དྲང་སྲོང་ལྷ་མོ།
ད་ཆ་སྔ་བོའི་དུས་དང་མི་འདྲ་བར་བརྡ་འཕྲིན་ཚན་རྩལ་དར་རྒྱས་སུ་སོང་ཡོད་སྟབས། དྲ་ཐོག་ཏུ་རང་དགར་འཕྲུལ་དེབ་དང་རྩོམ་རིགས་གང་མང་ཀློག་བཏུབ་པ་དེས། ང་ལྟ་བུའི་ཀློག་པ་པོར་མཚོན་ན་ཆེས་དགའ་འོས་པའི་དོན་བཟང་ཞིག་རེད། དེ་ལྟ་བས་ན། ཉེ་ཆར་ངས་ཇོ་ནང་པ་ངོ་ཤེས་པ་ཞེས་པའི་འཕྲུལ་དེབ་ཅིག་བཀླགས་པ་ཡིན། དེབ་དེ་བརྒྱུད་ནས་ད་ལོ་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔའི་ཚོགས་དུས་དགུ་བའི་སྐབས། ཇོ་ནང་པ་ཚོས་ཅིའི་ཕྱིར་ཞུ་འབོད་ཀྱི་ལས་འགུལ་སྤེལ་དགོས་དོན་གྱི་རྒྱུ་རྐྱེན་རགས་ཙམ་རྟོགས་སོང་།
སྤྱིར་ང་ལ་མཚོན་ན། དུས་རྒྱུན་དུ་སྤྱི་ཚོགས་ཀྱི་ལས་རིགས་བར་གྱི་ཉ་ཉོག་དང་། མང་ཚོགས། དགོན་སྡེ་ཁག གང་ལྟར་ཕྱིའི་གྲུབ་ཆའི་སྤྱི་ཚོགས་ཀྱི་རྙོག་འཛིང་ལ་དོ་སྣང་བྱ་རྒྱུར་དགའ་བོ་མེད། དེར་བརྟེན་ཇོ་ནང་པ་ཚོས་འཕྲེད་དར་འཕྱར་ཏེ། སྤྱི་འཐུས་ཚོགས་ཆེན་གྱི་སྒོ་འགྲམ་དུ་ཞུ་འབོད་བྱས་པ་དེ་སྐད་འཕྲིན་དང་ངོ་དེབ། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཚ་ཚ་འུར་འུར་ངང་ཁྱབ་བརྡལ་འགྲོ་བཞིན་པ་དེར་ཡ་མཚན་སྐྱེས་སོང་། ཞེ་ལ་དེང་སང་གི་མི་འདི་ཚོ་གང་ན་གནས་ཀྱང་རྙོག་དྲ་རེ་མ་བཟོས་ན་འདུག་བཟོད་མེད་པ་འདྲ་སྙམ་མོད། འོན་ཀྱང་། ཅང་མ་འགོར་བར། དྲ་གྲོགས་མང་བོས་སྐདའཕྲིན་དུ་འཕྲུལ་དེབ་དེ་བརྒྱུད་སྐུར་བྱས་པ་མཐོང་ནས། མ་བཟོད་པར་དེབ་དེ་རང་གི་ཁ་པར་དུ་ཉར་ཚགས་བྱས་ཏེ་ཀློག་མགོ་བཙུགས་པ་ཡིན།
འཕྲུལ་དེབ་དེའི་ནང་ན་སྤྱིར་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་དང་། བོད་པའི་སྤྱི་ཚོགས་འདི་ཡར་རྒྱས་དང་འཐུས་ཚང་། ཡང་དག་པའི་མང་གཙོའི་ལམ་དུ་སྣེ་ཁྲིད་བསམ་པའི་ལྷག་བསམ་རྣམ་དག་ཅན་གྱི་རྩོམ་པ་པོ་དང་། གསར་འགོད་པ། ཤེས་ཡོན་ཅན་བཅས་མང་དུ་མཆིས། ཁོང་ཚོ་ནི་ཇོ་ནང་པ་ཡིན་མིན་ཅི་རིགས་ཡོད། ཁོང་ཚོས་རྒྱབ་སྐྱོར་བྱས་པ་དེ་ནི་ཇོ་ནང་པ་མ་ཡིན་པར། དྲང་བདེན་གྱི་གནས་ལུགས་དང་། ད་རུང་སྙོམ་ལག་མ་རྒྱས་པའི་བོད་པའི་མང་གཙོའི་ལམ་ལུགས་དེ་ལོག་ལམ་དུ་མི་འགྲོ་བའི་ཕྱིར། ཆུ་མ་ཡོང་གོང་དུ་རགས་ཀྱི་ཟོལ་ཏུ་རྩོམ་ཡིག་དེ་དག་བྲིས་པ་རེད་སེམས།
དེར་བརྟེན། ང་ཚོ་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་ཀྱང་། དྲང་བདེན་ལ་རྒྱབ་སྐྱོར་བྱ་དགོས་པས། མཆན་འདེབས་མཁན་གྱིས་ཀྱང་བློ་གཟུ་བོར་གནས་ཏེ་མཆན་བྲིས་ན་གཞི་ནས་དྲང་བདེན་ལ་རྒྱབ་སྐྱོར་དང་། སྤྱི་ཚོགས་ལ་ཕན་ཐོགས་འབྱུང་བ་དེ་ཞེ་ལ་བཟུང་སྟེ། ཕྱོགས་རིས་ཀྱི་གནས་སུ་མི་ཞུགས་པར་དྲང་སྲོང་དང་། ཡོ་བསྲང་གི་ལམ་ཆེན་དུ་སྐྱོད་གང་ཐུབ་བྱས་པ་ཡིན་ལ། སྤྱི་ཚོགས་ལ་དགོས་པ་ཡང་དེ་ལས་མ་མཆིས། རྙོག་འཛིང་ཆེ་བའི་སྤྱི་ཚོགས་འདི་དང་། ནང་སྒོས་སུ་བོད་པའི་སྤྱི་ཚོགས་ལ་མང་གཙོའི་འདུ་ཤེས་ཀྱི་ཞན་ཆ་ཧ་ཅང་ཆེ།
བྱིས་པའི་ངང་ཚུལ་གྱི་ང་ཚོའི་མང་གཙོ་དེ་ཤེས་ལྡན་པ་རྣམ་པ། མང་ཚོགས་འུ་ཚོ་ལྟ་བུ་ཀློག་པ་པོ་རྣམས་ཀྱིས་དོན་དངོས་ལ་གཡོ་གཟུར་མེད་པར་དྲང་བདེན་གྱི་ལམ་ཁར་ཤར་བསྐྱོད་བྱ་དགོས། དེ་ལྟར་བྱས་ན། སྤྱིར་མ་འོངས་པ་འུ་ཚོའི་སྤྱི་ཚོགས་འདི་གང་ཅིའི་ཐད་ནས་ཇེ་ལེགས་སུ་འགྲོ་བའི་རྒྱུ་ཉག་གཅིག་ཡིན།
