བོད་ལྷ་ཀླུ་གཉན་གསུམ།
________________________
མི་ཟེར་བ་འདིས་ཇག་པ་ ཟེར་ནས་མིང་དེ་གོ་མ་ཐག དེ་ནི་མི་གསོད་ཁོ་ན་ལས་གང་ཡང་མི་ཤེས་མཁན་ཞིག་དུ་བརྩི་བཞིན་ཡོད་ལ། ཇག་པ་ཟེར་དུས་དེ་ཡི་རྒྱུད་དུ་སྙིང་རྗེ་ཟེར་བའི་ས་བོན་ཞིག་ཀྱང་མེད་པར་འདོད་ མཁན་གྱི་དུས་རབས་འདིའི་ནང་དུ། ཇག་པ་ཟེར་དུས་དེ་ནི་ཆུང་ས་ཁྱིམ་ཚང་དང་ཆེ་ས་རྒྱལ་ཁབ་ཀྱི་དབུ་ཁྲིད་བཅས་ནས་ངོ་ རྒོལ་བྱེད་ཡུལ་ཞིག་དུ་གྱུར་ཡོད་པ་རེད།
དུས་རབས་འདིའི་མགོ་དང་ དུས་རབས་སྔ་མ་མང་བོ་ཞིག་གི་ནང་དུ་བྱུང་མྱོང་བའི་ཇག་སྒྲུང་མང་བོ་ཞིག་ལ་ཞིབ་ དུ་བརྟག་དུས། ཇག་པ་མི་ཉུང་བ་ཞིག་གི་ཤུལ་རྗེས་ནས་ང་ཚོ་ལ་གསལ་འདེབས་གསལ་བོ་ཞིག་བྱེད་པ་དེ་ ནི། ཇག་པའི་མིང་འོག་ན་འཚོ་བའི་མི་དེ་དག་གི་འཚོ་བའི་རྒྱུད་རིམ་གྱི་གོད་ཆག་དངོས་ དེ་བྱུང་འགོ་བརྩམ་པའི་རྒྱུད་རིམ་དེ་ཡིན།
ཇག་པ་ཟེར་བ་འདི་ནི་མི་ དེ་སྐྱེ་མ་ཐག་ནས་ཇག་པ་ཟེར་བའི་མིང་དེ་དང་ལྷན་དུ་སྐྱེ་མེད་ལ། ད་དུང་འཚར་ལོངས་བྱུང་ཡུལ་གྱི་ཁོར་ཡུག་དེ་རུ་ཇག་པ་འདུག་སའི་ཁོར་ཡུག་ཟེར་ནས་ གཏན་འཁེལ་བྱས་པ་ཞིག་ཀྱང་གཏན་ནས་མིན། དེ་ན་ཇག་པ་དེ་དག་བྱུང་རབས་ནི། མཐོ་ས་དང་དམའ་ས་སྤྲང་བོ་ཚུན་ནས་བྱུང་ཡོད་པ་དེ་ཡིན།
ཇག་པ་དེ་དག་གིས་རང་རང་ གི་དྲང་བདེན་གྱི་འཚོ་བ་རོལ་སྟངས་དེ་ནི། འཇིག་རྟེན་འདིའི་སྟེང་གི་སྐྱེ་བོ་སྒེར་གཅོད་པ་ཆེས་མི་ཉུང་བ་ཞིག་གིས་བཟོས་ པའི་ཁྲིམས་དང་སྒྲིག་ལམ་ཟེར་བ་ཞིག་བཟོས་པ་ནས་བྱུང་འགོ་བཙུགས་པ་དེ་ཡིན།
