བསྟན་འཇམ།
བླ་གྲྭ་སུ་ཡིན་ན་ཆབ་སྲིད་ཀྱི་འགན་མ་ཁུར་ན་ལེགས་ཚུལ་གྱི་བསྐོར་ལོ་བཞིའི་ཡར་སྔོན་ནས་སྤྱི་བསྒྲགས་བྱས་ཏེ་གདོང་ལ་མཆོངས་ཀྱང་གྲུབ་འབྲས་གང་ཡང་མེད་པར་སྔོན་ནས་རྟོགས་ཡོད་མོད་ཀྱང་། ཡང་བསྐྱར་སྔོན་གྱི་ལྟ་བ་དང་ལངས་ཕྱོགས་གཞིར་བཟུང་སྟེ་བཤད་ཐབས་རྙིང་པ་དེ་བསྐྱར་དུ་གླེང་འདོད་བྱུང་། བོད་སིལ་བུར་འཐོར་རྗེས་ཆོས་རྒྱུད་ཁག་གི་དབང་ཆ་འཐབ་རྩོད་དང་གྲུབ་མཐའི་ཕྱོགས་ཞེན་གྱིས་ཆོས་རྒྱུད་ནང་ཁུལ་དམར་འཛིང་གིས་ཚ་རླབས་དྲག་ཏུ་འཕྱུར་བའི་སྐབས་ཤིག་ལ་སོག་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་དམག་སྣ་དྲངས་ཏེ་སྡེ་སྲིད་གཙང་བའི་རྒྱབ་རོགས་བེ་རི་རྒྱལ་པོ་དོན་ཡོད་རྡོ་རྗེ་དང་བཅས་པ་གཏོར་ཕམ་བཏང་མཐར། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ་༡༦༤༢ལོའི་ཟླ་གསུམ་པའི་ནང་རྒྱལ་དབང་སྐུ་ཕྲེང་ལྔ་བ་དགའ་ལྡན་ཕོ་བྲང་དུ་གདན་དྲངས་ཏེ་བོད་ཆོལ་ཁ་གསུམ་མཆོད་ཡོན་ལ་ཕུལ། དེ་ནས་རྩིས་པའི་ལོ་བཞི་བརྒྱ་ཡས་མས་ཤིག་ལ་དགའ་ལྡན་ཕོ་བྲང་གི་བོད་ཆོལ་ཁ་གསུམ་ཆམ་འབངས་སུ་བསྡུས་ཡོད། ཡག་ས་ནས་བཤད་ན་བླ་མའི་གདུལ་བྱར་གྱུར་ཞེས་བསྐལ་བ་བཟང་སྲོལ་གླེང་རྒྱུར་མང་བོ་ཡོད།
སྡུག་ས་ནས་འགྲེལ་ན་བཀས་བཀོད་ལམ་ལུགས། བླ་བྲང་ལམ་ལུགས། བླ་མའི་ལམ་ལུགས། གཅིག་སྡུད་ལམ་ལུགས། སྒེར་བདག་ལམ་ལུགས། མིང་གི་རྣམས་གྲངས་བགྲང་ཡས་པའི་ལམ་ལུགས་དེ་དག་གི་ཐུ་འོག་ནས་བོད་ཀྱི་རང་ས་ཤོར་ཏེ་གཞན་དབང་དུ་གྱུར་ཡོད་པ་སུ་ལའང་གསང་ཐབས་མེད་པའི་ལོ་རྒྱུས་ཀྱི་བདེན་པ་རེད། དེ་ནས་རིམ་བཞིན་དུས་རབས་ཀྱི་འགྱུར་བ་མི་སེམས་ཀྱི་རྐང་ལ་སིམ་ཞིང་སྙིང་ལ་ཟུགས་བཞིན་པའི་སྐབས་འདིར་རྗེས་རབས་པ་ཚོས་འདས་སོང་ལོ་རྒྱུས་ཀྱི་ནད་རྙིང་དེ་དག་བསྐྱར་དུ་སྤྱི་ཚོགས་འདིར་ཡོང་ཉེན་ལ་སྔོན་འགོག་དང་སད་རྟོགས་ཀྱིས་ས་བོན་ཅི་ལྟར་མི་སེམས་ལ་བཀྲམས་ཀྱང་ཤེས་རྨོངས་ན་བུན་སྟུག་པོ་བོད་མིའི་མཁའ་དབྱིངས་སུ་ད་དུང་དཀྲིགས་བཞིན་པ་མངོན་གསལ་དེའོ།
སྐད་ཆའི་རྩ་དོན་རྡོག་ཏུ་དྲིལ་ན། འཇིག་རྟེན་སྐྱོང་བའི་ཁྱིམ་སྡེ་སྤྱི་ཚོགས་འདིའི་ཁྲོད་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་བསྒྲུབ་སྡེའི་བླ་མ་དང་། དགེ་བཤེས། མཁན་པོ། གྲྭ་བ། སྔགས་པ། མདོར་ན་འཇིག་རྟེན་བློས་བཏང་བའི་ཆོས་པ་མང་དག་ཅིག་འཚུང་ཁ་ཤུག་ཤུག་ངང་འཇིག་རྟེན་སྲིད་སྟེགས་ཀྱི་དབང་ཆ་དང་ཐོབ་ཐང་རྩོད་བཞིན་པ་འདིས་སྤྱི་ཚོགས་རྙིང་བའི་ནད་རོ་མང་པོ་ཞིག་ལྷག་ཡོད་པ་དེ་ལ་བསྐྱར་འགྲེལ་ཡང་འགྲེལ་མི་དགོས་པ་ཤེས་ཚོད་གདའོ། བོད་ཆོལ་ཁ་གསུམ་གྱི་ནང་དུ་མ་འདུས་པའི་བོད་ཀྱི་ཆོས་རྒྱུད་སུ་ཡང་མེད་པར་ཚང་མས་ཤེས་གསལ་ལྟར། ཅིའི་ཕྱིར་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཞེས་ལོགས་སུ་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲད་དགོས་བྱུང་བ་རེད།