འཕྲུལ་དེབ་འདི་བཀླགས་རྗེས། ཇོ་ནང་པ་ཚོའི་ལས་འགུལ་སྤེལ་ཕྱོགས་ལ་མནོ་བསམ་ཞིབ་ཏུ་བཏང་ན། ཧ་ཅང་ལེགས་པོ་བྱུང་འདུག མང་གཙོའི་འགྲོ་སྟངས་དེ་ལེགས་ཕྱོགས་ཀྱི་ལམ་ཁར་བསྐྱོད་པའི་སྟ་གོན་དུ་གྱུར་འདུག་སྙམ། གཞུང་ངམ་ཚོགས་པ་གང་ཡིན་ཡང་ལྟོས་བཅས་ཀྱི་མིས་གྲུབ་པ་ཡིན་པས། མ་འགྲིག་ས་དང་སྐྱོན་མེད་ས་ག་ལ་སྲིད། དེ་བས་གཞུང་དང་མང་ཚོགས་གང་ཡིན་ཡང་དོན་གནད་དེར་ཐེ་གཏོགས་བྱ་འོས་པ་ཞིག་རེད། དེ་ལྟར་བྱས་ན། འུ་ཚོའི་མང་གཙོའི་ལམ་ལུགས་ཀྱང་ཇེ་འཐུས་སུ་འགྲོ་ངེས་པར་གདོན་མི་ཟ།
༢༠༡༥/༥/༢༦
དཔལ་ལྡན་ཇོ་ནང་པ་རྣམ་པ་ཀུན་ཏུ་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག
ངས་འབྲི་བསམ་ནས་མཛུབ་མོ་རང་འགུལ་བྱུང་ཡང་ད་ཕྱིན་ཡེ་འབྲི་རྒྱུ་མིན།
དྲང་བདེན་ཡང་དག་བཤད་ན་ཡང་ཁ་བརྡ་ཚང་འགའ་རེས་ནག་བསུབས་འགྲོ་གི་འདུག
ངོས་ནས་བདེན་གཏམ་དང་དངོས་ཡོདགནས་ཚུལ་རེ་བྲིས་པ་ཚང་མ་བསུབས་རྐྱང་བྱེད་ཀི་འདུག
རྩོད་ཉོག་དེས་མགོ་ན་སོང་། དེའི་ཕྱོགས་ལ་ཅི་ཡང་སྨྲ་བར་མི་འདོད་དོ།
བཀྲ་ཤིས་ལྷུན་པོར་དགེ་རྒན་གྱི་དཔེ་མཛོད་ན་ཇོ་ནང་ཏཱ་རཱ་ནཱ་ཐའི་གསུང་རྩོམ་ན་སངས་རྒྱས་བཅོམ་ལྡན་འདས་སོགས་པཎ་གྲུབ་རྣམས་ཀྱི་གཏམ་རྒྱུད་ངོ་མཚར་ཅན་བརྒྱ་དང་བརྒྱད་ཡོད་པ་ཞིག་བདག་རང་གིས་བཀླགས་པ་དང་། གཞན་ལ་ཡང་ཀློག་ཏུ་བཅུག་པར་དྲན་ནོ།
ཇོ་ནང་ཏའ་ར་ནའ་ཐས་མཛད་པ། དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལགསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་། ཞེས་པ་ཅིག་ང་ལ་ཡོད། དེིའ་ནང་ལ་དགྲ་བཅོམ་པ་གྲགས་པའི་སློབ་དགེ་ཚུལ་མང་དུ་ཐོས་པ་སྦྱོར་ལམ་པ་ཞིག་གིས། རྒྱལ་པོ་མྱ་ངན་མེད་ཀྱི་མིའི་སྲོག་གི་མཆོད་སྦྱིན་བྱ་སར། དགེ་ཚུལ་དེ་ཡང་གསོ་པར་བརྩམས་པ་ན། དེའི་ཞག་བདུན་གྱི་བར་དུ་བདེ་བཞི་མི་རྟག་སོགས་བཅུ་དྲུག་བསྒོམས་ནས། དགྲ་བཅོམ་པར་གྱུར་ནས། དེས་རྫུ་འཕྲུལ་ཆོས་བསྟན་ནས། རྒྱལ་པོ་དང་གཤེད་མ་གཉིས་ཀ་ཆོས་ལ་བཀོད་པར་གསུངས་འདུག
ཆོས་འབྱུང་འདི་ལས།
དཔལ་ས་ར་ཧའམ་བྲམ་ཟེ་ཆེན་པོ་སྒྲ་གཅན་འཉིན་བྲམ་ཟེའི་སྤྱོད་པ་ལ་གནས་པའི་དུས་སུ་ནི། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་པོདེ་རྣམས་བྱུང་བ་ཡིན་ལ། མཐར་དེ་ཉིད་ཀྱི་སྐུ་ཚེའི་རིང་ལ་ཤེར་ཕྱིན་འབུམ་པ་མ་གཏོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་བྱུང་ཞེས་གྲགས་སོ། །བྲམ་ཟེ་སྒྲ་གཅན་འཛིན་གྱི་དུས་སྐབས་དེ་བཅུ་བཞིཔའོ།། །།
ཞེས་དང་། ཡང་།
བྲམ་ཟེ་ཆེན་པོ་དང་། འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་དངོས་ནི། བཀའ་བབས་བདུན་ལྡན་གྱི་རྣམ་ཐར་རིན་པོ་ཆེ་འབྱུང་གནས་ལྟ་བུའི་གཏམ་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ།། །
གསུངས་པ་འདི་དང་།
# 3 ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ཀྱིས་མཆན་བཏབ་པ།:
May 26th, 2015 at 9:40 PM
བཀྲ་ཤིས་ལྷུན་པོར་དགེ་རྒན་གྱི་དཔེ་མཛོད་ན་ཇོ་ནང་ཏཱ་རཱ་ནཱ་ཐའི་གསུང་རྩོམ་ན་སངས་རྒྱས་བཅོམ་ལྡན་འདས་སོགས་པཎ་གྲུབ་རྣམས་ཀྱི་གཏམ་རྒྱུད་ངོ་མཚར་ཅན་བརྒྱ་དང་བརྒྱད་ཡོད་པ་ཞིག་བདག་རང་གིས་བཀླགས་པ་དང་། གཞན་ལ་ཡང་ཀློག་ཏུ་བཅུག་པར་དྲན་ནོ།
འདི་གཅིག་པ་ཡིནད་ཀྱང་སྲིད་དོ།།
སྙན་སེང་ཕབ་འདི་། སྙན་གསན་ཕབ་ཡིན་སྟངས། ཆོས་འབྱུང་འདི་འི་རྒྱལ་པོ་མྱ་ངན་མེད་སྐོར་ཤོག་གྲངས་སོ་༣༩དགུ ཡིག་ཕྲེང་གཉིས་པར།
་་་་་་ དགྲ་བཅོམ་པ་དེས་ལྷ་དང་ཀླུ་ལ་སོགས་པའི་གནས་རྣམས་སུ་སྐད་ཅིག་གིས་སོང་སྟེ། དགྲ་བཅོམ་པ་ཐམས་ཅད་ལ་སྙན་གསན་ཕབ། རྒྱལ་པོས་ཀྱང་དུས་སྟོན་གྱི་ཁང་པ་ཆེན་པོ་བརྩིགས་ཏེ། ་་་་་་་་
