བོད་གཞུང་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན།
འདི་གར་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ཉིན་ཁུངས་ལྡན་གནས་ཚུལ་དང་བརྙན་དཔར་ལག་སོན་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༨ ཉིན་ཁམས་ཉག་རོང་གུ་རུ་དགོན་པའི་གྲྭ་རང་ལོ་ ༢༢ སོན་པ་ཨ་ཕོ་་བཀྲིས་དང་། རང་ལོ་ ༡༩ སོན་པ་ཚེ་རིང་རྒྱལ་མཚན། རང་ལོ་ ༢༢ སོན་པ་གྲྭ་ཚེ་རིང་དབང་ཕྱུག གཞན་བྱམས་འབྱོར་དགོན་པའི་གྲྭ་རིག་འཛིན་རྡོ་རྗེ་བཅས་དགེ་འདུན་པ་བཞིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཉག་རོང་རྫོང་ཐོག་ཏུ་སྦྱར་ཡིག་འགྲེམས་གཏོར་དང་འབྲེལ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་བརྗོད་པ་་སོགས་ཀྱི་ཞི་བའི་འབོད་ཚིག་སྒྲོགས་ཏེ་བོད་ཀྱི་རྒྱལ་དར་འཕྱར་བཞིན་ཉག་རོང་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་་སྐར་མ་ཁ་ཤས་བྱས་རྗེས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱེད་པར་ཡོང་སྐབས་མང་ཚོགས་ནས་བཀག་འགོག་དང་སྲུང་སྐྱོབ་འོག་དགེ་འདུན་པ་གསུམ་སྦག་སྦག་བཞོན་ནས་ཉེན་གཡོལ་གྱིས་འཛིན་བཟུང་ཐུབ་མེད་ཀྱང་།
ཞི་བའི་སྐད་འབོད་སྐབས་དཔར་ལེན་བྱེད་མཁན་གྱི་དགེ་འདུན་པ་ཞིག་སྦག་སྦག་སྐྱོན་ཤོར་ནས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད། འཛིན་བཟུང་བྱས་པའི་དགེ་འདུན་པ་དེའི་གནས་སྟངས་དང་གཞན་ཉེན་གཡོལ་དུ་ཕྱིན་པའི་དགེ་འདུན་པ་གསུམ་གྱི་གནས་སྟངས་ད་ལྟའི་ཆར་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་མ་ཟད། ཁོང་རྣམས་ད་ལྟ་འཆི་གསོན་ཇི་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།
