འཇམ་གཅེས།
དེང་སྐབས་ཆོས་ལུགས་སྤྱི་འཐུས་མི་དགོས་པའི་བསམ་ཚུལ་འདོན་མཁན་དག་གི་ཁ་ལ་རྒྱ་ཞིག་བཏབ་ན་འདི་ལྟར་ཡིན། ཆོས་ལུགས་སྤྱི་འཐུས་ཉུང་ཤས་ཀྱི་མ་རུང་པའི་ཀུན་སྤྱོད་ལ་གཞིགས་ནས་ཆོས་ལུགས་སྤྱི་འཐུས་མི་དགོས་ཞེས་སྡུག་སྐད་བཏོན་པ་ཡིན་ན། ཆོལ་ཁའི་སྤྱི་འཐུས་ཀྱང་མི་དགོས་ཏེ་ཀུན་སྤྱོད་དང་བསམ་སྦྱོར་གང་ཐད་ནས་ཡིད་མུག་དགོས་པ་ཆོལ་ཁའི་སྤྱི་འཐུས་ནང་དུ་ཡང་མཐོང་ཆོས་སུ་ཡོད་པ་མ་ཡིན་ནམ།
གལ་སྲིད་ཆོས་ལུགས་སྤྱི་འཐུས་མེད་པར་བྱས་པའི་དབང་དུ་བཏང་རུང་། གྲོས་ཚོགས་ཀྱི་རྐུབ་སྟེགས་ཐོག་ཏུ་ཆོལ་ཁ་དང་ཆོས་ལུགས་གང་གི་ཁོངས་སུ་མ་གཏོགས་པའི་སྤྱི་འཐུས་ཤིག་ཁྱི་ཕག་བོང་གསུམ་འདྲ་འཇོག་ན་མ་གཏོགས་སུ་ཞིག་འཇོག་འཆར་ཡོད། ཅི་སྟེ་ཆོས་ལུགས་ཀྱི་སྤྱི་འཐུས་མེད་པ་བྱས་ན་ཆོལ་ཁ་དང་ཆོས་ལུགས་ཀྱིས་མཚོན་པའི་གྲོས་ཚོགས་ནང་གི་རྙོག་གླེང་ངམ་འཐབ་རྩོད་ཡོངས་རྫོགས་མཇུག་སྒྲིལ་འགྲོ་བ་ཡིན་ནམ།
ཆོས་ལུགས་སྤྱི་འཐུས་ཀྱི་ཀུན་སྤྱོད་ལ་དག་ཐེར་དགོས་པ་དང་། ཆོལ་ཁའི་སྤྱི་འཐུས་ལ་དག་ཐེར་མི་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད། ཆོལ་ཁའི་སྤྱི་འཐུས་ཀྱི་ལེགས་ཆ་མཐོང་བའི་མིག་ཡོད་པ་ལ། ཆོས་ལུགས་སྤྱི་འཐུས་ཀྱི་ལེགས་ཆ་མཐོང་བའི་མིག་མེད་པ་ཅིའི་ཕྱིར་ཡིན་ནམ། བྱ་བ་བཟང་ངན་གང་ཡིན་ཡང་བྱེད་པ་པོ་དང་བྱ་བ་གཉིས་ཀའི་སྒོ་ནས་འདྲ་མཉམ་གྱིས་དབྱེ་དགོས་ཏེ། རྐུན་མ་ལ་བཟང་ངན་མེད་པའི་དཔེ་ལྟར་མ་ཡིན་ནམ།
འཇམ་གཅེས་་་ལགས་་་ཆབ་སྲིད་དང་འཁྲུལ་བའི་སྐད་ཆ་འདི་ཚོ་ཁྱོད་ལ་ལན་པོ་མི་འདུག་་གོ་ཅི
དེང་སང་ཁྱོད་ཡང་ལམ་ལོག་ཏུ་འགྲོ་གི་ཡོད་པ་འདྲ་་་ད་གང་འདྲ
