ས་རེད།
ང་དེབ་སྐྱེལ་གནང་རོགས་
ཤར་ཁུག་གིས་བཤད་པ་དོན་དངོས་རེད། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་གཡང་ཞེས་པ་དེས། དྲི་བ་ཆུང་ངུ་ཞིག་ཏུ་ང་རྒྱལ་བྱེད་སྟངས་དེར་ལྟོས་དང་། བློ་སྦུག་དོགས་པའི་གསར་མོ་ཞིག་ཡིན་པ་རྟོགས་ཐུབ། དོན་དངོས་ཀྱི་བཀའ་ཁྲི་དེ་ནི། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་རེད། ཚེ་རིང་དོན་གྲུབ་ཀྱིས་དོན་གནད་རེར་གསལ་བཤད་གནང་སྐབས་ཉམས་འགྱུར་གང་འཚམས་འཛོམས་འདུག་ལ། ངལ་བ་བསྟེན་སྟངས་དེར་ཡང་ཅུང་ཧ་ལས་པ་ཞིག་རེད། བློ་སེང་གིས་ཟུར་ནས་ཚེ་རིང་དོན་གྲུབ་ཀྱིས་བཞིན་ལ་བལྟས་ནས་སྡོད་པ་ལས། མཁས་དབང་ཞེས་པའི་ཉམས་ཚུགས་ཆ་ཚང་ཤོར་འདུག དུས་ཚོད་མ་འཁྱོལ་བའི་གཡའ་རེ་བརྒྱབ་ཅིང་ཉོབ་མདངས་བསྟན་ནས་བསྡད་འདུག
བློ་སེང་གིས་མདོ་སྨད་མི་མང་སྔ་ཕྱི་བར་གསུམ་དུ་མཐོང་ཆུང་བཏང་བཞག་པ་གསལ་བོ་རེད།
༡ བཀའ་བློན་འདེམས་ཕྱོགས་ནས་རེད། དེ་ནས་མགོ་རུལ་ཚར་བ་རེད།
༢ བོད་ས་ཡོངས་ནས་མེར་བསྲེགས་གཏོང་མཁན་ཉི་ཤུ་རྩ་གྲངས་ཤིག་ཨ་མདོ་བ་རེད། ཁོང་ལ་འདི་ལྟར་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཁོང་གིས་ཅི་ཞིག་འཇོན་ཡོད་དམ།
༣ ལྷག་པར་མདོ་སྨད་རྔ་པའི་སེར་སྐྱ་མི་མང་བོད་ལ་བཀའ་དྲིན་ཆེན་པོ་རེད། ཀིརྟི་གྲྭ་ཚང་དང་དེའི་འབྲེལ་མཐུད་པ་དེ་བས་ཀྱང་བཀའ་དྲིན་ཆེན་པོ་རེད་དེ། བློ་སེང་གིས་ཀིརྟིའི་ཕྱག་མཛོད་མདོ་སྔགས་ལ་ལན་གནང་སྟངས་དེ་རེད་པཱས།
༤ ལན་གནང་སྐབས་ཁོང་གིས”ཀིརྟི་རིན་པོ་ཆེ་གདན་འདྲེན་ཞུས་པ་ཡིན། གཏམ་བཤད་གནང་རོགས་ཅེས་ལབ་ཡིན་ཟེར།” གསུངས་སྟངས་དེ་འདྲ་རེད་པཱས། དེ་བཀའ་ཤག་གི་ཞེ་དྲག་ཅིག་སྒྲུབ་པའི་ཟོལ་རེད་དམ།
༥ ཕྱག་མཛོད་མདོ་སྔགས་ཀྱིས་བཏོན་པའི་རེ་བ་དེ་རྔ་བ་མི་མང་མདོ་སྨད་མི་མང་གི་རེ་བ་རེད། བོད་གཞུང་གི་ངོས་ནས་དངོས་སུ་བོད་ནང་ལ་ཞིབ་འཇུག་ཅིག་བྱས་ནས། གནས་ཚུལ་མ་རེག་པ་རྣམས་རེག་རྒྱུའི་རེ་བ་བྱས་པ་རེད་དེ། དེ་ལ་ག་རེ་བྱས་ནས་བཀའ་ཁྲིས་ལན་མ་རྒྱབ་པ་རེད་དམ།