ཁམས་ཉག་རོང་རྫོང་ནི་དེང་སྐབས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་བ་ལྟར། ཉག་རོང་རྫོང་ཉག་སྨད་ཁུལ་གྱི་གྲོང་ཚོ་ཁག་གཅིག་ནང་རྒྱ་ནག་གཞུང་ནས་རྒྱལ་གཅེས་སློབ་གསོ་སྤེལ་སྐབས་མང་ཚོགས་ནས་དང་ལེན་མ་བྱས་པ་དང་། ཉག་སྟོད་ཟུར་པའི་མང་ཚོགས་ཁག་གཅིག་ནས་ངོ་རྒོལ་མཚོན་ཆེད་མཐའ་གཅིག་ཏུ་ས་ཞིང་འདེབས་ལས་མ་བྱས་པར་བརྟེན་མང་ཚོགས་མང་པོ་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༣ པའི་སྦྱར་ཡིག་སྦྱར་འགྲེམས་བྱས་པ་སོགས་ཀྱི་ཉེས་མིང་་འོག་བོད་མི་པདྨ་ཡེ་ཤེས་ལ་ལོ་གཉིས་རྗེས་སྲོག་ཐོག་གཏོང་རྒྱུ་དང་། བསོད་ནམས་མགོན་པོར་ཚེ་གང་བཙོན་འཇུག
ཚང་ཚོགས་ལ་དུས་བཀག་བཙོན་འཇུག་ལོ་ ༡༦ བྱ་རྒྱུ་སོགས་ཀྱི་ཁྲིམས་ཐག་ལྗིད་པོ་བཅད་པ། སླར་ཡང་ལོ་དེ་གའི་ཕྱི་ཟླ་ ༤ པའི་ནང་ཉག་རོང་རྫོང་ཐང་སྐྱ་ཆུས་ཐང་སྐྱ་སྡེ་པའི་མི་མང་ནས་ངོ་རྒོལ་བྱུང་བར་སྤྱི་བདེ་མི་སྣས་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པ། ཕྱི་ལོ་ ༢༠༠༩།༢༠༡༠ ནང་ཉག་རོང་རྫོང་ཁོངས་ཉག་སྟོད་ཁ་བ་ལུང་རི་ཞེས་པའི་གནས་རི་རྩ་ཆེན་གྱི་གཤམ་འོག་ནས་གཏེར་ཁ་བཏོན་པར་བརྟེན། སེར་སྐྱ་མང་ཚོགས་ནས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་སོགས་ཉག་རོང་རྫོང་ཁོངས་སུ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་ཐོན་དང་འཐོན་བཞིན་ཡོད་པ་བཅས།།
ངའི་སེམས་པ་དམར་པོ་ཁྱོད་ཚོ་དང་མཉམ་དུ་འགྲེངས་ནས་ཡོད།
རྒྱལ་ཞེན་དང་སྙིང་སྟོབས་ཅན་གྱི་དཔའ་རྒོས་ཚོ་ཁྱེད་ཚོས་རྒྱ་ནག་དམར་པོའི་མེ་མདའི་སོ་བར་ནས་མི་རིགས་ཤིག་གི་བདེ་སྡུག་གླེང་པ་རེད། ངོ་མ་གཟི་བརྗིད་ཆེ་ཡིན་ཡང་ད་དུང་ཁྱེད་ཅག་གི་ཚེ་སྲོག་ནི་དེ་ལས་ཀྱང་གལ་ཆེན་ཞིག་རེད། ང་ཚོའི་མི་མདུན་ཁྱེད་ཚོ་ལ་གཏོད་བཞིན་སེམས་པ་ཁྱེད་ཚོའི་ཕྱོགས་སུ་འཁོར། དུས་ཉི་མ་ཞིག་ལ་ང་ཚོའི་བདེན་པ་འདི་མཐའ་གསལ་རྒྱུ་ཡོད་པ་མངོན་གསལ་རེད། སེམས་པ་མ་ཕམ་ང་ཚོ་ཁྱེད་ཚོའི་རྒྱབ་དུ་ཡོད་སྤུན་ཟླ་ཚོ་རང་ཉིད་ཀྱི་ཚེ་སྲོག་དེ་རྒྱ་ནག་དམར་གཞུང་གི་བཙན་འོག་ཏུ་མི་ཤོར་བས་སྨོན་འདུན་ཞུ།