བོད་ནང་དུ་གུང་བྲན་ཏང་གི་མིག་ནང་དུ་ཚེར་མ་འདྲ་བ་དེ་རབ་བྱུང་ཚོ་རེད། གང་ཡིན་ཞེ་ན་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ལ་ཞེན་ཐད་མདུན་འཁྱོངས་བྱ་མཁན་དང་པོ་དེ་རེད། ད་བཙན་བྱོལ་ནང་ལ་ཡང་ནད་ཡམས་དེ་ཁྱབ་བཞིན་འདུག་གདའ། བསམ་བློ་ཡག་པོ་ཐོངས་མ་གཏོགས་ཆོས་ལུགས་སྤྱི་འཐུས་མེད་པ་བཟོས་ན་གུང་བྲན་ལ་ལེགས་སྐྱེས་ཆེན་པོ་ཅིག་འབུལ་འགྲོ་རེད་གདའ།
༡༽བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་ཆོས་རྒྱུད་སྤྱི་འཐུས་མི་དགོས་ཀྱི་འདུག དམངས་གཙོའི་གཞུང་ནང་མི་གཅིག་ལ་འོས་ཤོག་གཅིག་མ་གཏོགས་བླུགས་པའི་ཐོབ་ཐང་མེད་པ་ཀུན་གྱིས་ངེས་ཤེས་རེད། ཆོས་རྒྱུད་སྤྱི་འཐུས་མི་དགོས་པར་བཤད་པ་དང་ཆོལ་ཁའི་སྤྱི་འཐུས་ཀྱང་མི་དགོས་པར་བཤད་པ་ནི་བླུན་བཤད་རང་རེད། ཁྱེད་རང་གིས་བཤད་པ་མདོར་བསྡུས་བོད་ཀྱི་ཕྱི་ནང་གཉིས་ཀྱི་རེ་བ་རྒྱག་ས་༸གོང་ས་མཆོག་གིས་གསར་འཛུགས་གནང་བའི་བཙན་བྱོལ་སྤྱི་ཚོགས་ནང་དུ་གྲོས་ཚོགས་མི་དགོས་པ་མ་ཟད་དམངས་གཙོའང་མི་དགོས་པ་བཤད་པ་ནི་བློ་གཟུར་བོ་མིན་པར་རྙོག་གཏམ་དང་བཟི་གཏམ་ཁོ་ན་རེད།
ལྟོས་དང་། ཆོས་རྒྱུད་སྤྱི་འཐུས་ཕལ་ཆེར་བ་ནི་ནང་ཆོས་ཅུང་ཙམ་ཤེས་པ་ལས་རྒྱལ་སྤྱིའི་སྲིད་དོན་དང་རྩ་ཁྲིམས་གཙོས་སྐྱབས་ཡུལ་རྒྱ་གར་གྱི་རྩ་ཁྲིམས་སོགས་སྐོར་ལ་རྒྱུས་མངའ་མེད་པ་མཐོང་གསལ་རེད། བཙན་བྱོལ་ནང་གི་བོད་ཀྱི་དམངས་གཙོ་ཡར་རྒྱས་དང་ཡང་དག་གི་ལམ་དུ་འགྲོ་བའི་འགག་རྡོ་ཆེན་ཞིག་ཡིན་སྟབས། གྲོས་ཚོགས་ནང་ངེས་པར་དུ་ཆོས་རྒྱུད་སྤྱི་འཐུས་མེད་པ་བཟོས་དང་མཉམ་དུ་ཕྱོགས་འགའ་ཚོགས་པ་བཟོ་དགོས་པ་གལ་ཆེན་རེད། དེང་གི་གྲོས་ཚོགས་ནང་ཕྱོགས་འགལ་ཚོགས་པ་མེད་པས་མི་སྒེར་ལ་དགའ་མི་དགའ་བའི་ཐོག་ནས་ཆོལ་ཁ་ཕན་ཚུན་བར་གྱི་འགལ་ཟླ་ཤུགས་ཆེར་འགྲོ་ཡི་ཡོད། དཔེར་ན།དགེ་ལུགས་དང་རྙིང་མ།བཀའ་རྒྱུད་བཅས་ཀྱི་སྤྱི་འཐུས་མང་ཤོས་མདོ་སྟོད་ཀྱི་ཁོངས་ནས་ཡོང་གི་ཡོད་སྟབས། ཁོང་ཚོས་གྲོས་ཚོགས་ཀྱི་གྲོས་ཆོད་གང་རུང་ལ་མདོ་སྟོད་ཀྱི་སྤྱི་འཐུས་ཚོ་དང་བསྟུན་ནས་འགྲོ་ཡི་ཡོད་པ་ཤེས་གསལ་རེད། ཇོ་ནང་ཆོས་རྒྱུད་ལ་ག་རེ་བྱས་ནས་གྲོས་ཚོགས་ནང་རྒྱབ་སྐྱོར་རག་གི་མེད་དམ་ཞེ་ན། གྲོས་ཚོགས་ནང་ཇོ་ནང་ཆོས་རྒྱུད་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་སྤྲོད་པའི་གྲོས་གཞི་ལ་ཆོས་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ཟེར་བ་ལྟ་བུ་དང་མདོ་སྟོད་སྤྱི་འཐུས་ཚོས་འོས་ཤོག་གི་རྒྱབ་སྐྱོར་བྱེད་ཀྱི་མེད། གལ་སྲིད། ཇོ་ནང་ཆོས་རྒྱུད་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་སྤྲད་ན་གྲོས་ཚོགས་ནང་མདོ་སྨད་པའི་འཐུས་མི་མང་བ་ཆགས་ཀྱི་ཡོད་སྟབས་རྒྱབ་སྐྱོར་མ་བྱས་པ་རེད།དེ་ལ་གྲོས་ཚོགས་ནང་གི་ཆོལ་ཁ་ཕྱོགས་འགལ་ཚོགས་པ་ངོ་མ་དེ་རེད། དེར་བརྟེན། སྔོན་མ་ནུབ་ཕྱོགས་ཀྱི་ཚོང་པ་ཚོར་སྐད་གྲགས་ཡོད་པའི་བོད་ཀྱི་བྱང་བརྒྱུད་ཀྱི་དར་གོས་ལམ་གཞུང་དེ། དེང་སང་ཇོ་ནང་ཆོས་རྒྱུད་ལ་སྤྱི་འཐུས་རྐུབ་སྟེགས་སྤྲོད་མིན་ཐོག་ནས་ཕྱོགས་ཞེན་གྱི་ས་འོག་དར་ཐག་འཐེན་ཡོད་པ་མངོན་གསལ་ཆགས་འགྲོ་ཡི་ཡོད། གང་ལྟར་ཆོས་རྒྱུད་གཞན་དག་ལ་སྤྱི་འཐུས་ཡོད་པ་བཞིན་ཇོ་ནང་ཆོས་རྒྱུད་ལ་ངེས་པར་སྤྱི་འཐུས་རྐུབ་སྟེགས་ཀྱི་ཐོབ་ཐང་ཡོད་པ་དང་སྤྲོད་ངེས་རེད། དེ་མིན་ཆོས་རྒྱུད་གཞན་དག་གི་སྤྱི་འཐུས་གྲོས་ཚོགས་ནང་ཕྱི་འཐེན་བྱེད་དགོས། དཔེར་ན། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༣༦༦ གི་འབྲུ་དོན་གཉིས་པའི་ནང་རྒྱ་གར་ལྟ་བུའི་གྲོས་ཚོགས་གོང་འོག་གཉིས་ནང་རྒྱ་གར་གྱི་མི་རིགས་འདྲེས་མ་ལ་(Anglo-Indian) གྲོས་ཚོགས་འཐུས་མི་ཀྱི་ཐོབ་ཐང་སྤྲད་ཡོད་པ་ལྟར། བཙན་བྱོལ་གྲོས་ཚོགས་ནང་དུ་བོད་རིགས་འདྲེས་མ་ལ་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲོད་དགོས་ཀྱི་འདུག
