བོད། ལྷ་ཀླུ་གཉན་གསུམ།
ཕྱི་རོལ་ནི་ཇི་འདྲའི་སྐྱིད་སྣང་དང་མཛེས་སྡུག་ལྡན་པར་རློམ་མཁན་གྱི་རང་རིགས་ཀྱི་སྐྱ་སེར་ཕོ་མོ་ཚོའི་སེམས་ཁམས་དེ་ནི་དོན་དངོས་ཐོག་ག་འདྲ་ཞིག་ཡིན་མིན་དེ་ནི་བདག་གིས་གཏན་ནས་མི་ཤེས། ངས་དེ་རིང་ཞུ་བཞིན་པ་དེ་ནི་རང་ཉིད་ཀྱི་མྱོང་ཚོར་དང་སེམས་གཤིས་ཡིན།
ཕྱི་རྒྱལ་ན་བདེ་སྐྱིད་དང་ལོང་སྤྱོད། ཐོབ་ཐང་སོགས་མང་བོ་ཞིག་ཡོད་རབས་འདོད་མཁན་དག་གིས་ནམ་རྒྱུན་རང་ཉིད་རྒྱ་གར་དུ་བསྡད་ཡོད་པ་དེ་ནི་མནར་སྡུག་གི་མི་ཚེ་ཞིག་གི་ཁྲོད་དུ་འཚོ་བ་བསྐྱེལ་བ་བཞིན་ཡོད་པ་དང་། འཚོ་བ་བསྐྱེལ་སྟངས་དེ་ཡང་རྒྱུ་མཚན་མེད་པ་དང་སྙིང་བོ་མེད་པ་ཞིག་བསྐྱེལ་བཞིན་ཡོད་པར་ངེས་འཛིན་བྱེད་ཀྱི་ཡོད་པ་རེད།
དོན་དངོས་ཐོག ང་ཚོས་རང་གི་ཕ་ཡུལ་གངས་ཅན་དང་བསྡུར་ནས་བཤད་ན་དེ་འདྲ་ཞིག་ལོས་ཡིན། རང་ས་ཅི་འདྲ་སྡུག་ཡང་སྐྱིད་སྣང་ཞིག་ཡོད་པ་ནི། ཕ་འཛོམ་མ་འཛོམ་དང་། ཕུ་ནུ་མིང་སྲིང་ལྷན་འདུས། སྐྱིད་པའི་བྲོ་འཁྲབ། དགའ་བའི་གླུ་བླངས། རང་སྐད་ཀྱི་སྟེང་ནས། རང་ཡུལ་གྱི་གྲོང་ནས། རང་ཁྱིམ་དང་ཉེ་དུ་ཚོའི་འགྲམ་དུ། སྐད་ཆ་ལྷོད་ལྷོད་ཅིག་བཤད་ཆོག་པར་བསམ་ན། རྒྱ་གར་ནི་ང་ཚོ་ལ་གཏན་ནས་འཚམ་པོ་ཞིག་ག་ལ་ཡིན།
སྐྱབས་བཅོལ་ལུང་བ་བཙན་བྱོལ་སྤྱི་ཚོགས་སམ། རྒྱ་གར་དུ་གནས་བསྡོད་ཀྱི་རིང་དེར་བོད་མི་ཆེས་མི་ཉུང་བ་ཞིག་གིས་རང་དབང་དང་ཁོར་ཡུག་གི་དཀའ་ངལ་ཆེས་ཉུང་བ་དང་། རང་མི་མང་བ། རང་ཡུལ་ནས་སླེབས་པའི་ཉེ་གྲོགས་མང་བ། སྐྱིད་སྡུག་མཉམ་གླེང་གི་གོ་སྐབས་ཡོད་པ། ཕན་ཚུན་ཐུག་འཕྲད་ཀྱི་གོ་སྐབས་མང་བ། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་སྐོར་ལ་ལས་ཀ་གང་བྱེད་ཐམས་ཅད་ལ་གཞུང་འབྲེལ་དང་སྒེར་གྱི་ཚོགས་པ་བཅས་ལ་འབྲེལ་ཐུག་བྱེད་ཡུལ་ཡོད་པ་རེད།