རེད། དེའི་རྒྱུ་མཚན་ཆོས་ལུགས་ཀྱི་དབང་ཤུགས་བོད་མིའི་སྤྱི་ཚོགས་ཁྲོད་ད་དུང་ཡང་ངར་ཡལ་མེད་པ་གསལ་པོར་བསྟན་ཡོད། ཆོས་རྒྱུད་ཁག་ནས་ཐོན་པའི་ཆོས་རྒྱུད་སྤྱི་འཐུས་དག་གི་ཤེས་ཡོན་དང་སྤྱི་འཐུས་ལ་ཅི་ལྟར་སླེབས་པའི་གོ་རིམས་དང་བྱུང་བ་ལ་གཞིགས་ན་བོད་མིའི་ཚབ་མཚོན་པའི་སྤྱི་ཚོགས་ཤེས་ཡོན་དུལ་འབྲུ་ཙམ་ཡང་མེད་པ་རྟོགས་ཡོད་ཚོད་རེད། ཁོང་ཚོ་ནི་དགོན་པ་མ་གཏོགས་མཐོང་མ་མྱོང་བའི་གྲྭ་རྒན་རྐྱང་རྐྱང་ཡིན་པ་སུས་ཀྱང་ཉམས་སུ་མྱོང་ཡོད། སེར་འབྲས་དགེ་གསུམ་ཐོན་པའི་དགེ་བཤེས་དང་། དགེ་རྒན་། སྔ་འགྱུར་རྙིང་མ་ནས་ཐོན་པའི་མཁན་པོ་དང་། ཕྱུགས་བདག་གྲྭ་བ། ས་སྐྱ་བཀའ་བརྒྱུད་ནས་ཐོན་པའི་བླ་མ་དང་ཕྱག་མཛོད་། དེ་ཚོ་ནི་རྐང་བརྡབ་ལག་བརྡབ་ཀྱིས་རྟགས་གསལ་བསྐོར་ཞིང་ཁྱབ་མཐའ་འཕངས་ཏེ་ཕ་རོལ་པོའི་ཁས་ལེན་གཏོར་ཐབས་རྐྱང་རྐྱང་ཁྲོད་མི་ཚེ་གཟད་པའི་གདན་སའི་དགེ་བཤེས་དང་དཔེ་ཁྲིད་རྒན།
གཞན་རྩམ་རྡོག་རི་འདྲ་འདྲ་རེ་སྤུངས་ཏེ་དེ་ལ་དམིགས་པར་གཏད་ནས་བསམ་ངན་སྤྱོར་རྩུབ་ཅན་ཡོད་དོ་ཅོག་འདིར་ཁུག་ཅིག་ཟེར་བཞིན། མིག་ཙུམ་ཐོད་ལ་ཉེར་མས་མདུད་བརྒྱབས། བསམ་སྒོམ་གཅིག་བསྡུས་ཀྱི་དམིགས་པ་རྩེ་གཅིག་ཏུ་གཏད་དེ། ཅིག་བཀུགས་མདོག་མདོག་ངང་རྔ་ཆེན་རྡུང་ཞིང་དུང་ཆེན་བོས་ཏེ་འུར་སྒྲ་དང་ཆོམ་སྒྲའི་ཁྲོད་ནས་མི་ཚེ་བཙན་བཅུན་གྱིས་མྱོང་དང་མྱང་བཞིན་པའི་མཁན་པོ་དང་བསྒྲུབ་སྡེའི་གྲྭ་བ་དག་རེད། དེ་འདྲ་བའི་ཤེས་ཡོན་དང་ཉམས་ལེན་གནང་མཁན་ཚོས། དཔལ་འབྱོར་དང་འབྲེལ་བའི་རྩིས་རིག་གི་རིག་གནས། ཆབ་སྲིད་རིག་གནས། ཁྲིམས་ལུགས་རིག་གནས། འབྲེལ་ལམ་རིག་གནས། ཚོང་ཟོག་རིག་གནས། འཕྲོད་བསྟེན་རིག་གནས་། ཁོར་ཡུག་རིག་གནས་སོགས། མདོར་ན། ཁོང་ཚོར་སྤྱི་ཚོགས་རིག་གནས་གང་ཡང་མེད་ལ། ཅི་ཡང་མེད་པའི་དགེ་སྦྱོང་ཚོར་ཅིའི་ཕྱིར་རྐུབ་སྟེགས་འདིར་སྟེར་དགོས་ཐུག་པ་རེད། རྐུབ་སྟེགས་ཕྱིན་ནས་དུས་ད་ལྟར་དབར་ཕན་ཐོག་གང་བྱུང་ཡོད་དམ། ཀྱེེ་ཀྱེ་བོད་པའི་ཚོགས།
ཁོང་ཚོས་གྲོས་ཚོགས་གཏམ་བཤད་སྐབས་དང་དོག་འདྲི་བྱེད་དུས་ཆོས་ཀྱི་ཐ་སྙད་རེ་བེད་སྦྱད་ནས་ཟུར་དང་སྐྱོན་བརྗོད། བསྙོན་འཛུགས། དབྱིན་དཀྲུགས། ཕྱོགས་ཞེན། སྤྱི་ཚོགས་འདིའི་གཏིང་རུམ་ན་སྤུས་པའི་ནད་རྙིང་དག་ལ་ཚིག་ངན་གྱིས་སོས་བཏབས་ཏེ་སླར་ཡང་ཡར་སློང་མཁན་དེ་སུ་དང་གང་རེད། ཚོགས་སྡེ་གང་ཞིག་ན་མངོན་གསལ་འདུག ཤེས་རབ་ལ་རྩལ་ཡོད་ན་རྣམ་དཔྱོད་བློ་ཡིས་གཟིགས་རོགས།
དཔེར་མཚོན་དང་སྤྲགས་ནས་བསྙད་ན། ཉེ་ལམ་འཛིན་སྐྱོང་བཀའ་ཤག་གི་སྔོན་རྩིས་ཐད་ལ་སྤྱི་འཐུས་ཚང་འཛོམས་ཀྱིས་བགྲོ་གླེང་བྱེད་སྐབས་ལྡི་ལུ་ནས་མི་བསད་པའི་སྐོར་བཤད་གླེང་ཕྱོགས་ཤུགས་ཆེན་བཟོས་པ་དང་། བཀའ་ཤག་གི་སྔོན་རྩིས་དང་ལྡི་ལུ་ནས་མི་གསད་པའི་དབར་ལ་འབྲེལ་བ་ག་རེ་འདུག ཀི་རྟི་སྒྲོན་དཀར་གྱི་ལྐོག་ཟའི་གནད་དོན་དེ་སྤྱི་ཚོགས་འདིའི་སྟེང་ཁ་གསལ་གཏིང་གསལ་ཏུ་སོང་ཟིན་པར་མ་ཟད་ད་ལོའི་སྔོན་རྩིས་དང་འབྲེལ་མེད་ཡ་བྲལ་ཏུ་སོང་བའི་ལོ་ངོ་འགའ་ཡང་འདས་ཡོད་མོད། ད་རེབ་བསྐྱར་ཏུ་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་བཤད་སྟངས་ཁྲག་ཚ་བོ་དང་སྙིང་འདར་འདར་གྱིས་གླེང་ཕྱོགས་ཚོར་བ་དྲག་པོས་གླེང་བ་མ་ཟད། ཞོར་དུ་ཚོགས་གཙོས་ཀྱང་མི་བསད་པའི་བསྙོན་འཛུགས་བྱས་རྗེས། ཚོགས་གཙོས་ལམ་སང་གསལ་བཤད་དང་འབྲེལ་ཚོགས་གཙོའི་གོ་གནས་ནས་རྩ་དགོངས་ཞུས་ཏེ་ཕྱི་ལ་ཐོན་ཡོད།
