རྩོམ་འདི་ནི་ ཤརཏ་ ཅནྡྲ་ དས་ ལགས་ཀྱིས་བརྩམས་པའི་བརྡ་སྤྲོད་བསྟན་བཅོས་ “AN INTRODUCTION TO THE GRAMMAR OF THE TIBETAN LANGUAGE” ཞེས་པའི་ལྷན་ཐབས་ནས་བཤུས་པ་ཡིན། བསྟན་བཅོས་དེ་ ༡༩༡༥ ལོར་རྡོ་རྗེ་གླིང་དུ་པར་སྐྲུན་བྱས་འདུག དེབ་དེའི་གླེང་བརྗོད་དུ་ཁོང་གིས་སྐུ་ཞབས་ཀོ་རོ་ཤི་ ཅོ་མ་ལགས་ལ་བསྔགས་བརྗོད་བྱས་ཤིང་ཁོང་གི་བརྡ་སྤྲོད་ཀྱི་རྗེས་སུ་འབྲངས་ཡོད་པར་བཤད་པ་མ་ཟད། ཁ་སྐོང་བྱས་ཡོད་པ་བཤད་འདུག་ ཁོང་གིས་ ༡༩༡༡ ལོར་ཉི་ཧོང་གི་དགེ་སློང་ཨེ་ཀའི་ཀ་ཝ་གུ་ཅི་(Ekai Kawaguchi)བརྒྱུད་ནས་སི་ཏུའི་སུམ་རྟགས་ཀྱི་ཤིང་སྤར་འབྱོར་ལུགས་བཤད་འདུག ཁོང་ཅག་གཉིས་ཀྱི་འབྲེལ་བའི་སྐོར་ “བྱང་ཆུབ་གནས་མཇལ་”འདིར་ཡང་མདོར་ཙམ་གསལ་འདུག་པ་བཅས་ལོ་རྒྱུས་ཀྱི་དུམ་བུ་འདི་མཁྱེན་རྟོགས་ཆེད་བཤུས་ཏེ་བཀོད་པ་དགེའོ།།
འདིའི་ནང་ལ།
བདག་ཉིད་ཇའ་པན་ཨེ་ཀའི་ཡིས། །
འགྲོ་བར་སྨོས་པའི་དོན་གཞན་མེད། །
བོད་སྐད་དམ་ཆོས་བསླབ་པ་དང་། །
བཀའ་བསྟན་བསྒྲུབ་པའི་སེམས་༼ བསྐྱེད ༽ སྐྱེད་དེ། ༥ །་་་་་ ཟེར།། །
བྱུང་རབས་འདི་ལྟ་བུ་དང་། ཡིག་རྙིང་འདི་འདྲ་བ་བཀླག་ཡ་གོ་སྐབས་བྱུང་བ་ནི། མི་རབས་གསར་པའི་བྱས་རྗེས་སུ་བརྩིས་ན་མ་ིའགྲིགས་པ་མི་འདུལ་སྙམ་པས། འདིར་འགོད་པ་པོ་ལ་སྐུ་དྲིན་ཆེ་ཞེས་ཞུའོ།།
བླ་མ་མཁྱེན། ཡག་ཐལ་ཡ། ཇའ་པན་བླ་མའི་རྣམ་ཐར་འདིའི་ཡིག་རྩལ་དང་འབྲི་རྩལ་ནི་འབྲོག་མི་ཁ་བདེ་ཞིག་གི་སྨྲ་སྒོ་ནས་ཐོན་པ་དང་གཅིག་པ་རེད། མི་འདིའི་ཆོད་སེམས་དང་བརྩོན་སེམས་ནི་ཇའ་པན་ངོ་མ་ཞིག་གི་མི་རྒྱུད་ལས་གཞན་མི་འདུག།
ངོ་སྦྱོར་བྱེད་པོ་ལ་བཀའ་དྲིན་ཆེ་ཞུ།
ཕྱི་རྒྱལ་བས་བོད་ཡིག་སྔར་ནས་བྲིས་འདུག ཕྱི་རྒྱལ་བས། བོད་སྐད་དིང་སང་ཡང་བརྒྱབ་བགྱིད། འོནད་ཀྱང་། བོད་པ་ཚང་མས་བོད་སྐད་ཐང་ཐང་ཅིག ག་དུས་བརྒྱབ་ཐུབ་བམ། ལགས།
རྒན་རབ་གསལ་ལགས་ནས། རྩ་ཆེན་ཡིག་ཆ་མི་ཉུང་བ་ཞིག་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ། བོད་ཀྱི་ལོ་རྒྱུས་རིག་གནས་ཉམས་ཞིབ་ཀྱི་ལས་ལ་འཇུག་མཁན་ཚོར་ཕན་པ་ཤིན་ཏུ་ཆེ།
