—-འོད་གསལ།
སྟོབས་ཆེན་ཀྲུང་གོའི་རྒྱལ་ཁབ་འདི་ཚང་གིས།།
ངེད་ཅག་རྩ་མེད་བཏང་བའི་ཁྲིམས་སུ་ཕབ།།
ང་ལ་རང་གི་སྲོག་ལས་གཅེས་པ་མེད།།
སྐུ་ཚེ་རིང་རྒྱུ་ད་རེས་ང་རེ་སྐྱོབས།།
བསྟན་དང་འགྲོ་ལ་བུ་བཞིན་གཅེས་པ་དང་།།
མཐའ་ཡས་སེམས་ཅན་མ་རུ་སྒོམ་མཛད་པའི།།
སྙིང་རྗེ་ཆེན་པོ་སེམས་པ་ཆེན་པོ་ལགས།།
ད་རེས་བདག་གི་མགོན་དུ་ཕེབས་པར་འཚལ།།
ཚེ་སྲོག་འདྲ་མཉམ་སྨྲ་བའི་ཡ་རབ་དང་།།
བདག་གཞན་མཉམ་བརྗེ་སྒོམ་པའི་ཆོས་པ་སོགས།།
ད་རེས་ཐུགས་རྗེ་ཕྲིན་ལས་གང་མྱུར་གྱིས།།
ཉམ་ཐག་གཅེས་པའི་སྲོག་འདི་སྐྱོབས་པར་ཞུ།།
བླ་མ་སྙི་རྗེ་ཅན་གྱིས་ང་རེ་སྐྱོབས།།
རྒྱ་བླ་རྒྱུ་ཆེན་རྣམས་ཀྱིས་ང་རེ་སྐྱོབས།།
ལྷག་ཏུ་བདག་པོ་ཁྱོད་ཀྱིས་ང་རེ་སྐྱོབས།།
མདོར་ན་ཆོས་ལྡན་བོད་ཀྱིས་ང་རེ་སྐྱོབས།།
ན་ནིང་རྒྱ་ནག་ཡུལ་གྱི་གྲོང་ཁྱེར་ནས།།
ཉ་འབུ་བྱ་རིགས་མང་པོ་ཁྱོད་ཀྱིས་བསྐྱབས།།
སྒོ་ཟོག་རྟ་ནོར་མང་པོ་ཁྱོད་ཀྱིས་བསྐྱབས།།
ད་རེས་རང་སྡེའི་ཡུལ་གྱི་ཁྱི་ང་སྐྱོབས།།
ང་ནི་དུད་འགྲོའི་ནང་ནས་སྡུག་རིགས་ཏེ།།
གསོན་པས་ཁྱོད་ལ་ཕན་པ་དཀའ་མོད་ཀྱང་།།
འོན་ཀྱང་ང་ཡི་སྲོག་ལ་འདང་ཞིག་བརྒྱོབས།།
སྙིང་རྗེ་ཆེན་པོ་ད་རེས་ཁྱོད་ཀྱིས་སྐྱོབས།།
ཁྱི་ཡིས་ཕན་ཐོགས་མི་འདུག་མ་གསུངས་རོགས།།
ཁྱི་ཡིས་འཁོར་ཡུག་བརྫད་གི་མ་གསུངས་རོགས།།
ཁྱི་ཡིས་ནད་ཡམས་བཀྲམ་གི་མ་གསུངས་རོགས།།
ཉམ་ཆུང་ཁྱི་ཡི་སྲོག་འདི་ལན་གཅིག་སྐྱོབས།།
གལ་ཏེ་ད་རེས་ལན་གཅིག་སྐྱོབ་གྱུར་ན།།
ང་ཡིས་ཁྱོད་ལ་ཚེ་གང་གཡོག་བྱེད་ཆོག།
མཚན་མོ་ཇག་དང་རྐུན་མ་ང་ཡིས་བསྲུང་།།
རྒྱུན་དུ་འཁོར་ར་འཁོར་ཡུག་ལྟ་རྟོག་བྱེད།།
ཁ་ཉིན་གཅེས་པའི་བུ་ཕྲུག་དོང་དུ་བླུགས།།
ཁ་རྩང་དྲིན་ཆེན་ཕ་ལོ་བོའུ་ཡིས་བསད།།
དེ་རིང་ཨ་མ་ངེད་གཉིས་ཚེ་སྲོག་འདི།།
ཤོར་གི་མ་འཇུག་སྐུ་ཚེ་རིང་རྒྱུ་བོ།།
ཀྱེ་མ་ཀྱི་ཧུད་ང་ཚོའི་ལས་འདི་ཅི།།
མི་ཡུལ་འདི་ནི་དམྱལ་བའི་འཇིག་རྟེན་ཞིག།
སྲོག་སྐྱོབས་སྲོག་སྐྱོབས་ངེད་ཅག་སྲོག་འདི་སྐྱོབས།།
ཁ་དྲོ་བཀྲ་ཤིས་སྐུ་ཚེ་རྒྱལ་མཚན་བརྟན།།
ཀྱེ་མ—- ངེད་ཅག་གི ?སྲོག་འདི་སྐྱོབས།
ཀྱི་ཧུད—- ?ངའི་ལས་འདི་ཅི་འདྲའི་སྐྱོ་བ་ལ་ཨང་།[Sob][Sob][Sob]
