ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
བཀའ་ལུང་རྡོ་རྗེ་བཀའ་སྤྱིའི་སྤྱི་བོར་ཕེབས།།
ཁ་བ་ཅན་གྱི་བོད་འབངས་བསོད་ནམས་ལ།།
གས་ཆག་མ་གཏོང་བཀའ་སྤྱི་ཐུགས་རྗེས་གཟིགས།།
ང་ཡིན་ཁོ་ཡིན་ཁ་དམག་འགན་འཁུར་འོག །
ཅོལ་ཆུང་བློ་རུལ་རང་འགན་མ་ཐུབ་ནས།།
ཆུ་ཁྱེར་རྐྱལ་གྱི་ཚུལ་དེ་ངོ་མཚར་ཆེ།།
ཇུས་མེད་འགན་འཁུར་སྤྱི་ཚོགས་གང་སར་ཁྱབ།།
ཉེ་རིང་ཆགས་སྡང་ཕྱོགས་གཏོགས་ཚོགས་སྐྱིད་འོག །
ལྟ་སྤྱོད་གཙང་མའི་བརྒྱུད་པ་ཡལ་བའི་དུས།།
མཐའ་མཚམས་ཡུལ་གྱི་གཤིས་ལུགས་དར་བའི་དུས།།
དུས་ངན་ཤར་ནས་མི་ངན་འཕེལ་བའི་དུས།།
ནང་གཏམ་གསང་བ་ཕྱི་འདྲེན་བྱེད་པའི་དུས།།
དཔལ་ལྡན་བཀའ་སྤྱི་ནང་འགལ་བྱེད་པའི་དུས།།
ཕོ་རྒོད་མང་གཙོའི་འོས་འཕེན་འདོར་བའི་དུས།།
བུ་རབས་ཚ་བརྒྱུད་ནུབ་གླིང་འཁྱམས་པའི་དུས།།
མ་རབས་སྤྱོད་པས་རྒྱལ་ཁམས་ཕུང་བའི་དུས།།
བཙན་བྱོལ་སྒྲིག་འཛུགས་ཉམས་ཆག་འགྲོ་བའི་དུས།།
མཚང་ལ་འཇུག་པའི་བློ་སྒོ་མེད་པའི་དུས།།
རྫོགས་རྒྱུ་མེད་པའི་རྫུན་གཏམ་སྤེལ་བའི་དུས།།
ཝ་སྤྱང་ཚན་ངུ་དུས་མཐར་སླེབས་པའི་རྟགས།།
ཞྭ་རིགས་མི་འདྲའི་མི་རིགས་མང་བའི་དུས།།
ཟས་གོས་ཆ་སྙོམས་དར་རྒུད་མང་བའི་དུས།།
འ་ཆད་འུ་ཐུག་ལྟ་སྐྱོང་མེད་པའི་དུས།།
ཡ་རབས་ངོ་ཚའི་ཁྲིམས་སྒྲིག་མི་སྲུང་དུས།།
རང་མིང་བསྒྲགས་ནས་སྤྱི་ཚོགས་སྐྱོང་བའི་དུས།།
ལབ་སྟོང་བཤད་ནས་དུས་ཚོད་སྐྱེལ་བའི་དུས།།
ཤ་ཚའི་གཏམ་ལ་ཉན་མཁན་མེད་པའི་དུས།།
ས་ལམ་འབྲས་བུ་ཁ་ལྕེར་བཟུང་བའི་དུས།།
ཧམ་བཤད་སྟོང་བཤད་ཆབ་སྲིད་དར་བའི་དུས།།
ཨེ་མ་དཀར་མིན་བོད་འབངས་བསོད་ནམས་འདི།།
སེམས་ཤུགས་ངར་བའི་དུས།
༸བཀའ་སློབ་བཀའ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་འོས་འགན་འཁྱེར་བའི་དུས། །
ཁ་བདེ་ལྕེ་བདེའི་ནང་འཁྲུགས་འོས་ཤོག་ཐོབ་ཤོར་ཚར་བའི་དུས། །
ག་ས་ག་རུ་ལྔ་བཅུའི་སྲིད་བྱུས་ལག་བསྟར་བྱེད་པའི་དུས། །
ང་ཅག་བོད་རིགས་ཡིན་ཚད་ད་ནས་སེམས་ཤུགས་ངར་བའི་དུས། །