འཇའ་པན་དགེ་སློང་གི་འགྲུལ་བཞུད་ཟིན་ཐོ་འདི་སོག་པོའི་རྡོ་རྗེ་ཡིབ་ཀྱི་འགྲུལ་བཞུད་ཟིན་ཐོ་དང་ཧ་ཅང་འདྲ་བོ་འདུག ཡིན་ཡང་སོག་པོའི་ཟིན་ཐོའི་བོད་ཡིག་འཇའ་པན་དགེ་སློང་ལས་ཚིག་སྦྱོར་ལེགས་པ་འདུག
ཕྱི་རྒྱལ་བོད་སྐད་མཁས་པ་ཚོས། ཡོད་མེད་ལ། ཡོད་མེད་ཟེར། བོད་པ་མཁས་པ་འགས། ཡོད་མེད་ལ། ཡོད་མ་ཡོད་ཟེར།
ཁ་བ་ཀུ་ཅི་འདི་བོད་ལ་ཕན་མི་ཐོག་པའི་འཇར་པན་བ་ཞེ་གནག་ཅིག་རེད། གོང་ས་བཅུ་གསུམ་པས་ཐུགས་རེ་ཆེན་པོ་གནང་སྟེ་མཐུན་རྐྱེན་གང་ལེགས་སྦྱར་ཡང་མཐར་དྲིན་ཅན་ལ་དྲིན་ལོག་བྱས་ཡོད།
གཡག་རྒོད་ལགས་ཀྱིས། དེའི་སྐོར་ལ་འདི་ལས་ཁ་གསལ་ཙམ་གསུངས་ན་ཀུན་ལ་ཕན་ཐོགས་ཆེ།
ང་ཚོ་བོད་རིགས་ཚོ། ནང་ཆོས་ཤེས་རིག་ཐོག་ལ་ཛམ་གླིང་དེའི་ཐོག་ལ་མཁས་རྒྱ་ཆེ་ཤོས་ཀྱི་མི་རིགས་ཅིག་རེད། ཡིན་ནཡང་། ང་ཚོ་བོད་རིགས་ཚོ། ཤེས་རིག་ཐོག་ལ་རྗེས་ལུས་ཆེ་ཤོས་ཅིག་ནི། སྐད་ཡིག་སྣེ་མང་སྦྱང་ཡ་དེ་རེད།
ཚན་རིག་པའི་ཤོད་སྟངས་བྱས་ན། མི་བུ་བྱིས་པ་ཆུང་ཆུང་སྐད་ཤོད་ཐུབ་ཙམ་ནས། གལ་སྲིད་ཕ་མ་དང་དགེ་རྒན་གྱིས་བསླབ་ཐུབ་ན། ཕྲུ་གུ་ལོ་དགུའི་ནང་ལ། སྐད་རིགས་མི་འདྲ་བ་དགུ་ཙམ་ཤེས་ཐུབ་པའི་ནུས་པ་ཡོད་པ་ཚན་རིག་པས་བཤད་འདུག་ན་ཡང་། ང་ཚོ་བོད་པ་ནི། བོད་སྐད་སློབ་ཆེད་དུ་དཔེ་སྟོན་སློབ་གྲྭ་བཙུགས་དགོས་ཡ་ཡི་དུས་ཚོད་ཐུག་པ་ནི། འདི་ཡིད་མུག་དགོས་པ་ཅིག་རེད་འདུག
ཀརྡོ་ལགས་ཡོད་མེད་དང་ཡོད་མ་ཡོད་གཉིས་ལ་ཁྱད་གང་ཡོད། དེ་བཞིན་ཡིན་མིན་དང་ཡིན་མ་ཡིན། འོན་ཀྱང་དང་འོན་ཏང་། འོས་མིན་དང་འོས་མ་འོས།
ངའི་ཧང་གྷ་རིའི་སློབ་ཕྲུག་ལོ་ན་བཅོ་བརྒྱད་ནས་ཉེར་ལྔ་སོན་པ་འགའ་ཤིག་གིས། ཧང་སྐད་དང་ཨིན་སྐད་ཤེས་པའི་ཐོག་ལ། ད་དུང་བོད་ཡིག་དང་བོད་སྐད་དང་མཉམ་དུ་རྒྱ་ནག་དང་། རྒྱ་གར་སྐད། སོག་སྐད་དང་། ཇས་པེན་གྱི་སྐད་སོགས་སྣེ་མང་སྦྱོང་མཁན་ཡང་འདུག འོནད་ཀྱང་ཁོང་ཚོས་མི་ཚེ་འདི་ལ། མཐར་ཕྱིན་པ་སྦྱོང་བགྱིད་ཡོད་མེད་ནི། མི་ཤེས།། །།