ཁྲིམས་དང་སྒྲིག་ལམ་ བཟོ་མཁན་གྱི་མི་དེ་དག་ནི་ཇག་པ་བསྐྱེད་སྲུང་བྱེད་སའི་ཁོར་ཡུག་གི་ལྟེ་བ་ཆགས་ པ་རེད། དེ་ལྟར་ཆགས་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཁྲིམས་དང་སྒྲིག་ལམ་བཟོ་མཁན་གྱི་མི་དེ་དག་གི་རང་གི་ཁེ་ཕན་ལས་ཁྲིམས་དང་སྒྲིག་ གཞི་ལྟར། དེ་ཡི་རྒྱབ་ལྗོངས་ཀྱི་དྲང་བདེན་ཟེར་བའི་ཐ་སྙད། མིའི་རིགས་ལ་ཆེས་མཁོ་བའི་མིང་ཚིག་དེ་ལ་བདག་གཅེས་བྱེད་སྟངས་ནོར་བ་ནས་ཇག་པའི་ ལམ་ཕྲན་འདི་བྱུང་བ་ཡིན།
ཇག་པ་རེ་ཟུང་ཞིག་དེ་ དག་གི་བཟོས་པའི་ཁྲིམས་དང་སྒྲིག་ལམ་ཁྲོད་དུ། ཇག་པའི་མིང་དང་ལྟ་ཚུལ་ངན་པ་མེད་པར། ཇག་པ་ལས་ཀྱང་གདུག་རྩུབ་ཆེ་བ་དང་ཇག་པ་ལས་ཀྱང་གཡོ་སྒྱུ་ཆེ་སྟབས། ཇག་པ་ཟེར་བའི་མིང་གི་ཐ་སྙད་འདི་བྱུང་དུ་བཅུགས་པ་ཡིན་ལ། ཇག་པ་དེ་དག་གིས་རང་གི་ཉེ་དུ་དང་རང་གི་མི་སྡེ་ཡི་ཆེད་དུ་རང་གི་ཚེ་སྲོག་འདི་ ཡང་དྲང་བདེན་ཞེས་པའི་མིང་ཚིག་དེ་ཡི་འོག་དུ་ཤི་རྒྱུར་དམ་བཅའ་བཞག་པ་ཡིན།
དམ་བཅའ་དེ་དག་ནི་ ཁྲིམས་དང་སྒྲིག་ལམ་ལས་འགལ་ཡོད་དུས། ཇག་པ་ཟེར་བའི་མིང་ཚིག་འདི་སུ་ལ་ཐོག་ན། ཉིན་མོ་དེ་ནས་བཟུང་མི་དེ་ཡི་རིགས་ནི་འཛམ་གླིང་འདིའི་ཁོར་ཡུག་གང་ནས་ངོ་རྒོལ་ བྱེད་ཡུལ་དུ་གྱུར་ཡོད་པ་རེད། འོན་ཀྱང་། ཇག་པ་ལ་ཀུ་ཡངས་དང་ཇག་པ་ལ་རྒྱབ་སྐྱོར་བྱེད་མཁན་དེ་དག་ཡང་། ཇག་པ་དང་འདྲ་མཚུངས་ཀྱི་ཉེས་ཆད་གཅོད་ཀྱི་ཡོད་པ་དེ་ཡིན།
དོན་དངོས་ཐོག ཁྲིམས་དང་སྒྲིག་ལམ་བཟོ་མཁན་དེ་དག་ནི་ལག་ལེན་མེད་པའི་སྒེར་གཅོད་པ་ཤ་སྟག་ཡིན་ སྟབས། ཇག་པའི་མིང་ཡོད་མཁན་དེ་དག་ལས་ཀྱང་། ཆེས་འཇིགས་སུ་རུང་བ་དེ་ཡིན་དུས། ཉེས་མིང་འོག་གི་ཇག་པ་དེ་དག་གིས་རང་གི་ཚེ་སྲོག་དེ་ཡང་བདེན་སྟོབས་ཀྱི་ཆེད་དུ་ འབུལ་རྒྱུར་དམ་བཅའ་བཞག་པ་ལྟར། ཁྲིམས་དང་སྒྲིག་ལམ་བཟོ་མཁན་དེ་དག་ལ་དེ་འདྲའི་ཆོད་སེམས་ཤིག་གཏན་ནས་མེད་པ་ རེད།