རྣ་བ་འོན་པ་ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས་དང་ཀརྡོ་གཉེར་ཆགས་གཉིས་ཀྱིས་བློ་སེང་གཟི་བརྗིད་ཁོག་སྟོང་ལྷ་ལྟར་མཐོང་བའི་དུས་།
#2 ཀ་བ་ཚེ་རིང་ ་ལགས་ཀྱིས།
སྲིད་སྐྱོང་བློ་སེང་འདྲེར་ལྟར་དང་། ཞི་ཅིན་ཕིན་ལྷ་ལྟར་མཐོང་བགྱིད་ཡོད་པ་འདྲ། ཧ་ཧ།།
བླ་མའི་གདམ་ངག་ལོག་འགྲེལ་བྱེད་ལ་བག་ཚ་མེད་པའི་དུས།།
ཆོས་སྲུང་ལུང་བསྟན་རྫུན་བཟོ་བྱེད་ལ་ངོ་ཚ་མེད་པའི་དུས།།
བོད་དང་བོད་མི་མགོ་བསྐོར་གཏོང་ལ་ཡ་ང་མེད་པའི་དུས།།
རང་གི་ཀླད་པ་རང་མགོར་མེད་པའི་མི་རྒྱུད་འཕེལ་བའི་དུས།།
ཁྱེད་དང་ང་ཡིས་བྱ་བ་སུ་ཡི་དོན་ཡིན་དཔྱད་པ་བགྱིས།།
ཀ་བཤད་འབྲི་ལ་ཁོ་བོ་མི་ངལ་ཡང་།
ཁ་དམག་ཅན་གྱི་དཀྲུགས་ཤིང་ང་མི་དགའ་།
དགའ་སྡུག་ཕྲག་རྡོག་ལས་ལ་ང་མི་འཇུག་།
ང་རྒྱལ་མ་བྱེད་རང་མིང་གསལ་པོ་བཀོད་།
ཅ་ཅོ་མ་མང་རྒྱུ་ཚན་གསལ་སྟོན་བགྱིས་།
ཆོ་མེད་ཁུང་མེད་དཀྲུགས་ཤིང་མ་མང་དགའ་།
ཇུས་ཏོག་འགན་འཁུར་ལྷག་བསམ་གང་ནས་ཡིན་།
ཉོན་མོངས་སྡུག་བསྔལ་རང་སེམས་རང་གི་དཀྲུགས་།
ལྟ་བ་ལངས་ཕྱོགས་གསལ་པོ་མེད་པའི་མིའི་།
ཐོབ་ཤོར་བསམ་ནས་གཞན་ལ་རྣམ་འགྱུར་མང་།
བདེན་དཔང་ཡོད་ན་རང་མིང་གསལ་པོར་བཀོད་།
ནམ་ལངས་ཉི་ཤར་སྦར་མོས་ཁེབ་ཐབས་མེད་།
ཀརྡོ་གཉེར་ཕྱག་གིས་།
#2 ཀ་བ་ཚེ་རིང་ ་ལགས་ཀྱིས།
སྲིད་སྐྱོང་བློ་སེང་འདྲེར་ལྟར་དང་། ཞི་ཅིན་ཕིན་ལྷ་ལྟར་མཐོང་བགྱིད་ཡོད་པ་འདྲ། ཧ་ཧ།།
ཀརྡོ་གཉེར་ཕྱག་ལགས་།
བོད་མི་ཞིག་གི་ངོས་ནས་བྱས་ན་ཞི་ཅིན་ཕིན་དེ་བསྟན་དགྲ་ཞིག་ཡིན་པ་བརྗོད་མི་དགོས་ཀྱང་ ཁོ་པ་རྒྱ་མི་ཞིག་ཡིན་པའི་ཆ་ནས་རྒྱ་ནག་རྒྱལ་ཁབ་དེ་སྟོབས་ཤུགས་ལྡན་པ་ཞིག་ཡོང་ཐབས་ལ་བཙོན་མཁན་ཞིག་རེད་།
བློ་སེང་རང་ཉིད་བོད་མིའི་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་འདས་པའི་ལོ་ལྔའི་ནང་བདག་དོན་ཁོ་ན་གཉེར་བ་ལས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་དོན་གཉེར་བ་གཅིག་ཀྱང་བསྟན་རྒྱུ་མེད་པའི་མཐར་གྲུབ་འབྲས་ཆེ་ཤོས་དེ་ལྷིངས་ཆགས་ཡིན་ཟེར་བ་བསྟན་རྒྱུ་མེད་པ་དེ་རེད་། ལྷ་སྲུང་རྣམ་པའི་ཀྱང་བཀའ་བཀྱོན་ཕོག་མ་སོང་ངམ་། ཤི་ཅིང་ཕིན་ནི་སོ་སོའི་རྒྱལ་ཁབ་རྩ་ཆེར་བཟུང་མཁན་ཞིག་རེད་། བློ་སེང་གིས་ང་ཅག་གི་བོད་རྒྱལ་ཁབ་ཀྱི་རྩ་དོན་གཙོ་བཟུང་བྱེད་ཀྱི་ཡོད་པའི་བཟོ་ལྟ་མཐོང་གི་འདུག་གམ།
