བེ་རི་རིག་པའི་རྡོ་རྗེ།
ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ་འཆར་ཅན་ལྟར། བོད་ཟླ་ ༤ ཚེས་ ༢༡ སྟེ་ཕྱི་ཟླ་ ༦ པའི་ཚེས་ ༤ ནས་བཟུང་ཉིན་གྲངས་ ༡༥ རིང་། གདན་ས་ཆེན་པོ་མགོ་ལོག་ལུང་སྐྱ་དགོན་དཔལ་ངེས་དོན་མི་འགྱུར་བདེ་ཆེན་གླིང་དུ་བཀོད་སྒྲིག་ཕུན་སུམ་ཚོགས་པའི་ངང་འཚོགས་ཤིང་། དགོན་སྡེ་བཞི་བཅུ་ལྷག་ནས་སློབ་གཉེར་བ་ཉིས་སྟོང་བདུན་བརྒྱ་ལྷག་འཛོམས་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་གནད་ལ་ལུང་རིགས་དྲི་མ་མེད་པས་བགྲོ་གླེང་མཐར་ཕྱིན་པ་གནང་སྟེ། དེ་རིང་གཟི་བརྗིད་དང་རྒྱལ་ཁའི་ངང་མཇུག་ཡོངས་སུ་གྲུབ་པར་མཛད་ཡོད།
དེ་ཡང་གཞན་སྟོང་བགྲོ་གླེང་ཆེན་མོའི་ཐོག་མར་དགེ་བ་སྦྱོར་བ་ཡར་འཚོགས་ཏེ་སྟ་གོན་ཉིན་གཅིག་དང་། བར་དུ་དགེ་བ་དངོས་གཞི་བགྲོ་གླེང་ཉིན་གྲངས་བཅུ་གཅིག ཐ་མར་དགེ་བ་རྒྱུགས་འབྲས་རྩེར་སོན་ཁག་ལ་ལེགས་གསོལ་བྱ་དགའི་ལས་རིམ་ཉིན་གཅིག་དང་། དགེ་འབྲས་རྫོགས་བྱང་དུ་བསྔོ་བ་སྨོན་ལམ་ཉིན་གཉིས་སྟེ་བསྡོམས་ཉིན་གྲངས་ ༡༥ རིང་འཚོགས་སྲོལ་ཡོད།
སྤྱིར་བཏང་གཞན་སྟོང་བགྲོ་གླེང་ཆེན་མོའི་སྐབས་སུ་བློ་རྟགས་བསྡུས་གསུམ་ལ་རྩོད་རྒྱུགས་ལས་དམ་བཅའ་མེད་ལ། གཞུང་ཆེན་དབུ་ཕར་མཛོད་འདུལ་བཞི་ལ་དམ་བཅའ་ལས་རྩོད་རྒྱུད་མེད་མོད། གཞན་སྟོང་བགྲོ་གླེང་ཐེངས་བཅུ་གཉིས་པའི་སྐབས་ནས་བཟུང་། བགྲོ་གླེང་གཙོ་བོ་མདོ་ཕྱོགས་ནས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་དབུ་མ་རི་ཆོས་ངེས་དོན་རྒྱ་མཚོ་ཞེས་བྱ་བ་མཐར་ཐུག་ཐུན་མོང་མ་ཡིན་པའི་མན་ངག་སྟེ། ཡོངས་གྲགས་སུ་ཇོ་ནང་རི་ཆོས་ཞེས་གྲགས་པ་དེ་ཉིད་གཙོ་བོར་བྱས་ཏེ་གཞན་སྟོང་དབུ་མའི་སྐོར་ལ་བགྲོ་གླེང་མཐིལ་ཕྱིན་བྱེད་རྒྱུ་གཏན་འཁེལ་མཛད་ཐོག ལོ་དེར་དེའི་གཞིའི་རྣམ་གཞག་གི་སྐོར་ལ་བགྲོ་གླེང་ཕུལ་ཕྱིན་མཛད་ཅིང་། ད་ལོར་ལམ་གྱི་རྣམ་བཞག་གི་སྐོར་ལ་བགྲོ་གླེང་གནང་བཞིན་ཡོད་ལ། ལོ་རྗེས་མར་འབྲས་བུའི་རྣམ་གཞག་གི་སྐོར་ལ་བགྲོ་གླེང་གནང་འཆར་ཡོད།