༦ བཀའ་ཤག་ཡོད་དགོས་པ་དང་སྲིད་སྐྱོང་ཡོད་དགོས་པའི་རྒྱུ་མཚན་ཅི་ཞིག་རེད་དམ། བོད་ནང་གི་ཆབ་སྲིད་གནས་སྟངས་འོག་དཀའ་ངལ་འཕྲད་པ་རྣམས་ལ་ཞིབ་འཇུག་བྱེད་མི་ཐུབ་ན། ཀིརྟི་གྲྭ་ཚང་གི་འབྲེལ་མཐུད་པའི་ཕྱག་ལས་དེ་འདྲ་ཞིག་བཀའ་ཤག་གིས་གནང་མ་ཐུབ་ན། ད་ང་ཚོ་ག་བར་སླེབས་འདུག དོན་དག་འདི་བོད་ནང་ནས་མཁྱེན་ན་ག་རེ་བྱེད་དམ།
༧ རྒྱལ་བ་རིན་པོ་ཆེས་སྲིད་དབང་རྩིས་སྤྲོད་གནང་བ་ཁྱབ་བསྒྲགས་ལུང་བསྒྲགས་བྱ་རྒྱུར་དགའ་ན། སྲིད་དབང་གི་འགན་ཅུང་ཙམ་འགྲུབ་དགོས་པ་མ་གཏོགས། ཚིག་དེ་ལོ་གཅིག་གི་རིང་སྐྱོར་བསྡད་པས་ག་རེ་ཕན་ཐོག་གི་རེད་དམ།
༨ དངོས་གནས་བྱས་ན། བློ་གཟུ་བོར་གནས་ནས་བཤད་ན། ད་བར་བོད་ཀྱི་རྩ་དོན་ལ་རྩོམ་པ་པོ་འོད་ཟེར་ལགས་ཕན་ཐོག་ཆེ་བ་ལས། བློ་སེང་གིས་བྱས་རྗེས་བཞག་པ་ག་རེ་འདུག་གམ། སྣ་གཅིག་སྟོན་རྒྱུ་འདུག་གམ། ཁ་འགུལ་ཚད་ལ་རང་བསྟོད་རྒྱབ་ནས་རྫིག་ཉམས་བསྟན་ནས་འདུག་རྒྱུ་ལས་ག་རེ་འཇོན་སོང་ངམ།
༩ མཛངས་མ་འོད་ཟེར་གྱི་ལྷག་བསམ་རྣམ་དག་ལ་བོད་སྐད་མི་ཤེས་མདོག་མདོག་གི་མཚང་འབྲུ་བྱས་པ་དེ་ཐབས་སྐྱོ་བོ་མ་རེད་དམ། ༧རྒྱལ་བ་རིན་པོ་ཆེས་སྲིད་དབང་གནང་ས་ཞིག་གི་བྱ་སྤྱོད་རེད་དམ།
༡༠ མཛངས་མ་འོད་ཟེར་ལ་དེ་ལྟར་གསུངས་ཀྱང་ཁོང་མོ་རྒྱ་ཡིག་ལ་ཡོངས་གྲགས་ཚད་ལྡན་རེད། རྒྱལ་སྤྱིའི་རྩོམ་པ་པོའི་མཚན་གནས་ཡོད་པ་རེད། བློ་སེང་གིས་དབྱིན་ཡིག་ཐོག་རྩོམ་བྲིས་པ་གང་ཞིག་འགྲིག་འདུག་གམ།
༡༡ ཐ་ན་ཁོང་གི་འབུམ་རམས་པའི་ཆེད་རྩོམ་ཀྱང་ཚད་ལྡན་ཆགས་ཡོད་པ་མ་རེད། དེའི་ཐད་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་ཞིབ་འཇུག་གནང་ནས་གསལ་བོ་བཟོས་འདུག ད་འོ་ན། བློ་སེང་ལ་ག་རེ་ཡོད་པ་རེད་དམ། བོད་ཡིག་མེད། དབྱིན་ཡིག་མེད། མཛངས་མ་འོད་ཟེར་ཡོན་ཏན་ཆེན་པོ་མ་རེད་དམ།
༡༢ འདི་དག་ཚང་མ་བོད་མི་ཚང་མས་བསམ་བློ་གཏོང་དགོས་པ་རེད། བློ་སེང་ལ་བྱས་རྗེས་ཁབ་རྩེ་ཙམ་ཞིག་འདུག་གམ།