ཚོགས་གཙོ་མེད་པའི་གྲོས་ཚོགས་ཤིག་འཚོག་སྟངས་མེད་སྟབས་གྲོས་ཚོགས་རང་བཞིན་གྱིས་མ་གྲོལ་རང་གྲོལ་ཁེལ་བས་བསྙོན་འཛུགས་དང་འབྲེལ་བའི་ཉོག་གླེང་དག་ཞི་འཇགས་སུ་སོང་སྟེ་གྲོས་ཚོགས་མུ་མཐུན་ནས་འཚོགས་ཐུབ་བ་བྱུང་ཡོད། ཚོགས་གཙོའི་ཐབས་ཤེས་སམ་བྱེད་ཐབས་དེ་དུས་ཐོག་ཏུ་ལག་བསྟར་བྱེད་མ་ཐུབ་ཚེ་བཀའ་རྒྱུད་སྤྱི་འཐུས་ཀྱིས་ཕུ་དཀྲུགས་མདོ་དཀྲུགས་བྱས་ཏེ་མཐར་ཉོག་གྲ་ཆེན་པོ་ཞིག་གི་ཚ་རླབས་འཕྱུར་རྒྱུ་ཡིན་པ་གདོན་མི་ཟའོ། འདི་ནི་དཔེ་མཚོན་ཕྱོགས་རེ་བ་ཙམ་ལས་ཡོད་ཚད་གླེང་བར་མི་བྱའོ།
ཁྱིམ་པ་སྤྱི་འཐུས་དང་ཁྱིམ་སྤང་སྤྱི་འཐུས་གཉིས་ཀྱི་ཁྲག་རྒྱུགས་སྟངས་དང་སྙིང་གི་ལྡིང་ཕྱོགས་སོགས་མདོར་ན་ཤ་རུས་གཏོས་བཅས་ཀྱི་ཕུང་བོས་བསྡུས་པའི་མི་ཡིན་པ་གཅིག་འཚུངས་ཡིན་བཞིན་དུ་ཁོང་ཚོས་འཇིག་རྟེན་མི་ཆོས་དང་མཐུན་པའི་དོག་འདྲི་བྱེད་སྟངས། གཏམ་བཤད་བྱེད་ཕྱོགས། རྣམ་འགྱུར་སྟོན་སྟངས་སོགས་དམངས་ཚོགས་ཀྱི་མིག་ལ་རན་ཞིང་སེམས་སུ་འབབ་པའི་ལུས་ངག་གི་རིག་བྱེད་ཡག་པོ་ཅིག་སྟོན་མི་ཐུབ་པ་དེ་གལ་གནད་གང་ལ་ཐུག་འདུག ཀྱེ་ཀྱེ་བོད་པའི་ཚོགས། ངས་བསམ་ན་དེ་དག་གི་རྒྱུ་རྐྱེན་མཐར་དེད་ན་སྤྱི་ཚོགས་སློབ་གསོ་ཐོབ་མ་མྱོང་བའི་གནད་རེད་སྙམ།
གཅིག བརྡ་འཕྲིན་གྱི་དུས་རབས་འདིར་སེར་མོ་ཡི་ངན་མཚང་དམར་རྗེན་དུ་བརྟོལ་གྱིན་པའི་སྐབས་འདིར་གྲྭ་བའི་སྤྱི་ཚོགས་ཀྱི་རླུང་རྟ་མར་ལྷུང་ཅིང་གྲྭ་བ་ལ་སྤྱི་ཚོགས་ཀི་ལྟ་སྟངས་ལྡོག་ཕྱོགས་སུ་ཆས་ཀྱིན་པ་ནི་ས་རིས་ཐིང་གསལ་རེད། དེའི་སྟབས་ཀྱིས་སེར་མོ་ཡི་སྐྱོན་ཆ་ཆུ་ཐིག་ཙམ་ལ་སྤྱི་ཚོགས་ཀྱིས་རི་བོ་བཞིན་བལྟ་གིན་ཡོད། འདི་ལྟ་དེ་ལྟར་དུ། སེར་མོ་ཡིས་ཨུ་ཚུགས་ཁོ་ནས་མདུན་སྐྱོད་བྱེད་ཀྱིན་པའི་ལམ་བུ་ལ་སྤྱི་ཚོགས་ཀྱིས་དགོས་མཁོ་མ་མཐོང་བས་གྲྭ་ས་གྲྭ་བའི་སྟོང་ཞིང་གཙུག་ལག་ཁང་དགེ་འདུན་པའི་སྟོང་བའི་སྟོང་ཆ་མང་བོ་ཅིག་དགེ་འདུན་པའི་མདུན་ལམ་དུ་ལྷག་བཞིན་པའི་གཙོ་གནད་ཆེ་ཤོས་ཤིག་རེད། དུས་རབས་ལ་ཁ་ཕྱོགས་པའི་དགོན་སྡེའི་སློབ་གསོ་གསར་བ་ཞིག་སྐྱོངས་མ་ཐུབ་ཚེ་དགོན་པ་འགྲེམ་སྟོན་ཁང་དུ་འགྱུར་ཉེན་གྱིས་སྤྱོར་བ་ཉེར་བསྡོགས་བརྩམས་ཟིན་པ་མིག་སྔར་མཐོང་བཞིན་པ་དེའོ།
འདི་ལྟར་སྤྱི་ཚོགས་ཤེས་ཡོན་གྱི་སྟོང་ཞིང་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་བྲལ་བའི་དགོན་སྡེའི་སེར་མོ་ཡི་སྡེ་ལ་བོད་ཆོལ་ཁ་གསུམ་ལས་ལོགས་སུ་སྤྱི་འཐུས་ཀྱི་རྐུབ་སྟེགས་ཇི་ལྟར་སྟེར་དགོས་ཐུག་པ་རེད། འདི་ནི་དུས་རབས་ཀྱི་འགྲོས་དང་བསྟུན་ན་འོས་བབ་ཅིག་གཏན་ནས་མ་མཐོང་བ་མ་ཟད། ཉོག་གྲའི་འབྱུང་རྐྱེན་མང་བོ་ཅིག་གཞི་གཅིག་ཏུ་སྤུངས་པ་དང་གཉིས་སུ་མེད།
སྐད་ཆའི་འཇུག་བསྡུ་མ་བྱས་སྔོན་ལ་གསལ་བཤད་ཅིག་བྱེད་འདོད་བྱུང་། སེར་མོ་བ་ལ་དགའ་བ་མ་དད་པས་སྒྲོ་འདོགས་སྐུར་འདེབས་བྱས་ཏེ་སེར་མོ་ཡི་ངན་མཚང་སློག་འདོད་པ་དེ་འདྲ་ནས་མིན། བཤད་འདོད་པའི་སྙིང་གཏམ་དང་འབྲི་ཕོད་པའི་སྐད་ཆ་དག་ཡི་གེར་ཕབས་ཏེ་བསྒྲགས་ཙམ་ཡིན་ནོ།།
ཁྱེད་ཀྱི་གང་གསུངས་པ་ཚང་མ་ཤིན་ཏུ་བདེན་དངོས་གནས་ལོ་མང་པོའི་སྔོན་གྱི་སྤྱི་འཐུས་ནང་བྱུང་བའི་རྙོག་གླེང་མང་པོ་ཞིག་ལ་བསམ་བློ་གཏང་བརྟག་དཔྱད་གནང་ན་གསལ་པོ་མཁྱེད་ཐུབ་
