ངའི་མྱ་ངན་ཞུ་ཚིག སྐྱེ་རྒུའི་ས་ཡོམ་གྱི་ཁྲོད་དུ་གོད་ཆག་ཕོག་པའི་མི་མང་ལ་ཕུལ་བ། ཀླུ་སྨྱོན་ཧེ་རུ་ཀ འགྲོ་བ་སེམས་ཅན་གཉིད་ལས་སད་མ་སད་ཀྱི་དུས་ཚོད་ཅིག་ལ། སྙིང་ལ་ཟུག་པའི་འུར་སྒྲ་ཞིག་གི་རྗེས་སུ། ས་ཆེན་པོ་འདི་རིམ་པ་དྲུག་ཏུ་གཡོས་སོང་། རིམ་པ་དྲུག་དང་གྲངས་ཆུང་དགུ་རུ་གཡོས་སོང་། འུར་སྒྲ་དང་ཆོམ་སྒྲའི་ཀློང་ནས། སྡོད་ཁང་བརྡིབས་སོང་ལ་ལྷ་ཁང་ཡང་འཇིག་སོང་། ས་རྡུལ་དང་ངུ་འབོད་ཀློང་ནས། མཆོད་རྟེན་ཉིལ་སོང་ལ་མགྲོན་ཁང་ཡང་ཞིག་སོང་། ཕོ་མོ་དང་རྒན་གཞོན་མེད་པར། བོད་མགོ་ནག་ཚོ་ས་གཅུར་རྡོ་གཅུར་བྱས་སོང་ལ། ཆོལ་ཁ་དང་ཆོས་ལུགས་མེད་པར། བོད་རྩམ་ཟན་ཚོ་དམར་པོ་ཁྲག་ལ་བསྒྲེས་སོང་། ས་ཆེན་པོ་འདིར་སྙིང་རྗེ་ཅི་ཡང་མེད་པར། དགོན་པའི་རྗེས་སུ་དགོན་པ་འཇིག་སོང་ལ། གནམ་སྔོན་པོ་འདིར་མིག་ཟུང་ཅི་ཡང་མེད་པར། གྲོང་བའི་རྗེས་སུ་གྲོང་པ་བསྣུབས་སོང་། ཉལ་སའི་ནང་གི་རྒན་རྒོན་ཚོ་བསད་སོང་ལ། ཉིན་ལས་ཅན་གྱི་ན་གཞོན་ཚོ་བསད་སོང་། སློབ་གྲྭའི་ནང་གི་བྱིས་པ་ཚོ་བསད་སོང་ལ། དགོན་པའི་ནང་གི་བན་ཆུང་ཚོ་ཡང་བསད་སོང་། སྐད་ཅིག་དེ་ཉིད་ལ། མཛེས་སྡུག་གི་གྲོང་ཁྱེར་ཞིག་དམྱལ་ཁམས་བཅོ་བརྒྱད་དུ་བསྒྱུར་སོང་། བལྟས་བལྟས་རིག་རིག་ལ། ཞི་འཇགས་ཀྱི་གྲོང་བརྡལ་ཞིག་ངུ་འབོད་ཀྱི་འཇིག་རྟེན་དུ་གྱུར་སོང་། ཡ་ང་བའི་སྲང་མདོ་རེ་རེ་ནས། ཕ་མ་མེད་པའི་དྭ་ཕྲུག་གི་མིག་ནས་ཕ་མ་འབོད་པའི་མིག་ཆུ་ཁྲག་ཏུ་འབབ་ཅིང་། ཡི་མུག་པའི་སྲང་བར་རེ་རེ་ནས། བུ་ཕྲུག་ཤི་བའི་ཕ་མའི་ངག་ནས་བུ་ཕྲུག་འབོད་པའི་ངུ་ངག་སྙིང་ལ་མཛེར་ཡོང་། བཀྲ་ཤིས་ཀྱི་གཅེས་པའི་ཚེ་སྲོག་བརླགས་སོང་། དོན་གྲུབ་ཀྱི་གཅེས་པའི་ལུས་པོ་བརླགས་སོང་། ཚེ་རིང་གི་གཅེས་པའི་ཕ་མ་བརླགས་སོང་། ཟླ་བ་ཡི་གཅེས་པའི་བུ་ཕྲུག་བརླགས་སོང་། མདོར་ན། བརྩེ་དུང་མཚོ་ལས་ཟབ་པ་ཐམས་ཅད་ས་འོག་ཏུ་ཚུད་སོང་། ཞེན་ཆགས་རི་ལས་ལྕི་བ་ཡོད་ཚད་ས་འགུལ་གྱིས་ཁྱེར་སོང་། ཤུལ་དུ་ཅི་ཡང་མ་ལྷག་པར་ས་འོག་ཏུ་ཐིམ་སོང་། དཀོན་མཆོག་གསུམ་པོའི་སྤྱན་གྱིས་གཟིགས་ས་ནས། སྐྱེ་རྒུའི་མི་མང་ས་འོག་ཏུ་ཚུད་སོང་། ཆོས་སྐྱོང་སྲུང་མའི་རྣ་བའི་གོ་ས་ནས། སྐྱེ་རྒུའི་མི་མང་ས་འགུལ་གྱིས་མནན་སོང་། དེ་རིང་། གྲོང་ཁྱེར་ནི་གྲོང་ཁྱེར་དང་མི་འདྲ་བར་དུར་ཁྲོད་དང་འདྲ་ལ། དེ་རིང་། དགོན་པ་ཡང་དགོན་པ་དང་མི་འདྲ་བར་གཡུལ་ས་དང་འདྲ། ཨུ་ཧུ་དཀོན་མཆོག་གསུམ། དེི་རིང་མ་སེམས་ཅན་སྡུག་བསྔལ་གྱི་དོང་ཞབས་སུ་ལྷུང་སོང་ལ། ཨུ་ཧུ་སྤྱན་རས་གཟིགས། དེ་རིང་འབངས་མགོན་མེད་སྐྱོ་གདུང་གི་དྲ་བ་རུ་ཚུད་སོང་། དེ་རིང་གཅེས་པའི་ཚེ་སྲོག་ཤོར་སོང་ལ། དེ་རིང་བསགས་པའི་རྒྱུ་ནོར་བརླགས་སོང་། དེ་རིང་མཛའ་བའི་གཉེན་བཤེས་གྲོངས་སོང་ལ། དེ་རིང་མིག་གི་མཆི་མ་ཡང་བསྐམས་སོང་། ད་ནི་ཕ་མ་མེད་པའི་དྭ་ཕྲུག་དེ་ཚོར་སུས་བདག་པོ་རྒྱག་གི་རེད། ད་ནི་བུ་ཕྲུག་མེད་པའི་རྒན་རྒོན་དེ་ཚོར་སུས་གཉོར་སྐྱོང་བྱེད་ཀི་རེད། ད་ནི་ལས་ལ་ཁ་གཡར་ནས་ལྷོད་ལྷོད་སྡོད་ཀྱི་ཡིན་ནམ། ད་ནི་ལམ་ལ་ཆས་ནས་རོགས་རམ་བྱེད་མགོ་རྩོམ་གི་ཡིན། ད་ནི་ལག་གཉིས་ཐལ་མོ་སྦྱར་ཏེ། འདས་གྲོངས་ཕྱིན་པ་དག་བདེ་བ་ཅན་ནས་སྐྱེ་བའི་སྨོན་ལམ་དང་། ད་ནི་མིག་གཉིས་མཆི་མས་གང་སྟེ། ཤུལ་དུ་ལུས་པ་ཚོར་སྡུག་བསྔལ་ལས་ཐར་བའི་རོགས་རམ་བྱེད། ཚེས་བཅུ་དྲུག་དགོང་མོར་ཨ་རིར་བྲིས། ༢༠༡༠ ༤ ༢༠