མི་རིགས་ཀྱི་བདེ་སྡུག་ཆེད་དུ་བོད་མིའི་རང་དབང་ཆེད་དུ་ཡོད་ཚད་ནས་ཡོད་ཚད་བློས་བཏང་བའི་བདེན་འཛིན་གྱི་ཕོ་རྒོད་རྣམས་པ།ཁྱེད་རྣམས་པས་སྡུག་སྔལ་བྲང་ལ་སྦྱར་ནས་བདེན་པའི་གནས་ལུགས་བཤད་སོང་།ཆེས་རྩ་ཆེན་དུ་བརྩི་བའི་ཚེ་སྲོག་རྟ་རྔ་ཙམ་དེ་རང་ལ་དབང་མིན་མ་ངེས་པའི་ས་དེ་ནས་ཁྱེད་རྣམས་པས་འདི་ལྟར་བྱེད་ཕོད་དུས།ཁྱེད་རྣམས་ནི་རླབས་ཆེན་གྱི་དཔའ་བོ་ཡིན་ལ་མི་རིགས་ཀྱི་ཟུངས་ཁྲག་ཡིན་ལོ་རྒྱུས་ཀྱི་དན་དཔང་ཡིན་ལ་མི་རིགས་འདི་ཡི་སྣེ་ཁྲིད་པའང་ཡིན།ཅི་ཡང་མི་ནུས་པའི་ངས་གང་ཡང་མི་འཇོན་པའི་ངས་ཅི་ཡང་མེད་པའི་ངས་ཁྱེད་རྣམས་ནམ་ཡང་འཚོ་བའི་སྨོན་ལམ་འདེབས་ད་དུང་ཁྱེད་རྣམས་ཀྱི་བསམ་པ་བཞིན་འགྲུབ་པར་སྨོན།
བོད་དོན་ལ་གཅེས་པའི་ལུས་སྲོག་འབེན་ལ་བཞག་པ་དཔའ་དངོས་རེད། སྐྱེས་པ་ཕོ་རེད། བོད་རྒྱལ་ལོ། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག །བོད་རང་བཙན་དེ་དོན་བཙན་དགོས། སྤུན་ཟླ་ཚོ་ལོངས་ཤོག སྐྱིད་སྡུག་མཉམ་དུ་ཡོད།
མཁས་པ་ཆེན་པོ་ཉག་རོང་ལ་ཡོད། གྲུབ་ཐོབ་ཆེན་པོ་ཉག་རུ་ཡོད། དཔའ་བོ་ཆེན་པོ་ཉག་རོང་ལ་ཡོད། གཏོང་ཕོད་ཆེན་པོ་ཉག་རོང་ལ་ཡོད། འཇོན་ཐང་ཆེན་པོ་ཉག་རོང་ལ་ཡོད། ཆེན་པོ་ཡོད་ཚེད་ཉག་རུ་ལ་ཡོད། །བོད་མཐའ་དབུས་ཀུན་ནས་སྐད་གྲགས་ཚེ་ཉག་རོང་ལ་སྐལ་བ་ཆད་མེད་ནའང་། ཡུལ་ཁུག་ཅོག་ཏུ་གྱུར་བས་སུས་ཀྱང་ཡག་པོ་གོ་མེད། ད་ལྟ་འབར་ནས་ཡོང་གི་འདུག འཛམ་གླིང་ལ་ཞི་བདེ་ཡོངས་བར་ཤོག
ཉག་རུང་གུ་དགོན་པའི་དགེ་འདུན་པ་དེ་དག་ལ་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུ།
ད་ཐུགས་རྗེ་ཆེ་ཟེར་རྒྱུ་ལས་གཞན་ཅི་གང་མི་འདུག
གོང་གི་པར་དེ་ཆེད་དུ་བསྒྲོན་པ་འདྲ། ཁོང་ཚོ་གསུམ་ག་དགེ་འདུན་པ་ཡིན་ན། ཡར་ལངས་དང་ལས་འགུལ་སྤེལ་སྐབས་དེ་འདྲ་གྱོན་ན་སྟབས་བདེ་འདུག