དེ་བཞིན་དུ་སྔགས་ཕྱོགས་ནས་དཔལ་མཆོག་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་དམ་ཡོངས་གྲགས་སུ་དུས་འཁོར་ཕྱོགས་མཆན་ཞེས་གྲགས་པ། ཆོས་རྗེ་ཕྱོགས་ལས་རྣལ་རྒྱལ་གྱིས་མཆན་གྱིས་གསལ་བར་མཛད་པ་དེ་ཉིད་གཞིར་བཟུང་ནས་བགྲོ་གླེང་ཡང་གནང་བཞིན་ཡོད་ལ། ན་ནིང་འཇིག་རྟེན་ཁམས་ལེ་སོང་ཟིན་ཞིང་། ད་ལོར་ནང་གི་ལེའུ་དང་། ལོ་རྗེས་མ་རྣམས་སུ་རིམ་བཞིན་དབང་གི་ལེའུ་དང་། སྒྲུབ་ཐབས་ཀྱི་ལེའུ། ཡེ་ཤེས་ཀྱི་ལེའུ་བཅས་ཀྱི་ཐོག་རྩོད་རྒྱུག་དང་དམ་བཅའ་ཟུང་འབྲེལ་ཐོག དགོན་ཁག་བཞི་རེ་རེས་མོས་ཀྱིས་དམ་བཅར་བཞུགས་ནས་རྟགས་གསལ་བགྲོ་གླེང་མཐར་ཕྱིན་པ་གནང་བཞིན་ཡོད།
དངོས་གཞི་དབུ་མའི་བགྲོ་གླེང་གི་གཞན་སྟོང་དབུ་མའི་མཚན་ཕུད་དམ་བཅའ་ཆེན་མོའི་སྐབས་སུ་ཆོས་བརྒྱུད་ཆེན་པོ་དྲུག་གི་མཁས་དབང་ཁག་གདན་འདྲེན་ཞུས་ནས་གསུང་བཤད་སྲོལ་ཡོད་པ་ལྟར། ད་ལོར་ཡང་མཚན་ཕུད་དམ་བཅའི་སྐབས། གཡུང་དྲུང་བོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྫ་ཚེ་དབང་བསྟན་འཛིན་དང་། སྔ་འགྱུར་རྙིང་མའི་བླ་རུང་མཁན་ཆེན་མགོ་ལོག་རབ་ལྡན། མཁན་ཆེན་མུ་ར་ཀུན་བཟང་། བཀའ་རྒྱུད་པའི་མཁན་ཆེན་མཁྱེན་རབ་རྒྱ་མཚོ། ས་སྐྱའི་རྫོང་གསར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ། དགེ་ལུགས་པའི་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་དང་། དགེ་བཤེས་ཨརྱ་དེ་ཝ། མཁས་དབང་སྒོ་ཤེས་རབ་རྒྱ་མཚོ་སོགས་ཆེད་ཕེབས་ཀྱིས་རིན་ཐང་བྲལ་བའི་གསུང་བཤད་གནང་བ་མ་ཟད། གཞུང་ལུགས་ཀྱི་དཀའ་གནད་ཐོག་ལུང་རིགས་ཀྱི་བརྒལ་བརྟག་གནང་སྟེ། གཞན་སྟོང་བགྲོ་གླེང་ཆེན་པོའི་མཚན་སྙན་ཁོར་ཡུག་ཀུན་ཏུ་ཁྱབ་པར་མཛད་ཡོད།
དེ་བས་ཀྱང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པའི་ཚོགས་མགོན་དུ་ཇོ་ནང་སྐྱབས་མགོན་གཙང་སྤྲུལ་འཇིགས་མེད་རྡོ་རྗེ་མཆོག་གི་ཞལ་སྔ་ནས་དང་། སྙིགས་དུས་ཀྱི་འདུལ་འཛིན་ཆེན་པོ་མཁན་ཆེན་ཀུན་དགའ་ཤེས་རབ་གསལ་བྱེད། གཞན་སྟོང་བགྲོ་གླེང་ཆེན་མོའི་གཙོ་བཀའ་བཅུ་རབ་འབྱམས་པ་ངག་དབང་བཀྲ་ཤིས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་དངོས་གྲུབ་དཔལ་སོགས་ཀྱིས་དབུས་དགོན་སྡེ་ཁག་གི་དུས་འཁོར་སྦྱོར་དྲུག་གི་རྡོ་རྗེ་སློབ་དཔོན་རྣམ་པ་དང་། མཁན་བླ་སྤྲུལ་དགེ་བཤེས་སོགས་གལ་ཆེའི་མི་སྣ་བརྒྱ་ཕྲག་ལྷག་དགྱེས་འཛོམས་བྱུང་ཡོད།
གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་དང་པོ་ཕྱི་ལོ་ ༢༠༠༤ ལོར་ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་དུ་འཚོགས་ཤིང་། དེ་ནས་བཟུང་ལོ་ལྟར་དགོན་སྡེ་ཆེ་ཁག་ཏུ་རེས་མོས་ཀྱིས་འཚོགས་བཞིན་ཡོད།
བེ་རི་རིག་པའི་རྡོ་རྗེས། ༢༠༡༨/༦/༡༧ ཉིན།
ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་བླ་མའི་འགྲེལ་པ་དང་། དཔེ་ཆ་ཁ་ཤས་མཇལ་མྱོང་། དཔེ་ཆ་ཞིག་འདི་ལྟར་གསུངས་པ་མཆིས་ཏེ། ཁྱོད་ད་ཀྱིས་ཆོས་འཁོར་བཞི་པ་བསྐོར་ན། དགྲ་བཅོམ་ལྔ་དགོས་པས། ཁྱོད་ལ་དེ་ལྟར་ཡོད་དམ། ཞེས་པའི་ལན་དུ་རྒྱ་གཞུང་དཔེ་ཆ་ལྔ་བརྒྱ་པ་དེ། དགྲ་བཅོམ་པ་ལྔ་བརྒྱའི་ཚབ་ཡིན། ཞེས་གསུངས་སོ། རྒྱུད་བླ་མ་བོད་ལ་དར་ཁྱབ་བྱུང་བ་ཡང་དོལ་པོ་པ་ཤེས་རྒྱལ་མཚན་གྱི་བཀའ་དྲིན་ཡིན་པར་བཀླགས།
བདེ་ཆེན་གླིང་དང་། དགོན་སྡེ་བཞི་བཅུ་ལྷག་ནས། གྲྭ་པ་ཉིས་སྟོང་བདུན་བརྒྱ་ལྷག་འཛོམས་ནས། གཞན་སྟོང་སེངྒེའི་ང་རོ་ལ་བགྲོ་གླེང་བྱེད་པ་བདེན་པ་ཡིན་ན། རྒྱལ་བའི་བསྟན་རིན་པོ་ཆེ་ཉི་མ་སྟོང་ལས་གཟི་རྗིད་ཆེ་བར་དགའ་འོས་པར་སྣང་ངོ་།
ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ། འདིའི་ནང་གི་ཐེངས། ཞེས་པ་ཕལ་སྐད་དུ། བོད་ཤར་ཕྱོགས་པར་ཡོངས་གྲགས་ཆེ་ཡང་། དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་སྐབས་སུ། གོང་གསལ་བརྗོད་པ་དེ་ཉིད་ཀྱི། ཐེངས། ཞེས་པ་ཇི་ལྟར་འབྲི་དགོས་སམ། འདི་ལ་ལན་འབྲི་ཐུབ་མཁན་རེ་བཞུགས་ཡོད་དམ། ཞེས་དྲི་བ་བཀོད་དོ།
#1 ལ་དྭགས་འཇམ་དཔལ།། ་ལགས་ཀྱིས་སྤེལ་དོན།:
June 18th, 2018 at 10:13 pm
ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་བླ་མའི་འགྲེལ་པ་དང་། དཔེ་ཆ་ཁ་ཤས་མཇལ་མྱོང་། དཔེ་ཆ་ཞིག་འདི་ལྟར་གསུངས་པ་མཆིས་ཏེ། ཁྱོད་ད་ཀྱིས་ཆོས་འཁོར་བཞི་པ་བསྐོར་ན། དགྲ་བཅོམ་པ་ལྔ་བརྒྱ་དགོས་པས། ཁྱོད་ལ་དེ་ལྟར་ཡོད་དམ། ཞེས་པའི་ལན་དུ་རྒྱ་གཞུང་དཔེ་ཆ་ལྔ་བརྒྱ་པ་དེ། དགྲ་བཅོམ་པ་ལྔ་བརྒྱའི་ཚབ་ཡིན། ཞེས་གསུངས་སོ། རྒྱུད་བླ་མ་བོད་ལ་དར་ཁྱབ་བྱུང་བ་ཡང་དོལ་པོ་པ་ཤེས་རྒྱལ་མཚན་གྱི་བཀའ་དྲིན་ཡིན་པར་བཀླགས།
བདེ་ཆེན་གླིང་དང་། དགོན་སྡེ་བཞི་བཅུ་ལྷག་ནས། གྲྭ་པ་ཉིས་སྟོང་བདུན་བརྒྱ་ལྷག་འཛོམས་ནས། གཞན་སྟོང་སེངྒེའི་ང་རོ་ལ་བགྲོ་གླེང་བྱེད་པ་བདེན་པ་ཡིན་ན། རྒྱལ་བའི་བསྟན་རིན་པོ་ཆེ་ཉི་མ་སྟོང་ལས་གཟི་རྗིད་ཆེ་བར་དགའ་འོས་པར་སྣང་ངོ་།
ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ། འདིའི་ནང་གི་ཐེངས། ཞེས་པ་ཕལ་སྐད་དུ། བོད་ཤར་ཕྱོགས་པར་ཡོངས་གྲགས་ཆེ་ཡང་། དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་སྐབས་སུ། གོང་གསལ་བརྗོད་པ་དེ་ཉིད་ཀྱི། ཐེངས། ཞེས་པ་ཇི་ལྟར་འབྲི་དགོས་སམ། འདི་ལ་ལན་འབྲི་ཐུབ་མཁན་རེ་བཞུགས་ཡོད་དམ། ཞེས་དྲི་བ་བཀོད་དོ།
གསུང་བཤད་གནང་བ་མ་ཟད། འདིར། གསུང་བཤད་གནང་བར་མ་ཟད། ཅེས་ཇོ་ནང་པའི་དཔེ་ཆ་རྙིང་པ་ཏཱ་རཱ་ནཱ་ཐ་སོགས་ཀྱི་ལུགས་སུ་འབྲི་དགོས་པ་ལས། དེ་ལྟར་དུ། མ་འབྲི་ན། རྗོད་བྱེད་ཚིག་འཆལ་ཆོལ་དུ་འགྲོ་ན། བརྗོད་བྱ་དབུ་མ་གཞན་སྟོང་ཡང་། གདུལ་བྱའི་རྒྱུད་ལ་འཆལ་ཆོལ་དུ་འགྲོ་བའི་རྐྱེན་ངན་འགྱུར་བ་མ་ཡིན་ནམ། ཞེས་དྲི་བ་ལགས་སོ།
བཀུར་འོས་རྒན་ལ་དྭགས་འཇམ་དཔལ་ལགས།
ཉིད་ཀྱིས་དགོངས་ཚུལ་གསུངས་བར་བཀའ་དྲིན་ཆེ་ཞུ། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་དགུང་གྲངས་བདུན་ཅུའི་ཐོག་བཀའ་བསྡུ་བཞི་བ་མཛད་པ་རེད། དེ་དུས་ཕྱོགས་ཀྱི་མཁས་པ་མང་པོས་སྔོན་ཆད་དགྲ་བཅོམ་པ་རྣམས་ཀྱིས་བཀའ་བསྡུ་མཛད་སྐབས་བདེན་པའི་དཔང་པོར་དགྲ་བཅོམ་པ་ལྔ་བརྒྱ་རེ་ཡོད། ཁྱེད་ཀྱིས་བཀའ་བསྡུ་བཞི་བ་མཛད་སྐབས་དཔང་པོར་དགྲ་བཅོམ་པ་དུ་ཡོད་ཅེས་བཀའ་འདྲི་ཞུས་ཚེ། དོལ་པོ་སངས་རྒྱས་ཀྱིས། ངས་ཐེག་པ་ཆེན་པོའི་བཀའ་བསྡུ་བཞི་བ་བྱེད་སྐབས་བདེན་པའི་དཔང་པོར་མདོ་རྒྱུད་བསྟན་བཅོས་ལྔ་བརྒྱ་ཡོད་ཆེས་གསུངས་བར་གྲགས། ལྔ་བརྒྱ་ཟེར་བ་ནི་མང་ཚིག་ཙམ་ལས་ལྔ་བརྒྱ་དག་དག་གྲངས་བགྲང་མི་དགོས།
ཐེངས་ཟེར་བ་ནི་དུས་སྟོན་པའི་ཚིག་རེད། ཐེངས་དང་སྐབས་དང་ལན་ཟེར་བ་སོགས་མང་ངོ་།།
གནང་བ་མ་ཟད་ཟེར་བ་ནི་ད་དུང་དང་དེ་བས་ཀྱང་དེས་ཀྱང་མ་ཚད་ཟེར་བ་དང་དོན་གཅིག་རེད། གལ་ཏེ་དེ་ལ་གནང་བར་མ་ཟད་ཅེས་ལ་དོན་སྦྱར་ན་དོན་ལ་མི་འབྱོར་རོ།།
གང་ལྟར་སྐུ་ཉིད་ཀྱིས་དགོངས་ཚུལ་གནང་བར་སླར་ཡང་བཀའ་དྲིན་ཆེ་ཞུ་བ་ཡིན།
ཐང་མ་གཅིག་ཟེར་རམ། ཐེངས་མ་གཅིག་ཅེས་བྲིས། གནང་བ་མ་ཟད་དང་། ནང་བར་མ་ཟད་ལ། ཁྱད་པར་ཅི་ཡོད་དམ། ལགས།
ཁྱད་པར་ཅི་ཡོད་དང་། ཁྱད་པ་ཅིག་ཡོད་ལ། ཁྱད་པར་གང་ཡོད་དམ། ལགས།