ཁྱེད་ཀྱི་སྡུག་བསྔལ་ང་ཡི་གདུང་བ་ཡིན། ལས་དབང་། ཁྱེད་རང་རུམ་ནས་ལོ་མང་འགོར། དད་པ། ཁྱེད་རང་བརྩིགས་ནས་ཡུན་རིང་ཕྱིན། རང་བྱུང་གི་གོད་ཆད་དེས། ཁྱེད་ཀྱི་ལས་དབང་ས་རུ་བསྟིམས། རང་བྱུང་གི་འཇིགས་པ་དེས། ང་ཡི་དད་པ་རྨང་ནས་བཤིགས། སྐྱེ་རྒུ་མདོ། ཁྱེད་ཀྱི་སྡུག་བསྔལ་ང་ཡི་གདུང་བ་ཡིན། ཕ་ཡུལ། ཁྱེད་ལ་གཅེས་སྐྱོང་ལྷོད་མ་མྱོང་། ཚེ་སྲོག ཁྱེད་ཀྱི་བརྩེ་བ་བོར་མ་མྱོང་། ས་ཡོམ་གྱི་གོད་ཆག་དེས། ང་ཡི་ཕ་ཡུལ་རྡུལ་དུ་བརླགས། ས་ཡོམ་གྱི་འཇིགས་པ་དེས། ཁྱེད་ཀྱི་ཚེ་སྲོག་ཡོད་ཚད་འཁྱེར། སྐྱེ་རྒུ་མདོ། ཁྱེད་ཀྱི་སྡུག་བསྔལ་ང་ཡི་གདུང་བ་ཡིན། དེ་རིང་། ཕ་མ་ཚོས་བུ་ཕྲུག་མེད་པའི་སྡུག་བསྔལ་ཁུར། དེ་རིང་། བུ་ཕྲུག་ཚོར་ཕ་མ་མེད་པའི་གདུང་བ་ལྕི། ས་འགུལ་གྱི་འཇིགས་པ་དེས། ཁྱེད་ཀྱི་མིག་ལ་མཆི་མ་བསྐྱིལ། ས་འགུལ་གྱི་གོད་ཆག་དེས། ང་ཡི་སེམས་ལ་སྐྱོ་བ་བསྣན། སྐྱེ་རྒུ་མདོ། ཁྱེད་ཀྱི་སྡུག་བསྔལ་ང་ཡི་གདུང་བ་ཡིན། སྐྱེ་རྒུ་མདོ། ཁྱེད་ཀྱི་གདུང་བ་ང་ཡི་སྡུག་བསྔལ་ཡིན།
ཉམ་ཉེས་ལས་ཉམས་མྱོང་སོག ། ཉམ་ཉེས་ནི་སྲིད་པ་རེད། ཉམ་ཉེས་ནི་སུ་ལའང་སྲིད། ཉམ་ཉེས་ནི་སྡུག་བསྔལ་རེད། ཉམ་ཉེས་ལས་ཉམས་སྨྱོང་ཡོད། ཉམ་ཉེས་ལ་རོགས་རམ་ཡོད། ཉམ་ཉེས་ཀྱིས་ཆིག་སྒྲིལ་ཡོང་། ཉམ་ཉེས་ཀྱིས་ལས་ངན་དག ཉམ་ཉེས་ཀྱིས་ཆོས་དད་ཡོང་། ཉམ་ཉེས་ཀྱིས་ཉམས་ལེན་མཛོད། ཉམ་ཉེས་ཀྱིས་རྐྱེན་ངན་དེ། ཉམ་ཉེས་ཀྱིས་གྲོགས་ཤར་དགོས། ཉམ་ཉེས་ཀྱིས་བྱིན་རླབས་བཞུགས། ཉམ་ཉེས་ལས་དར་རྒྱས་ཤོག །
ཉམ་ཉེས་ཀྱི་རེ་བ་ནི། རེ་བ་ནི་ཤིན་ཏུ་མཁོ། རེ་བ་ནི་ས་བོན་རེད། རེ་བ་ལས་སྡུག་བསྡལ་འཇོམས། རེ་བ་ལས་བདེ་ཉམས་ཤར། རེ་བ་ནི་རྩ་ཆེན་རེད། རེ་བ་ནི་འགོ་འཛུགས་རེད། རེ་བས་ནི་འབྲེལ་ལམ་འབྱུང་། རེ་བ་ལས་བློ་སྟོབས་བསྐྱེད། རེ་སེམས་ཀྱིས་ལག་བསྟར་ན། རེ་བས་ནི་ཕོངས་པ་མེད། རེ་བ་ནི་བྱང་ཆུབ་རྒྱུ། རེ་བ་ནི་སངས་རྒྱས་གདུང་། རེ་བས་ནི་སྙིང་རྗེ་འཁྲུངས། རེ་བས་ན་བྱང་སེམས་བསྐྱེད། རེ་བས་ན་ཆོས་སྐུར་འདུན། རེ་བས་ན་གཟུགས་སྐུར་བསྒྲུབས། རེ་བས་སངས་རྒྱས་གྲུབ་པར་ཤོག །