ཕྱི་རྒྱལ་དུ་འབོད་པའི་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་ན། བོད་རིགས་དག་དུས་རབས་གསར་བའི་བྲན་གཡོག་པ་ཤ་སྟག་ཆགས་ཡོད་ལ། ལས་ཀའི་ཐོབ་ཐང་དམའ་བ། གནས་ཡུལ་གྱི་ཡུལ་མིའི་གནས་བས་ཁོ་ནའི་དབང་ཤུགས་ལ་མགོ་སྒུར་བ། བོད་མི་རིགས་ཀྱི་ཐོབ་ཐབ་རྩོད་ས་ཕར་ཞོག སྐད་ཆ་བཤད་སའི་སྟེགས་པུ་ཉུང་བ། ཐུག་འཕྲད་ཀྱི་གོ་སྐབས་བྲལ་བ། བོད་མི་ཕན་ཚུན་མཉམ་རུབ་དཀའ་བ་ནས་མེད་པ་ལྟ་བུ་ཆགས་ཡོད། ཐ་ན་སྐྱེས་པོ་སྒེར་གྱི་ཐོབ་ཐང་བཤད་ས་ཡང་མེད་པ། གནས་ཡུལ་དེ་ནས་གང་བཤད་ལ་ཉན་དགོས་པ། འདི་དག་ལ་རང་གི་མྱོང་བ་དང་ཐོས་པ། བྱས་པ་བཅས་ལ་ཞིབ་དུ་བསམ་ནས་ཉལ་ས་དྲོ་ཡང་སེམས་མི་དྲོ་བའི་ལས་འདི་རིགས་མི་རབས་རྗེས་མ་དག་གི་མི་མྱོང་ཆེད་དུ། བསམ་བློ་གཏོང་རན་རེད།
ད་ལྟ་ནས་མགོ་བརྩམས་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་གནས་པའི་བོད་མི་དག་གིས་རང་་རང་གི་ཉིན་རེའི་སྐྱིད་སྡུག་ལེགས་ཉེས་གང་བྱུང་སོགས་ཉིན་ཐོ་རུ་བྲིས་དེ་བོད་ཀྱི་མི་རབས་རྗེས་མ་དག་ལ་ལམ་སྟོན་བྱེད་ཐུབ་པ་ཡིན་ན་ཡག་པོ་འདུག ཕྱི་རྒྱལ་ཁག་གི་སྐོར་མ་ཤེས་པ་དག་ཤེས་འདོད་ཡོད་ན། དྲི་བ་བྱེད་པ། འདྲི་མཁན་གྱིས་དྲང་མོར་འདྲི་བ། ལན་འདེབས་མཁན་གྱིས་ཀྱང་དྲང་མོར་ལན་འདེབས་བྱེད་པ། དེ་ནི་ང་ཚོའི་རང་གི་མི་རིགས་འདི་མུ་མཐུད་དུ་དུས་རབས་གསར་བའི་བྲན་གཡོག་མི་ཆོག་པའི་ཐབས་ཤེས་ཡིན།
བོད་ ལྷ་ཀླུ་གཉན་གསུམ་ལགས། དྲང་པོ་བཤད་ན་ཕྱི་རྒྱལ་ཡོད་པའི་བོད་མི་དེ་དག་ལ་ང་ཚོ་སྙིང་རྗེ་བ་ལས་ཡིད་སྨོན་རྩ་བ་ནས་ཤོར་གྱི་མི་འདུག རྒྱུ་མཚན་གང་ཞེ་ན། ཤེས་ཡོན་སོགས་ཅི་ཡང་མེད་ཐོག་མིའི་གཡོག་པོར་འགྲོ་དགོས་དུས་ངོ་མ་ཡ་ངལ་བ་ཞིག་རེད་བསམ། རྒྱ་གར་ཡུལ་མི་དེ་ཚོ་ཡིན་ན་རང་སའི་ཐོག་ཏུ་ཡོད་པས་སྤོབས་པ་དང་ང་རྒྱལ་མི་དམན་པ་རེ་ཡོད་ངེས། ང་ཚོའི་ཕྱི་རྒྱལ་བ་དག་ལ་ཅི་ཡང་མེད་པས་ངོ་མ་གཡོག་པོ་སྙིང་རྗེ་བ་ཞིག་ལས་ཡིན།
