སྐྱིད་སྲས།
ལུས་ཀྱི་བྲལ་བ་ས་མཐའི་གནས་ལ་གཏད།།
སེམས་ཀྱི་འདུན་མ་ལྷོ་མཐའི་སྤྲིན་ལ་འདྲེས།།
ལུས་སེམས་བར་ཐག་ཕྱེས་པའི་མིག་གོང་གི།།
ཆུ་ཐིགས་རྡོག་པོ་སུ་ལ་འཁྲེང་བ་ཡིན།།
སེམས་པ་འབྲོང་རྒོད་རྫ་རིའི་འཕྲང་ལ་བཞུད།།
སུག་བཞི་རྡོག་སྣེ་གྲུ་གསུམ་རྡོ་ཡིས་རྨས།།
རྡོ་ཆེན་ཞགས་ཀྱིས་ཟིན་པས་སྣུམ་དྲེགས་འདི།།
གནམ་གྱི་རུ་ཐུར་བཞུ་བའི་ཁུ་མིན་ནམ།།
སྙིང་གཏམ་ཚིག་གསུམ་ཚིལ་གྱིས་དཀྲིས་བྱས་ནས།།
བྱང་ཁོག་སྟོད་ལ་གསང་བ་རྒྱ་ཡིས་བཏབས།།
གཟུཊ་མེད་མྱི་སེམས་འཕྲོག་པའི་ཇག་ལྷ་མོ།།
སྟོང་འདུས་ཁྲོམ་ལ་མ་བསྟར་སྐུ་ཚེ་རིང་།།
ཕ་ཡིས་ནོམ་ཆེན་རྡུལ་དྲེགས་རྩམ་ཁུག་འདི།།
གནམ་གྱིས་འགམ་པས་ཁ་བ་དགུན་ལ་འཕུར།།
ས་ཡིས་ཟོས་པའི་ཆར་ཆུ་དབྱར་ལ་ལྷུང་།།
གྲགས་པའི་དགུ་འཕར་མ་བརྡབ་ཇག་ལྷ་མོ།།
གཟུཊ་ཅན་མིག་གིས་གཟུཊ་མེད་སྟོང་གཟུཊ་འཚོལ།།
ཆཊ་པའི་སེམས་ཀྱིས་མི་གཙང་བཙན་གྱིས་བསྒོམ།།
ལུས་སེམས་སྒྲོག་འགྲོས་ངལ་བའི་ལོ་ཟླ་འདི།།
གདོང་རས་སྐྱུར་ཁུར་བསྙལ་བྱུང་ཇག་ལྷ་མོ།།
ཕོ་བྲང་ཁྲི་ལས་མཚན་མོ་བྲོས་པའི་གཟུགས།།
ཞོཊ་པའི་ཁ་བས་སྒོ་ཁར་བསྐྱལ་བ་ཡིན།།
གཞན་དབང་ལྕག་གིས་བྲབས་པ་མ་ཡིན་ན།།
མ་སྐྱེས་ཨ་མའི་སྔས་ན་བཟི་བ་ཡིན།།
མི་གཙང་གཙང་མར་བསྒོམ་པའི་བཀའ་ཁྲིམས་བཙན།།
གཙང་མ་ཡིད་འོང་བསྒོམ་པའི་འདུ་ཤེས་ཕྲ།།
ལུཊ་ལྡོག་དབུ་མར་བརྩི་བའི་འཇིག་རྟེན་འདིར།།
འཛོོམས་པའི་ལས་སྐལ་མི་འདུག་ཇག་ལྷ་མོ།།
ཕྱི་ནས་བཙལ་ཀྱང་སྒྱུ་མའི་དཔེ་མ་རྙེད།།
ནང་ནས་སྒོམ་ཀྱང་བདེན་པའི་དོན་མ་རྟོགས།།
འབོལ་གདན་འཇམ་པོ་ཚེར་རྫོང་སྣང་བ་འདི།།
ཁྱེད་ཀྱི་ཆོ་འཕྲུལ་ཨེ་ཡིན་ཇག་ལྷ་མོ།།
ལྷ་ཡིས་དཀྱིལ་འཁོར་ལྷ་ལ་དབང་བ་ཡིན།།
མི་ཡི་ཕ་གཞིས་མི་ཡིས་བཞེངས་པ་ཡིན།།