༧གོང་ས་མཆོག་མཐར་འུ་ཐུག་སྟེ་བོད་མི་ཚོ་རྣ་བ་འོན་པ་ནང་བཞིན་མ་སྡོད་གསུངས་མ་སོང་ངམ་། ཕྲན་བུ་ངོ་ཚ་རྒྱུ་ཡོད་པ་བྱེད་དང་།
བློ་སེང་མ་གཏོགས་འཇོན་མཁན་མེད་ཙང་། ངོ་ཚ་ན་ཁྱོད་དང་ཁྱོད་འདྲ་བའི་བོད་པ་ཚོ་ངོ་ཚ་དགོས་རེད། རང་གིས་ནི་མ་འཇོན། གཞན་གྱིས་བྱེད་དུས་མིག་ཚ། ད་ག་རེ་བྱེད་དགོས་རེད། ཞི་ཅིན་ཕིང་གི་ཨབ་ཕྲུག་ལགས།
ཀ་བཤད་རྐང་ཆག་ལག་ཆག །
ག་ས་གང་དུ་ཁེངས་འདུག །
གཞུང་པ་ལ་བརྒལ་རྒས་པོ། །
མ་ཎི་འདོན་ན་ལེགས་པ། །
ཕྱི་མ་འཁྱེར་རྒྱུ་ཡོད་པ། །
རྣམ་དཀར་དགེ་བའི་ལས་རེད། །
ཀ་བཤད་རྐང་ཆག་ཅན་གྱིས། །
དམྱལ་བའི་གཏིང་རིམ་བསྐྱལ་ཡོང། །
བཀའ་བཤད་རྐང་ཆག་ལག །
ཁ་བའི་ཅན་ལ་མཁོ་འདུག །
ག་སར་གར་དུ་སྤོལད་ཅིག །
ང་ཡི་གཞུང་པ་ཚེ་བསོད། །
བསྟན་་འཛིན་པདྨ་ལགས། དགོངས་དག་ཞུའོ། །
ལས་མེད་ཟས་མེད་དྲ་འབུ་ཁ་བརྡའི་ནང་དུ་འཛུལ་ནས་།
སྤྱི་ཚོགས་ཕན་པའི་གཏམ་གླེང་ཉིན་སྐར་ལས་ཀྱང་དཀོན་པ་།
གཞན་སྐྱོན་གླེང་བའི་སྨྲ་བརྗོད་ཁྲིམས་མཐུན་རང་དབང་གང་ཡིན་།
ཟུར་ཟའི་ཚིག་ངན་སྤེལ་ནས་དྲ་འབུའི་བསམ་དོན་འགྲུབ་ཤོག་།
ཨ་ཁ་ཁ། ང་ནོར་འདུག དྲྭ་བདག་་དང་གཞུང་པར་དགོངས་དག་ཞུའོ།།
རྫབ་རྡོང་ནང་དུ་སྐྱེས་པའི་།
ཙམ་པ་ཧ་ལོའི་མེ་ཏོག་།
ཁྱེད་རང་སྐྱེ་ལོ་ཡག་ཀྱང་།
ལྷ་ལ་འབུལ་ཉན་མི་འདུག་།
མི་ལ་བལྟ་བའི་མིག་ཡོད་ཀྱང་།
རང་ལ་བལྟ་བའི་མེ་ལོང་དགོས་།
ཁ་ནས་བཤད་ཚད་གཏམ་མིན་།
རྒྱུགས་པ་རིང་ཚད་མདུང་མིན་།
གཞུང་པ་གཞུང་ལམ་འགྲོ་དུས་།
སྒེར་གྱི་སྐད་ངན་ཤོར་སོང་།
གཞུང་པའི་གཞུང་མང་དོན་ལ་།
དྲང་གཏམ་གཅེར་བུ་བཤད་ཡོད་།
མིང་རིང་པོ་གཡུ་འབྲུག་འདྲ་ཞིག་བཀོད།།
རྩོམ་ཐབས་ཆག་ཁྱི་སྐྱག་འདྲ་ཞིག་བྲིས། །
ལྷ་འཁྲུགས་ན་འདི་ལ་འཁྲུགས་ས་རེད།།
ནང་དཀྲུག་ན་འདི་ཡིས་དཀྲུག་ས་རེད།།
བཀའ་བཤད་ལ་རྒྱ་ཅན་རྣམས། །
ཁ་བའི་ཅན་ལ་མཁོ་འདུག །
ག་སར་གར་དུ་སྤོལད་ཅིག །
ང་ཡི་གཞུང་པ་ཚེ་བསོད། །