ཨ་ཧ་བོ—–སྲོག་སྐྱོབས་་་་་་སྲོགས་སྐྱོབས་ཀི་ཤོག
ཁྱི་རྒན་ངུ་ཅོ་ཅན་པོ་སྙིང་རེ་རྗེས།།
མྱི་རྒན་ནུས་མེད་ང་ཡང་སྙིང་རེ་རྗེས།།
སྙིང་རྗེས་ཡུལ་ན་ཡོད་པའི་ཁ་བ་ཅན།
ཕྱི་ནང་རིམ་པ་སྙིང་རྗེས་ཀློང་དུ་ཤོར།།
་ཁྱི་རྒན་ཁྱེད་རང་སྐྱོབས་མཁན་ཞིག་གང་ནས་ཡོད།། བོད་མིས་ཁྱི་རྒན་ཞེས་དམའ་འབོད་བྱེད་ས་ཞིག་རེད། ལྟོ་ཟས་མི་ཡི་ལྷག་མ་རེད། འདུག་ས་ཕྱི་ཡི་སྒོ་ཁར་རེད། དབྱར་དགུན་ཚ་གྲང་གཉིས་ཀ་ལ། ཚ་གྲང་སྐྱོབས་པའི་འདུག་ས་མེད།། སྙིང་རྗེ་བདག་པོར་རེ་མ་གནང། དེ་ལས་ནུབ་ཕྱོགས་མགོ་སེར་ཚོར།། རེ་སྐྱབས་ཞུས་དང་རེ་བའི་དོན།། མི་འགྲུབ་མི་སྲིད་ཁོང་ཚོ་ཡི།། ཁྱི་དང་བདག་པོ་དབྱེར་མེད་པར།། མཉམ་ཟ་མཉམ་འཐུང་བྱེད་པ་ཡོད། ཉལ་ས་འདུག་སར་དབྱེ་བ་མེད། ད་དུང་ཁྱེད་ཚོ་སློབ་གྲ་ལ། བཏང་སྟེ་ཤེས་རིག་སྦྱོང་སྐལ་ཡོད། མི་དང་ཁྱི་ལ་སྤྱང་གྲུང་མེད། དེས་ན་ཁྱེད་ཚོས་ཁོང་ཚོར་འབོད།།
གོ་རྒྱུ་ཚོར་རྒྱུ་གང་ཡང་མེད་པའི་དཔྱདརྩོམ་འདི་།
ལྐུག་པའི་མཐོང་ན་བརྒད་མོ་ཤོར་།
སྤྱང་པོའི་མཐོང་ན་ཡིད་རེ་མུག་།
ཟུར་གནས་མཁས་པའི་བཏང་སྙོམས་བཞག་།
ཡག་ངན་ག་རེ་བྱས་ནས་ད་རེ་ཁྱི་སྐྱོབས་སྐོར་སྤེལ་གནང་བ་ཡིན་ན།
བོད་ཁྱི།
བོད་ཁྱི་བོད་གཡག་བོད་རྟ་གསུམ། །
བོད་ཀྱི་འབྲོག་པའི་རིན་ཆེན་གསུམ། །
་
བོད་གངས་བོད་ཆུ་བོད་ཞིང་གསུམ། །
བོད་ཀྱི་རོང་པའི་རིན་ཆེན་གསུམ། །
་
བོད་ཆོས་བོད་སྐད་བོད་སྲོལ་གསུམ། །
བོད་རིགས་ཡོངས་ཀྱི་རིན་ཆེན་གསུམ། །
ཨིན་སྐད་དུ་ཁྱིའི་སྐོར་ལ་རྩོམ་ཡིག་ཅིག་ན། ཛམ་གླིང་གི་ཡུལ་ལྗོངས་སོ་སོར་འགའ་ཞིག་ཁྱི་ལ་གཡོག་པའི་འདུ་ཤེས་དང་། འགའ་ཞིག་གིས་ཟས་ཀྱི་འདུ་ཤེས་དང་། འགའ་ཞིག་གིས་ནང་མིའི་འདུ་ཤེས་ཡོད་པར་བཤད་དོ།
ཁྱི་དང་བྱི་ལ་གཉིས་མི་ལ་བརྟེན་ནས་འཚོ། ཁྱིས་རང་གི་བདག་པོ་ལ་གུས་བཀུར་བྱེད། བྱི་ལ་རང་གི་སེམས་ལ་མ་བབས་ན། རང་གི་བདག་པོ་ཡང་སྦར་མོ་རྒྱབ། མི་ཡ་རབས་དང་། མ་རབས་ཀྱི་སྐོར་ལ་རིམ་པས་ཁྱི་དང་བྱི་ལ་གཉིས་འཇོག་ན། ཤེས་རབ་ཅན་དུ་འགྱུར་ངེས།
་
ཁྱི་བཞིན་དཔའ་བོ་རྗེ་ལ་གུས། བརྗོད་པ་འདི་གཞུང་དཔེ་གང་དུ་ཡོད།