འདས་པའི་ལོ་ཟླའི་ཕྲེང་པ་རུ།། ཡུལ་ཤུལ་ང་དང་ཁ་ཐག་རིང་།། ཁ་སང་བྱུང་པའི་གོད་ཆགས་སྐབས།། ང་ནི་ཐག་ཉེ་ཐག་ཉེ་ཞིག། སྐྱིད་ལས་བདེ་ནས་འཚོ་དུས་སུ།། ང་ནི་ཁྱེད་ལ་རྒྱུས་ལོན་མེད།། སྡུག་གི་མུན་པ་འཐིབ་དུས་སུ།། ཁྱེད་ཀྱི་གདུང་བས་ང་ཡང་མནན།། ས་ཆེན་གཡོ་བའི་དཔུང་ཤུགས་ཀྱིས།། རི་རབ་ཁང་ཁྱིམ་ཐལ་བར་བཏང་།། ལོ་བརྒྱར་བསགས་པའི་ལོངས་སྤྱོད་ཀྱང་།། སྐད་ཅིག་ཡུན་ཀྱི་སྐར་མདའ་ལྟར།། སྐྱེས་ནས་འཇིག་པ་ཆོས་ཉིད་ཀྱང་།། སྐྱེས་མ་ཐག་པའི་བྱིས་པ་དང་།། སྐྱེ་བོ་ཁྲི་མ་སྟོང་གི་སྲོག། སྐད་ཅིག་ཉིད་ལ་འཕྲོག་འདི་ཕངས།།
ངའི་མྱ་ངན་ཞུ་ཚིག
སྐྱེ་རྒུའི་ས་ཡོམ་གྱི་ཁྲོད་དུ་གོད་ཆག་ཕོག་པའི་མི་མང་ལ་ཕུལ་བ།
ཀླུ་སྨྱོན་ཧེ་རུ་ཀ
འགྲོ་བ་སེམས་ཅན་གཉིད་ལས་སད་མ་སད་ཀྱི་དུས་ཚོད་ཅིག་ལ།
སྙིང་ལ་ཟུག་པའི་འུར་སྒྲ་ཞིག་གི་རྗེས་སུ།
ས་ཆེན་པོ་འདི་རིམ་པ་དྲུག་ཏུ་གཡོས་སོང་།
རིམ་པ་དྲུག་དང་གྲངས་ཆུང་དགུ་རུ་གཡོས་སོང་།
འུར་སྒྲ་དང་ཆོམ་སྒྲའི་ཀློང་ནས།
སྡོད་ཁང་བརྡིབས་སོང་ལ་ལྷ་ཁང་ཡང་འཇིག་སོང་།
ས་རྡུལ་དང་ངུ་འབོད་ཀློང་ནས།
མཆོད་རྟེན་ཉིལ་སོང་ལ་མགྲོན་ཁང་ཡང་ཞིག་སོང་།
ཕོ་མོ་དང་རྒན་གཞོན་མེད་པར།
བོད་མགོ་ནག་ཚོ་ས་གཅུར་རྡོ་གཅུར་བྱས་སོང་ལ།
ཆོལ་ཁ་དང་ཆོས་ལུགས་མེད་པར།
བོད་རྩམ་ཟན་ཚོ་དམར་པོ་ཁྲག་ལ་བསྒྲེས་སོང་།
ས་ཆེན་པོ་འདིར་སྙིང་རྗེ་ཅི་ཡང་མེད་པར།
དགོན་པའི་རྗེས་སུ་དགོན་པ་འཇིག་སོང་ལ།
གནམ་སྔོན་པོ་འདིར་མིག་ཟུང་ཅི་ཡང་མེད་པར།
གྲོང་བའི་རྗེས་སུ་གྲོང་པ་བསྣུབས་སོང་།
ཉལ་སའི་ནང་གི་རྒན་རྒོན་ཚོ་བསད་སོང་ལ།