སྔོན་གྱི་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་དང་འཆི་མེད་རྡོ་རྗེ་་་་གཡུང་དྲུང་རྒྱལ་མཚན་་་་་ཀརྨ་ཆོས་འཕེལ་་་་་་བསྟན་པ་ཡར་འཕེལ་ལ་སོགས་ཀྱི་ཁ་ནས་སྤྱི་སེམས་ཆེ་མདོག་གི་སྐད་ཆ་མང་པོ་བཤད་ནས་དོན་མེད་སྤྱི་ཚོགས་ཕུ་དཀྲུགས་མདོ་དཀྲུགས་མང་པོ་བཟོ་ཐབས་བྱེད་ཀྱི་འདུག་་་་་་་་་་དྭ་གཟིགས་དང་འཇུ་ཆེན་གྱི་མིང་ཀྱང་སླེབས་ཡོང་གི་འདུག་གྭ
ཁྱེད་ཀྱི་གསུངས་པ་ལྟར་་་་་དཔེར་མཚོན་དང་སྤྲགས་ནས་བསྙད་ན། ཉེ་ལམ་འཛིན་སྐྱོང་བཀའ་ཤག་གི་སྔོན་རྩིས་ཐད་ལ་སྤྱི་འཐུས་ཚང་འཛོམས་ཀྱིས་བགྲོ་གླེང་བྱེད་སྐབས་ལྡི་ལུ་ནས་མི་བསད་པའི་སྐོར་བཤད་གླེང་ཕྱོགས་ཤུགས་ཆེན་བཟོས་པ་དང་། བཀའ་ཤག་གི་སྔོན་རྩིས་དང་ལྡི་ལུ་ནས་མི་གསད་པའི་དབར་ལ་འབྲེལ་བ་ག་རེ་འདུག ཀི་རྟི་སྒྲོན་དཀར་གྱི་ལྐོག་ཟའི་གནད་དོན་དེ་སྤྱི་ཚོགས་འདིའི་སྟེང་ཁ་གསལ་གཏིང་གསལ་ཏུ་སོང་ཟིན་པར་མ་ཟད་ད་ལོའི་སྔོན་རྩིས་དང་འབྲེལ་མེད་ཡ་བྲལ་ཏུ་སོང་བའི་ལོ་ངོ་འགའ་ཡང་འདས་ཡོད་མོད། ད་རེབ་བསྐྱར་ཏུ་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་བཤད་སྟངས་ཁྲག་ཚ་བོ་དང་སྙིང་འདར་འདར་གྱིས་གླེང་ཕྱོགས་ཚོར་བ་དྲག་པོས་གླེང་་་་་་་་་་་་་་་་བྱས་ཙང་གཟིགས་དང་་མི་དེ་ཚོས་ཆབ་སྲིད་ཀྱི་གར་འཁྲབ་ཀྱི་འདུག་དྭ་་Dirty politics and dirty politician ་་
ཆོས་བརྒྱུད་སྤྱི་འཐུས་རྩ་བ་ནས་དགོས་མཁོ་མི་འདུག ཆོས་བརྒྱུད་པ་ཚོས་མི་གོ་ཆོད་པ་ཞིག་ཀྱང་གཏང་རྒྱུར་དཀའ་ལས་ཡོད་ས་རེད། མི་དགོས་པའི་ཀླད་མེད་ཁ་སྟོང་པ་ཤོད་མཁན་རྐྱང་རྐྱང་བདམས་ཀྱི་འདུག ཆོས་བརྒྱུད་སྤྱི་འཐུས་དགོས་སམ་མི་དགོས་ཟེར་ན། རྩ་བ་ནས་ཉིད་ནས་མི་དགོས།
ཆོས་རྒྱུད་སྤྱི་འཐུས་རྩ་མེད་ཐོངས་།
ང་ཚོ་བཙན་བྱོལ་བ་རྣམས་ལ་རང་བདག་ས་ཁུལ་མེད་སྟབས། བོད་ནང་ཡོད་པའི་ཆོལ་གསུལ་ས་ཁྱོན་དང་། བཙན་བྱོལ་ནང་གི་ཆོལ་གསུམ་མི་རིགས་གསུམ་དུ་ཡོད་པ་འདི་དང་།
ནང་ཆོས་ནང་གི་སངས་ཆོས་དང་། བོན་ཆོས་གཉིས་བོད་མི་དང་ཁ་བྲལ་ཐབས་མེད་ཙང་། དེ་དག་གི་ཐོག་ནས་སྤྱི་འཐུས་བསྐོས་དགོས་ཐུག་པ་རེད།
རིམ་པས་འགྱུར་བ་འགྲོ་བཞིན་པ་ནི། ནི་ཛི་ལེན་ཌི་སོགས་ལ་སྤྱི་འཐུས་དགོས་དང་མི་དགོས་དང་། ཇོ་ནང་པ་ཆོ་བརྒྱུད་ཟུར་དུ་ཡོད་ན་ཡང་། དད་ལྡན་མི་འབོར་ཉུང་བས། སྤྱི་འཐུས་ཐོབ་ཐང་བཟོ་ཐུབ་དང་མི་ཐུབ་ད་ལྟ་བཀའ་མོལ་འགྲོ་བཞིན་པ་ལྟ་རོ།།
ཚང་མ་ཁམས་བཟང་།
ཆོས་རྒྱུད་སྤྱི་འཐུས་མི་དགོས་ཟེར་དུས་ཆོས་རྒྱུད་སྤྱི་འཐུས་འགའ་ཞིག་གིས་གྲོས་ཚོགས་ནང་དུ་སྦས་གསང་དང་ངོ་ལྐོག་མེད་པར་གོང་མ་རྣམས་ཀྱི་སྐྱོན་འདོན་བྱས་པ་ལ་བརྟེན་ནས་རེད། ཆོས་རྒྱུད་སྤྱི་འཐུས་མི་དགོས་ན་ཆོས་བྱེད་མི་སྣ་སྤྱི་འཐུས་སུ་ཡོང་མི་ཉན། དེ་མིན་ཆོས་རྒྱུད་སྤྱི་འཐུས་མེད་པ་བྱས་པ་ཙམ་གྱིས་གང་ནས་འགྲིག་སྤྱི་འཐུས་སུ་སུ་སླེབས་ཀྱང་ཆོས་རྒྱུད་ཆོས་ལུགས་ཀྱིས་ར་བཟི་བ་ཞིག་ཡོང་ངེས་རེད། དེས་ན་དེ་ཚོས་ཀྱང་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་ངེས་རེད་བྱས་ཙང་ཆོས་བྱེད་དམ་ཆོས་ལུགས་པའི་མི་སྣ་ཞིག་སྤྱི་འཐུས་སུ་ཡོང་མི་ཆོག་པར་བྱས་ན་ལེགས་ཤོས་རེད་།
ཁྱོད་ཚོ་ལ་ཟླ་བ་ཚེ་རིང་སྤྱི་འཐུས་ནང་དགོས། ཆོས་ལུགས་སྤྱི་འཐུས་མི་དགོས། དེ་འདྲའི་ཐག་གཅོད་ཆོག་པའི་དབང་ཆ་ཞིག་སུས་སྤྲད་བྱུང་། ཤོད་དང་གྲོགས་པོ།
