རྨེ་རུ།
ཉི་མ་ནུབ་འགྲོ་བའི་དུས་ཚིགས་དེར།
ང་ལ་བརྗོད་མི་ཤེས་པའི།
ཚོར་བ་ཞིག་འབྱིན་གྱིན་འདུག
ང་རང་གི་ལུས་སེམས་ངལ་དུབ་ཀྱིས་གནོན་གྱིན་འདུག
ཉི་མ་ནུབ་འགྲོ་བའི་དུས་ཚིགས་དེར།
ཉི་འོད་སེར་ལྷམ་ལྷམ་དེས།
ང་ལ་དྲན་གདུང་གི་ན་ཟུག་ལྕི་མོ་ཞིག
དབང་མེད་དུ་ཡོང་གིན་འདུག
ཉི་མ་ནུབ་འགྲོ་བའི་དུས་ཚིགས་དེར།
ལྷིང་འཇག་གི་རྒྱ་མཚོ།
ཡམ་ཡོམ་ལ་འགུལ་དུས།
ང་རང་གི་སེམས་པ་དར་ལྕོག་བཞིན་སྐྱོད་ཀྱིན་འདུག
ཉི་མ་ནུབ་འགྲོ་བའི་ས་ཕྱོགས་དེར།
ངའི་ཨ་མའི་རྡོ་ཁང་ཡོད།
ཉི་མ་བཞུད་འགྲོ་བའི་ཕ་ཡུལ་དེ།
ངའི་དྲན་གདུང་གི་གཞི་མ་ཡིན།
ཉི་མ་ནུབ་འགྲོ་བའི་དུས་ཚིག་དེར།
ང་རང་གི་ཨ་མ།
ཉི་འོད་ལ་ལྟ་གྱིན་ལྟ་གྱིན།
ང་སྒུག་ནས་ཡོད།