མདོར་བསྡུས་ན། ཆོས་རྒྱུད་སྤྱི་འཐུས་དགོས་ན་ཆོས་རྒྱུད་ཚང་མ་སྤྱི་མཚུངས་ལྟར་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲོད་དགོས་པ་དང་མ་སྤྲད་ན་ཚང་མར་སྤྲོད་མི་དགོས།
སྔོན་མ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཆོས་སྲིད་གཉིས་ཁ་དང་ཁ་སྤུ་ཁ་ཁ་འབྱེད་པར་ལོ་མང་རིང་གསར་བརྗེ་འཐབ་རྩོད་བྱས་ཏེ་ཆོས་སྲིད་གཉིས་ཁག་ཁག་ཆགས་ཡོད་པ་དང་ང་ཚོས་འདི་ལྟར་གསར་བརྗེ་བྱེད་མི་དགོས་པར་ཆོས་བརྒྱུད་ཀྱི་བླ་ཆེན་རྣམ་པས་ཀུན་མཚུངས་སྤྱི་མཐུན་ལྟར་ཆོས་ལུགས་སྤྱི་འཐུས་མི་དགོས་པར་སྤང་དགོས་བསམ།
༢༽ གྲོས་ཚོགས་ནང་དུ་སྟོན་པའི་ན་བཟའ་གྱོན་མཁན་ཞིག་གིས་གཞི་མེད་སྐྱོན་འཛུགས་དང་དོན་མེད་རྙོག་དྲ་བཟོས་པ། ལྡི་ལི་བོད་མིའི་སྡོད་གནས་མ་ཅང་ཌ་ལ་ (Majnu KaTilla) ནང་མཚོན་ནའང་དགོན་པའི་མགྲོན་ཁང་གི་ཕྱག་མཛོད་ཡིན་ཟེར་མཁན་ཚོས་རྒྱ་གར་ནང་ཁྲིམས་འགའ་གྱི་ཡིག་ཆ་བཟོ་བ་དང་ཕྱི་རྒྱལ་ལ་ཁྲིམས་འགལ་གྱི་མི་གཏོང་བ་སོགས་འུར་བརྗོད་མིན་པར་དངོས་ཡོད་རེད། དཔེ་མཚོན་ཙམ་ཞུ་ན། ཚང་མས་ལྡི་ལི་བོད་ཁང་ཧ་གོ་ཡོད་ཀྱི་རེད། བོད་ཁང་འདི་ནི་༡༩༧༤ ལོར་༸གོང་ས་མཆོག་གིས་རྨང་རྡོ་བཏང་ཞིང་བོད་གཞུང་དང་རྒྱ་གར་གཞུང་གཉིས་ཀྱི་ཐུན་མོང་གིས་མཐུན་སྦྱོར་བྱེད་ཀྱི་ཡོད་དང་་བོད་གཞུང་གི་རང་དབང་ཅན་གྱི་རིག་གཞུང་ཚོགས་པ་གལ་ཆེན་ཞིག་ཡིན། ལོ་མང་དགེ་བཤེས་རྡོ་འབུམ་ལགས་ཀྱིས་ལྡི་ལི་བོད་ཁང་ ( Tibet House) སྒེར་ཉར་དང་༢༠༡༡ ལོ་ཡས་མས་ཤིག་ལ་མི་འདོད་བཞིན་དུ་དགོངས་ཞུ་གནང་བ་དང་མཉམ་དུ་དྲུང་ཆེའང་( མིང་དྲན་མ་སོང་)དགོངས་པ་ཞུས་ཡོད་འདུག