སྤེན་ཚེ་ལགས་ལོ་རྒྱུས་རང་བཞིན་ལྡན་པའི་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཁྱེད་ཀྱི་ཐོ་གཞུང་ནང་འཁོད་མི་འདུག་པས་ཅི་ལགས། ཁྱེད་རང་ཁོང་གི་ཕྱོགས་གཏོགས་མི་ཤས་ཆེ།
གོང་དུ་བསྟན་འཇམ་ལགས་ཀྱིས་གང་གསུངས་པ་ཆ་ཚང་ལ་རྒྱབ་སྐྱོར་ཡོད་དོ། ད་ནི་ཆོས་བརྒྱུད་སྤྱི་འཐུས་སྒོ་རྒྱག་དགོས་པའི་དུས་ལ་བབ་འདུག་གོ ཆོས་བརྒྱུད་སྤྱི་འཐུས་ཚོས་ང་ཚོའི་རྩ་དོན་ལ་དགོངས་ནས་རང་འགུལ་གྱི་ཐོག་ནས་དགོངས་པ་ཞུས་ནས། སོ་སོའི་ཆོས་སྡེར་ཕྱིར་ལོག་ཕེབས་ནས་ཆོས་ཀྱི་བྱ་བར་འབད་འབུངས་གནང་ན། བཟང་སྤྱོད་དང་ཡོངས་སུ་མཐུན་ནོ།།
ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་བ་དང་སྲིད་ལ་ཞུགས་པའི་གྲྭ་པ་བླ་མ་ཚོ་ལ་གླང་རྒན་དམར་ལྡང་ཞེས་མཚན་གསོལ་ནས་སྤེན་པ་ཚེ་རིང་གི་རྒྱབ་རྩ་བ་ཚོས་ངར་བཞིན་འདུག་མོད། གླང་རྒན་དམར་ལྡང་ཞེས་པའི་མཚན་ཞིག་བཏགས་པ་འདི་ཡག་པོ་འདུག ཨེན་སྐད་ནང་དུ་་་Red Bull Energy drink ་་་ཟེར་བ་ཤིག་ཡོད།
གླང་རྒན་དམར་ལྡང་ཞེས་པའི་ནུས་ཤུགས་འཐུང་ཡ་འདིའི་ཐོག་ཏུ་འདྲ་དཔར་གླང་རྒན་དམར་པོ་སྟོབས་ཤུགས་ཅན་གཉིས་བཀོད་ཡོད། ཆོས་རྒྱུད་ཀྱི་སྤྱི་འཐུས་དེ་དག་གྲོས་འཚོགས་ནང་གི་Red Bull ཡིན། ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོས་གྲོས་འཚོགས་ནང་དུ་དམངས་གཙོའི་ནུས་ཤུགས་སྤྲོད་ཀྱི་ཡོད། དྲང་བདེན་གྱི་ནུས་ཤུགས་སྤྲོད་ཀྱི་ཡོད། ཡར་རྒྱས་ཀྱི་ནུས་ཤུགས་སྤྲོད་ཀྱི་ཡོད། སྤྱིའི་རྒྱུ་སྲུང་སྐྱོབ་ཀྱི་ནུས་ཤུགས་སྤྲོད་ཀྱི་ཡོད། དོན་དངོས་པོའི་ཐོག་ནས་རས་སྒྲི་བྷོ་ལི་ཡིན། ནུས་ཤུགས་འཐུང་བ་ཡིན།
གླང་རྒན་དམར་ལྡང་ཞེས་པ་འདི་མིང་དོན་མཚུངས་སོང་ཞུ་རྒྱུ་དང་། རྟེན་འབྲེ་བཟང་སོང་ཞུ་རྒྱུ་ཡིན། ཆོས་རྒྱུད་རེ་ལ་སྤྱི་འཐུས་གཉིས་རེ་ཡོད་ལ་་་Red bull་་་་ཡི་ཐོག་ཏུ་གླང་དམར་གཉིས་ཡོད་་་་འདྲ་པོ་འདུག ཡག་པོ་འདུག
xxདེ་ཚོས་སྐད་ཆ་བཤད་སྟངས་ནི་མི་སྐྱ་མི་ནག་ལས་སྡུག་ཅིག་མཐོང་སོང་། གང་ཡིན་ན་ཞེ་ས་དང་གུས་བཀུར་མེད་པར་རང་སྣང་གང་ཤར་སྔ་ཆག་ཕྱི་འདངས་མེད་པ་ནང་འཁྲུག་འདྲ་ཞིག་ལས་གང་ཡང་ཚོར་མ་སོང་། སྔོན་མ་བོད་གཞུང་ལ་རེ་བ་ཆེ་ཡང་དེང་དུས་འཚོགས་འདུ་དང་འཇུ་ཆེན་གྱི་ལོ་རྒྱུས་ལ་བལྟས་ན་དེ་འདྲ་གཞུང་ཞིག་མེད་པར་སྨོན་བསམ་སོང་། བློ་གཏད་ཡིད་ཆེས་ས་ཞིག་གཏན་ནས་མི་འདུག
སྤྱི་རྒྱུ་སྒེར་བདག་བྱེད་མཁན། ལྐོག་ཟ་རུལ་སྲུང་བྱེད་མཁན། མི་གསོད་ཁྲག་སྦྱོར་བྱེད་མཁན་གི་ཕྱོགས་གཏོགས་རྣམས། བསྟན་པ་ཡར་འཕེལ་ཟེར་བ་འདི་གྲྭ་པ་གྲྭ་རྐྱང་ཞིག་རེད་འདུག་སྙམ་ནས་བརྙས་བཅོས་མ་བྱེད། དམངས་གཙོ་འམ་སེམས་ཅན་གྱི་དོན་དུ་མཐོ་རྒྱལ་པོ་ཡིན་ཡང་གྲྭ་པས་ཆམས་ལ་འབེབས་པའི་ལོ་རྒྱུས་ཡོད་དོ།
འདི་པས་རྩོམ་ཡག་པོ་བྲིས་འདུག བློ་ལ་བབས་སོང་། ཡིན་ནའང་ཁམས་པའི་ཁའི་སྒྲ་གདངས་གཞིར་བྱས་བྲིས་པའི་ཚིག་སྟེ། ༼ལྡི་ལུ།༽ དང་ ༼འཚུང་ཁ་ཤུག་ཤུག༽ སོགས་བཅོས་འོས། ལྡི་ལུ་གསུང་ན་ཧིན་རྡིའི་སྒྲ་གདངས་ཏག་ཏག་ཡོང་གི་མེད་པས་ལྡི་ལི་ཞེས་ན་ལེགས་ཤིང་། འཚུང་ཁ་ཤུག་ཤུག་ནི་བོད་རང་གི་སྐད་ཡིན་པས། འཚང་ཁ་ཤིག་ཤིག་ཅེས་ན་སྒྲ་དག་པ་ཡིན། འདི་ལྷན་བཤད་རྒྱུར། སྤེན་ཚེ་དང་བསྟན་ཡར་གཉིས་སུ་ལའང་རྒྱབ་སྐྱོར་བ་དང་། ཁོ་གཉིས་ཀྱི་དོན་དུ་ཁ་འཁྲུག་བརྒྱབ་རྒྱུའི་འདུན་པ་མེད་ནའང། མང་གཙོའི་གནད་ལུགས་ཤེས་ན་ཆོས་བརྒྱུད་སྤྱི་འཐུས་འོས་འཕེན་སྐབས། གྲྭ་བ་ཚོས་འོས་ཤོག་གཉིས་བླུགས་དགོས་ཐུག་པ་དེས་གྲོས་ཚོགས་ནང་གྲྭ་བ་ཚོའི་དབང་ཚད་མི་སྐྱ་ལས་རང་བཞིན་གྱིས་མཐོ་བ་ཆགས་ཡོད་སྟབས། འདྲ་མཉམ་ཡོང་གི་མེད།
