(ཞོགས་དུང་སོགས་གློད་གྲོལ་ལས་འགུལ་ལ་ཞུགས་པ།)
གཡུ་དྲུག་དཀར། རྡ་ས།
རྒྱ་ལམ་གྱི་བཞི་མདོ་རུ
ཙོག་ཙོག་པོར
ས་ལྟ་གནམ་ལྟ་བྱས་
ཉི་མ་ཉིན་གང་བོར་
འཇིག་རྟེན་གྱི་འགྲོ་བ་སུའང་མཐོང་ཆོག་ཆོག་རེད་
འོན་ཀྱང་། ང་ཚོའི་སེམས་ནང་གི་མི་
ཞོགས་དུང་དང་ཐེའུ་རང་ལ་སོགས་
མཐོང་ཡུལ་ནས་བོར་སོང་པས་
གོ་ས་ཞིག་ན་མེད་པས་
ཉི་མ་ཉིན་གང་བོར་
སུའང་མ་མཐོང་བ་འདྲ་
ཅི་ཡང་མ་ཐོས་པ་འདྲ་
ཉི་མ་ཉིན་གང་བོར་
ཆུ་ཁམ་བུ་གང་རེས་ནང་རྒྱུ་ནེམ་བཞིན
རེ་ཞུའི་ཡི་གེ་རེ་རེས་སེམས་ལྗོངས་གསོ་བཞིན་
ཙོག་ཙོག་པོར་
ས་ལྟ་གནམ་ལྟ་བྱས་
ཉི་མ་ཉིན་གང་བོར་
མི་ཚོགས་ཀྱི་འཚང་ཁས་
ང་རང་སྒུལ་བྱུང་ལ་
ཆུ་བུར་བཞིན་རྡོལ་ཡོང་བའི་མི་ཚོགས་
ང་ཡི་རྒྱབ་དཔུང་བྱས་ཆོག་ཨང་
དྲང་བདེན་གྱི་འཇིག་རྟེན་ཀྱེ།
ཞོགས་དུང་སོགས་གློད་གྲོལ་ལས་འགུལ་ཡོད་མེད་ས་ལྟ་གནམ་ལྟ་ཅིག་བྱས་འདུག
ཞོགས་དུང་སོགས་གློད་གྲོལ་ཡོངས་བའི་ཆེད། ལས་འགུལ་ཙམ་ཡང་གོ་ཐོས་མེད་པ་འདིས་གཞུང་སྒེར་གྱི་ཚོགས་པ་ཀུན་ལ་ཡིད་ཆད་དང། བློ་ཕམ་ཆེན་པོ་བྱུང་། ཡིན་ནའང་བོད་དོན་ཆེད་རང་སྲོག་གཏོང་བ་དང་། མནར་གཅོད་ཀྱི་སྡུག་བསྔལ་མྱོང་པ་ཡང་སོ་སོའི་ལས་དབང་རེད་ཅེས་གསུངས་བཞིན་བཞུགས་ཡོད་པ་མི་མིན།