འདྲེ་གླེན་པ།
ཁྱེད་རང་རྩྭ་ཕྲན་ལྟར
དབྱར་ཁ་ལྗང་ཁུ
སྟོན་ཁ་སེར་པོ
དགུན་ཁ་སྐྱ་བོ
ཤིང་སྡོང་འདིས་བདེན་དཔང་བྱེད
ངས་ཁྱོད་སྤྲིན་པ་ལྟར
ཁ་བ་བསྩལ
ཆར་བ་སྦྱིན
གྲིབ་བསིལ་གཏེར
ནམ་མཁའ་ཡིས་བདེན་དཔང་བྱེད
མཉམ་དུ་རྨི་ལམ་བཏང
གངས་རི་དྲན
རྩྭ་ཐང་དྲན
རྟ་ཕོ་དྲན
དཀོན་མཆོག་གིས་བདེན་དཔང་བྱེད
ཁྱེད་རང་ཕྱིར་ལོག་རྗེས
བྱེའུ་འཕུར
གཙང་བོ་བཞུར
སྤྲིན་པ་བསྐྱོད
ཇ་འཁྱག་ཕོར་གང་གིས་མྱ་ངན་བྱེད
ཟ་འཁྱགས་ཕོར་པ་གང་དེ་མེ་བཏང་སྟེ་སླར་ཡང་ཚ་པོ་བཟོ་ཆོག།མཉམ་དུ་འཐུང་ཆོག།