འདྲ་མཉམ་མེད་ན་རྙོག་དྲ་བྱུང་བ་ཆོས་ཉིད་ཡིན། རྙོག་དྲ་མི་འདོད་ཅིང་འདྲ་མཉམ་འདོད་པ་དང་། མང་གཙོ་ཡང་དག་ཅིག་བྱ་རྒྱུ་ཟེར་ན། ཆོས་ལུགས་སྤྱི་འཐུས་མེད་ན་བཟང་རབས་བཤད་པ་བསམ་ཚུལ་རེད། དེ་ལག་བསྟར་ཡོང་མི་ཡོང་བོད་སྤྱིའི་མིང་ཁུར་བ་འཐུས་མི་དེ་དག་གི་འདོད་པ་རེད། མི་མང་ལ་འདུན་པ་ཡོད་ནའང་འཐུས་མིར་འདོད་པ་མེད་དུས་དཀའ་མོ་ཡིན།
གྲྭ་པ་ཚོས་འོས་གཉིས་འཕེན་བཞིན་ཡོད་ཟེར་བའི་སྐད་ཆ་འདི་ལ་ཞིབ་ཏུ་བསམས་ན་མི་སྐྱ་རྣམས་དང་ཁྱད་པར་ཆེན་པོ་དེ་ཙམ་མེད། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་མི་སྐྱ་རྣམས་ཀྱིས་སྤྱི་འཐུས་༡༠་ལ་འོས་འཕེན་བཞིན་ཡོད། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་གྲྭ་པ་རྣམས་ཀྱིས་སྤྱི་འཐུས་༡༢་ལ་འོས་འཕེན་བཞིན་ཡོད། ཡུང་རོབ་དང་ཨ་རི་ལ་ཡོད་པའི་བོད་མི་རྣམས་ཀྱིས་སྤྱི་འཐུས་༢་ལ་འོས་འཕེན་བཞིན་ཡོད།
མཐོ་ཤོས་ཀྱི་སྤྱི་འཐུས་༡༢།
འབྲུང་བའི་སྤྱི་འཐུས་༡༠།
དམའ་ཤོས་ཀྱི་སྤྱི་འཐུས་༢་ལ་འོས་འཕེན་བཞིན་ཡོད།
དབུས་གཙང་བའི་སྤྱི་འཐུས་འོས་མཐོ་ཤོས་ལ་་༡༣༩༣༨་ཡོད།
མདོ་སྟོད་པའི་སྤྱི་འཐུས་འོས་མཐོ་ཤོས་ལ་་་༨༦༧༡་ཡོད།
མདོ་སྨད་པའི་སྤྱི་འཐུས་འོས་མཐོ་ཤོས་ལ་༢༢༧༢་ཡོད།
མི་འབོར་གྱི་ཆ་ནས་མདོ་སྨད་པ་ལ་སྤྱི་འཐུས་༡༠་ཡོད་དུས་་་དབུས་གཙང་གི་མི་འབོར་གྱི་ཆ་ནས་སྤྱི་འཐུས་༦༠་ཡོང་ཆོག་པ་ཆགས་ཡོད། མདོ་སྟོད་པའི་མི་འབོར་གྱི་ཆ་ནས་སྤྱི་འཐུས་༤༠་ཡོང་ཆོག་པ་ཡོད། སྤྱི་འཐུས་འོས་བསྡུ་ཡི་ཐོག་ནས་ཁེ་བཟང་ཡོད་མཁན་ངོ་མ་མདོ་སྨད་པ་ཡིན། མི་འབོར་ཉུང་ཉུང་ཞིག་གི་ནང་ནས་སྤྱི་འཐུས་མང་པོ་ཡོང་ཆོག་པ་ཆགས་ཡོད། དབུས་གཙང་བ་མི་འབོར་མང་པོ་ཞིག་ལ་སྤྱི་འཐུས་ཉུང་ཉུང་ཞིག་མ་གཏོགས་ཡོང་ཆོག་གི་མེད།
འོས་འཕེན་མཁན་ཚོའི་ངོས་ནས་བཤད་ན་ཡུང་རོབ་དང་ཨ་རིའི་ཡོད་པའི་བོད་མི་རྣམས་ལ་སྤྱི་འཐུས་༢་ཀྱི་འོས་འཕེན་ཆོག་པའི་ཐོབ་ཐང་མ་གཏོགས་མེད། ཡུང་རོབ་དང་ཨ་རི་གཉིས་ཀྱི་བོད་མི་རྣམས་ལ་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་འཕེན་ཆོག་པའི་ཐོབ་ཐང་མེད་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་འཕེན་ཆོག་པའི་ཐོབ་ཐང་མེད།
ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་པ་དམངས་གཙོའི་ལམ་ནས་འོས་བསྡུ་བྱས་ནས་བྱུང་བ་ཡིན་པས་དམངས་གཙོའི་ལུགས་སྲོལ་དང་མཐུན། གྲྭ་པ་རྣམས་ཆབ་སྲིད་ལ་ཞུགས་ཆོག་པ་ནི་འགྲོ་བ་མིའི་ཐོབ་ཐང་ཡིན། གྲྭ་པ་རྣམས་ཆབ་སྲིད་ཀྱི་ནང་དུ་ཞུགས་མི་ཆོག་ཟེར་ན་དམངས་གཙོའི་ཁྲིམས་ལུགས་དང་འགལ་བ་ཡིན།
དེ་ལས་སྤྲུལ་སྐུ་ཟེར་བ་འདི་ནི་དམངས་གཙོའི་ལམ་ནས་འོས་བསྡུ་བྱས་ནས་བྱུང་མིན། སྒེར་གཅོད་ཀྱི་ངོ་བོའི་ཐོག་ནས་བསླེབས་པ་རེད། སྤྲུལ་མིང་གི་ཐོག་ནས་ཆབ་སྲིད་ཀྱི་གོ་གནས་འཛིན་པ་འདི་དགག་ན་དམངས་གཙོའི་ལུགས་དང་མཐུན། སྤྲུལ་སྐུའི་ཆབ་སྲིད་ཀྱི་གོ་གནས་འཛིན་པའི་ལམ་ལུགས་འདི་མེད་པ་བཟོ་དགོས། སངས་རྒྱས་ཁོག་ཞུགས་ཀྱི་སྤྲུལ་སྐུ་དེ་དག་ཆབ་སྲིད་ཀྱི་གོ་གནས་བཞེས་དུས་ལྷ་དབང་ལམ་ལུགས་ཟེར་ནའང་འདྲ། ཆོས་སྲིད་ཟུང་འབྲེལ་ཟེར་ནའང་ཆོག ཡུལ་ལུང་ཕུང་ལ་སྦྱར་རྐྱེན་གྱི་ལུགས་སྲོལ་ངན་པ་འདི་ངེས་པ་ཏུ་མེད་པར་བཟོ་དགོས།
