དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་དྷརྨཱ་མ་ཎི་ར་ཛ་ཡེ།
༡༽ ཀུན་བཟང་བརྒྱུད་གསུམ་བླ་མ་རིན་པོ་ཆེ།།
ཀུན་བཟང་བཀའ་བརྒྱད་ཡི་དམ་རིན་པོ་ཆེ།།
ཀུན་བཟང་རྒྱལ་ཡུམ་མཁའ་འགྲོ་རིན་པོ་ཆེ།།
ཀུན་བཟང་ཀུན་འདུས་ཆོས་སྐྱོང་རིན་ཆེན་རྒྱལ།།
༢༽ ཀུན་བཟང་ནགས་ཚལ་ཀུན་དགའི་གེ་སར་རུ།།
ཀུན་ལ་ཕན་བདེའི་ཇོ་གུར་རིན་ཆེན་འཛུགས།།
ཀུན་ཁྱབ་ཕྲིན་ལས་བསྟན་པའི་རྒྱལ་མཚན་ཆེ།།
ཀུན་བཟང་ཞིང་ཀུན་ཡོངས་སུ་གདལ་གྱུར་ཅིག།
༣༽ གངས་ལྗོངས་དཔྱིད་ཀྱི་དཔལ་རྒྱལ་མོ་མ་ཎི་ཀ།
རང་བྱུང་བདེན་པའི་རྔ་ཆེན་རབ་ཏུ་བསྒྲགས།།
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་དཔལ།།
འབད་མེད་ཡིད་བཞིན་འགྲུབ་པའི་བདེ་ལེགས་རྒྱལ།།
༤༽ ཛ་ཡའི་བསྟན་པའི་རྒྱལ་མ྄ཚན་དགུང་དུ་སྒྲེང་།།
འགྲོ་བའི་ཕན་བདེའི་སྲོག་ཤིང་རྒྱུན་ཏུ་བརྟན།།
ལུང་རྟོགས་བཤད་སྒྲུབ་སྣང་བས་ས་གསུམ་ཁྱབ།།
ཕུན་ཚོགས་བསམ་པ་མྱུར་འགྲུབ་བཀྲ་ཤིས་རྒྱལ།།
༥༽ སྐུ་བསོད་མཚན་དཔེའི་ལང་འཚོ་རྟག་ཏུ་རྟག།
གསུང་མཆོག་དམ་ཆོས་སྒྲ་སྙན་རྒྱུན་ཏུ་བརྟན།།
྄ཐུགས་རྗེ་མཁྱེན་བརྩེ་ནུས་མཐུའི་གཡུང་དྲུང་དཔལ།།
ཕྲིན་ལས་རབ་འབྱམས་འཁོར་འདས་རྒྱལ་མཚན་བསྒྲེངས།།
༦༽ བླ་མ་ཨོ་རྒྱན་པདྨས་བྱིན་རླབས་སྩོལ།།
ཡི་དམ་རྒྱལ་བ་ཞི་ཁྲོའི་དངོས་གྲུབ་གནང་།།
མཁའ་འགྲོ་ཆོས་སྐྱོང་སྲུང་མས་བར་ཆད་སོལ།།
བཀྲ་ཤིས་བདེ་ལེགས་ཕུན་ཚོགས་རྣམ་པར་རྒྱལ།།
༧༽ དགོས་འདོད་ཀུན་འབྱུང་བསྟན་པའི་ཇོ་གུར་འདི།།
རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ།།
མི་མཐུན་ཀུན་ཞི་མ྄ཐུན་རྐྱེན་ལེགས་འཕེལ།།
བསམ་དོན་ཀུན་འགྲུབ་ཕྱོགས་ལས་རྣམ་པར་རྒྱལ།།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཟླ་ཚེས་དགེ་བར་བཀྲ་ཤིས་རབ་བརྟན་དགོན་དུ་བསྟན་འགྲོའི་སྤྱི་རིམ་ལ་ཇོ་གུར་གྱི་རྒྱལ་མཚན་གསར་དུ་འཛུགས་པའི་སྐབས་སུ་མགོན་པོ་སྐྱབས་དང་ཆོས་གླིང་དང་རྒྱས་དང་རྒྱལ་ཁམས་ཕན་བདེའི་རྒྱལ་གླུ་རུ་གནས་མཆོག་དེ་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྙིང་ནས་རྡོལ་བ་བཞིན་རྒྱལ་སྟོན་དུ་ཕུལ་བར་དགེའོ།། །།
ཁྱོད་ཚོ་ཆོས་བ་ཚོས་བྲིས་བ་འདི་དག་ཚང་མ་མིང་དང་སྒོར་མོའི་ཆེད་དུ་རེད།མི་རིགས་འདིའི་ཆེད་དུ་ཁྱོད་ཚོ་ལ་ནུ་བ་ག་རེད་ཡོད་དམ།
ནུས་བ