ཡང་དེའི་ནང་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ལྷ་མོ་ཙནནཌི་ཀའ་བསྒྲུབས་ནས། ཐེག་ཆེན་གྱི་དགེ་འདུན་ལ་འཚོ་བ་སྦྱར་ཕྱིར་དམ་བཞག་མཛད། དགོན་པ་ཅིག་སྟེང་དུ་སེང་ལྡེང་གི་ཕུར་པ་ཆེན་པོ་མིས་མི་ཐེག་གཅིག་བཏབ་སྟེ་། དེ་མ་ཟད་བར་དུ་འཚོ་བ་སྦྱོར་ཅིག་བསྒོས་པས། ལོ་བཅུ་གཉིས་ཀྱི་བར་དུ་རྗེས་རིགས་མ་བཟང་མོའི་ཚུལ་དུ་འདུག་པ་ལ།
མཐར་ཞལ་ཏ་བ་དགེ་ཚུལ་མ་རུངས་པ་དེ་ལ་འདོ་ད་པའི་དུས་བཏབ་ཡང་ཡང་བྱས་ཀྱང་། དེ་ཅང་མི་སྨྲ་བས། ལན་ཅིག་ན་སེང་ལྡེང་གི་ཕུར་བུ་དེ་ཐལ་བར་སོང་ན་འདུ་བར་བྱའོ་ཟེར་བས། དགེ་ཚུལ་ངན་པས་སེང་ལྡེང་གི་ཕུར་བུ་མེས་བསྲེགས་ཏེ་ཐལ་བར་བྱས་པ་ན་ལྷ་མོ་དེ་ཉིད་མི་སྣང་བར་གྱུར་ཏོ།།
ཞེས་བློ་ཕམ་པའི་སྒྲུང་ཤིནད་ཏུ་སྙན་པོ་ཅིག་ཀྱང་འདུག
ཇོ་ནང་པ་ལ་གུས་འདུད་ཡོད། ཇོ་ནང་པའི་བསྟན་པ་རྒྱས་པའི་ཡིད་སྨོན་ཡོད། ཡིན་ན་ཡང་། ད་ལོ་མི་ཁ་ཤས་ཀྱིས་ཇོ་ནང་པའི་མིང་གི་དར་ཆ་འཕྱར་ནས་བོད་གཞུང་གི་སྒོ་ཁར་སོང་ནས་ངོ་རྒོལ་རྒྱག་ཁུལ་བྱས་པ་དེ་འགྲིགས་མ་སོང་། དེ་དམངས་གཙོ་ལག་ལེན་ཏུ་བསྟར་བ་མ་རེད། དམངས་གཙོ་ལ་ངོ་རྒོལ་བརྒྱབ་པ་རེད། གནད་དོན་འདི་དམངས་གཙོའི་གྲོས་ཚོགས་ཀྱིས་དམངས་གཙོའི་ལམ་ལུགས་ལག་ལེན་དུ་བསྟར། མང་པོས་འོས་བསྡུ་བྱས། འོས་བསྡུའི་གྲུབ་འབྲས་ཕམ་ཁ་ཐེབས་ཟིན་པ་ཞིག་ལ་ཨུ་ཚུགས་བརྒྱབ་ནས་ཁྲོམ་སྐོར་བྱས་ན་དེ་དམངས་གཙོ་ལ་ངོ་རྒོལ་བྱས་པ་རེད། ཡིན་ན་ཡང་། ཞི་བའི་འབོད་སྐུལ་ཙམ་ཡིན་དུས་མ་བརྟག་པའི་ཧོལ་རྒྱུགས་ཙམ་ལས་ཧ་ལས་པ་སྡུག་པོ་རང་ནི་མ་རེད།
དམངས་གཙོའི་སྤྱི་ཚོགས་ཀྱི་ནང་དུ་ངོ་རྒོལ་བྱེད་སྲོལ་འདུག ཡིན་ན་ཡང་། དེ་དག་ནི་ཇོ་ནང་པའི་ངོ་རྒོལ་དང་མི་འདྲ། དཔེར་ན། དམངས་གཙོའི་འོས་བསྡུའི་བདམས་ཀ་མ་སྤྲད་ན་དམངས་གཙོའི་ལམ་ལ་འགལ་བ་རེད། མང་མོས་ཀྱི་ལམ་ནས་རྒྱལ་ཁ་ཐོབ་ན་ཡང་ལག་ལེན་ཚུལ་བཞིན་དུ་མ་བསྟར་ན་དམངས་གཙོའི་ལམ་སྲོལ་དང་འགལ་བ་རེད། དེ་འདྲའི་གནད་དོན་ལ་འཕྲད་སྐབས་སུ་མི་མང་གིས་རྔམ་སྟོན་ཁྲོམས་སྐོར་སོགས་ཀྱི་ལམ་ནས་འབོད་སྐུལ་ཞུ་སྲོལ་འདུག
ཇོ་ནང་པ་ལ་ངོ་རྒོལ་མེད། ཇོ་ནང་པའི་ངོ་རྒོལ་ལ་ངོ་རྒོལ་ཡོད། ཇོ་ནང་པའི་ངོ་རྒོལ་ཟེར་བ་དེ་དམངས་གཙོའི་ངོ་རྒོལ་མ་རེད། དམངས་གཙོ་ལ་ངོ་རྒོལ་རེད། བོད་ཀྱི་བརྡ་སྤྲོད་རིག་པའི་ཐ་སྙད་ལྟར་ན་འབྲེལ་སྒྲ་ཐོབ་ཀྱི་མི་འདུག ལ་དོན་ཐོབ་ཀྱིན་འདུག
ཨོ་རེད་རེད།འཛམ་གླིང་འདིར་མང་མོས་ལ་ངོ་རྒོལ་བྱེད་མཁན་མང་གཙོའི་སྤྱི་ཚོགས་མང་པོ་ཡོད་རེད་ད།ཐེ་ལན་གྱི་སྟོད་ཐུང་དམར་པོ་དང་སེར་པོའི་ཆབ་སྲིད་ཚོགས་པ་གཉིས་ཀྱིས་ངོ་རྒོལ་བྱེད་རེས་ག་ཚོད་བརྒྱབས་སོང་།དཔེར་ན།སྟོད་གོས་སེར་པོ་ཚང་གི་མི་སྲིད་བློན་ལ་མང་མོས་ཀྱིས་ཐོབ་ཚེ།སྟོད་གོས་དམར་པོས་ཟླ་བ་མང་པོར་ངོ་རྒོལ་གྱིས་མི་མང་པོ་ཤི་རྐྱེན་བྱུང་བ་དང་།རྒྱལ་ཁབ་ནང་ཛ་དྲག་ཁྲིམས་གཞི་བསྡམས་དགོས་པ་བཟོས་ཡོད།ཡང་སྟོད་གོས་དམར་པོ་ཚང་གི་མི་མོ་ཞིག་སྲིད་བློན་ལ་མང་མོས་འཁོད་པར།སྟོད་གོས་སེར་པོ་ཚང་གིས་སྔོན་མ་དེས་གང་བྱས་པ་དེ་བཞིན་དུ་བྱས་ཡོད་པ་རེད།
ཉི་ཧོང་གི་སྲིད་བློན་ཨ་བྷེ་མང་མོས་ཀྱིས་སྲིད་བློན་ལ་གདམས་པ་རེད།ཁོང་གིས་ཉི་ཧོང་གི་རྩ་ཁྲིམས་དོན་ཚན་དགུ་བའི་ནང་རྒྱལ་ཁབ་གཞན་ལ་དམག་འཐབ་བྱས་མི་ཆོག་པ་དང་།ཉི་ཧོང་གིས་དམག་གྲ་སྒྲིག་མི་ཆོག་པར་འཁོད་ཡོད་པ་དེ་བསྒྱུར་བཅོས་གཏོང་དགོས་ཀྱི་རེ་བ་འདོན་བཞིན་ཡོད།དེ་ལ་ཉི་ཧོང་གི་མང་ཚོགས་ཚོས་ངོ་རྒོལ་ཧ་ལས་པ་ཛ་དྲག་རེད།