ཡོད། སེམས་ན་སྡུག་བསྔལ་ཡོད།
ལུས་ལ་བཙན་གནོན་ཡོད། ངག་ལ་སྨྲེ་ངག་ཡོད། སེམས་ལ་སྡུག་བསྔལ་ཡོད།
ངའི་ཁམས་ཀྱི་དབའ་བོ་འདིའི་རིགས་དག་བོད་ལ་མེད་དུ་མི་རུང་བ་རེད་འདོད་་གཞན་ནང་ཁུལ་ལ་འབའ་མདོག་སྟོན་མཁན་མེད་ན་བསམ་ཡོད་།
ང་ཚོས་ནུས་པ་རེད་ཡོད་ན་ཁོང་ཚོས་འདོད་པ་ནི་མང་གཙོ་དང་རང་དབང་མ་གཏོགས་མེད་ཅེས་བསྒྲགས་ན་ཕན་་པ་ཆེ་སྙམ།
འདིའི་པར་འདི་ཞེ་དྲག་གསལ་པོ་རེད་མི་འདུག དུས་བབ་ནང་གི་པར་དེ་གསལ་པོ་ཧ་ཅང་འདུག དཔའ་བོ་དཀྱིལ་མ་དེའི་བྲང་ཁའི་ སྡུག་བསྔལ་ཡོད ཟེར་བ་དེ་ཀློག་སྐབས། སེམས་ཚོར་ཤུགས་ཆེ་ཞིང་མ་འདྲ་བ་ཞིག་བྱུང་། མིག་ཆུ་དྲོན་མོ་གཉིས་ཤར་སེ་མིག་ཀོང་བརྒྱུད་ནས་མར་བཞུར་སོང་།
པར་འདི་རིགས་སྟོད་ཐུང་གི་ཐོག་དཔར་ནས་གོན་པ་དང་། ཡང་ན་ཀར་ཊི་བཟོས་ནས་ཡར་མར་གཏོང་དགོས་པ་འདུག། དེ་མིན་སྡུག་བསྔལ་ཡོད་ཟེར་བའི་ཚིག་འདི་ཡང་གཅིག་ནས་གཅིག་ཏུ་བརྒྱུད་དེ་བོད་མི་ནང་ཁུལ་དང་ཕྱི་མི་ཚང་མར་བཏང་ནས། བོད་མི་གཞིས་བྱེས་གཉིས་ཀྱི་སེམས་ནང་སྡུག་བསྔལ་རི་འདྲ་བ་ཞིག་ཡོད་པ་དེ་ཀུན་ལ་གསལ་སྟོན་བྱ་བར་འོས།
ད་རུང་འདི་ལ་རྒྱབ་སྐྱོར་གྱི་ལས་འགུལ་སོགས་སྤེལ་སྐབས། ལས་འགུལ་གྱི་མིང་ལ་ སེམས་ན་སྡུག་བསྔལ་ཡོད། ཅེས་མིང་བྱང་འདི་ལྟ་བུའི་འོག་འཛམ་གླིང་གང་སར་ལས་འགུལ་མཉམ་གཅིག་ཏུ་སྤེལ་བ་དང་། ལས་འགུལ་སྤེལ་སྐབས་ཀྱང་མི་བུ་བརྒྱ་ཕྲག་མང་པོ་ཁོག་རྗེན་དུ་བུད་ནས་ རེ་རེའི་བྲང་ངོས་སུ་ སེམས་ལ་སྡུག་བསྔལ་ཡོད་ ཅེས་བཀོད་དེ་སྒྱུ་རྩལ་གྱི་ཉམས་དང་ལྡན་པ། ཀུན་གྱི་དོ་སྣང་འདྲེན་པ་ཞིག་བྱེད་དགོས་པ་འདུག