དེ་ཡི་སྟབས་ཀྱི་ཇག་པ་ དེ་དག་གིས་རང་ཉིད་བློས་གཏོང་དང་རང་ལས་གཞན་གཅེས་ཀྱི་དམ་བཅའ་བཞག་ནས་ལས་ཀ་ བྱེད་ཀྱི་ཡོད་མཁན་གང་ན་སུ་ཡོད་པ་དེ་དག་གི་མིང་ལ་ངས་དེ་རིང་འདི་ནས་ཇག་པ་བྱང་ སེམས་ཅན་ཟེར་ནས་འབོད་ན་འདོད་སོང་། གཅིག་བྱས་ན། མི་ཁ་ཤས་ཀྱི་ང་རང་གི་སྐད་ཆ་འདིར་འཕྱ་དམོད་བྱེད་ཁོ་ཐག་ཡིན། འོན་ཀྱང་། ང་ལ་ནམ་ཡང་འཕྱ་དམོད་བྱེད་མཁན་སུ་ཞིག་ཡོད་ཀྱང་། ངས་དེ་ལ་རྒོལ་འདོད་གཏན་ནས་མེད། ངས་ཀྱང་ཇག་པ་ལྟ་བའི་ཆོད་སེམས་དང་དམ་བཅའ་དེ་འདྲ་བཞག་ཡོད་པ་ཡིན་ན། མ་མཐའ་རང་གི་དམ་བཅའ་དེ་ཤོར་མེད་ངེས་ཡིན།
ཁྱོད་ཀྱིས་བཤད་པཌྷའི་ཇག་པ་དེ་ལ་རྒྱ་ཅན་དང་མི་རིགས་འཐབ་རྩོད་པ་ཞིག་དང་འདྲ་བོ་འདུག
སྤྱིར་ཇག་པ་ཟེར་དུས་དངོས་སུ་གཞན་གྱི་རྒྱུ་ནོར་རང་ལ་ཐོབ་ཆེད་དུ་མི་གསོད་སོགས་ཀྱི་ལས་ཀ་གང་ཞིག་བྱེད་དགོས་རུང་བྱ་ཐུབ་མཁན་དག་རེད། དེའི་འདྲའི་བྱང་སེམས་ཤིག་ཡོད་ན་དེའི་མདུན་དུ་ནམ་ཡང་སེམས་ཅན་ལ་བདེ་བ་ཡོད་མི་སྲིད།
ཕྲན་གྱིས་ཇག་པའི་བྱུང་རིམ་དང་བརྒྱུད་རིམ་སོགས་ཀྱི་ལོ་རྒྱུས་ཅི་ཡང་བཤད་མི་ཤེས་ཀྱང་། དེང་སང་སྒེར་གྱི་ཇག་པ་རྣམས་ལས་གཞུང་གི་ཇག་ཚོགས་རྣམས་ཤུགས་ཆེན་པོ་འདུག དེ་དག་ལ་དབང་ཤུགས་ཡང་འདུག་ལ་ཧམ་སེམས་དང་ཟ་སྟོབས་ཡང་གཞན་ལས་བརྡབ་འགྱུར་དུ་ཆེ། གཞུང་རྒྱུ་བཅོམ་ན་བཅོམ་སྟངས་ཤེས་ལ་སྒེར་རྒྱུ་འཕྲོག་ན་ཤ་ཚ་སྙིང་རྗེ་དེ་བས་མེད། ཇག་ཚོགས་དེའི་རིགས་ནི་གཞུང་གིས་སྟངས་འཛིན་དཀའ་བའི་ཇག་པ་ངོ་མ་ཡིན།
སྡེ་གུང་ཁྲན་ཚང་གིས་བོད་པའི་དམག་ལ་ཇག་དམག་ཟེར་ར།
སྡེ་གུང་ཁྲན་ཚང་གིས་བླ་མ་ཚོ་ལ་ཇག་པ་སེར་བོ་ཟེར་ར།
སྡེ་གུང་ཁྲན་ཚང་གིས་གྲྭ་བ་ཚོ་ལ་རྐུན་མ་དམར་བོ་ཟེར་ར།
དོན་དུ་སྡེ་གུང་ཁྲན་གྱིས་ང་ཕོད་ཅན་པོ་དང་འགྲོགས་ནས།