རྒྱ་གར་སྲིད་བློན་ཟུར་པ་མན་མོ་ཧན་སེང་ཁྲིམས་ལ་གཏུག་ཏེ་ཁྲིམས་ཁང་དུ་འགྲོ་བཞིན་པ་རེད།ཐེ་ཝན་གྱིས་མང་མོས་སྲིད་འཛིན་ཟུར་པ་བཙོན་ཁང་དུ་བཅུག་ཚར་པ་རེད།བཙན་བྱོལ་ནང་དུའང་དེ་སྔ་མདོ་སྟོད་སྤྱི་འཐུས་རྣམ་པ་དང་ཆོས་བརྒྱུད་སྤྱི་འཐུས་རྣམ་པ་གྲོས་ཚོགས་ཕྱི་ལ་འཐོན་ཏེ་ངོ་རྒོལ་གནང་དོན་ནི།མང་མོས་འོས་བསྡུ་བྱས་ན་ཁོང་ཚོ་ཕམ་ངེས་ཡིན་པ་ཤེས་ཏེ་ཕྱི་ལ་འཐོན་རེད།
དེ་འདྲར་བརྟེན།ཇོ་ནང་གིས་ངོ་རྒོལ་བྱས་པའང་དེ་ཚོ་དང་གཅིག་མཚུངས་ཙམ་རེད།དེ་ལས་ལྷག་གང་ཡང་མ་རེད།འོན་ཀྱང་།ཁོང་ཚོ་ཉམ་ཆུང་ཡིན་དུས་མིག་ལ་མི་འགྲོ་བ་ཆེ་ཙམ་བྱུང་རེད
སྤོབས་པ་མཐའ་ཡས་ལགས་ཀྱི་སྐད་ཆ་ནོར་འདུག་བསམས་ཀྱི་འདུག དེར་བརྟེན་ཚིག་གསུམ་ཞུ་ཆོག་པ་བྱོས། དེ་ཡང་གསུམ་རྟོག་གེ་རིག་པ་གཞིར་བཟུང་ནས་ཞུ་རྒྱུར་ཡིན།
སྤོབས་པས་རྒྱུ་མཚན་བཀོད་སྟངས།་་་ཇོ་ནང་པའི་ངོ་རྒོལ་བརྒྱབས་པ་དེ་ཆོས་ཅན། དམངས་གཙོ་ལ་ལག་ལེན་སྟར་བ་མ་ཡིན་པར་ཐལ། དམངས་གཙོ་ལ་ངོ་རྒོལ་བརྒྱབས་པ་ཡིན་པའི་ཕྱིར། དེར་ཐལ། གནད་དོན་འདི་དམངས་གཙོའི་གྲོས་ཚོགས་ཀྱིས་དམངས་གཙོའི་ལམ་ལུགས་ལག་ལེན་དུ་བསྟར། མང་པོས་འོས་བསྡུ་བྱས། འོས་བསྡུའི་གྲུབ་འབྲས་ཕམ་ཁ་ཐེབས་ཟིན་པ་ཞིག་ལ་ཨུ་ཚུགས་བརྒྱབ་ནས་ཁྲོམ་སྐོར་བྱས་ན་དེ་དམངས་གཙོ་ལ་ངོ་རྒོལ་བྱས་པ་རེད་འདུག་པའི་ཕྱིར། ཞེས་སྤོབས་པས་རྒྱུ་མཚན་བཀོད་པ་རེད།
འདི་ནི་རྒྱུ་མཚན་ཡང་དག་དང་ཐལ་འགྱུར་ཡང་དག་མ་རེད། ཁྱབ་པ་གྲུབ་ཀིན་མ་རེད། སྤྱི་སྟངས་སྤོབས་མཐའ་དང་ཟམ་གདོངབླ་མ་གཉིས་ཀྱིས་ཧམ་བཤད་དང་ལོག་བཤད། ཁྱབ་ལོག་སྒྲུབ་འོང་དུས་རིག་ལམ་དང་རྣམ་དཔྱོད་པའི་མི་རྣམས་མགོ་འཐོམ་བཅུག་གྱི་རེད།
སྤོབས་པས་་་གྲོས་ཚོགས་ནང་དུ་འོས་བསྡུ་བྱས་ནས་ཐག་གཅོད་པ་དེ་དམངས་གཙོ་རེད། དེ་ལ་ངོ་རྒོལ་བྱས་ན་དམངས་གཙོ་ལ་ངོ་རྒོལ་བྱེད་ཀྱི་ཡོད་རེད་ཟེར་བ་འདི་ནི་དམངས་གཙོའི་དོན་དག་ཡག་པོ་མ་ཤེས་པར་ལྟ་བུ་རེད། སྤོབས་པའི་ལུགས་སུ་བྱས་ན་དམངས་གཙོ་ལམ་ནས་འོས་བསྡུ་བྱུང་བའི་མགོ་ཁྲིད་ལ་ཡང་ངོ་རྒོལ་བྱེད་ཆོག་པ་མི་འདུག་ག
སྤོབས་མཐའ་ལ་ཐལ་འགྱུར་ཞིག་འགོད་ན། དམངས་གཙོའི་རྒྱལ་ཁབ་ཁག་གི་སྲིད་འཛིན་རྣམས་ཆོས་ཅན། ཁོང་རྣམས་པ་ལ་མི་དམངས་ཀྱིས་ངོ་རྒོལ་བྱེད་མི་ཆོག་པར་ཐལ། ཁོང་རྣམས་པ་དམངས་གཙོ་ལམ་ནས་འོས་བསྡུ་བྱས། འོས་བསྡུའི་རྒྱལ་ཁ་ཐོབ་ནས་བྱུང་བའི་ཕྱིར།་་་་ཞེས་བཀོད་ན་སྤོབས་པས་ལན་ཅི་འདེབས་ཀྱི་ཡིན་ནམ།
དམངས་གཙོའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མགོ་ཁྲིད་ལ་མི་དམངས་ཀྱིས་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་ཡོད་ལ་ངོ་རྒོལ་བྱས་པ་དེ་ཡང་དམངས་གཙོ་ལག་ལེན་བསྟར་བ་རེད། མ་གཏོགས་དམངས་གཙོ་ལ་ངོ་རྒོལ་བྱས་པ་མ་རེད། རྒྱལ་པོའི་རིང་ལུགས་དང་སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་སྲིད་གཞུང་དང་མགོ་ཁྲིད་ལ་ངོ་རྒོལ་བྱས་པ་ཡིན་ན་རྒྱལ་ཁྲིམས་དང་འགལ་བ། སྒེར་གཅོད་སྲིད་གཞུང་གི་ཁྲིམས་ལུགས་འགལ་བ་ཡིན་པར་བརྩི་ཡི་རེད།
བཙན་བྱོལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཀྱིས་མང་མོས་གཏན་འབེབས་བྱས་པ་དེ་བཙན་བྱོས་སྒྲིག་འཛུགས་ཀྱི་ཡང་དག་པའི་དམངས་གཙོ་ཡིན་ན་བཀའ་སྤྱི་གཉིས་ཡང་གྲོས་འཚོགས་ཀྱིས་འོས་བསྡུ་བྱ་ན་འགྲིག་སོང་བ་ཨེ་རེད། སྤྱིའི་ཆ་ནས་བཙན་བྱོལ་སྒྲིག་འདི་མི་དམངས་གཙོ་དང་བཀའ་བཀོད་རྒྱུད་འཛིན། སྲིད་དབང་གཅིག་བསྡུ་ལམ་ལུགས་ཀྱི་ངོ་བོ་ལ་གནས་ཡོད།