གཞན་ལ་མ་སྨད་རང་ལ་འབྱོན་ཞིག་དགོས།
རང་ལ་ཤེས་ཡོན་ཡོད་ན་ཅི་ལ་སྨད།
ཤེས་ཡོན་ཅན་གྱི་འཕྱ་སྨད་ཇི་ལྟར་བྱེད།
ང་ནི་ཁྱེད་ཡིན་ཁྱེད་ཀྱང་ང་ཡིན་དགོས།།
གོ་ལ་གཅིག་ཏུ་གནས་པའི་སེམས་ཅན་ཡིན།།
འབྱོན་པོ་རྒོད་པོ་ཡིན་ལ་ཕྱི་ལ་འདོན།།
༅། ང་དང་གངས་ཅན་བོད་མི།།་གངས་རིའི་ལྗོངས་སི་སྐྱེས་ཀྱང།།
སྙིང་རྗེ་མེད་པའི་ལས་ཀྱི།།་ཤར་ལྷོ་ནུབ་ལ་བསྐྱེལ་སོང།།
དགའ་སྐྱོའི་རི་མོ་རི་ལ་བརྐོས་དང་གཅིག།
སྐྱིད་སྡུག་ལོ་ཟླ་ཆུ་ལ་སྐྱུར་དང་གཉིས།།
བདེ་སྡུག་ལས་དབང་བྱངས་ལ་འགུགས་དང་གསུམ།།
ང་ཚོ་སྒྲུབ་བྱའི་དམིགས་ཡུལ་གཅིག་པ་ཡིན།
༅༅། ཉི་མ་སེར་པོ་སྙིང་རྗེའི་ཞིང།། ཟླ་བ་དཀར་པོ་བྱམས་བརྩེའེ་ཞིང།།
སྐར་ཆེན་ཁྲི་འབུམ་བཞེད་པའི་དུས།། མདོ་དབུས་ཁམས་གསུམ་ཞི་བདེའི་ཞིང།།
ཕྱག་ན་པདྨོ་ཁ་བའི་ལྷ་སྐལ་རེད།།མ་ཎི་ཡིག་དྲུག་བོད་པའི་ཆོས་སྐལ་རེད།ྲ།
དབྱངས་གསལ་སོ་བཞི་གངས་ཅན་རིག་གཞུང་རེད།།
འདི་ཚོ་ཁ་བ་ཅན་གྱི་སྤོབས་པ་རེད།།
མ་བརྗེད་མ་གཡུགས་མ་སྦྱང་མ་སྡོད་ཨང།།
༅༅། ་ཉི་མ་རི་ལས་བརྒལ་སོང།།ཟླ་བ་སྤྲིན་པས་བསྒྲིབས་སོང།།
ང་དང་སྐར་ཚོགས་ཁྲ་མོ།། མུན་ནག་དཀྱི་ནས་སྒུག་ཡོད།།
སེང་ཕྲུག་གངས་རི་བརྒལ་སོང།། རྒྱ་སྟག་ཁྲ་བོ་བསད་སོང་།།
ང་དང་ཁྱི་སྤྱང་ཉམ་ཆུང།། མྱ་ངན་ཐང་ནས་སྒྲུག་ཡོད།།
རྒྱལ་བས་ས་མཐའ་འགྲིམ་སོང།། སྡུག་གི་མུན་པ་འཐིབས་སོང།།
ང་དང་ཤུལ་ལུས་བོད་མི།། མུན་ནག་བཙོན་ནས་སྒུག་འདུག།
བདེན་ཛུན་ཤན་འབྱེད་བྱེད་མཁན།།དྲང་བདེན་མི་དང་ལྡན་པའི།།
བདེན་པའི་ལམ་ཞིག་སྟོན་དང།།
༅༅། རང་དབང་འཚོ་བའི་གཞིས་ཁྱིམ་ཁྱེད་ཀྱིས་བརྩིགས།།
ཁྱེད་ནི་བདེ་སྐྱིད་ཀྱི་གཞི་མ་ལོས་ཀྱང་ཡིན།།
ཁྱེད་ནི་བདེན་པའི་འོད་སྣང་ལོས་ཀྱང་ཡིན།།
མ་སྐྱེ་འགྲོ་རང་བྱུང་འཛུམ་གྱིས་སྐྱོང།།
མཐར་སྒྱུབ་མཐའ་བར་ལ་བརྩེ་མཐུན་བསྐྲུན་།།
ཆེ་བ་མིའི་རིགས་ཆུང་བ་འབུ་སྲིན་ལ།།
རང་དབང་བརྕེ་བ་བྱམས་སེམས་ཁྱེད་ཀྱིས་གནང།།
ཁྱེད་འདྲ་བའི་དྲིན་ཞིག་གང་ན་ཡོད།།
ཁྱེད་བཀའ་དྲིན་བརྗེད་མེད་སྙིང་ན་ཡོད།།
དུས་གསུམ་དུ་ཐུགས་རྗེའི་འཛིན་པ་ཞུ།།