གཙང་ཁའི་བུ་ལགས། སྐུ་ཉིད་གང་དུ་ཡོད་ན། ཉིད་ནས་དེ་ཁུལ་གྱི་རང་ཉིད་ཀྱི་འཚོ་བ་བསྐྱེལ་སྟངས་སྐོར་མདོར་བསྡུས་རེ་སྤུན་ཟླ་ཚོ་ངོ་སྤྲོད་བྱོས་དང་། ད་གཟོད་ང་ཚོས་གང་ཞིག་ནས་འགན་ཞིག་འཁུར་ཡོད་པར་སྙམ་མོ།
རེད་ དེ་འདྲ་ཞིག་རེད ་ངའི་གྲོགས་པོ་ཞིག་ཕྱི་རྒྱལ་དུ་ཡོད ཐེངས་དང་པོ་ཁོང་ཚོས་སྒོར་མོ་
བསགས་པའི་གྲངས་ཀས་བཤད་ནས་ང་ཧང་དུ་བཅུག་སོང་། ཉིས་ཁ་ཤས་རྗེས་ལ་ངའི་གྲོགས་པོ་ཞིག་ལ་སློབ་ཡོན་གྱི་དཀའ་ཅུང་ཙམ་ཡོད་པས་ངས་ཁོ་ལ་སྐད་ཆ་དྲིས་དུས་
སྔོན་གྱི་སྐད་དེ་དང་ག་པར་ཡོད་པ་རེད་དེ་ལས་ལྡོག་ཏེ་སྒོར་མོ་མེད་སྟངས་ནས་བཤད་ནས་ང་ངུ་དུ་བཅུག་སོང་། དྲང་མོ་བཤད་ན་ཁོང་ཚོ་ཕྱིར་ཨེ་ཤ་ཡ་ལ་ཡོད་དུས་རྫིག་པོ་བྱེད་པ་དེ་རེད།
བོད་ ལྷ་ཀླུ་གཉན་གསུམ་ལགས། ང་སྐྱེ་ས་མདོ་ཁམས་ཡུལ་དུ་ཡིན་ལ། འཕགས་པའི་ཡུལ་དུ་འཚར་ལོང་བྱུང་། ལྷོ་ཕྱོགས་སུ་སློབ་གྲྭ་འགྲིམ་ཞིང་། བྱང་ཕྱོགས་སུ་ལས་ཀ་བྱེད་བཞིན་ཡོད། ཟླ་ཕོགས་ཧུན་སྒོར་༡༢༥༠༠ཐོབ་ཀྱི་ཡོད་ལ། དབུ་འཛིན་ལགས་མི་བཟང་གསེར་དང་འདྲ་བས་ང་ཚོ་ལ་དཀར་ངལ་ཅི་ཡང་མེད་ལ། ངས་ལས་ཀ་ལ་ཧུར་བརྩོན་ཅི་ཆེར་བྱེད་བཞིན་ཡོད། རང་མི་གཅིག་སོང་བས་ཟླ་ཕོགས་ནས་སྒོར་༢༥༠༠རེ་ལྷོ་ཕྱོགས་ཡོད་པའི་སྤུན་མཆེད་ལགས་ལ་བསྐུར་གྱི་ཡོད། ངས་ང་རང་ལ་ཡིད་ཆེས་དང་རེ་བ་བྱེད་བཞིན་ཡོད། ངས་རང་གི་ལས་དོན་འདིས་སློབ་བུ་མང་པོ་ཞིག་ལ་ཕན་གྱི་ཡོད་པར་ཚོར། ང་དེང་སྐབས་ཕྱིར་འགྲོ་འདོད་ཅིག་མི་འདུག གལ་སྲིད་འོང་རྒྱུ་རེད་ན་ངས་ཁྱོད་རང་ལ་ལན་གཏང་ཆོག