མདོ་དོན་་་ཇོ་ནང་པས་བྱས་པ་དེ་ནི་དམངས་གཙོ་ལ་ངོ་རྒོལ་མིན་ལ་དམངས་གཙོའི་ཁྲིམས་ལུགས་དང་མཐུན་པའི་ངོ་རྒོལ་རེད། ཨ་རི་ལྟ་བུ་ཡིན་ན་གྲོས་འཚོགས་འཐུས་མི་དང་ཕོ་བྲང་དཀར་པོའི་དཔོན་རིགས་ཚོས་མི་དམངས་ཀྱི་ཐོབ་ཐང་ལ་སྒེར་གཅོད་བྱས་བྱུང་ན་གྱེན་ལངས་བྱེད་རྐྱེན་གྱི་མེ་མདའ་ཉར་ཆོག་པའི་ཐོང་ཐང་མི་སེར་ལ་སྤྲད་ཡོད། དམངས་གཙོ་ལམ་ནས་འོས་བསྡུ་བྱུང་བའི་དཔོན་པོ་ཡིན་ཟེར་ནས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐང་ཐང་ལ་རྡོག་རོལ་གཏོང་ཆོག་པའི་དབང་ཆ་མེད།
སྤོབས་མཐའ་་་་གྲོས་ཚོགས་ནང་དུ་མང་མོས་ཀྱིས་ཐོག་ནས་ནང་ཇོ་པའི་ཆོས་རྒྱུད་ཀྱི་ཐོབ་ཐང་བཀག་པ་དེ་དམངས་གཙོའི་ལུགས་དང་མཐུན་པ་ཡིན་ན་་་་ལོ་རྗེས་མར་རྙིང་མའི་ཆོས་རྒྱུད་ཀྱི་ཐོབ་ཐང་གྲོས་ཚོགས་ནང་དུ་མང་མོས་བྱས་ནས་བཀག་བྱུང་ན་ཁས་ལེན་ཐུབ་ས་ཨེ་རེད།
དེར་དུས་ཁྱོད་ངོ་རྒོལ་བྱེད་མཁན་སྔོན་མ་བྱས་ན་འཐོན་འོང་གི་མ་རེད་པེ། དེར་དུས་ཁྱོད་ཀྱིས་དམངས་གཙོ་ལ་ངོ་རྒོལ་བྱེད་འོང་གི་མ་རེད་དམ།་་ཧཧཧ་ ཁྱོད་རང་ཆོས་ལུགས་པ་ཞིག་ཡིན་དུས་་་རང་གི་ལུས་ལ་དཔེར་ལེན་ནས་གཞན་ལ་བསམ་གཞིག་བྱེད་དགོས་ཀྱི་དེ་གལ་ཆེན་པོ་རེད། ཐེག་ཆེན་པའི་ཆོས་ལུགས་དང་མཐུན་པའི་བསམ་སྤྱོད་རེད།
གོང་དུ་གྲོགས་པོ་རེ་ཟུང་གིས་ཇོ་ནང་པའི་ཁྲོམ་སྐོར་འདྲ་བོ་དེ་དམངས་གཙོའི་ལམ་ལུགས་དང་མཐུན་ཚུལ་གསུངས་འདུག ངས་དམངས་གཙོའི་འདེམས་བསྐོ་བྱས་པའི་དཔོན་རིགས་ལ་ངོ་རྒོལ་ཆོག་གི་མ་རེད་ཟེར་ནས་བཤད་མེད། དོན་གནད་གང་ཡང་རུང་བ་ཞིག་གྲོས་ཚོགས་ཀྱིས་མང་མོས་འོས་བསྡུའི་ལམ་ཐག་ཆོད་ཚར་བ་ཞིག་ལ་ངོ་རྒོལ་བྱས་ནས་བསྒྱུར་བཅོས་བྱ་དགོས་པའི་རེ་འདུན་བཏོན་ན་དམངས་གཙོ་ལ་ངོ་རྒོལ་རེད་ཟེར་ནས་བཤད་ཡོད་ལགས། གྲོས་ཚོགས་ཀྱི་ཐག་གཅོད་ལ་མི་མང་གིས་ངོས་ལེན་མི་བྱེད་ན་གྲོས་ཚོགས་ཡོད་མེད་མི་འདུག་ག དམངས་གཙོ་ལ་ཡིད་ཆེས་ཡོད་མཁན ཞིག་ཡིན་ན་གྲོས་ཚོགས་ཀྱི་མང་མོས་ཐག་གཅོད་ལ་གུས་བརྩི་ཞུ་དགོས་པ་རེད།
གྲོས་ཚོགས་ཀྱིས་མང་མོས་ཐག་བཅད་ལ་མི་དམངས་ཀྱི་འདོད་མོས་མེད་ན་ངོ་རྒོལ་བྱེད་ཆོག་དང་ཆོག གྲོས་ཚོགས་ཡོད་དགོས་པ་འདི་མི་དམངས་ཀྱི་མངོན་འདོད་སྒྲུབ་མཁན་དགོས་པ་ལས་མི་དམངས་ཀྱི་མི་འདོད་པ་ཞིག་སྒེར་གཅོད་བྱེད་མཁན་དགོས་པ་མ་རེད། མི་དམངས་ཀྱིས་འོས་བསྡུ་བྱས་ནས་བྱུང་བའི་འཐུས་མི་ཡིན་ཟེར་ནས་སྲིད་དབང་སྒེར་གཅོད་དང་མི་དམངས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་ཆོག་གི་མ་རེད། བཀའ་སྤྱི་གཉིས་ལས་མི་དམངས་དབང་ཆ་ཆེ་བ་ཡོད་དགོས་རེད། མི་དམངས་གཙོ་བོ་ཡིན་དགོས་རེད། མི་དམངས་གཙོ་བོ་ཡིན་པའི་སྲིད་ལུགས་དེ་ལ་དམངས་གཙོ་ཟེར་གི་རེད། བཀའ་སྤྱི་གཉིས་མི་དམངས་ཀྱི་ལས་ཀ་བྱེད་མཁན་ལས་བྱེད་པ་རེད། མི་གླ་གདམ་པ་རེད། ཕོག་སྤྲད་ཀྱི་ཡོད་རེད། དེ་ཙམ་རེད།