ཉིན་ལས་ཅན་གྱི་ན་གཞོན་ཚོ་བསད་སོང་།
སློབ་གྲྭའི་ནང་གི་བྱིས་པ་ཚོ་བསད་སོང་ལ།
དགོན་པའི་ནང་གི་བན་ཆུང་ཚོ་ཡང་བསད་སོང་།
སྐད་ཅིག་དེ་ཉིད་ལ།
མཛེས་སྡུག་གི་གྲོང་ཁྱེར་ཞིག་དམྱལ་ཁམས་བཅོ་བརྒྱད་དུ་བསྒྱུར་སོང་།
བལྟས་བལྟས་རིག་རིག་ལ།
ཞི་འཇགས་ཀྱི་གྲོང་བརྡལ་ཞིག་ངུ་འབོད་ཀྱི་འཇིག་རྟེན་དུ་གྱུར་སོང་།
ཡ་ང་བའི་སྲང་མདོ་རེ་རེ་ནས།
ཕ་མ་མེད་པའི་དྭ་ཕྲུག་གི་མིག་ནས་ཕ་མ་འབོད་པའི་མིག་ཆུ་ཁྲག་ཏུ་འབབ་ཅིང་།
ཡི་མུག་པའི་སྲང་བར་རེ་རེ་ནས།
བུ་ཕྲུག་ཤི་བའི་ཕ་མའི་ངག་ནས་བུ་ཕྲུག་འབོད་པའི་ངུ་ངག་སྙིང་ལ་མཛེར་ཡོང་།
བཀྲ་ཤིས་ཀྱི་གཅེས་པའི་ཚེ་སྲོག་བརླགས་སོང་།
དོན་གྲུབ་ཀྱི་གཅེས་པའི་ལུས་པོ་བརླགས་སོང་།
ཚེ་རིང་གི་གཅེས་པའི་ཕ་མ་བརླགས་སོང་།
ཟླ་བ་ཡི་གཅེས་པའི་བུ་ཕྲུག་བརླགས་སོང་།
མདོར་ན།
བརྩེ་དུང་མཚོ་ལས་ཟབ་པ་ཐམས་ཅད་ས་འོག་ཏུ་ཚུད་སོང་།
ཞེན་ཆགས་རི་ལས་ལྕི་བ་ཡོད་ཚད་ས་འགུལ་གྱིས་ཁྱེར་སོང་།
ཤུལ་དུ་ཅི་ཡང་མ་ལྷག་པར་ས་འོག་ཏུ་ཐིམ་སོང་།
དཀོན་མཆོག་གསུམ་པོའི་སྤྱན་གྱིས་གཟིགས་ས་ནས།
སྐྱེ་རྒུའི་མི་མང་ས་འོག་ཏུ་ཚུད་སོང་།
ཆོས་སྐྱོང་སྲུང་མའི་རྣ་བའི་གོ་ས་ནས།
སྐྱེ་རྒུའི་མི་མང་ས་འགུལ་གྱིས་མནན་སོང་།
དེ་རིང་།
གྲོང་ཁྱེར་ནི་གྲོང་ཁྱེར་དང་མི་འདྲ་བར་དུར་ཁྲོད་དང་འདྲ་ལ།
དེ་རིང་།
དགོན་པ་ཡང་དགོན་པ་དང་མི་འདྲ་བར་གཡུལ་ས་དང་འདྲ།
ཨུ་ཧུ་དཀོན་མཆོག་གསུམ།
དེི་རིང་མ་སེམས་ཅན་སྡུག་བསྔལ་གྱི་དོང་ཞབས་སུ་ལྷུང་སོང་ལ།
ཨུ་ཧུ་སྤྱན་རས་གཟིགས།
དེ་རིང་འབངས་མགོན་མེད་སྐྱོ་གདུང་གི་དྲ་བ་རུ་ཚུད་སོང་།
དེ་རིང་གཅེས་པའི་ཚེ་སྲོག་ཤོར་སོང་ལ།
དེ་རིང་བསགས་པའི་རྒྱུ་ནོར་བརླགས་སོང་།
དེ་རིང་མཛའ་བའི་གཉེན་བཤེས་གྲོངས་སོང་ལ།
