རྩེ་སྐར།
—མདང་ནུབ་གློ་བུར་ཐོལ་བྱུང་གི་དྲན་ཚོར།
ཐག་རིང་ཕ་ཡུལ་ཕྱོགས་ནས་ཡོང་བའི།།
རླུང་གིས་བཏེགས་པའི་སྐད་ཆ་དེ་ཚོ།།
ལ་ཁའི་ཉི་མ་ནུབ་ལ་ཉེ་ཁར།།
གློ་བུར་དྲན་པའི་ངོས་ལ་བབས་སོང༌།།
གང་ལ་བལྟས་ཀྱང་རི་ཆུ་ལུང་གསུམ།།
རྒྱང་ལ་ཅེར་ཡང་གནམ་གྱི་མཐའ་རེད།།
སྟོད་ན་བཞུད་པའི་སྤྲིན་པ་དུམ་བུ།།
བྱང་ནས་ཡོང་བའི་མགྲོན་པོར་སེམས་ཡོད།།
དགུང་གི་ཉི་མ་ནུབ་རིར་ཡལ་འདུག །
མཚན་གྱི་མུན་པ་རུབ་ནས་སླེབས་དུས།།
ལྷོད་ཀྱིས་ལྡང་བའི་རླུང་བུ་བསིལ་བསིལ།།
སུན་སྣང་སེམས་ཀྱི་གཡབ་མོར་གྱུར་སོང་།།
རིང་དུ་ཆོད་པའི་བར་ཐག་དེ་ཡིས།།
སེམས་ཀྱི་སྨུག་སྤྲིན་དྭངས་ཐབས་མ་བྱུང༌།།
ལས་ལ་བཅོལ་བའི་ས་མཐའི་མི་ཚེ།།
ལ་དང་རླུང་ཁའི་དར་ལྕོག་གཡུགས་འདྲ།།
ལྷན་འཛོམས་མེད་པའི་ལོ་ཟླ་དེ་ཚོར།།
ཕྱི་ཡི་འཚོ་བར་ཁ་དོག་མི་འདུག །
ཕྱིར་མིག་ཞེན་ཆགས་རྒྱང་ལ་གཏད་དུས།།
ནང་སེམས་སྐྱོ་བ་བྱེ་མའི་ཐང་རེད།།
མེ་ལ་བསྲེགས་པའི་མི་དག་བསམ་ན།།
དྲན་པའི་རྒྱ་ལ་ལྕགས་ཀྱུ་བཏབ་འདྲ།།
ལོ་དང་ཟླ་བ་ག་ཚོད་འགོར་ཡང༌།།
སེམས་ལ་བརྐོས་པའི་རི་མོའི་གཟུགས་ཡིན།།
ལས་སྣང་འདི་ལ་ཟློག་ཐབས་མེད་པས།།
འདུག་སའི་གནས་མལ་གཡར་མ་ཞིག་ཏུ།།
མི་རྟག་འཚོ་བ་མག་མོག་འདི་ལ།།
ཇི་ལྟར་སྤྱད་ཀྱང་སྙིང་པོ་མི་འདུག །
ཚིམ་རྒྱུ་མེད་པའི་འཁོར་བའི་བདེ་བར།།
སེམས་ཀྱི་གཏིང་ནས་ཨ་ཐང་ཆད་ཡོད།།
རེ་བཞག་རི་མོ་གཞིས་བྱེས་འཛོམས་པའི།།
བདེ་སྐྱིད་དེ་ལ་ཡིད་སེམས་གཏད་ཡོད།།
དེ་ན་ཁྱོད་གཪྭ་པ་བྱས་ན་བཟང་།
རླུང་རེ་གཡུགས་དུས་སྐད་རེ་གོ་གི ལ་ཁའི་དར་ལྕོག་བསྒྱེལ་འདུག་ཟེར་གི
ཆར་རེ་བབས་དུས་ཐོག་རེ་རྒྱག་གི སྡེ་དཀྱིལ་དར་ཤིང་བཅག་འདུག་ཟེར་གི
ས་རེ་འགུལ་དུས་ཧོས་རེ་འདེབས་གི གསོན་པོ་དུར་ལ་སྦས་སོང་ཟེར་གི