དྲ་གྲོགས་ལགས། སྤྱི་འཐུས་རྒྱུན་ལས་རེ་ཟུང་ལ་ཕོགས་ཡོད་ན་མ་གཏོགས་སྤྱི་འཐུས་དཀྱུས་མ་ཚོར་ཕོགས་ཡོད་པ་མ་རེད་ལགས། ཇོ་ནང་པའི་གནད་དོན་འདི་སྒེར་གཅོད་བྱས་པ་མ་རེད། མང་མོས་འོས་བསྡུ་བྱས་པ་རེད། འོས་བསྡུ་བྱས་ནས་ཕམ་ཁ་ཁེལ་བ་རེད། སྒེར་གཅོད་པ་ཟེར་ན་རང་རང་གི་ས་ནས་མི་ཤེད་རྒྱུ་ཤེད་དཔུང་ཤེད་ཁུར་ནས་དབང་ཤེད་ཁུར་མཁན་ལ་ཟེར་བ་རེད། ང་ཚོའི་གྲོས་ཚོགས་འདི་ཚོ་མི་མང་གིས་བདམས་ནས་བསྐོས་པ་རེད། སྤྱི་འཐུས་མང་མོས་འོས་བསྡུ་བྱས་ནས་ལས་དོན་ཐག་གཅོད་དགོས་པ་དེ་བཅའ་ཁྲིམས་ཀྱི་དགོངས་དོན་རེད། དེ་ལ་ཉན་འཇོག་མ་བྱས་ན་དམངས་གཙོ་ལ་རྒོལ་བ་རེད། ཁྱེད་རྣམ་པ་མཐོང་རྒྱ་ཅན་ཚོས་དེ་ཙམ་གྱི་རྒྱུན་ཤེས་ལ་དོ་སྣང་གནང་རོགས་མ་གཏོགས་ང་ཚོའི་སྤྱི་ཚོགས་དེ་མུན་པའི་ལམ་ལ་ཁྲིད་འགྲོ་གི་འདུག
མི་མང་ལ་དབང་ཆ་ཡོད་ནས་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་ལ་སྤྱི་འཐུས་ཟེར་བ་འདི་ཚོ་ཡར་བསྐོས་པ་རེད། ཡར་བསྐོས་ཚར་བའི་རྗེས་ལ་འདི་ཚོས་མང་མོས་ཀྱི་ལམ་ནས་ཐག་བཅད་པ་དེ་མི་མང་གི་ཐག་གཅོད་རེད། དེ་མ་ཡིན་པར་མི་མང་ལ་དབང་ཆ་ཡོད་ཟེར་ནས་ཚང་མ་ཡར་བརྒྱུགས་ནས་ཐག་གཅད་ཐུབ་ཀྱི་མ་རེད། དེ་འདྲ་བྱས་ན་མི་མང་གི་civil warདམག་འཁྲུགས་ལངས་བ་ཟེར་བ་དེ་རེད། ངོ་རྒོལ་བྱས་ན་འགྲིགས་ས་དང་མི་འགྲིསག་སའི་ཁྱད་པར་འབྱེད་མ་ཤེས་པར་ཟིང་ཆ་བསླངས་བསྡད་ན་འགྲིགས་གི་མ་རེད།
དམངས་གཙོ་ཚད་ལྡན་ཡོད་པའི་རྒྱལ་ཁབ་སུད་སི་ལྟ་བུ་ལ་མཚོན་ན་གྲོང་ཁྱེར་གྱི་ནང་དུ་སྤྱི་པའི་གསང་སྤྱོད་ཤིག་གསར་རྒྱག་བྱེད་དགོས་ནའང་མི་དམངས་ལ་སྐད་ཆ་འདྲི་ཡི་རེད། མི་དམངས་ཀྱིས་ཡིན་ཟེར་ན་ཡིན་རེད། མིན་ཟེར་ན་མིན། མི་དམངས་ཀྱི་དབང་ཆ་རེད། མ་གཏོགས་གྲོས་ཚོགས་ཀྱིས་དབང་ཆ་བེད་སྤྱོད་ནས་གསང་སྤྱོད་ཤིག་ཕར་རྒྱག་བཞག་གྱི་དེ་འདྲ་མ་རེད།
རྡ་སའི་བཙན་བྱོལ་སྒྲིག་འཛུགས་ལྟ་བུ་ལ་མཚོན་ན་མི་དམངས་གཙོ་རེད། སྲིད་དབང་སྒེར་གཅོད་རེད། བཀའ་བཀོད་རྒྱུད་འཛིན་རེད། ཡེ་ཤེས་དབྱིངས་དཔྱད་རེད། བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པ་རྒྱལ་ཡོངས་ཚོགས་ཆེན་གྱི་སྐབས་སུ་མང་མོས་བྱུང་བ་རེད། མང་མོས་ལ་བརྩིས་མེད་རྡོག་རོལ་བཏང་ནས་སྒྲིག་འཛུགས་སྒྱུར་བཞག་པ་རེད། འདི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་བྱས་སྟངས་རེད། མི་དམངས་ལ་སོ་སོའི་གཞུང་དགོས་མིན་གྱི་གདམ་ཁ་ཙམ་སྤྲོད་ཀྱི་མེད་པ་རེད། གྲོས་ཚོགས་ཀྱིས་སྲིད་དབང་སྒེར་གཅོད་བྱས་ན་སྒེར་གཅོད་རེད། བཀའ་ཤག་གིས་སྒེར་གཅོད་བྱས་ནའང་སྒེར་གཅོད་རེད། སྐུ་སྒེར་གྱིས་སྒེར་གཅོད་བྱས་ནའང་སྒེར་གཅོད་རེད། དམངས་ཀྱི་འདོད་མོས་དང་མི་མཐུན་པའི་ཐག་གཅོད་བྱས་པ་རྣམས་ལ་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་ཁུངས་སུ་གཏོགས་ཀྱི་རེད།
Civil War ཟེར་ན་མི་སེར་ནང་འཁྲུག་གི་དམག་འཁྲུག་ལ་ཟེར་གི་རེད། མ་གཏོགས་མི་སེར་གྱི་གྲོས་ཚོགས་ལ་ཆོས་དད་རང་དབང་གི་ཆེད་དུ་ངོ་རྒོལ་བྱས་པ་ལ་ཟེར་གི་མ་རེད་བ། མི་སེར་ཚོས་ཐོབ་ཐང་དགོས་ཟེར་ནས་ངོ་རྒོལ་བྱས་དུས་ཚང་མ་གྲོས་ཚོགས་ནང་དུ་འོང་ནས་ཁོང་ཚོས་ཐག་གཅོད་བྱ་དགོས་ཀྱི་ཡོད་ཟེར་གི་ཡོད་མ་རེད། གྲོས་ཚོགས་ཀྱིས་མི་དམངས་ཀྱི་འདོད་མོས་ལྟར་ཆོས་ལུགས་ཀྱི་ཐོབ་ཐང་སྤྲོད་དགོས་ཀྱི་འདུག་ཟེར་གྱི་ཡོད་རེད།
གྲོས་ཚོགས་ཀྱིས་མི་དམངས་ཀྱི་འདོད་མོས་མེད་པའི་ཐག་གཅོད་མང་པོ་བྱས་ན་་Civil war ཡོང་གི་རེད། གང་ལ་མི་དམངས་ཀྱི་འདོད་བློ་མི་ཁེངས་པ་ཡོད་ན་དེ་རུ་ནང་འཁྲུག་ཡོད།