དེ་རྗེས་༸སྐུའི་གསུང་བསྒྱུར་དང༸སྐུའི་ཚ་བོ་བསྟན་འཛིན་སྟག་ལྷ་ལགས་ཀྱི་སྐུ་ཟླའི་སྤུན་མཆེད་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་བོད་ཁང་གི་འགན་འཛིན་ལ་བསྐོས་པ་དང་། རྗེས་སུ་(༢༠༡༢ལོ་) བོད་ཁང་གིས་དྲུང་ཆེ་ལས་རོགས་གཅིག་དང་ལས་བྱེད་གཅིག་གི་ས་མིག་ཆེད་ཡིག་རྒྱུགས་བཏང་བ་རེད། དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ཡིག་རྒྱུགས་གཏོང་མཁན་ཚོའི་གྲུབ་འབྲས་གསལ་བསྒྲགས་མེད་པར་མཐར་ཉིད་ཀྱི་ཚ་མོ་བསྟན་འཛིན་བདེ་བདེན་(སྐབས་དེར་བསྟན་འཛིན་བདེ་བདེན་M.Phil ཐོན་མེད་)དང་ཁོ་རང་གི་ངོ་ཤེས་ཞིག་བདམས་པ་རེད། སྤྱིར་བཏང་བོད་ཁང་གི་གསལ་བསྒྲགས་བྱས་པ་ལྟར་ན། བོད་ཁང་གི་དྲུང་ཆེ་ཆགས་པར་ཟླ་དྲུག་རིང་ཚོད་ལྟ་བྱས་རྗེས་དྲུང་ཆེ་བསྐོ་མིན་ཐག་གཅོད་གནང་གི་ཡོད་ཅེས་བཀོད་ཡོད། འོན་ཀྱང་། དགེ་བཤེས་ལགས་ཀྱིས་དེ་ལྟར་གནང་མེད་པར་ཟླ་གསུམ་རྗེས་ཐད་ཀར་རང་ཉིད་ཀྱི་ཚ་མོ་བོད་ཁང་གི་དྲུང་ཆེར་བསྐོས་པ་རེད།ཟླ་འདིའི་ནང་དུའང་། དྲུང་ཆེ་བསྟན་འཛིན་བདེ་བདེན་གྱིས་གཟའ་ཉི་མར་གསར་བསྐོ་ལས་བྱེད་ཞིག་ལ་ཁ་པར་བཏང་ཡོད་པ་དང་།ཁོས་མོ་རང་གི་ཁ་པར་སྣེ་ལེན་བྱས་ཡོད་མི་འདུག རྗེས་སུ་ཁོ་ཚོ་ཐུག་དུས་བསྟན་འཛིན་བདེ་བདེན་གྱི་དགའ་རོགས་(དགའ་རོགས་ཀྱང་བོད་ཁང་གི་ལས་བྱེད་རེད)ཀྱིས་གསར་བསྐོས་ལས་བྱེད་ཅིག་ལ་ལག་འཆང་ནས་རྡུང་ཡོད་པ་མ་ཟད་རྫིག་རྫིག་གིས་འཇིགས་སྐུལ་བྱས་འདུག གནད་དོན་འདིར་དགེ་བཤེས་ལགས་ཀྱིས་ཐག་གཅོད་ཇི་ལྟར་ཡོད་མེད་ཤེས་འདོད་དམ། དགེ་བཤེས་ལགས་ཀྱིས་རང་ཉིད་ཀྱི་ཚ་མོ་དང་ཚ་མོའི་དགའ་རོགས་གཉིས་ལ་ཉེས་པ་གང་ཡང་བཏང་མེད་པར་ད་རུང་འགྲིག་འགྲིག་མདོག་མདོག་གིས་རྒྱབ་སྐྱོར་བྱས་པ་མ་ཟད་། གསར་བསྐོ་ལས་བྱེད་དེའི་གནས་རིམ་བཅག་པ་དང་ཡང་བསྐྱར་ལས་བྱེད་ངོ་མ་ཆགས་པའི་དུས་ཡུན་རྒྱུན་རིང་དུ་བཏང་བ་དང་ནོར་འཁྲུལ་ངོས་ལེན་གྱི་ཡི་གེ་བྲིས་པ་འཇུག་པ་ལྟོས་དང་། འདི་ལ་ལྟོས་དང་ངོ་མ་ཐབས་སྐྱོ་བོ་འདུག དགེ་བཤེས་དགྲ་འདུལ་ལགས་ཀྱིས་བྱེད་སྟངས་འདི་འདྲ་རེད་དམ། ངོ་མ་འདི་ནི་བཙན་བྱོལ་སྤྱི་ཚོགས་ནང་གི་སྒེར་གཅོད་དར་ཐག་རེད།