དེ་རིང་མིག་གི་མཆི་མ་ཡང་བསྐམས་སོང་།
ད་ནི་ཕ་མ་མེད་པའི་དྭ་ཕྲུག་དེ་ཚོར་སུས་བདག་པོ་རྒྱག་གི་རེད།
ད་ནི་བུ་ཕྲུག་མེད་པའི་རྒན་རྒོན་དེ་ཚོར་སུས་གཉོར་སྐྱོང་བྱེད་ཀི་རེད།
ད་ནི་ལས་ལ་ཁ་གཡར་ནས་ལྷོད་ལྷོད་སྡོད་ཀྱི་ཡིན་ནམ།
ད་ནི་ལམ་ལ་ཆས་ནས་རོགས་རམ་བྱེད་མགོ་རྩོམ་གི་ཡིན།
ད་ནི་ལག་གཉིས་ཐལ་མོ་སྦྱར་ཏེ།
འདས་གྲོངས་ཕྱིན་པ་དག་བདེ་བ་ཅན་ནས་སྐྱེ་བའི་སྨོན་ལམ་དང་།
ད་ནི་མིག་གཉིས་མཆི་མས་གང་སྟེ།
ཤུལ་དུ་ལུས་པ་ཚོར་སྡུག་བསྔལ་ལས་ཐར་བའི་རོགས་རམ་བྱེད།
ཚེས་བཅུ་དྲུག་དགོང་མོར་ཨ་རིར་བྲིས།
༢༠༡༠ ༤ ༢༠
ཁྱེད་ཀྱི་སྡུག་བསྔལ་ང་ཡི་གདུང་བ་ཡིན།
ལས་དབང་། ཁྱེད་རང་རུམ་ནས་ལོ་མང་འགོར།
དད་པ། ཁྱེད་རང་བརྩིགས་ནས་ཡུན་རིང་ཕྱིན།
རང་བྱུང་གི་གོད་ཆད་དེས། ཁྱེད་ཀྱི་ལས་དབང་ས་རུ་བསྟིམས།
རང་བྱུང་གི་འཇིགས་པ་དེས། ང་ཡི་དད་པ་རྨང་ནས་བཤིགས།
སྐྱེ་རྒུ་མདོ། ཁྱེད་ཀྱི་སྡུག་བསྔལ་ང་ཡི་གདུང་བ་ཡིན།
ཕ་ཡུལ། ཁྱེད་ལ་གཅེས་སྐྱོང་ལྷོད་མ་མྱོང་།
ཚེ་སྲོག ཁྱེད་ཀྱི་བརྩེ་བ་བོར་མ་མྱོང་།
ས་ཡོམ་གྱི་གོད་ཆག་དེས། ང་ཡི་ཕ་ཡུལ་རྡུལ་དུ་བརླགས།
ས་ཡོམ་གྱི་འཇིགས་པ་དེས། ཁྱེད་ཀྱི་ཚེ་སྲོག་ཡོད་ཚད་འཁྱེར།
སྐྱེ་རྒུ་མདོ། ཁྱེད་ཀྱི་སྡུག་བསྔལ་ང་ཡི་གདུང་བ་ཡིན།
དེ་རིང་། ཕ་མ་ཚོས་བུ་ཕྲུག་མེད་པའི་སྡུག་བསྔལ་ཁུར།
དེ་རིང་། བུ་ཕྲུག་ཚོར་ཕ་མ་མེད་པའི་གདུང་བ་ལྕི།
ས་འགུལ་གྱི་འཇིགས་པ་དེས། ཁྱེད་ཀྱི་མིག་ལ་མཆི་མ་བསྐྱིལ།
ས་འགུལ་གྱི་གོད་ཆག་དེས། ང་ཡི་སེམས་ལ་སྐྱོ་བ་བསྣན།
སྐྱེ་རྒུ་མདོ། ཁྱེད་ཀྱི་སྡུག་བསྔལ་ང་ཡི་གདུང་བ་ཡིན།
སྐྱེ་རྒུ་མདོ། ཁྱེད་ཀྱི་གདུང་བ་ང་ཡི་སྡུག་བསྔལ་ཡིན།
ཨ་ཁུ་སྨན་བླའི་ཚིག་ཅིག་གཡར་ན།
ཁྱེད་ང་ཡི་ཡ་ཆུང་སེམས་ཁུངས་ན་ཡོད།།