ལྷ་མིའི་ལྟ་བ་གོ་འཛོལ་ལྟག་སྤྲོད་ཡིན།།
ཞེས་པའི་ཚིག་དེ་དོ་ནུབ་བདེན་པར་མཐོང་།།
མི་སངས་གཅོང་ནད་ལམ་གྱི་མགྲོན་པོས་བཀྱཊ།།
སེམས་ཀྱི་རྡོག་ཁྲེས་ལུས་ཀྱི་གདན་ལ་ལྷུང་།།
སེམས་གཏམ་མིག་ལ་ལྷུང་བའི་མཚན་མོ་འདི།།
ལམ་འགྲོ་ཁོ་མོས་ཐུགས་སྙམ་ཡོད་ཚོད་མེད།།
ལྷ་ཡིས་མི་སེམས་མ་རྟོགས་ལོ་མང་འགོར།།
མི་ཡིས་ལྷ་སེམས་རུམ་ནས་ལོ་སྟོང་འགོར།།
བཀླགས་ནས་ཚར་རྒྱུ་མེད་པའི་གླེགས་བམ་འདི།།
སངས་རྒྱས་ཉིན་ཐོ་ཨེ་རེད་ཇག་ལྷ་མོ།།
ལྷ་ཡི་སྒྱུ་འཕྲུལ་ཁེངས་པའི་འཇིག་རྟེན་འདི།།
མི་ཡི་སྣང་བརྙན་དོད་པའི་དཀྱིལ་འཁོར་འདི།།
མྱི་ལུས་ལྷ་བྲན་ཡིན་པའི་འདུ་ཤེས་འདི།།
ང་རང་ཁོ་ན་ཨེ་ཡོད་ཇག་ལྷ་མོ།།
2013.5.20
ནོར་ལྷ་དག་ནི་ནོར་གྱིས་ཕྱུགས་ཞེས་གྲགས། །
གསོལ་མཁན་རྣམས་ནི་ནོར་གྱིས་ཕོངས་པ་མངས། །
ལྷ་མིའི་སྤྱོད་པ་མཚུངས་ཞེས་ཀུན་ལ་གྲགས། །
ལྷ་མིའི་བདེ་སྡུག་འབྲེལ་སྟངས་ཇི་ལྟར་ལགས། །
ནོར་ལྷ་དག་ནི་ནོར་གྱིས་ཕྱུག་ཡོད་ན།།
དབུལ་བོའི་ཨོང་མགོ་ཨུ་ཁུང་བཏོལ་བ་གང་།།
ལྷ་མིའི་སྤྱོད་པ་ཕན་ཚུན་མཚུངས་ཡོད་ན།།
ལྷ་སྤྱོད་མི་ཡིས་སྤྲེའུས་ལད་མོ་ཅི།།
སྡུག་བསྔལ་མི་མཐོང་བདེ་བ་མི་མཐོང་བ།།
ལྷ་རྒན་མིག་གི་ཟུར་ན་ལྷག་པ་ཡིན།།
བདེ་སྡུག་མཚན་བཅས་སྒྲིབ་པས་མགོ་རས་འདི།།
ལྷ་ཡིས་མི་ལ་བཀབ་པས་མིག་སྒྲིབ་ཡིན།།
ལུས་སེམས་བདེ་བ་སྡུག་བསྔལ་སྒོམ་པ་འདི།།
སྐྱིད་ཀྱི་རིལ་ལི་ཆུ་ལ་གཡུགས་པ་ཡིན།།
མི་སྐྱིད་ས་ལ་ཐོད་པས་བརྡུང་བ་འདི།།
སྡུག་གི་རྡོ་ལོག་བྲང་ལ་སྦྱར་བ་ཡིན།།
མི་ཡི་བདེ་སྐྱིད་མི་ཡིས་བསྐྲུན་པ་ལ།།
ལྷ་ཆེན་ཕྱག་རིང་ཕྱགས་མ་གཡུག་ལ་དགའ།།
མི་ཟས་ཟོས་ནས་མི་མགོ་གཉང་བ་དག།
མི་ལ་མཁོ་དུས་མི་མཐོང་ཡིབ་པ་གང་།།