རྔ་བ་ཀུན་བཟང་སྒྲོལ་མ།
རི་རྩེ་མོའི་ནམ་འཕང་མཐོ་གི།།
རླུང་སེལ་པས་ཤུགས་རླབས་བཙན་གི།།
དབྱར་སྟོན་དགུན་རྒྱུར་མདོག་ཆེན་པས།།
ང་དར་ལྕོག་གནས་ས་ཉག་ཁ།།
ཕྱོགས་འཚམས་བརྒྱད་རྫ་རི་ཁེངས་འདུག།
ཉི་ཟེར་བོར་སྨུག་པས་གཡོས་ཐལ།།
དགུན་གྲང་མོའི་ཁ་བ་འབབ་གིས།།
ང་དར་ལྩོག་གཡུགས་ས་ཆ་མེད།།
བྱ་ཁྲུང་ཁྲུང་གཤོག་རྩལ་ངོམས་ནས།།
བྱ་ཁྱུང་ཆེན་འཕུར་ལྡིང་བཙན་གི།
མ་བུ་མོའི་བརྩེ་གླུ་ལེན་ས།།
ང་ཉག་ཁའི་དར་ལྕོག་བདག་མེད།།
རེ་སྟོང་གི་སྒུག་སའི་རོགས་ལོ།།
མིག་ཆར་ཆུ་འཐོར་ས་ཉག་ཁ།།
ཡར་འགྲོ་སྟོང་གསོལ་བ་འདེབས་ས།
མར་འགྲོ་འདུག་ཁྲི་ལ་འཁོད་ས།།
དགུན་འཁྱག་པས་འགྲོ་ལམ་འགོག་ས།།
དབྱར་ཆར་བས་དར་ལྕོག་གཡུགས་ས།།
ལས་ངན་པའི་ཉག་ཁའི་དར་ལྕོག།
སེམས་རང་དབང་མེད་པར་གཡུགས་སོང་།།
༢༠༡༢ ༡༡ ༡༧ ཉིན་བྲིས།
དུས་བཞིའི་ནམ་ཟླ་རུམ་པའི་ཉག་ཁ་ན།།
ཟླ་བའི་རྨི་ལམ་རིམ་པའི་ཁེར་རྐྱང་བུ།།
ཁ་བ་བུ་གཡུག་མང་བའི་ལོ་ཟླའི་ཁྲོད།།
ཡིག་དྲུག་དབྱངས་ལ་གྱེར་བཞིན་རི་ན་འདར། རོ་མྱོང་བྱས་ཡིན་སྙན་པོ་འདུག་རྗེས་སུ་ཡི་རེངས་ཡོད
དུས་དེ་རིང་དུས་རབས་ཉེར་གཅིག །
རང་སེམས་པས་ཉེར་གཅིག་རྗེས་བདའ། །
དུས་བཞི་ཡི་འགྱུར་ལྡོག་དེ་ལ། །
ཡིད་མི་ཆེས་སེམས་ཐག་ཆོད་དགོས། །
རང་བྱུང་ཁམས་ཀྱི་དུས་ཚིགས་འཁྱག་གྲང་མང་ནོ། །
མི་ཚེས་ནང་གི་ལས་རིགས་བྱ་བ་མང་ནོ། །
བོད་པས་མ་འོང་འདུན་ལམ་སྐྱོང་བསྟོང་མང་ནོ། །
ཁྱེད་མ་འོང་འདུན་ལམ་ཏན་ཏན་སྐྱོང་དགོས། །
རི་མཐོ་པོའི་རྩེ་ལ་བུད་དེ། །
ཕྱོགས་བཞི་ལ་ཀུ་ཞིག་ཐོབས་དང་། །
བྱ་ཁུ་ལོ་གྲག་རྒྱུ་མེད་ན། །
ཕྱིར་བྱང་ལ་འགྲོ་རྒྱུ་གལ་ཆེ། །
མར་རྒྱ་མཚོའི་ཁ་ལ་སོང་སྟེ། །
སེམས་སྐྱོ་བའི་མིག་ཆུ་གཏོར་དང་། །
ཉྭ་གསེར་མིག་རིག་རྒྱུ་མེད་ན། །
ཁྱོའི་གོམ་པ་སྤོ་སྟངས་བརྗེ་དགོས། །
སྡེ་ཆེན་པོའི་གྲོང་ལ་སོང་སྟེ། །
ཁ་ལ་གཞས་སྙན་མོ་ལོངས་དང་། །
ཕྱིར་ཨ་ལན་སློག་མཁན་མེད་ན། །
མ་བུ་མོའི་བློ་ཐག་ཆོད་དགོས། །
ཨ་ལ་ལ་ཨ་རིག་དགེ་མཐོང།
ཁྱོས་བཤད་ནོ་འདི་ལ་བལྟས་ན།
ལག་ར་ཙེ་བཟུང་བ་ཞིག་ལས།
གོས་ངུར་སྨྲིག་ཅན་ཞིག་མ་བསམ།
དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ནམ་མི་ནི་འགྱུར་དུས་ནི་འགྱུར་བ་ཡིན་ནམ་་་་་་ཧཧཧཧཧཧ
སྨན་བུ་མོས་སེམས་ཚོར་བྲིས་པ། སེམས་བསམ་པའི་གཏིང་ལ་ཟུག་སོང། དེའི་མ་ཚད་གཟུགས་བརྙན་ཤར་སོང། རོགས་ཆུང་ལོ་སེམས་ཤིག་ཡོད་ན། སེམས་བསམ་པས་ཕྱིར་ལ་འཁོར་དང། གློ་མཆིན་པའི་སྟེང་འོག་བརྗེ་བཞིན། ཉིན་སུམ་བརྒྱ་དྲུག་ཅུའི་རིང་ལ། ཁྱོད་གཅིག་པུར་བསྒུག་ནས་ཡོད་གི། འདིའི་ཡན་གི་དྲོད་དང་སྐྱིད་ཅིག། ས་འཇིག་རྟེན་ཁམས་ན་མེད་ཀི དེ་ཨེ་རེད་འདང་ཞིག་རྒྱག་རོགས
བན་དེ་གཙང་ཡང་ཁ་མི་གཙང། ཇོ་མོ་གཙང་ཡང་ལག་མི་གཙང་ཞེས་པའི་ཡོངས་སུ་གྲགས་པའི་གཏམ་དེ་ཡུལ་གྲོགས་དང་བློས་ཐུབ་གངས་དཀར་རྒྱལ་སྲས་མཆོག་གི་སྙན་དུ་གསོལ་ལོ། །
མི་རེག་ནི་བོ་གླེང་གི་འདུག་དགོས།།
མི་བདེ་ས་བོར་ཐུག་གི་འདུག་དགོས།།
ཨ་ཁུ་ཨ་ནེ་ཆ་བོར་ཁག་མེད། ཚེ་གང་བོ་ཟེར་ན་གང་གི་གང་རེད། དཀོན་མཆོག་མཁྱེན། ངས་ནི་བདུན་ཐོ་གཅིག་ལ་བརྟན་ས་མ་རེད།
ཨ་རིག་དགེ་མཐོང་གིས་གསུང་བ་དོན་ལ་གནས་བར་སྨོན། ཡིན་ནའང་ཨ་རིག་ཚང་གི་ཁ་ཡང་གཙང་བའི་རེ་བ་ཡོད། རྒྱུ་མཚན་ནི་འུ་ཚང་ང་ཅིག་ཡོད་ནོ་ཁྱོད་ཡིན།