#11 སེང་ཕྲུག་བརྟན་པ། ་ལགས་ཀྱིས་སྤེལ་དོན།:
November 5th, 2016 at 10:15 pm
ཀརྡོ་ལགས་ཡོད་མེད་དང་ཡོད་མ་ཡོད་གཉིས་ལ་ཁྱད་གང་ཡོད། དེ་བཞིན་ཡིན་མིན་དང་ཡིན་མ་ཡིན། འོན་ཀྱང་དང་འོན་ཏང་། འོས་མིན་དང་འོས་མ་འོས།
ལན་དུ།
་
ཡོད་མེད་དང་། ཡོད་མ་ཡོད་ཀྱི་ཁྱད་པར།
་
ཡོད་མེད་འདི་ཤིནད་ཏུ་དག་པ་གསེར་བཙོ་མ་ལྟར་རེད་འདུག ཡིན་ན་ཡང་། དིང་སང་དྷ་སའི་ལས་བྱེད་ཡིན་པ། ཁོང་དྲུང་ཆེ་ཡང་འཁོད་ཡོད་པ་འདྲ། ཁོང་ཨིན་སྐད་དང་ཨིན་ཡིག་མཁས་པས། བོད་གཞུང་ཕྱག་ལས་ཐོག་ལ་ཨིན་ཡིག་ཐོག་ལ་བྱས་རྗེས་ཆེན་པོ་ཡོད་མཁན་ཅིག་རེད།
དོན་གྱིས་སླད་དུ་ཁོང་གི་མཚན་འདིར་སྨོས་ཙམ་བྱས་ན། ཁོང་ཤ་མདོག་སྔོ་ལ་རིད་པ་དང་། སྤྱན་ཤེལ་སྐྱོན་མཁན་ཁོང་གི་མཚན་ལ་ཐུབ་བསྟན་བསམ་འཕེལ་ཡིན་པ་ཡོད། ཁོང་གིས། ཁོང་ཆུང་དུས་ལྷག་བསམ་ནང་བཞིན་ཨིན་ཇིའི་སློབ་གྲྭར་ཕྱིན་པ་ཡིན་ཙང་། ཁོང་གི་བཀའ་མོལ་གནང་དུས་ཡོད་མེད་ལ། ཡོད་མ་ཡོད། ཟེར་བ་ངས་བརྙན་འཕྲིན་ནང་ཐང་མ་ཁ་ཤས་མཐོང་བྱུང་།
འདི་ལས་ལྷག་པ་ཧང་སང་དགོས་པ་ཅིག་ནི། ༸སྐུའི་གསུང་ཞབས་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་གིས་ཀྱང་། ཨིན་སྐད་ལ་དབྱིངས་ཆེ་དྲག་ནས། མཉམ་པར་མ་བཞག་ནས་གསུངས་པའམ། ཡང་ན་མཁྱེན་བཞིན་དུ་གསར་གཏོད་གནང་བ་གང་ཡིན་ཆ་འཚལ་ཡང་། ངའི་འཇང་དགུན་ཆོས་རྣམ་འགྲེལ་རྩོད་ཟླ་ཡང་་ཡིན་པ་ཐུབ་སྦྱིན་ལགས་ཀྱིས་ཀྱང་། ཡོད་མེད་ལ། ཡོ་མ་ཡོད་གསུང་བགྱིད་འདུག
་
དེ་བཞིན་ཡིན་མིན་དང་། ཡིན་མ་ཡིན་སྐོར་ལ།
ཡིན་མིན་ནི། ཡིན་དང་། མ་ཡིན་གྱི་བསྡུས་ཚིག་ཙམ་ལ་དོན་ཅིག་ཡིན་དགོས།
་
འོན་ཀྱང་དང་འོན་ཏང་སྐོར་ལ།
འོན་ཀྱང་ནི། ཁྲི་རལ་སྔོན་ལ་འོནད་ཀྱང་བྲིས་ཡོད་ཚོད་རེད། འོན་ཀྱང་དང་། འོན་ཏང་གཉིས་དོན་གཅིག་ཡིན་ན་ཡང་། འོན་ཀྱང་ནི་ཡིག་སྐད་གཙོ་བོར་བྱས་པ་དང་། འོན་ཏང་ནི་ཁ་སྐད་གཙོ་བོ་ཡིན་པ་ཙམ་མོ།
་
འོས་མིན་དང་འོས་མ་འོས་སྐོར་ལ།