མེ་རེ་འབར་དུས་གཞོབ་དྲི་འཐུལ་གི དོན་སྙིང་གསོན་པོར་ཚིག་སོང་ཟེར་གི
འབྱུང་བ་རེ་རེས་བརྙས་བཅོས་བཙན་གི འབྱུང་ཁམས་མི་བདེ་ཐུགས་ཁག་མེད་གི
དབུགས་རིང་མྱ་ངན་རྐང་འོག་བརྫིས་ནས། ངར་གྱིས་བསྒྱིངས་ནས་ཀི་ཞིག་ཐོབས་དང།
ཡང་ཁ་རྩང་མི་ལུས་ངན་ཞིག་གིས་བཤད་སྲོལ་ལ་གསོན་པོ་ས་ལ་སྦས་སོང་སྐད་དེང་བོད་མི་
འགའ་ཤས་མེ་ལ་སྲེག་ཡང་འགའ་ཤས་ས་ལ་སྦས་གཏང་ན་ད་བོད་པ་གཅིག་ཀྱང་ལུས་ས་མརེད་
པ་ས་སྦས་གཏོང་རྒྱུ་དེ་ཡང་བོད་པ་ཡིན་པ་ཐག་ཆོད་རེད་
དེ་རིང་སྙན་ངག་ངོ་མ་ཞིག་མཐོང་སོང་། ཚོར་རྟོག་གི་རྒྱུ་བ་མཐོ་ལ། ཡིད་བརྙན་གྱི་ཞིང་བཀོད་གསལ་བས་ནའོ།།
སྙན་རྩོམ་འདི་་་་དགེ་ཆོས་ཀྱི་མི་རྟག་དྲན་འགུལ་དང་རྩོམ་གཤིས་འདྲ་སེ་འདུག་དྲན་བྱུང་།
ངོ་མས་རྩོམ་སྟངས་དང་་་ཚིག་འགྲོས་ལ་ཤོད་རྒྱུ་མི་འདུག་་་་སྙན་པ་ལ་ཚོད་ཅིག་མེད་ཀི
ངས་ནམ་རྒྱུན་ཁ་འདོན་ལ་དགེ་ཆོས་ཀྱི་མི་རྟག་དྲན་འགུལ་དེ་རང་འདོན་གྱིན་ཡོད་་་་་་མི་རྟག་དྲན་འགུལ་གྱིས་ངའི་སེམས་ལ་འཇིག་རྟེན་བྱ་དངོས་ཀུན་རྫུན་མའི་རང་བཞིན་ཅན་ཞིག་ཡིན་པར་གསལ་བྱེད་ཕྲན་པུ་རེ་བྱས་སོང་བ།
འོ་རེད་་་་་ཆབ་བྲག་ཚང་གི་རྩོམ་ཐུང་འདི་ལ་བལྟས་ན་་་་་ཁོང་ཡང་་ཕ་སྐད་རྩོམ་ཡིག་ལ་ཐུགས་ཉེས་བོ་ཡོད་པ་འདྲ།
དངོས་གནས་རིན་ཐང་ཅན་ཞིག་བྲིས་རྩོམ་གནང་འདུག་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་་་་་་་་་་་་་་་་འདི་འདྲའི་རྩོམ་སྙན་པོ་ཞིག་ཕར་ཆར་ད་ལོའི་ལོ་ལ་ཐོག་མོར་དེ་རེད་དྲན་བཞིན་ཡོད་་་་་་་་་་་་་་་་་་་་
དྲ་གྲོགས་རྣམ་པས་ཕེབས་གཟིགས་གནང་བར་དགའ་བསུ་ཡོད།ལྷག་པར་དུ་རྒན་ཆབ་བྲག་ཕོ་ཉ་ལགས་ཀྱིས་ཕེབས་གཟིགས་ཀྱིས་དཔྱད་མཆན་བཞག་པར་གུས་བརྩི་དང་བཅས་དགའ་ནས་ཡོད།_རྩེ་སྐར་གྱིས།