མཁོ་འདོན་པ། ཚེ་རིང་དབང་ཕྱུག
རིང་མིན་ཕྱི་ཟླ་ ༡༠ ནང་བསྐོང་ཚོགས་ཞུ་རྒྱུའི་བོད་ཀྱི་ན་གཞོན་ཉམས་ཞིབ་མཁས་པའི་བགྲོ་གླེང་ཚོགས་འདུ་ནི། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན། ཕྱི་ནང་གཙུག་ལག་མཐོ་སློབ་འདྲ་མིན་ནང་། བོད་དོན་དང་འབྲེལ་བའི་རིག་གཅིག་རྐང་འཛིན་སློབ་གཉེར་གནང་བཞིན་པའི་རང་རེའི་ན་གཞོན་ཤེས་ནུས་ལྡན་པ་རྣམས་ལྷན་འཛོམས་ཀྱིས་སོ་སོའི་བསླབ་པ་གོ་བསྡུར་བྱང་བཤད་དང་། བསམ་ཚུལ་བརྗེ་ལེན་གནང་རྒྱུའི་གླེང་སྟེགས་ཤིག་བསྐྲུན་རྒྱུ་དང་། བོད་མི་ཤེས་ཡོན་ཅན་དང་། མཁས་དབང་རྣམས་བོད་དང་བོད་མིའི་དཀའ་རྙོག་སེལ་རྒྱུར་དགེ་ཕན་དང་ནུས་པ་ཆེ་བ་ཡོད་པས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བོད་དོན་མཁས་པའི་གླེང་སྟེགས་བསྐྲུན་པའི་ལས་གཞི་བརྩམས་པ་ཞིག་ཡིན།
གཤམ་གསལ་ཉམས་ཞིབ་བརྗོད་གཞི་གང་རུང་ཐོག་རྩོམ་ཡིག་འབྲི་དགོས།
༡། བོད་ཀྱི་སྤྱི་ཚོགས་དང་། བོད་ཀྱི་དཔལ་འབྱོར་ཡར་རྒྱས་སྐོར།
༢། བོད་དང་བོད་ཀྱི་ཁོར་ཡུག
༣། བོད་ཀྱི་རིག་གཞུང་དང་། སྐད་ཡིག
༤། བོད་ཀྱི་རྒྱལ་ཞེན་དང་། མི་རིཌ་ཀྱི་ངོ་བོ། སྲིད་དོན།
༥། བཙན་བྱོལ་བོད་མི།
༦། བོད་དང་རྒྱ་ནག
༧། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་། བོད།
༨། རྒྱ་སྤྱིའི་འབྲེལ་ལམ་ཁྲོད་དུ་བོད་ཀྱི་གནས་བབས།
༩། བོད་དང་རྒྱ་ནག་དམར་གཞུང་གི་དབུ་ཁྲིད།
༡༠། དྲག་དམག་གིས་ཁེངས་པའི་བོད་མཐོ་སྒང་།
༡༡། བོད་དང་བོད་མིའི་གནད་དོན་གཞན།
རྩོམ་ཡིག་འབུལ་ཕྱོགས་ཀྱི་ལམ་སྟོན།
རྩོམ་ཡིག་སྙིང་བསྡུས་ཚིག་རྐང་ ༢༠༠ ནས་ ༣༥༠ བར་དགོས་རྒྱུ།
རྩོམ་ཤོག་སྟེང་རྩོམ་པ་པོའི་མིང་དང་སློབ་གཉེར་གནང་ཡུལ། ཡིག་འབྲེལ་ཁ་བྱང་། དེ་བཞིན་གློག་འཕྲིན་ཁ་བྱང་བཅས་གསལ་འཁོད་དགོས་རྒྱུ།