བོད་ས་ཡོངས་རྫོགས།
བོད་གཏེར་ཡོངས་རྫོགས།
སེམས་ཅན་ཡོངས་རྫོགས།
བོད་ཀྱིས་ཁབ་གསོགས་འབུག་གསོགས་བྱས་པ་ཆ་ཚང་།
ཉིན་ཤས་རིང་ཁྱེར་སོང་ཟིག
ཇག་པ་དེ་སུ་ཡིན་ནམ།
ཇག་མིང་ཐོག་ཉིན་ནས། མི་དེ་ནག་ཉེས་ཅན་ཞིག་དུ་གྱུར་ཟིན་པར་སྤྱི་ཚོགས་ཁྱོན་ཡོངས་ནས་ངོས་འཛིན་ཡག་པོ་ཞིག་མེད་སྟངས་དེར་བསམ་བློ་ཞིག་གཏོང་རན་རེད་ལ། མིང་ཚིག་དེ་ཡི་མཚོན་པའི་མིང་ཚིག་གཞན་དག་ནི་དངོས་ནས་དགོད་སྤྲོ་བ་མང་བོ་ཞིག་མི་འདུག་གམ། དེ་ལ་བསམ་ཚུལ་ཡོད་མཁན་གྱི་སྤུན་ཟླ་ག་ཚོད་ཅིག་ཡོང་གི་ཡོད་མེད་ཐད་དུ་ཡང་ངས་བསམ་བློ་གཏོང་བཞིན་འཚོ་བའི་ཉམ་མྱོང་ལ་བལྟ་ཀློག་བྱེད་བཞིན་ཡོད།
རྒྱ་ནག་ནི་ཇག་པའི་རྒྱལ་ཁབ་དང་། རྒྱ་གཞུང་ནི་ཇག་པའི་སྲིད་གཞུང་། རྒྱ་མི་མགོ་སྟོང་གུང་ཁྲན་ཏང་མི་དེ་དག་ནི་དེང་སང་གི་ཇག་པ་རེད།
ལ་ལ་ལགས། དེ་ན་དེ་ཚོ་ལ་བྱང་སེམས་མི་འདུག་མོད། ཧཧཧ
ཇག་པ་འཛིན་དགོས་ན་ཐག་རིང་ལ་འགྲོ་དགོས་ནི་མ་རེད། རང་གཞུང་གི་ལས་བྱེད་ཚོའི་ནང་ལ་ག་ལེར་བལྟས་ར་མང་ནི་རེད།
ཧ་ཧ་ཧ།
འགྲོ་ས་ལ་གཟབ་གཟབ་བྱོས་མ་གཏོགས། རྒྱ་གར་དང་བལ་ཡུལ། བོད་དང་བལ་ཡུལ་བཅས་ཀྱི་ས་མཚམས་ལ་གཞུང་གི་ཇག་ཚོགས་མང་པོའི་ལག་ཏུ་མེ་མདའ་བཟུང་ནས་བསྒུག་བསྡད་ཡོད་རེད་ད།
ཇག་པ་ཟེར་བ་དེ་འཇིགས་ས྄ྣང་ཆེ་ལེ་རེད། ངོ་མ་ང་ས྄ྐ྄ྲག་ནི་ཡིན།
རྩམ་དགའ་ལགས། རང་གཞུང་གི་ཇག་པ་ཟེར་དུས་སུ་ལ་གོ་དགོས་མིན་གསལ་བོ་ཞིག་ཤེས་མ་སོང་། ཉིད་ནས་མཁྱེན་གྱི་ཡོད་ན་གསལ་བོ་ཞིག་གསུང་རོགས།
འཛེར་མ་ར་མགོ་ལགས། དེ་ཚོ་སྐྲག་དགོས་པ་མ་རེད། སྒོར་རྡོག་ཆ་རེ་སྤྲད་ན་འགྲིག་འགྲོ་ནི་རེད།
ཀུན་མཁྱེན་ལགས། ཁྱེད་ཚང་སྐྲག་ཐང་ཟིག་མོ། ཨ་ཤུ་རེ་གོ རྗེས་མ་སྐྲག་མི་སྐུལ།