བྱ་མདོ་སྐལ་རྒྱམ།
ནམ་རྒྱུན་ཉི་མ་ནུབ་ཁའི་དམར་མདངས་དེ
ངའི་སྒེའུ་ཁུང་གི་ཤེལ་ངོས་སུ་ཕོག་ཐེངས་རེ་རེར
ངས་ནགས་ཚལ་ཁྲོད་ལྷུང་བཞིན་པའི་ཉི་མ
རྟག་ཏུ་རྒྱང་སྐྱེལ་བྱེད་ཀྱིན་ཡོད
འདི་ནི་མི་ལོ་དུ་མ་ཞིག་གི
ངའི་འཚོ་བའི་མྱོང་གོམས་གལ་ཆེན་ཞིག་ཡིན་ལ
སྙན་ངག་ལྟ་བུའི་སྙན་ངག་འདི་དག་གི་བཞུར་སའང་ཡིན
འཇིག་རྟེན་འདི་འབྱུང་བཞིས་མ་འཇིགས་པར
ཁོར་ཡུག་འདི་རྐྱེན་གྱིས་མ་བསྒྱུར་ན
ང་རྟག་ཏུ་སྒེའུ་ཁུང་གི་འགྲམ་དུ་ལངས་ནས
མུ་མཐུད་དུ་ཉི་མ་དམར་བོའི་སྙན་ངག་འབྲི་ན་འདོད
ཡལ་བཞིན་པའི་ཉི་མ་དམར་བོ་དེ་ནི
འཆར་ཡན་ཁྲོད་ཀྱི་རེ་སྒུག་ཅིག་དང་འདྲ་ལ
འབྲེལ་ཐག་མི་ཆོད་པའི་ཕྱི་མིག་ཅིག་དང་ཡང་མཚུངས
༢༠༡༤/༡༠/༨ ཕྱི་དྲོ།