ཕྱི་ནང་གཙུག་ལག་མཐོ་སློབ་གང་རུང་ནང་འབུམ་རམས་དང་། ཉེ་བའི་འབུམ་རམས་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་ཁོ་ནས་རྩོམ་ཡིག་འབུལ་དགོས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མཉམ་ཞུགས་གནང་མཁན་རྣམས་ནས་གནམ་སྐྱོད་འགྲོ་གྲོན་རང་ཉིད་ནས་གཏོང་དགོས།
རྩོམ་ཡིག་རྒྱས་པ་དེར་ཚིག་རྐང་ ༣༠༠༠ ནས་ ༣༥༠༠ བར་དགོས་རྒྱུ་དང་། བོད་ཨིན་གང་རུང་ནང་འབྲི་ཆོག་པ་་ཡིན། དེ་བཞིན། ཚོགས་ཐོག་གཏམ་བཤད་ཀྱང་བོད་ཨིན་གང་རུང་ནང་གནང་ཆོག་པ་ཡིན།
ཚོགས་འདུར་དེབ་སྐྱེལ་གནང་ཕྱོགས་དང་། རྩོམ་ཤོག་འབུལ་རྒྱུའི་དུས་བཀག
དེབ་སྐྱེལ། མཉམ་ཞུགས་གནང་མཁན་ཡོངས་ནས་ཕྱི་ལོ་༢༠༡༥ ཟླ་༨ ཚེས་༡༠ རེས་གཟའ་ཟླ་བ་འགྱངས་མེད་དེབ་སྐྱེལ་གནང་དགོས་རྒྱུ། དེབ་སྐྱེལ་འགེངས་ཤོག་འདི་གའི་དྲ་རྒྱའི་ཐོག་ནས་ཕབ་ལེན་བྱ་རྒྱུ་ཡོད། (www.tibetpolicy.net)
རྩོམ་ཡིག་འབུལ་དུས། རྩོམ་ཡིག་སྙིང་བསྡུས་དེ་བཞིན་ཕྱི་ལོ་༢༠༡༥ ཟླ་༨ ཚེས་༣༡ འགྱངས་མེད་གློག་འཕྲིན་ཁ་བྱང་འདིའི་ཐོག་འབུལ་བསྐུར་དགོས་རྒྱུ། rikzeen@gmail.com
དཔྱད་ཞིབ་ཚོགས་ཆུང་ནས་ཞུ་དག་གྲུབ་མཚམས་གྲུབ་འབྲས་ཇི་ཆགས་དོ་བདག་སོ་སོའི་གློག་འཕྲིན་ཁ་བྱང་བརྒྱུད་ལན་གསལ་བྱ་རྒྱུ།
རྩོམ་བྲིས་རྒྱས་པའི་ཟིན་བྲིས་དེ་བཞིན་ཕྱི་ལོ་༢༠༡༥ ཟླ་༩ ཚེས་༣༠ ནང་ཚུན་གོང་འབུལ་ཟིན་པ་དགོས།
མཐའ་མའི་རྩོམ་ཡིག་དེ་བཞིན་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༩ འགྱངས་མེད་འདི་གར་འབུལ་འབྱོར་ཐུབ་པ་དགོས།
ཚོགས་འདུར་མཉམ་ཞུགས་གནང་མཁན་ཡོངས་ཀྱི་འགྲིམ་འགྲུལ་དང་། གནས་གླ་འདི་ནས་རྩིས་འབུལ་ཞུ་རྒྱུ་ཡིན། འདེམས་ཐོན་བྱུང་བའི་རྩོམ་བྲིས་རྣམས་འདི་གའི་དུས་དེབ་དང་། དྲ་རྒྱའི་ནང་འདོན་རྒྱུ་ཡིན།
གོང་གསལ་གནས་ཚུལ་དང་གནད་དོན་རྣམས་གསལ་རྟོགས་མ་བྱུང་ཚེ། གཤམ་གསལ་ལས་བྱེད་ལ་འབྲེལ་གཏུགས་གནང་སྐྱོང་ཡོང་བ་ཞུ།
རིག་འཛིན་རྡོ་རྗེ།
ཁ་པར་ཨང་གྲངས། ༩༨༡༦༦༦༨༦༦༤ ལས་ཁུངས་ཁ་པར་ཨང་། ༠༡༨༩༢-༢༢༣༥༥༦ དང་ ༢༢༢༤༠༣