གསལ་བཤད་ཞུ་རྒྱུ་ཞིག་ལ། ང་ལྷོ་ཕྱོགས་སུ་མང་པོ་འགྲོ་མྱོང་བས་ལྷོ་ཕྱོགས་གྲྭ་པ་ཚོའི་གནས་སྟངས་སྐོར་ངོ་སྤྲོད་ཅིག་བྱ་འདོད། འོན་ཏེ་མཚམས་མིན་མ་ཤེས། གྲོགས་པོ་གསུངས་རོགས་ཞུ།
བོད་ལྷ་ཀླུ་གཉན་གསུམ་ལགས་ཀྱིས་ཡག་པོ་ཞིག་གསུང་འདུག་དེ་འོན་ཀྱང་ཁྱེད་རང་ཀྱང་ཕྱི་རྒྱལ་ཞིག་ལ་ཡོད་མདོག་རེད།
རྒྱ་བལ་འབྲུག་གསུམ་གྱི་བོད་མི་རིགས་ཚོར་འདི་འདྲ་བཤད་ན་བདེན་ཡིད་ནམ་ཡང་ཆེས་ཀྱི་མ་རེད།
ཁོང་ཚོའི་བསམ་པར་ཕྱི་རྒྱལ་ནུབ་ཕྱོགས་དང་ཨ་རི་སོགས་ནི་དག་ཞིག་རང་སྒོམ་གྱི་ཡོད་རེད།
ངས་དེ་ལྟར་ང་ཡི་ངོ་ཤེས་ཚོར་བཤད་ཡིན་མོད་ཡིད་ཆེས་བྱེད་ཀྱི་མི་འདུག
ཁུ་དབྱུག་གནམ་ཆུ་ལ་སྒུགས་པ་ནང་བཞིན་མ་ཇུ་ན་ཀ་ཏྲི་ལ་དང་དྷ་ས་བལ་ཡུལ་སོགས་སུ་ཇ་ཁང་དང་ཟ་ཁང་སྣུམ་འཁོར་འཇོག་ས་དང་ཐ་ན་གསང་སྤྱོད་ལས་སོགས་སུའང་དེ་འདྲ་རང་བཤད་བསྡད་ནས་སྒུགས་འདུག
མ་གཞི་ནས་ཕྱི་རྒྱལ་ལ་འགྲོ་མཁན་དེ་ཚོ་ཚུར་རྒྱ་བལ་སོགས་སུ་ཡོང་དུས་རྫིག་མདོག་དང་ཕྱུག་མདོག་བསྟན་ཏེ་ཉམས་ཆུང་ཚོར་ངོམས་སོ་ཞེ་བོ་གཅིག་བྱེད་ཀྱི་འདུག
ཁོང་ཚོ་ལའང་ཁག་ག་ནས་ཡོད།
ཁོང་ཚོས་ཕྱི་རྒྱལ་ནས་ཡོང་མཁན་དེ་ཚོའི་གནས་ཚུལ་ཞིབ་ཕྲ་ཤེས་ཀྱི་མེད་པས་རེད།
གནས་ཚུལ་ཞིབ་ཕྲ་ཤེས་ན་ཕལ་ཆེར་བོང་བུའི་ལུས་ལ་སྟག་གིས་སྤགས་པས་གཡོགས་པ་ལྟ་བུ་ཞིག་ལས་ཡོད་པ་མ་རེད།
དཔེར་ན།་
ནེའུ་ཡོཀ་གི་ས་འོག་གི་མེ་འཁོར་ནང་དུ་འགྲིམས་འགྲུལ་བྱེད་པའི་བོད་མི་ཞིག་གི་ངོ་གདོང་ལ་ཡག་པོ་ལྟོས་དང་གཉིད་སད་ལ་མ་སད་ལའི་བཟོ་འདྲ་ཞིག་ཡོད་པ་རེད།
ཁག་ག་ནས་ཡོད་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་སྤུན་མཆེད་དང་ཉེ་འབྲེལ་དང་ལྕམ་དང་ཁྱོ་ག་ལས་སོགས་རེ་འདུན་ཨ་སྒོར་དང་དབྱིན་སྒོར་ཡུ་སྒོར་ལ་ཁུག་རྟས་གནམ་ཆུ་སྒུགས་པ་ནང་བཞིན་བསྡད་ཡོད་རེད།