གང་ལྟར་དུས་ཚོད་བྱུང་མ་སོང་། ཀློག་མཁན་རྣམ་པ་ཚོ། ཡིག་ནོར་ཡོད་མེད་ཞུ་དག་བྱེད་ཐུབ་མ་སོང་། དགོངས་དག་ཞུ།
བྱུང་འདུག དཔེ་འདྲ་བྱུང་འདུག མུ་འཐུད་དེ་བྲིས་དང་། ཡིག་ནོར་གེ་བྱས་ཀྱིན་མ་རེད། ཀ་ལ་སྔོན་འཇུག་ད་དང་རྭ་བཏགས་ཕྲིས། ཞབས་ཀྱུ་ རྗེས་འཇུག་ཡང་འཇུག་གསུམ་ཁ་ཕྲིས། ཤ་ལ་གེ་གུ་རྗེས་འཇུག་ས་གཅིག་ཕྲིས། དུས་ཚོད་ཡོད་དུས་ད་དུང་འབྲི་རོགས་གནང་། ཀུ་རེ་ཡིན་དྭ།
བ་ཤར་ལ་བཏགས་ནས་ཕུར་མ་ནུབ་ཏུ་བླུག་ཟེར་སྲོལ་ལྟར། འབྲེལ་མེད་དོན་གཞན་གྱི་མཆན་རྙོག་རིང་པོ་ཞིག་སྤེལ་འདུག་མོད། དོན་དངོས་སྐབས་དོན་བོར་བ་དང་། གོང་གི་རྩོམ་ཡིག་ལ་གོ་བ་ཙམ་ཡང་མ་རག་པར་དོན་མེད་ཀྱི་ངལ་བ་མང་ཙམ་བརྟེན་འདུག རྒྱུ་མཚན་གང་ལགས་ཤེ་ན། ངས་ཆོས་ལུགས་སྤྱི་འཐུས་དགོས་མིན་གྱི་དབྱེ་བ་གང་ཡང་ཕྱེས་མེད་ལ། ལྷག་པར་དུ་ཇོ་ནང་པ་ལ་ཆོས་ལུགས་སྤྱི་འཐུས་མི་འོས་ཚུལ་ཟུར་ཙམ་ཡང་བྲིས་མེད། ངས་གང་དུ་བྲིས་པའི་སྙིང་དོན་ངོ་མ་དེ་ནི་ཁྱོད་ལྟ་བུའི་བླུན་སྤྱོད་ཅན་མང་དག་ཞིག་གིས་ཆོས་རྒྱུད་སྤྱི་འཐུས་མི་དགོས་པའི་འུ་ཤོབ་ལ་ཁབ་གཙགས་འབུག་གཙགས་བྱས་པ་ཙམ་ཡིན། སྤྱིར་བཏང་ཆོས་ལུགས་སྤྱི་འཐུས་དགོས་མིན་དང་། ལྷག་པར་དུའང་ཇོ་ནང་ལ་ཆོས་ལུགས་འཐུས་དགོས་མིན་ཐད་ནས་དུས་ཚོད་དང་བསྟུན་ནས་རྩོམ་ཡིག་ཞིག་འབྲི་འདོད་ཡོད།
མཁྱེན་དགོས་པའི་གནད་དོན་གཞན་ཞིག་ལ། རྩོམ་གང་ཞིག་ལ་འཆན་འབྲི་འདོད་ཡོད་ན་དང་པོ་རྩོམ་ཡིག་གི་སྤྱི་ཁོག་གམ་ལུས་ཀྱི་སྙིང་དོན་གསལ་བྱེད་ཀྱི་ཁ་བྱང་ལ་བསམ་བློ་བཏང་དགོས། ཁ་བྱང་ཙམ་ལ་ཡང་གོ་མ་ལོན་ན་འུར་ཟིང་མ་སློང་ན་ལེགས་ཆ་ཆེ།
ཆོས་ལུགས་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན།
༡༽ཆོས་སྲིད་གཉིས་ལོགས་སུ་དགོས་པ་གལ་ཆེ།
༢༽ཆོས་པ་རབ་བྱུང་བའི་འོས་འགན་ནི་རྒྱལ་བསྟན་བཤད་སྒྲུབ་ཀྱིས་འཛིན་རྒྱུ་ལས། མགོ་ནག་ཁྱིམ་པའི་ཆགས་སྡང་གི་ཕྱོགས་སུ་ལང་རྒྱུ་དེ་ག་ནས་ཡིན།