དྲ་གྲོགས་རྣམ་པ་ཚོའི་ནང་དུ་བོད་ཀྱི་མགོ་ཁྲིད་ཚོའི་བྱེད་སྟངས་ལ་ཞིབ་འཇུག་བྱ་མཁན་ཉུང་ཉུང་རེད་འདུག གྲོས་ཚོགས་ནང་ག་རེ་བྱེད་ཀྱི་འདུག་ལྟོས་མི་འདུག ༧གོང་ས་མཆོག་གིས་” ཡོན་ཏན་མི་ལ་བརྗོད་དུ་ཆུགས། སྐྱོན་རང་གིས་བརྗོད་ན་ཡག་པོ་རེད་”ཅེས་ཐེངས་ཁྲི་ཕྲག་མང་པོ་གསུངས་འདུག་པས། ལུང་ཚན་དང་ཕྲག་དོག་གི་བློ་མིག་དོར་ནས་ཚང་མ་ཤར་ཁུག་གི་རྗེས་སུ་འབྲངས་རོགས།
བློ་སེང་གིས་ད་བར་བྱས་པའི་སྐྱོན་རྣམས་འབྲི་དགོས་ཚེ་ཤོག་བུའི་མ་འདང་བ་ཞིག་མི་འདུག་གམ།
བཀའ་ཁྲི་སྐྱག་ཟན་འདིས་རྩོམ་པ་པོ་ཚེ་རིང་འོད་ཟེར་དང་ཤར་ཕྱོགས་ཁུག་རྟ་གཉིས་ལ་དགོངས་སེལ་མ་ཞུས་པར་ངའི་དགྲ་བོ་རང་ཡིན་པས་ཁ་གཏད་གཅོག་རྒྱུ་ཡིན།
ཤར་ཁུག་ལོ་ལོ། ཁྱེད་རང་རྡ་སར་ཡོད་པ་རེད། འཇུ་ན་གནད་དོན་ཡོད་ས་ཞིག་གསལ་བོར་ནས་མི་དམངས་བདེན་ཐག་ཆོད་ཅིག་ཤོད། དེ་མིན་བུད་མེད་ཅལ་ཅོལ་ལྟ་བུ་འདི་ཕན་པ་ལས་བློ་སྣ་རྟུང་བའི་རིགས་དག་ལ་ཆོལ་ཁའི་ཞེ་འཁོན་ཞིག་ཏུའང་འགྱུར་སྲིད། རྗེས་ཕྱོགས་དེ་འདྲ་མ་བྱེད།
ཡ་ཤར་ཁུག་དང་ཨ་དགེ་ཀླུ་སྨྱོན་བཅས་དང་གཞན་ཡང་ཁྱི་ཕྲུག་གི་མིང་ཅན་སོགས་གཞིས་ལུས་མདོ་སྨད་མི་མང་གི་ཕྱག་ལས་ནག་བསུབ་གཏོང་མཁན་དག་ཉོན་དང་། ཁྱེད་ཅག་གི་བཤད་སྟངས་དེ་ནི་རང་ལུས་མེར་བསྲེགས་མཁན་དག་གི་བརླ་རྐང་རྡོ་ཡིས་བརྡུང་པ་རང་རེད། མགོ་བཀའ་ཁྲི་ནས་བཟུང་བཙན་བྱོལ་བའི་མགོ་བྱེད་ཡོངས་ལ་ཨ་ཁུ་ཚང་གི་བཤད་སྟངས་དང་གཅིག་པ་རེད་འདུག་ལ། ལྷག་པར་དུ་ཤར་ཁུག་བཀའ་ཁྲི་ལ་སྒེར་འཁོན་ཡོད་པས་ཀླུ་སྨྱོན་དང་ཨ་སྨྱོན་ཁྱི་སྨྱོན་ཁྱེད་ཅག་ཁོས་རྗེས་སུ་མ་འབྲངས་ན་ལེགས།
དྲ་གྲོགས་ཚང་མ་གླེང་སློང་གནང་གི་ཕེབས་པ་ཡག་པོ་འདུག ང་ཆུ་ཚོད་མེད། གཟའ་ཉི་མའི་ཉིན་༼ བློ་བཟང་སེང་གེ་དང་བདེ་སྐྱིད་ཆོས་དབྱིངས༽ཟེར་བའི་རྩོམ་ཡིག་དེའང་ཐོན་ཡོང་གི་རེད། དེའི་ནང་དོན་གཙོ་བོ་སྐུ་ཞབས་ངའི་མ་འོངས་ལས་འཆར་ལས་རྒྱ་བོད་འབྲེལ་བའི་སྐོར་ལ་དཔྱད་ཞིབ་བྱས་པ་དེ་ཡིན། དེའང་ཕྱི་ཟླ ༢ ཚེས ༦ ཉིན་གྱི་བདེ་སྐྱིད་ཆོས་དབྱིངས་ཀྱི་གསར་འགོད་གསལ་བསྒྲགས་དང་སྦྲེལ་ནས་གླེང་སློང་བྱས་པ་ཞིག་ཡིན་པས། མི་འགྱངས་བར་ཀློག་པ་པོ་ཚོར་འབུལ་ངེས་ཡིན།