ང་ཁྱེད་ཀྱི་ཕྲ་ཆུང་མིག་ལམ་ན་ཡོད།།
ཉམ་ཉེས་ལས་ཉམས་མྱོང་སོག །
ཉམ་ཉེས་ནི་སྲིད་པ་རེད།
ཉམ་ཉེས་ནི་སུ་ལའང་སྲིད།
ཉམ་ཉེས་ནི་སྡུག་བསྔལ་རེད།
ཉམ་ཉེས་ལས་ཉམས་སྨྱོང་ཡོད།
ཉམ་ཉེས་ལ་རོགས་རམ་ཡོད།
ཉམ་ཉེས་ཀྱིས་ཆིག་སྒྲིལ་ཡོང་།
ཉམ་ཉེས་ཀྱིས་ལས་ངན་དག
ཉམ་ཉེས་ཀྱིས་ཆོས་དད་ཡོང་།
ཉམ་ཉེས་ཀྱིས་ཉམས་ལེན་མཛོད།
ཉམ་ཉེས་ཀྱིས་རྐྱེན་ངན་དེ།
ཉམ་ཉེས་ཀྱིས་གྲོགས་ཤར་དགོས།
ཉམ་ཉེས་ཀྱིས་བྱིན་རླབས་བཞུགས།
ཉམ་ཉེས་ལས་དར་རྒྱས་ཤོག །
ཉམ་ཉེས་ཀྱི་རེ་བ་ནི།
རེ་བ་ནི་ཤིན་ཏུ་མཁོ།
རེ་བ་ནི་ས་བོན་རེད།
རེ་བ་ལས་སྡུག་བསྡལ་འཇོམས།
རེ་བ་ལས་བདེ་ཉམས་ཤར།
རེ་བ་ནི་རྩ་ཆེན་རེད།
རེ་བ་ནི་འགོ་འཛུགས་རེད།
རེ་བས་ནི་འབྲེལ་ལམ་འབྱུང་།
རེ་བ་ལས་བློ་སྟོབས་བསྐྱེད།
རེ་སེམས་ཀྱིས་ལག་བསྟར་ན།
རེ་བས་ནི་ཕོངས་པ་མེད།
རེ་བ་ནི་བྱང་ཆུབ་རྒྱུ།
རེ་བ་ནི་སངས་རྒྱས་གདུང་།
རེ་བས་ནི་སྙིང་རྗེ་འཁྲུངས།
རེ་བས་ན་བྱང་སེམས་བསྐྱེད།
རེ་བས་ན་ཆོས་སྐུར་འདུན།
རེ་བས་ན་གཟུགས་སྐུར་བསྒྲུབས།
རེ་བས་སངས་རྒྱས་གྲུབ་པར་ཤོག །
འདས་པའི་ལོ་ཟླའི་ཕྲེང་པ་རུ།།
ཡུལ་ཤུལ་ང་དང་ཁ་ཐག་རིང་།།
ཁ་སང་བྱུང་པའི་གོད་ཆགས་སྐབས།།
ང་ནི་ཐག་ཉེ་ཐག་ཉེ་ཞིག།
སྐྱིད་ལས་བདེ་ནས་འཚོ་དུས་སུ།།
ང་ནི་ཁྱེད་ལ་རྒྱུས་ལོན་མེད།།
སྡུག་གི་མུན་པ་འཐིབ་དུས་སུ།།
ཁྱེད་ཀྱི་གདུང་བས་ང་ཡང་མནན།།
ས་ཆེན་གཡོ་བའི་དཔུང་ཤུགས་ཀྱིས།།
རི་རབ་ཁང་ཁྱིམ་ཐལ་བར་བཏང་།།
ལོ་བརྒྱར་བསགས་པའི་ལོངས་སྤྱོད་ཀྱང་།།
སྐད་ཅིག་ཡུན་ཀྱི་སྐར་མདའ་ལྟར།།
སྐྱེས་ནས་འཇིག་པ་ཆོས་ཉིད་ཀྱང་།།
སྐྱེས་མ་ཐག་པའི་བྱིས་པ་དང་།།
སྐྱེ་བོ་ཁྲི་མ་སྟོང་གི་སྲོག།
སྐད་ཅིག་ཉིད་ལ་འཕྲོག་འདི་ཕངས།།
དགོངས་དག་གཉིས་འགྲོ་སོང་། གཅིག་གསུབ་རོགས་གནང་།