དམངས་གཙོའི་ལམ་ནས་བྱུང་བའི་མི་སུ་ཡིན་ནའང་ཆབ་སྲིད་གོ་གནས་བཞེས་ཆོག་པའི་ཐོབ་ཐང་ཡོད། གྲྭ་པ་ཡིན་ན་རེད། མི་སྐྱ་ཡིན་ནའང་ཆོག སྤྲུལ་སྐུ་ཡིན་ནའང་འགྲིག བུད་མེད་ཡིན་ནའང་གཅིག་པ་རེད། དབྱེ་འབྱེད་བྱེད་མི་ཆོག
མི་འབོར་མང་ཉུང་ལ་དཔག་པའི་སྤྱི་འཐུས་མང་ཉུང་དགོས་པ་དེ། མང་གཙོའི་རྒྱལ་ཁབ་ཁག་གི་ལུགས་སྲོལ་ཡིན་པ་འདྲ། བཙན་འབྱོལ་ནང་མདོ་སྨད་པ་་ཉུང་ཡང་། བོད་དུ་མདོ་དབུས་ཁམས་གསུམ་མི་འབོར་ཁྱད་པར་དེ་ཙམ་མེད་པ་འདྲ། ཡིན་ནའང་བཙན་འབྱོལ་ནང་འོས་བླུགས་སྟངས་མི་འདྲ་བ་ཁྱད་ཚར་འདུག རྒྱ་བལ་འབྲུག་གསུམ་གྱི་བོད་མི་སྐྱ་བོ་ཚོས་ཆོལ་ཁ་གསུམ་སོ་སོའི་འོས་བླུགས། སེར་མོ་བ་ཚོས་དེའི་ཐོག་ཆོས་བརྒྱུད་སྤྱི་འཐུས་འོས་བླུགས། ཡང་ཡོ་རོབ་དང་བྱང་ཨ་རིར་ཆོལ་ཁའི་སྤྱི་འཐུས་འོས་མེད་ཀྱང་ས་གནས་དེའི་སྤྱི་འཐུས་གཉིས་ལ་འོས་བླུགས། ཡོ་རོབ་དང་ཨ་རིར་ས་གནས་དེ་གའི་སྤྱི་འཐུས་ལོགས་སུ་ཡོད་ན་བལ་ཡུལ་དང་འབྲུག་ཡུལ་གཉིས་ལ་ཆོལ་ཁའི་སྤྱི་འཐུས་མེད་པར་ས་གནས་་སྤྱི་འཐུས་ལོགས་སུ་མེད་པ་གང་ཡིན་ནམ། ངའི་འབྲུག་གི་བོད་པའི་སྤྱི་འཐུས་སླེབས་པ་མཐོང་མ་མྱོང་། བལ་ཡུལ་ཡང་ཀ་ཐ་མན་གྲུ་བོད་མི་སྤྱི་འཐུས་འགའ་ཤས་སླེབས་པ་མ་གཏོགས། བལ་ཡུལ་གྱི་ས་གནས་གཞན་བོད་མི་འདུས་སྡོད་ཆེ་བ་སྤོག་ར་ལྟ་བུ་ནས། སྤྱི་འཐུས་ནང་སླེབས་པ་དེ་སྔ་༡༩༩༠ནང་དབུས་གཙང་སྤྱི་འཐུས་བུད་མེད་ཚེ་འདས་༼མིང་མི་དྲན༽མ་གཏོགས་མཐོང་མ་བྱུང་། གཞན་ཡང་རྒྱ་གར་ནང་ལ་དྭགས་ལྟ་བུ་བོད་མི་འདུས་སྡོད་ཆེ་བ། ཨོ་རི་ས། མན་སྤར། བྷན་དྷ་ར། བྱང་ཤར་ས་ཁུལ་ནས་སྤྱི་འཐུས་སླེབས་པ་ཉུངཉུང་ཡིན། རྒྱ་མཚན་དེ་ལ་བརྟེན་ནས་ས་གནས་དེ་གའི་དཀའ་ངལ་གྲོས་ཚོགས་སུ་གླེང་སློང་བྱེད་མཁན་མེད། ད་ལྟའི་སྤྱི་འཐུས་མང་ཆེ་བ་རྡ་རམ་ས་ལ་དང་གསར་འབྱོར་བ་ཚོ་རེད། ཁོང་ཚོའི་གཞིས་ཆགས་ཁག་གི་དཀའ་ངལ་མཁྱེན་གྱི་ཡོད་མ་རེད། དེར་བརྟེན་གཞིས་ཆགས་སྲ་བརྟན་ཡོང་ཁག་པོ་རེད། བཀའ་ཤག་དང་སྤྱི་འཐུས་ཚོས་རྒྱ་བོད་ཞི་མོལ་ནི་མི་ཡོང་། མི་དགོས་གཅིག་གིས་གཅིག་ལ་སྒེར་ནད་སྐྱོན་བརྩུགས་རེས་བྱེད། མདོར་ན་ངའི་བསམ་པར་མ་འོངས་པར་སྤྱི་འཐུས་འོས་བླུག་སྟངས་གསར་གཏོད་བྱས་དགོས་འདུག
ཆོལ་གསུམ་གྱི་མི་གྲངས་ཞིབ་སྡུར་ཤེས་མཁན་ཡོད་ན་གསུང་བར་ཞུ། རྒྱ་ཡིག་ཞིག་ཏུ་ཨ་མདོའི་་མི་གྲངས་བཀོད་པ། ཨ་མདོའི་མི་གྲངས། མཚོ་སྔོན་གྱི་མཚོ་ནུབ། ༣༢༥༧༨༥། མཚོ་བྱང་༣༩༣༥༤། མཚོ་ལྷོ། ༤༥༩༩༥། རྨ་ལྷོ། ༡༧༩༢༡། མགོ་ལོག་༧༦༣༡༢། ཛྃ་ཐང་།༣༠༣༠༠། རྔ་བ་བའི་བོད་རིགས། ༤༨༩༧༨༢། སྤྱང་རིགས་༡༥༧༩༦༩། ཀན་ལྷོ་ཁུལ།༦༨༩༡༣༢། འདི་དག་མིན་མ་འཚལ་བས་དཔྱད་པར་ཞུ། །
ཆོས་རྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་དེ་ཚོའི་དམིགས་ཡུལ་ནི་་་་ད་ལྟའི་གྲོས་ཚོགས་ནང་དུ་ལྐོག་ཟ་དང་སྤྱི་རྒྱུ་བེད་སྤྱོད་བྱེད་མཁན་དང་དབང་ཆ་སྒེར་སྤྱོད་བྱེད་མཁན་རིགས་ལ་དགག་པ་བརྒྱབ་མཁན་ཆོས་རྒྱུད་སྤྱི་འཐུས་ཡིན་ཙང་དེ་ལ་མ་དགའ་ནས་དགག་པ་བྱེད་ཀྱི་ཡོད་པ་འདྲ། གལ་ཏེ་དེའི་རིགས་ལ་དགག་པ་བྱེད་མཁན་མེད་ན་སྤྱི་རྒྱུ་སྒེར་བདག་དབང་ཆ་བེད་སྤྱོད་བྱེད་མཁན་དེའི་རིགས་ཀྱིས་རང་སྣང་གང་ཤར་བྱེད་དགོས་བསམ་གྱི་ཡོད་རེད། དེ་དུས་དམངས་གཙོ་ཟེར་བ་མིང་ཙམ་རེད།