ཁོང་ཚོར་རང་གིས་ཁྲག་སྣག་བསགས་པའི་ཐིག་པ་དེ་ཚོ་ཕར་སྐུར་དགོས་པ་རེད།
མ་སྐུར་ན་གཞན་མིའི་འཕྱ་ཡོང་བསམ་ནས་སྒོར་མོ་མ་སྐུར་རང་སྐུར་རེད།
སྐུར་བ་ལ་ལས་ཀ་བྱེད་དགོས་པ་རེད།
ལས་ཀ་ནི་དབྱིན་སྐད་མ་ཤེས་པའི་རྐྱེན་དང་ཡུལ་མིའི་ལག་འཁྱེར་མེད་པའི་རྐྱེན་དང་རྒྱལ་ཁབ་དེ་ཡི་འགྲོ་ལུགས་ལ་རྒྱུས་མངའ་མེད་པའི་རྐྱེན་ལས་སོགས་མཐུན་རྐྱེན་དེ་དག་མེད་པས་དཀའ་ངལ་ལོས་ཡོད།
ཤ་ཚ་སྙིང་རྗེ་པྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས།
རྒྱ་བལ་འབྲུག་སོགས་སུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་དེ་ལྟར་རེ་བ་བྱེད་དེ་མི་སྒུགས་པར་རང་གིས་གང་ཤེས་ལས་ཀ་བྱོས་དང་ལས་ཀ་གཏན་གཏན་ཐོབ་ངེས་རེད།
སྙིང་རྗེ་སྙིང་སྙིང་རྗེ།
བདེ་གནས་ཞིག་ཐོབ་པར་ཤོག
ངལ་གསོ་ཞིག་ཐོབ་པར་ཤོག
དབྱིང་ལནཌ་ནས།
ལ་སྟོད་བུས་རང་རྣམ་ཡག་པོ་ཞིག་གསུངས་འདུག་གོ །
གཙང་ཁའི་བུ་ཉིད་ནི་དངོས་ནས་འཇོན་ཐང་འདུག ཡག་པོ་རེད། ཨ་མའི་བུ། དགེ་རྒན་ཞིག་གི་གླ་འཕོག་ལས་བསྐྱེད་སྲུང་བྱེད་བཞིན་པའི་བྱིས་པ་དེ་དག་ལ་བདག་སྐྱོང་བྱེད་པ་ནི་དེ་ནི་ཆེས་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་རེད། དེ་ནི་དངོས་ནས་དགའ་འོས་པ་དང་བརྗོད་དུ་མེད་པའི་བྱས་རྗེས་རང་རེད། བྱིས་པ་ཚོ་གོམ་གཤིས་བཟང་བོ་ཞིག་འཇོག་ཨེ་ཐུབ་བལྟས་ཤོག་ཨ་་་
གཙང་ཁའི་བུ་ལགས། ཉིད་ཀྱི་བྱ་བཞག་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག དངོས་ནས་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་རང་རེད་འདུག དེ་ལས་གལ་ཆེ་བའི་ལས་དོན་ཞིག་ཡོད་པ་མ་རེད། སྒོར་མོ་ལས་ཀྱང་ཉིད་ཀྱིས་སྐྱོང་བཞིན་པའི་བྱིས་པ་དེ་དག་ལ་སློབ་ཚན་ཡག་པོ་ཞིག་འཁྲིད་ཐུབ་རྒྱུ་དེ་དངོས་ནས་གལ་ཆེན་ཡིན་པ་རེད་ལགས། དེ་ནི་ང་རང་རེ་སྐུལ་ཡིན།