སྐུ་ཞབས་ཅོར་ཉི་ལགས། ཕག་གིས་ཐག་པ་དྲུད། ཐག་པས་སྐྱག་པ་དྲུད་ནས་གླེང་མ་ཡོང་། ངས་ཇོ་ནང་པའི་གནད་དོན་འདིའི་སྟེང་ན་བཤད་གི་ཡོད། ཡར་བཤད་མར་བཤད་བྱེད་གི་མ་འདུག འདི་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པ་མ་རེད། སྐུ་སྒེར་གྱིས་ཐག་བཅད་པ་མ་རེད། མི་མང་སྤྱི་འཐུས་ཀྱིས་འོས་བསྡུ་བྱས་ནས་ཐག་བཅད་པ་རེད། མི་མང་ལ་སྐད་ཆ་དྲིས་ནས་མི་མང་གིས་སྤྱི་འཐུས་བདམས་པ་མིན་ན་སྤྱི་འཐུས་འདི་ཚོ་གང་ནས་ཡོང་བ་རེད། སིད་སི་ཡིན་ན་རེད། སི་ཝི་ཌིན་ཡིན་ན་རེད། དམངས་གཙོའི་སྤྱི་ཚོགས་གང་ཡིན་ན་ཡང་མི་མང་སྤྱི་འཐུས་མང་མོས་འོས་བསྡུ་བྱས་ནས་ཐག་བཅད་པ་ལྷག་པ་ཞིག་ཡོད་ཀྱི་མ་རེད།
གྲོས་ཚོགས་ཀྱིས་གང་བྱས་ན་ཡང་མང་མོས་ཀྱི་ལམ་ནས་ཐག་གཅད་དགོས་ཀྱི་རེད། ཇོ་ནང་པའི་གནད་དོན་དེ་ལ་ལག་པ་མ་འཇུས་པ་མ་རེད། འགན་མ་ཁུར་བ་མ་རེད། ཇོ་ནང་པའི་གནད་དོན་དེ་གྲོས་ཚོགས་ཀྱིས་མང་མོས་འོས་བསྡུ་བྱས་ནས་ཕམ་ཁ་ཁེལ་བ་རེད། དེ་ལ་ངོ་རྒོལ་བྱེད་ཡོང་ས་ཞིག་མི་འདུག དེ་ལ་ངོ་རྒོལ་བྱས་ན་དམངས་གཙོ་ལ་ངོ་རྒོལ་བྱས་པ་རེད། ད་གསལ་པོ་བྱུང་སོང་ངམ།
སྤོབས་མཐས་སྤོབས་པ་ཆེ་དྲག་པའི་སྐད་ཆ་རེད། མི་སུ་ལ་ཡིན་ནའང་རང་དབང་དང་དད་མོས་ཐོབ་ཐང་དགོས་ཀྱི་རེད་ལ་དེ་ལྟར་འཐོབ་པའི་ཆེད་དུ་གཞུང་དང་སྒྲིགས་འཛུགས་ལ་ངོ་རྒོལ་སྐད་འབོད་ཞུ་ཡིག་སོགས་ཁྲིམས་དང་མ་འགལ་བའི་ལས་ཀ་བྱེད་ཆོག་པ་ཞིག་རེད་ཐ་ན་དམར་པོའི་གཞུང་གི་འོག་ཏུའང་སྐད་འབོད་བྱེད་ཆོག་གི་རེད་དེ་ལ་ཁྲིམས་འགལ་དུ་བརྩི་མཁན་ནི་སྒེར་གཅོད་པ་ཁོ་ན་རེད། གྲོས་ཚོགས་ནས་འོས་མ་ཐོབ་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་རེད། ཆོས་ལུགས་སྤྱི་མཚུངས་ཀྱི་ཐོབ་གོ་གནས་དགོས་ཀྱི་ཡོད་ཟེར་ནས་སྐད་འབོད་བྱས་པ་རེད། ཡིན་ནའང་ཆོས་རྒྱུད་རེ་བཟུང་ནས་དེར་ཁྱེད་རང་ལྟར་དགག་པ་བྱེད་ཀྱི་ཡོད་རེད། དེར་མི་མངོན་པའི་རྒྱུ་མཚན་ཞིག་ཡོད་པ་རེད།
ལགས་སོ། ཁྱུང་སེ་ལགས། དེ་ན་ཇོ་ནང་ཚང་གི་ཆོས་བརྒྱུད་ཐོབ་ཐང་ལ་དགག་པ་བྱེད་མཁན་དེ་ཚང་གི་ཆོས་ཚོགས་ལྟེ་གནས་གང་ན་ཡོད་ན་དེ་ལ་སོང་ནས་ངོ་རྒོལ་བྱེད་དགོས་པ་འདྲ། མ་མཐའ་ཡང་ཆོས་བརྒྱུད་དེའི་དབུ་འཛིན་དང་མི་སྣ་གནད་ཡོད་དེ་ཚོ་དང་གྲོས་བསྡུར་བྱས་ནས་ཐག་གཅད་དགོས་ཀྱི་མ་རེད་དམ། གྲོས་ཚོགས་ཀྱིས་དམངས་གཙོའི་ལམ་ལུགས་ལག་ལེན་དུ་བསྟར་ནས་མང་མོས་འོས་བསྡུ་བྱས་ནས་གྲུབ་འབྲས་ལྡོག་ཕྱོགས་སུ་ཐོན་སོང་བ་རེད། དེའི་སྒོ་ཁར་ཡོང་མ་ཡོང་མི་འདུག
ཇོ་ནང་ལ་དགག་པ་བྱེད་མཁན་དེའི་ཆོས་ཚོགས་གང་ན་ཡོད་མེད་ངས་ཞུ་དགོས་ཀྱི་མ་རེད་ཁྱེད་རང་གིས་མཁྱེན་མདོག་ཁ་བོ་རེད། ངས་མི་མངོན་པའི་གནོན་ཤུགས་སྤྲད་ཡོད་ཀྱི་རེད་ཟེར་གྱི་ཡོད་པ་རེད། ཡིན་ནའང་བོད་པ་ཞིག་གིས་རང་ཉིད་ལ་བོད་མི་གཞན་དང་ཆོས་རྒྱུད་གཞན་དང་སྤྱི་མཚུངས་ཀྱི་ཐོབ་ཐང་ལེན་ས་དང་ཐོབ་ཐང་སྤྲོད་པའི་དབང་ཆ་ཡོད་ས་དེ་ད་ལྟའི་ཆར་དྷ་སར་ཡོད་པ་རེད། བྱས་ཙང་དེར་སྐད་འབོད་བྱེད་ཀྱི་ཡོད་པ་རེད། རྩ་བ་བོར་ནས་ཡལ་ག་གཉོབ་དགོས་དོན་མེད་པ་རེད།
རྡ་རམ་ས་ལ་ཡིན་ན་ཡང་སྲིད་དབང་སྒེར་གཅོད་བྱས་ནས་མི་རེ་ཟུང་གིས་གནད་དོན་ཐག་གཅོད་བྱས་ནས་འདི་སྤྲོད་ཀྱི་ཡིན་དང་མིན་ཟེར་ས་ག་ལ་ཡོད། དམངས་གཙོའི་ཆོ་ག་ཕྱག་ལེན་ཀྱི་སྟེང་དུ་འགྲོ་དགོས་དུས་མང་མོས་འོས་བསྡུ་བྱ་དགོས་པ་རེད། དེ་བྱས་པ་རེད། དེ་ལ་ཕམ་ཁ་ཁེལ་བ་རེད། དེ་ཙམ་མགོ་རྙོགས་ཚ་པོ་མི་འདུག་ག