༣༽ཆོས་པའི་བླ་མ་སློབ་མའི་དམ་ཚིག་བསྲུང་རྒྱུ་དང་། མང་གཙོའི་ཆབ་སྲིད་ཀྱི་ལྟ་བ་ལ་གཞི་རིམ་གྱི་ཁྱད་པར་ཡོད། ཆོས་པ་དམ་ཉམས་ཤིག་དགོས་སམ། ཡང་ན་རྒྱལ་དོན་གཉིས་པར་འཇོག་མཁན་ཞིག་དགོས་མིན་ཐད་བསམ་བློ་གཏང་རྒྱུ་རེད།
༤༽བོད་དུ་ཆོས་པས་ཆབ་སྲིད་བསྐྱངས་ནས་ལོ་ངོ་བརྒྱ་ཕྲག་ཕྱིན་ཡོད། དེའི་དབང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་མངའ་ཐང་ཉམས་ཆགས་ཕྱིན་པ་ནི་ལོ་རྒྱུས་ཀྱི་བདེན་དཔང་ཡོད།
ད་མཛུམ་མོ་ན་སོང་། དེ་ཙམ་ཡིན།
བཀུར་འོས་ཚེ་རིང་བསམ་གྲུབ་ལགས།
ཁྱེད་ནས།
ཆོས་ཕྱོགས་ཀྱི་བླ་མ་སློབ་མའི་དམ་ཚིག་བསྲུང་རྒྱུ་དང། མང་གཙོའི་ཆབ་སྲིད་ཀྱི་ལྟ་གྲུབ་ལ་གཞི་རིམ་གྱི་ཁྱད་པར་ཆེན་པོ་ཡོད། གསུངས་པའི་ཚིག་འདི་ལྗིད་ཁོག་ཆེན་པོ་རེད།
འདིའི་ཐད་ཁྱེད་ཀྱི་ལྟ་ཚུལ་གསལ་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་ཐུབ་ན་དགེ་མཚན་ཆེ་བར་མཐོང་ལགས།
ཐུགས་རྗེ་ཆེ།
ཆོས་ཕྱོགས་ནས་བླ་སློབ་དམ་ཚིག་སྲུང་མདོག་མདོག་བྱས་མཁན་གྲྭ་པ་ཚོ་ལས་མི་སྐྱ་ཕོ་མོ་རྣམས་ངར་བ་འདུག་ག ཁྲིམས་ལུགས་འབུམ་རམས་བློ་བཟང་སེང་གེ་གིས་ཁྲིམས་གཏུག་གྱི་ལས་ཀ་བྱས་མ་བསྡད་པར་ཞབས་བརྟན་དང་མཆོད་འབུལ་སྨོན་ལམ་རྐྱང་རྐྱང་ཚོགས་ནས་དུས་ཚོད་རྫོགས་སོང་བ་མ་རེད་དམ། རྨོངས་དད་ཆེ་དགོས་ན་གྲྭ་པ་ཆོས་མཁས་པ་ཚོ་ལས་ཆོས་མི་ཤེས་མཁན་བློ་སེང་དང་སྤེན་ཚེ་ལྟ་བུ་ཚོ་རྨོངས་དད་ཆེ་བ་འདུག་ག དད་པ་དམ་ཚིག་གི་དར་ཕྱར་ནས་དམངས་གཙོ་ལ་རྡོག་རོལ་བཏང་དགོས་ན་མི་སྐྱ་ཆོས་མི་ཤེས་མཁན་ཚོ་ངར་བ་འདུག་ག
ཆོས་ལུགས་སྤྱི་འཐུས་དང་ཆོལ་ཁའི་སྤྱི་འཐུས་གཉིས་ཀ་མི་དགོས།
ད་ལམ་འདེམས་དང་འདེམ་བཞིན་པའི་བྱང་ཨ་རི་དང་ཡོ་རོབ་ཀྱི་སྤྱི་འཐུས་ལྟར་བོད་མི་མང་གི་སྤྱི་འཐུས་དགོས་སོ།