ལ་སྟོད་བུ་ལགས། ཉིད་ནས་དངོས་ནས་སྐད་ཆ་དམར་དམར་རྗེན་རྗེན་ཞིག་གསུངས་འདུག དངོས་ནས་དགའ་བསུ་ཞུ། དེ་ནས་ཉིད་ནས་རང་གི་ཉིན་ཐོ་དང་འབྲེལ་བའི་དངོས་ཡོད་འཚོ་བའི་ན་ཟུག་རེ་གླེང་རྒྱུ་ནི་བདག་གིས་རེ་སྐུལ་ཡིན། ང་ཚོས་རང་རང་ས་ནས་འཚོ་བ་དངོས་དེ་ངོ་སྤྲོད་བྱེད་གང་ཐུབ་བྱེད་ཡ་་
གྲོགས་པོ་ཚོ། ང་ཡང་ཨ་རི་དང་དབྱིན་ཡུལ་སོགས་ནུབ་ཕྱོགས་རྒྱལ་ཁག་ཅིག་ལ་འགྲོ་མྱོང་། ཡིན་ནས་ལྷན་རྒྱས་ཚོས་གསུངས་བ་ནང་བཞིན་མི་ཚང་མ་དེ་འདྲ་སྐྱོ་མདོག་གི་རྣམ་པ་ཞིག་མཐོང་མ་སོང་། ཡིན་ནའང་སོ་སོའི་ཤེས་འཇོན་དང་མི་གཤིས་ཀུན་བསྐྱོད་ལ་བབ་པའི་ལས་ཀ་རེ་བྱེད་ཀྱི་ཡོད་པ་བདེན་པ་རེད། རྩ་བའི་གནས་ཡུལ་ལུང་བ་གང་ཞིག་ཏུ་ཡིན་ཡང་ཤེས་འཇོན་མེད་ན་ལས་ཀ་ཡག་པོ་ཞིག་རག་རྒྱུ་མེད་པ་ཆོས་ཉིད་རེད། མདོ་དོན་བོད་དོན་ཁྱབ་བསྒྲགས་སོགས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་པའི་ལས་དོན་ཐོག་ཚང་མས་འཕྱར་གྲི་མཉམ་འདེབས་བྱེད་བཞིན་ཡོད་པ་དེ་དེ་ལས་ཀྱང་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཏུ་མཐོང་། ཤེས་འཇོན་གང་ཡང་མེད་པའི་གསང་སྤྱོད་དང་ལམ་ཁ་ཕྱག་མཁན་གྱི་རྐྱལ་སྟོང་ཁ་ཤས་ཕྱི་རྒྱལ་ནས་རྒྱ་གར་དང་བལ་ཡུལ་སོགས་ལ་སླེབས་སྐབས་ཕྱུགས་མདོག་དང་མཇོན་མདོག་སྟོན་ཀྱི་ཡོད་པ་དེ་ཡང་བདེ་པ་རེད། ཡིན་ནས་ང་ཚོའི་དཀར་ནག་གི་དབྱེ་འབྱེད་བྱས་ཏེ་གསུང་ན་ལས་ཚང་མར་འདི་ལྟར་བརྗོད་མི་རུང་ངོ།། བོད་མི་ཡོད་དོ་ཅོག་རྡོག་རྩ་གཅིག་ཏུ་བསྒྲིལ་ཐབས་ལ་འབད་པ་ལས། ཁྱེད་ཀྱི་ཁ་དང་ངའི་སྣ་ཞེས་ཞེ་འཁོན་གྱི་བཀའ་མོལ་ནམ་ཡང་མི་གསུང་རོགས། ཐུགས་རྗེ་ཆེ།
བོད། ལྷ་ཀླུ་གཉན་གསུམ་ལགས། མ་མཇལ་ཡུན་རིང་།