རེད་རེད་མང་མོས་འོས་བསྡུའི་ཐོག་ནས་ཕམ་ཁ་བྱུང་བ་རེད་དེ་ལ་ཁོང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་རེད། དེའི་མི་མངོན་པའི་ཀློང་ནས་ཆབ་སྲིད་ཀྱི་གནོན་ཤུགས་བྱུང་བར་ངོ་རྒོལ་བྱེད་ཀྱི་ཡོད་རེད་བསམ། མ་གཞི་ནས་ཆོས་རྒྱུད་གཞན་པ་ཚོར་ཆོས་ལུགས་སྤྱི་འཐུས་ལས་སོགས་ཆོས་རྒྱུད་ཀྱི་ཐོབ་ཐང་ལེན་དུས་གྲོས་ཚོགས་ནས་འོས་བསྡུ་བྱས་ཡོད་དམ། ཆོས་ལུགས་ཆོས་རྒྱུད་དེ་དག་རྣམ་པར་དག་དང་མ་དག་ལས་སོགས་ཀྱི་ཆེད་དུ་ཞིབ་འཇུག་ཚོགས་ཆུང་བཙུགས་མྱོང་ཡོད་དམ། དེ་ལྟར་བྱས་མེད་ན། ཅིའི་ཕྱིར་ཇོ་ནང་ཆོས་རྒྱུད་གཅིག་པོར་དེ་ལྟར་ཆ་རྐྱེན་མང་པོ་ཞིག་བསྒྲུབ་དགོས་པ་བྱུང་བ་ཡིན་ནམ། ངས་དེ་ལ་མི་མངོན་པའི་ཀློང་ནས་དགག་པ་བྱེད་མཁན་དང་ངོས་ལེན་མི་བྱེད་མཁན་ཞིག་ཡོད་མེད་ཀྱི་སྐད་ཆ་ཤོད་ཀྱི་ཡོད། དེ་དྲང་པོ་མ་རེད་པ། ཐོབ་ཐང་ཟེར་བ་དེ་ཀུན་ལ་དགོས་ཀྱི་རེད་མ་གཏོགས། འགའ་ཞིག་ལ་སྤྲད་འགའ་ཞིག་ལ་མ་སྤྲད་ན་དེ་དྲང་པོ་མ་རེད་ཅེས་བཤད་ཀྱི་ཡོད། དེར་ངོ་རྒོལ་ལོས་བྱེད་བྱེད་འོས་པ་ཞིག་ཀྱང་མ་རེད་དམ།
ཐོག་མར་ང་ཚོས་གྲོས་ཚོགས་ལམ་ལུགས་ཀྱི་ཁྲིམས་གཞི་ཞིག་བཟོས་པ་རེད། དེའི་སྐབས་སུ་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་ཟེར་མཁན་ཚོར་ཐོབ་ཐང་སྤྲད་ཡོད་ཀྱི་རེད། དེ་དུས་ཇོ་ནང་པ་ཟེར་བ་ཞིག་མ་ཐོན་པ་ཡིན་ས་རེད། སྐབས་དེར་བཟོས་པའི་ཁྲིམས་གཞིའི་ནང་ལ་གལ་སྲིད་མ་འོངས་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་ཟེར་མཁན་ཐོན་ཡོང་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་དགོས་ཟེར་ནས་ཐག་བཅད་ཡོད་ས་རེད། མི་ལོ་བཞི་བཅུ་ལྔ་བཅུ་ཙམ་གྱི་རྗེས་སུ་གཞི་ནས་ཇོ་ནང་པ་ཟེར་བ་ཞིག་ཐོན་ཡོང་བ་ཡིན་ས་རེད། དེ་དུས་ཁྲིམས་དང་སྒྲིག་གཞི་ཚང་མ་བཟོས་ཚར་ཡོད་དུས་ད་མང་མོས་འོས་བསྡུ་བྱེད་དགོས་ཐུག་པ་རེད། འོས་བསྡུ་བྱས་ཡོང་དུས་འོས་འབྲས་ཀྱིས་མ་འདངས་བ་རེད། དེ་ནས་དམངས་གཙོ་ལག་ལེན་ལ་བསྟར་གི་ཡིན་ཟེར་ནས་ངོ་རྒོལ་ལས་འགུལ་འདྲ་བོ་ཞིག་སྤེལ་ཡོང་བ་རེད། དེ་དམངས་གཙོ་ལམ་ལུགས་དང་མཐུན་གི་མི་འདུག་ཞུ་གི་ཡོད། དེ་ཙམ་ཡིན་ལགས།
གཏན་ཚིགས་རིག་པའི་ཐོག་ནས་གོང་དུ་གསལ་བཤད་བྱས་ཡོད། ཁྱོད་ཀྱིས་ཨུ་ཚུགས་གཅིག་པོ་བརྒྱབ་ན་ནི་ཅང་བཤད་ཀྱི་མེད། གནས་ལུགས་ཤིག་ཉན་ན་ནི་གོ་རྒྱུ་ཡོད་པའི་ཚུལ་གསུམ་བཀོད་ཡོད་དོ། དེ་ཙམ་ཡིན་ཞུ་རྒྱུ་ལགས།
ཅོ་རི་ཉི་མ་ལགས། ཁྱེད་ཀྱིས་གཏན་ཚིག་ཅིག་བཀོད་སོང་། ཕྱོགས་ཀྱི་ཆོས་དེ་གྲུབ་གི ཡིན་ན་ཡང་། རྟགས་དེའི་རྗེས་སུ་བསྒྲུབ་བྱ་དེ་མི་འགྲོ་གི བསྒྲུབ་བྱ་དེ་ལྡོག་ན་རྟགས་དེ་མི་ལྡོག་གི དེའི་ཕྱིར་ན་ངས་ཁྱེད་ཀྱི་གཏན་ཚིག་དེ་རྩིས་མེད་བཏང་དགོས་ཐུག་སོང་།
རེད་རེད་་སྤོབས་མཐའ་ལགས་་་་ཛེ་ཡིན་པ་བྱས་་་་ཡིན་ནའང་ཐོག་མར་ཆོས་རྒྱུད་བཞི་ལས་མེད་པ་རེད་དེ་རྗེས་ལོ་ངོ་བཅུ་ཕྲག་རྗེས་ནས་བོན་པོ་སླེབས་པ་རེད་་་དེ་དུས་འོས་བླུག་ཡོད་པ་རེད་དམ་་་ཞིབ་འཇུག་བྱས་ཡོད་དམ་་་་་ཆོས་རྒྱུད་བཞི་དེ་ཁ་ཤུགས་དཔུང་ཤུགས་ཆེ་ཟེར་ནའང་འདྲ་་་གང་ལྟར་རྩོད་དགོས་མེད་པར་སླེབས་པ་རེད་་་འོན་ཀྱང་བོན་པོས་ཐོབ་ཐང་རྩོད་ནས་སླེབས་པར་གོ་་་དེ་འདྲ་ཡིན་ན་དེ་དུས་གྲོས་ཚོགས་ནས་འོས་འཕེན་གྱི་ལག་བསྟར་བྱས་ཡོད་དམ་་་འདི་དྲི་བ་ཡིན་་་ང་རང་ཉིད་ལྟ་བུར་ཆ་བཞག་ན་ཇོ་ནང་དང་འབྲེལ་བ་མེད་མོད་་་ཉམས་ཆུང་གི་སྐྱིད་སྡུག་ལ་བསམ་ནས་སྐད་ཆ་བཤད་ཀྱི་ཡོད་ལ་རྒྱབ་སྐྱོར་ཀྱང་བྱེད་ཀྱི་ཡོད།
གདོད་མའི་བོན། གཡུང་དྲུང་བོན། ལོག་ཆོས། དམ་པའི་ཆོས། །
འདི་བཞི་པོ་ལ་གོ་གནས་སྤྲོད་ཐུབ་མཁན་གྱི་གྲོས་ཚོགས་དེ་འདྲ་ཡོད་དམ།