ཁྱི་ཕྲུག་ནི་ཁྱི་ཕྲུག་རང་རེད། ཁྱི་སྐད་ལས་མི་སྐད་ཐོས་རྒྱུ་མི་འདུག
ཤར་ཕྱོགས་ཁུག་རྟ་ལ་རྒྱབ་སྐྱོར་ཡོད། ད་ལྟའི་བར་རྒྱ་ནག་བོད་མིར་དགག་སྒྲུབ་རྩོམ་ཡིག་མང་པོ་ཞིག་སྤེལ་འདུག དེར་གཞོན་སྐྱེས་རྩོམ་པ་པོ་ང་ཟེར་མཁན་དག་གིས་དགག་ལན་སྐྱོན་མྱོང་ངམ། མ་སྐྱོན་པ དགྲ་ལ་རྒྱབ་སྐྱོབ་བྱེད་དགོ་ཡོད་དམ། ཡང་ན། བོད་གཞུང་གིས་འབྲི་རུ་མ་བཅུག་པ་རེད། ཁོང་གི་བཤད་པས་སྐད་ཆ་མང་ཆེ་བ་བདེན་པ་རེད། གོ་ཐོས་ལ་རྒྱ་གཞུང་གིས་དཔོན་རིགས་ཀྱིས་ཤར་ཕྱོགས་ཁུག་རྟ་སུ་ཡིན་མིན་རྩད་གཅོད་བྱེད་བཞིན་འདུག་ཟེར། དེའི་ཅི་ཞིག་སྟོན་གྱིས་འདུག་ཟེར་ན། ཁོང་གི་དགག་ལན་ཁ་ཤས་ཀྱིས་རྒྱ་གཞུང་ལ་མི་བདེ་བ་བཟོས་པས་མི་ཞིག་གིས་ནུས་པ་རེད། དེར་བརྟེན་ཁྱེད་ཅག་དྲ་འབུའམ་རྒྱ་གཞུང་གིས་སོ་ཉུལ་ཆ་མ་མཚལ་བ་དག་གིས་སྨྱུག་ཁ་ཕྱི་ནང་གཉིས་ཀར་སྐོར་ནས་དཔྱད་བརྗོད་ཁུངས་ལྡན་ཕྲིས་དང་ཚང་མས་དགའ་བསུ་ཞུས་ངེས་ཡིན། དེ་མིན་ནང་ཁུལ་ལ་གནོད་པའི་སྐད་ཆ་དང་ཆོལ་ཁའི་ཕྱོགས་རེས་ཀྱིས་སྐད་ཆ་དང་བོད་མི་ཆིག་སྒྲིལ་ལ་གཏོར་བཤིག་དང་རྒྱ་ལ་མཐུན་རྐྱེན་མ་བསྐྲུན་རོགས་ཞུ་རྒྱུ་ཡིན། ཁྱེད་ཅག་མདུང་བོད་སྤྱི་དོན་ལ་བསམ་ནས་ཕར་རྒྱ་ནག་ལ་སྐོར་ན་བོད་མི་ཆིག་སྒྲིལ་སྟོབས་ཤུགས་དང་རྒྱ་ནག་གི་མཐུན་རྐྱེན་དུ་མི་འགྱུར་བའི་རེ་སྐུལ་སྙིང་ནས་ཞུས། དཔྱད་བརྗོད་གནད་ལ་འཁེལ་བ་བྲིས་འདུག་རྒྱབ་སྐྱོར་ཡོད། སྤྱི་འཐུས་གསར་བ་རྣམས་ལ་སེམས་ཤུགས་དང་ངར་ཤུགས་ཧ་ཅང་གི་ཆེན་པོ་འདུག་བོད་རྒྱལ་ལོ།
རྒྱ་ནག་གཞུང་གིས་ཤར་ཕྱོགས་ཁུག་རྟར་ཆེད་དུ་འཇིགས་སྐུལ་སྐད་བསྐུར་བྱས་འདུག་པ་དྲ་འབུ་རྣམས་ཀྱིས་གང་ནས་ཤེས། ཁོང་༧གོང་ས་མཆོག་གིས་ཞལ་གསལ་བོ་མཁྱེན་པའི་བོད་མི་རྩོམ་པ་པོ་ཞིག་དང་། ཟམ་གདོང་རིན་པོ་ཆེས་ཤིན་ཏུ་མཉེས་པོ་གནང་ས་ཞིག་རེད་འདུག་པས། ང་ཚོ་ལྟ་བུའི་ཁོང་ལ་ཕྲག་དོག་བྱེད་པ་ནི་དོན་མེད་རང་རེད། དེ་བས་སྐད་ཆ་དོན་དང་ལྡན་པ་བཤད་རོགས།
རྩོམ་ཡིག་འདི་ལ་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com