ཆོལ་ཁ་གསུམ་དུ་མ་གཏོགས་པའི་ཆོས་བརྒྱུད་ཅིག་མེད་པར་བརྟེན་ཆོས་བརྒྱུད་སྤྱི་འཐུས་ཞེས་ཞིག་ལར་ནས་དགོས་དོན་མི་འདུག ཆོས་བརྒྱུད་ཁག་རྣམས་ལོ་རྒྱུས་ཞེ་འཁོན་བསྐྱངས་ལ་དགའ་བ། ཆོལ་ཁའི་འཐེན་འཁྱེར་བྱེད་ལ་དགའ་བ། དངོས་ཡོད་ཀྱི་ཉམས་མྱོང་མེད་པ། ཆོས་དང་རིག་གནས་ཀྱི་གོ་རྟོགས་དབེན་པ་མངོན་གསལ་རེད། མུ་མཐུད་དུ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཡུན་གནས་བྱས་ན་འདས་ཟིན་པའི་ཆོས་ལུགས་ཀྱི་རྙོག་འཛིང་དེ་བསྐྱར་དུ་མི་འོང་བའི་ངེས་པ་གཏན་ནས་མི་འདུག ཁོ་བ་ཚོའི་ང་རྒྱལ་དང་རང་བློམ་ཞེ་སྡང་དེས་གསལ་བཤད་བྱེད་འདུག ད་ངོ་མ་མཚམས་བཞག་ན་ཡང་ཤོས་རེད། དུས་ལ་བབས་འདུག དངོས་ལ་རན་འདུག ལར་དེ་ལྟར་བྱས་ན། གྲྭ་བ་ཚོས་རང་གི་ངོ་གདོང་དང་ཆེ་མཐོང་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཀྱང་། ཐ་ལན་ཊ་སོགས་ནང་བའི་རྒྱལ་ཁབ་མང་བོའི་གྲྭ་བ་འོས་བསྡུའི་ཐོབ་ཐང་མེད་པར་བཟོས་འདུག དེ་ད་ལྟའི་ང་ཚོ་ལ་དམིགས་དཔེ་ཡག་ཤོས་ཤིག་རེད། གོང་ས་མཆོག་གི་སྲིད་དོན་རྩ་དགོངས་ཞུས་དམིགས་དཔེ་རེད། ད་གཙོ་བོ་གྲྭ་བ་ཚོས་བསམ་གཞུག་བྱ་རན་འདུག ནམ་ཞིག་བོད་མི་མང་གིས་ཁྱེད་ཚོ་འཕང་བཤུས་ཀྱི་རྡོ་བཞིན་གཡུགས་པའི་ཉིན་མོ་སྙིང་མ་ལངས་ཨཱ།
འབྲོང་བུ་སོག་ཚ་ལགས་དེ་ནི་ཁྱེད་རང་གི་བློ་དོག་རང་རེད་་ངས་ཟླ་བ་ཚེ་རིང་སོགས་སྤྱི་འཐུས་སུ་ཅིག་ལའང་ཕྱོགས་གཏོགས་བྱེད་དགོས་དོན་མེད་ལ་གོང་གི་མཆན་དེས་ཚོགས་གཙོའི་རྒྱབ་ལངས་བྱས་པའང་མིན་་
མདོ་དབུས་ཁམས་གསུམ་སོསོའི་མི་འབོར་དངོས་གནས་ཤེས་རྒྱུ་གལ་ཆེན་པོ་རེད། ངས་ནི་དེིའ་ྶཀོར་མི་ཤེས་ལ། གཞན་གྱི་བཤད་པའི་ཡིག་ཡང་མེད་པས་་་་་་་་་་་་་་་ ཅིག་གིས་་་་་་་་་ བྱུང་ན་་་་་་་་་
ངོ་མ་ཞུས་ན་གསོན་བསྲེག་གི་གྲངས་ཀ་རྩིས་པ་ལས་གསོན་གྲངས་སུ་ལྷག་བསམ་དྲི་མེད་ཀྱིས་ཆོལ་གསུམ་གྱི་མི་གྲངས་ཞིབ་སྡུར་ཤེས་མཁན་ཡོད་ན་གསུང་བར་ཞུ། རྒྱ་ཡིག་ཞིག་ཏུ་ཨ་མདོའི་་མི་གྲངས་བཀོད་པ། ཨ་མདོའི་མི་གྲངས། མཚོ་སྔོན་གྱི་མཚོ་ནུབ། ༣༢༥༧༨༥། མཚོ་བྱང་༣༩༣༥༤། མཚོ་ལྷོ། ༤༥༩༩༥། རྨ་ལྷོ། ༡༧༩༢༡། མགོ་ལོག་༧༦༣༡༢། ཛྃ་ཐང་།༣༠༣༠༠། རྔ་བ་བའི་བོད་རིགས། ༤༨༩༧༨༢། སྤྱང་རིགས་༡༥༧༩༦༩། ཀན་ལྷོ་ཁུལ།༦༨༩༡༣༢། འདི་དག་མིན་མ་འཚལ་བས་དཔྱད་པར་ཞུ། །
འོ་མ་དཀྲུགས་ནས་སྙིང་པོ་མར་ལེན་པ་ལྟར། སྤེན་ཚེ་དང་བསྟན་ཡར་གཉིས་ཀྱི་རྙོག་གླེང་ལ་བརྟེན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་གནང་ཕྱོགས་ལ་བཅོས་འགྱུར་གྱིས་མང་གཙོའི་ལམ་སྲོལ་ཡར་རྒྱས་དང་ཚགས་ཚུད་དུ་གཏང་དགོས་པ་དང་། བོད་གཞིས་བྱེས་གཉིས་སུ་བོད་མིའི་གྲངས་འབོར་ཏག་ཏག་ཅིག་མེད་པ་ནས་ཡོད་པར་བྱ་དགོས་པའི་གལ་གནད་བདག་ཅག་གིས་བཀའ་མོལ་དེ་དག་ལས་རྟོགས་ན། སོ་སོར་འཁྲི་བའི་འགན་དེ་རིང་ནས་འཁུར་དགོས་ཤིང་། དོན་མེད་ཀྱི་རྙོག་བཤད་བླུན་པོས་ཀྱང་ཤེས་ཕྱིར། དེ་སྤངས་ནས་ཐོག་མ་བོད་མིའི་གྲངས་འབོར་འཚོལ་བར་བྱའོ། །