སྐུ་ལུས་ན་མེ་ལྕེ་འབར་བཞིན་པའི་དཔའ་བོ་དེ་ཚོའི་པར། རྒྱ་མིས་རྡུང་རྡེག་གིས་རྐང་ཆག་ལག་ཆག་གི་པར་དེ་རིགས་སོགས་མི་སེམས་གཡོ་ནུས་པའིཔར་དེ་རིགས་ཆེན་པོ་བཟོས་ཏེ་ལག་ཏུ་འཁྱེར། ཚང་མས་མཉམ་གཅིག་ཏུ་ངག་ནས་ངུ་འབོད་སྒྲོགས། མིག་ནས་མིག་ཆུ་བཏང་། ཨ་འཛམ་བུ་གླིང་། ངེད་ཚོ་བོད་མི་དམངས་ལ་བདག་པོ་མེད་སོང་བ་རེད་དམ། ཞེས་ངར་ཤུགས་ལྡན་ཞིང་། གཞན་ཡིད་ཅིག་ཅར་དུ་འགུག་ནུས་པ། ལས་ཁང་ཆེ་ཁག་གི་མི་སྒྲོབ་ཉམས་ཅན་དེ་རིགས་ཀྱང་རང་དབང་མེད་པར་ཡ་ལན་སྤྲད་དགོས་པ་དེ་འདྲའི་ལས་འགུལ་ངར་ཤུགས་ཅན་དང་སྒྱུ་རྩལ་གྱི་རྣམ་པ་ཅན་སྤེལ་ན་ལས་འགུལ་ག་རེ་སྤེལ་ན་ཞུགས་རྐྱང་ཡིན།
རེད། བོད་པ་ཚང་གིས་གསུངས་པ་དེ་ངོ་མ་རེད། ལྷག་པར་དུ། གྲོས་ཚོགས་ནང་དུ་དཔའ་མདོག་དང་མུར་རྫོགས་སྒྲེང་མཁན་དེ་རིགས་རྗེས་སུ་འབྱུང་བ་ཡིན་ན་རང་ང་མི་འདུག་ཁོ་ཐག་ཡིན། རྟག་པར་ཆོལ་ཁ་ཁ་ལ་འཁྱེར་འགྲོ་མཁན་དེའི་རིགས་གང་ན་སུ་ཡོད་ན་རྒྱབ་སྐྱོར་བྱེད་མི་དགོས། གཞུང་སྒེར་ཚོགས་པ་ཁག་ལ་སྐྱོན་སེལ་བྱེད་ཡོང་སྐབས།ནམ་ཡིན་ན་ཆོལ་ཁ་ཞིག་ལ་ཕོག་ཕོག་ལ་ཡོད་པའི་མི་དེ་རིགས་ལའང་གཟབ་གཟབ་བྱོས། ཆོལ་ཁའི་མི་སྟོང་ཕྲག་མང་པོར་ཕོག་གི་མེད་ས་ནས་རེ་ཟུང་ལ་ཕོག་གི་ཡོད་པ་དེ་བཟང་རྟགས་ཤིག་མ་རེད། དེ་ནི་བཤད་མཁན་ལ་ཆོལ་ཁའི་ཕྱོགས་ཞེན་ཡོད་པ་མིན་པར་ཕོག་མཁན་ཁོ་རང་ལ་ཕྱོགས་ཞེན་ཆེ་བ་དང་བསམ་བློ་གུ་དོགས་ཡིན་པའི་རྟགས་རེད།
ཁམས་པའི་དཔའ་བོ་ཟེར་ན་ངོ་མ་འདི་ཚོ་རེད་དོན་དམ་པའི་དཔའ་བོ་རེད་ཡ་་་་དེ་མིན་བཙན་བྱོལ་ནང་ནས་ང་ཁམས་པ་ཡིན་ཟེར་ནས་དཔའ་རྒོད་ཡིན་མདོག་བྱེད་མཁན་ཚོ་ཧཧཧཧཧཧཧ
ཕུ་རྒོད་ཁྱོད་རྣམས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་ཞུ། རང་གི་ཤ་ཁྲག་ལས་གྲུབ་པའི་གཟུགས་ཕུང་འདི་ཉིད་ཁ་བ་གངས་ཅན་གྱི་རྩ་དོན་ཆེད་བློས་བཏང་ནས་ཕ་རོལ་རྒྱ་དམར་གྱི་རྩུབ་སྤྱོད་འོག་མཉའ་མ་ཞུམ་པར་བདེན་པའི་ངར་སྒྲ་བསྒྲགས་པ་ནི་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་འཇོགས་དགོས་པའི་གཟིགས་བརྗིད་ཀྱི་དྲན་མཐོ་ཞིག་ཡིན། དཔའ་བོ་ཁྱེད་རྣམས་རྒྱ་དམར་གྱི་བཙོན་དོང་ནང་མནར་གཅོད་མི་མྱོང་བའི་སྨོན་འདུན་དང་། མཆོག་གསུམ་རྒྱལ་བ་རྒྱ་མཚོས་གདོང་གྲོགས་མཛོད། ཁྱོད་ཚོས་བོད་ཀྱི་རྩ་དོན་ཆེད་སྐུ་སྲོག་བློས་བཏང་བའི་སྙིང་སྟོབས་དུས་ནམ་ཡང་གོ་ལ་འདིའི་སྟེང་བསོན་པོར་གནས་གྱུར་ཅིག ༧གོང་ས་མཆོག་རང་ཡུལ་ཁ་བའི་ལྗོངས་ལ་རིང་མིན་ཞབས་སོར་འཁོད་པར་ཤོག བོད་རྒྱལ་ལོ། བོད་ཀྱི་དཔའ་བོ་རྒྱལ་ལོ།
ད་བཟོད་ཚོང་པ་རྒྱག་པ་ཡོད་ན་ཁྱོད་ཚོ་བཙོན་དུ་མི་ཚུད་པ་ཞིག་ཡོད་ན་ཐང་། ང་པ་རྒྱག་པ་དེ་ཡོད་དུས་བོད་པ་ཚང་གི་སྣང་བར་མི་འགྲོ། མེད་དུས་བོད་པ་ཚང་གིས་ཤིན་ཏུ་དྲན། དགེ་འདུན་ཆོས་ཀྱི་ཉི་མ་བོད་པ་ཚང་གིས་རྒྱ་དམར་ལ་རྔན་པར་བྱིན་ད་བོད་པ་ཚང་དགའ་སྟོན་གྱི་དཔལ་ལ་རོལ་བར་སྨོན།
ཁོང་ཚོའི་སྐད་འབོད་གནང་བཞིན་པའི་བརྙན་འཕྲིན་ཐུང་ཐུང་ཞིག་འདི་ན་འདུག
http://www.tibetonline.tv/videos/664/peaceful-protest-by-three-young-tibetans-from-ngagrong,-tibet
ཤ་ཟན་དམར་པོས་གསུང་པ་དེ་ཤིན་ཏུ་བདེན། རྒྱ་ཆ རྒྱ་རྒྱབ་སྐྱོར་ཡོད། ལས་འགུལ་དེ་འདྲ་ཞིག་བྱུང་ན་ཤེན་ཏུ་ལེགས།
ཨ་ཕའི་བུ་རྒོད་རྣམ་པ།
ངས་ཁྱོད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱལ་བའི་ཞབས་བརྟན་དང་།
ཡིག་དྲུག སྒྲོལ་མ། ཚད་མེད་ཡོན་ཏན། གསེར་སྐྱེམས་འཕྲིན་བཅོལ་བཅས་བྱས་ཡོད།
རང་བཙན་རྒྱལ་དར་མཁའ་ལ་འཕྱར་ཞིང་རང་དབང་འབོད་ཚིག་ཁ་ནས་བསྒྲོགས། །
ཁོག་པའི་སྡུག་བསྔལ་ཁ་ནས་བཏོན་ཅིང་གནམ་ལྕགས་ཁུར་ཚུར་གནམ་ལ་བསྒྲེངས། །
དམར་པོའི་རྒྱ་ལ་རྒྱ་སྟག་བཞིན་དུ་གདོང་འཆོང་ནུས་པའི་གངས་སེང་བུ། །
ས་ཡ་དྲུག་གི་མི་རིགས་འདི་ཡི་རིགས་ཀྱི་ལས་དབང་མ་རྫོགས་པར། །
དམར་པོའི་སྙིང་ལ་ཁྱོད་རྣམས་ལོ་རྒྱུས་རྡོ་བརྐོས་རི་མོ་བཞིན་དུ་གནས། །
དེ་ཚོ་ཚང་མ་ང་ཚོའི་ཆེད་ཡིན་པ་ངོས་ཟིན་ཡོད་ཅེས་ཞུ་རྒྱུ།