འོས་མིན་དང་། འོས་མ་འོས་གཉིས་དོན་གཅིག དིང་སང་ཨ་རིའི་སྲིད་འཛིན་འོས་མིར། ཌོམ་ ཊོལ་འོས་མིན་ག་འདྲ་ཡོད་རེད། ཡང་ན། ཁོང་འདི་ལོའི་སྲིད་འཛིན་ལ་བསྐོས་ན་འོས་དང་མི་འོས་ག་འདྲ་ཡིན་ནམ། ལྟ་བུའོ།། །།
ཕྡུ་གུ་ཁ་ནས་སྐད་ཆ་བཤད་ཐུབ་པ་ཙམ་ནས་སྐད་རིགས་མི་འདྲ་བ་
དགུ་ཤེས་ཐུབ་པའི་ནུས་པ་ཡོད་ན་དེ་ཡག་རྟགས་མ་རེད་ཚེ་ལོ་བཅུ་པ་ཤར་བའི་སྔ་ལྟས་རེད་ཧཧཧ
མ་མི་ཐོག་མ་མིན་མེད་མཇུག །
གཞུང་པ་ལགས།
་་་་་་་་་ མི་བུ་བྱིས་པ་ཆུང་ཆུང་སྐད་ཤོད་ཐུབ་ཙམ་ནས། གལ་སྲིད་ཕ་མ་དང་དགེ་རྒན་གྱིས་བསླབ་ཐུབ་ན། ཕྲུ་གུ་ལོ་དགུའི་ནང་ལ། སྐད་རིགས་མི་འདྲ་བ་དགུ་ཙམ་ཤེས་ཐུབ་པའི་ནུས་པ་ཡོད་པ་ཚན་རིག་པས་བཤད་འདུག་ན་ཡང་། ་་་་་་་
འདི་ཡང་བསྐྱར་ཅིག་ཀློགས་དང་། དེ་ནས་་་་་་་
ང་སེང་ཕྲུག་ཁྱེད་རང་གི དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་དང་། འགྲན་བསྡུར་བྱེད་བགྱིད་མེད་ལ། ཧང་ཡང་མི་སང་། ད་ཁྱོད་ག་རེ་བྱེད་གེ ལགས།། །།
གདའ་ཞེས་པ་དེ་ལ་གོ་རྒྱུ་གཉིས་ཙམ་ཡོད།
༡༽ཡོད་པའམ་གནས་པ།
༢༽བྱ་ཚིག་ད་ལྟ་བའི་མཐར་སྦྱར་ན་ད་ལྟ་བ་སྟོན་པའི་ཚིག་གྲོགས།
འདུག་དེ་ལ་གོ་རྒྱུ་གསུམ་ཙམ་ཡོད།
༡༽སྡོད་པའི་བྱེད་མེད་ལས་ཚིག
༢༽གནས་པ་དང་ཡོད་པ།
༣༽ད་ལྟ་བའི་ཚིག་གྲོགས།
འདུག་གདའ་ཟེར་བའི་གོ་དོན་གང་ཡིན་ནམ།
ཁྱེད་ཀྱིས་ང་ཇ་ལན་ཆུས་འཇལ་མཁན་ཞིག་རེད་འདུག་ཅེས་གསུངས་འདུག་པ་དེ་འདྲ་ཡིན་སྐོར་ཞིག་གསུང་རོགས།
བྱེད་བགྱིད ནོར
བྱེད་ཀྱི བཅོས
མདང་ ང་ ཕྱིན་པ་ ཡིན།
དེ་རིང་ ང་ འགྲོ་བགྱིད་ ཡོད།
སང་ཉིན་ ང་ འགྲོ་བགྱི་ ཡིན།
འདི་ངས་ཉམས་ཞིབ་བྱས་པའི་འབྲས་བུ་རེད། ང་ཁ་ཆེ་ཕ་ལུའི་ཁ་ཆེམས་རེད། ཉན་དང་མི་ཉན། འདོད་དང་མི་འདོད་སོ་སོའི་འདོད་པ་རེད་དོ།།
ལགས་སོ།
ནུབ་ཕྱོགས་རྒྱལ་ཁན་ཀྱི་འཇིག་རྟེན་འདི་མེད་པ་བཟོ་རྒྱུའི་ཚན་རྩལ་རིག་པའི་རྗེས་སུ་འབྲང་མཁན་ཡོད་ན་ནང་ཆོས་ལ་བསླབས་པ་སློབ་གཉེར་བྱས་པའི་དོན་གོ་འགྲུབ་ཨ་ཡོད་?