ཁྱེད་ནས་རང་རང་སོ་སོའི་བསམ་བློའི་ཁྱེར་བཟོ་དང་། རང་གི་གནས་སྟང་གང་ཡིན་པ་དེ་རྒྱུ་མཚན་དུ་བྱས་ཏེ་རྒྱུག་པ་ལེབ་གདུང་གི་དཔེ་ལྟར། ཕྱི་རྒྱལ་དུ་ཡོད་པ་ཚང་མར་དཀའ་ངལ་དང་། བྲན་གཡོག་རེད་ཟེར་བ་ནི་དུས་་རབས་ཉེར་ཅིག་པའི་གནས་ཚུལ་མི་ཤེས་པའི་རྟགས་རེད་ལ། འཛམ་གླིང་སྤྱིར་བྲན་གཡོག་ལམ་ལུག་ཟེར་པ་དེ་ཧ་ལམ་མེད་པ་བཟོས་ཟིན་ནས་དམངས་གཙིའི་ཁ་ཕྱོགས་གསར་པར་འགྱུར་ཡོད་པ་དེ་མི་ཤེས་པ་རེད་། དེ་རྣམས་ དྲང་བདེན་ཞིག་མ་ཡིན་པས་། སྐྲོག་གཏམ་དེ་འདྲ་མ་གསུང་ན་ལེགས།།
རང་ཉིད་ཀྱི་གནས་ཡུལ་ནི། དམངས་གཙོའི་རྒྱལ་ཁབ་་། ཀེ་ཎེ་ཀྲའི་གྲོང་ཁྱེར་་ཀྲོ་རོན་ཀྲོ། གངས་ལྗོངས་ཆོས་ལྡན་གླིང་ནས།། འཕན་པོ་བསྟན་དར་གྱིས།། །།
དྲ་གྲོག་རྣམས་ལ་ཞུ་རྒྱར། རང་ཉིད་ཀྱི་མེ་ཚེའི་འགྱུར་ལྡོག་ཟེར་བ་ཞིག འབྲི་ཞིན་པ་ཡིན་པས་སྤྱན་ལམ་དུ་གང་མགྱོག་ཕུལ་རྒྱུ་ཡིན། དེ་ནས་ངའི་ཕྱི་རྒྱལ་གྱི་གནས་སྟང་ཞིག་མཐོང་ཐུབ།
འཕན་པོ་བསྟན་དར་པས།། །།
གཙང་ཁའི་བུས་ཁོ་བོ་ཧ་ཅང་འཇོན་ཚུལ་བཤད་ཀྱིན་འདུག་། གལ་སྲིད་ཁྱེད་འཇོན་ན་ལས་དཀའ་བྱེད་ཡུལ་ཤར་ཕྱོགས་དང་བྱང་ཕྱོགས་ཙམ་མ་བཤད་པར་རང་ཉིད་ཀྱིས་ལས་བྱེད་སའི་ཁ་བྱང་website་དྲ་གྲོགས་ཚོར་སྟོན་དང་དྲ་གྲོགས་ཚོར་གཞི་ནས་ཁྱེད་ཨ་མའི་བུ་ཡིན་མིན་ཤེས་ནི་རེད་།
བསྟོད་ཀྱང་དགའ་འདོག་བྱེད་དོན་མི་འདུག་ལ།།
སྨད་ཀྱང་ཁྲོ་བའི་ངང་ཚུལ་འཛིན་དོན་མེད།།
རིགས་ཀྱི་དུངས་ཞེན་གླེང་བའི་སྔ་གཞུག་ནས།།
སྤུན་ཟླའི་གང་ཞིག་བཤད་ཀྱང་ཉན་ནས་ཡོད།།
བཟང་ངན་གང་ཞིག་དཔྱད་ཀྱང་མ་གནོད་པར།།
ཤི་རེག་བར་དུ་ཤ་ཚའི་སྙིང་གི་གཏམ།།
མཐོ་དམན་སུ་ལ་མི་སྐྲག་འབྲི་རྒྱུ་ཡིན།།
བདེན་པ་རྐང་གཅིག་ཡོད་ན་ཁྱེད་ཚོར་ཕུལ།།
ནོར་འཁྲུལ་ག་ཚོད་བྱུང་ན་མཐོལ་ལོ་གཤེགས།།