ཉི་མའི་འོད་གོར་ལ་མཚོན་རྟགས་དང་འགྲེལ་བཤད་ཡོད་དམ། Posted on 2014-05-172014-05-17 By ཁ་བརྡ་ 29 Comments on ཉི་མའི་འོད་གོར་ལ་མཚོན་རྟགས་དང་འགྲེལ་བཤད་ཡོད་དམ། གློག་བརྙན་།
ཉི་མའི་འོད་གོར་ལ་མཚོན་རྟགས་ལོས་ཡོད། དེ་ལ་ཁ་དོག་སྣ་ལྔ་དང་ལྡན་པ་ཞིག་ཡོད། དེ་ནི་དཀར་ལྗང་དམར་སྔོ་སེར་ལྔ་རེད། ནམ་མཁར་འབྱུང་བ་ལྔ་ཡོད་པར་མཚོན་རྟགས་རེད། གཞན་ཡང་ཉི་མར་འོད་གོར་ཤར་བ་དེ་ནི་ཉི་མ་གཅིག་དང་གཉིས་ཀྱི་ནང་ཚུད་ལ་འཆར་བ་འབབ་པའི་རྟགས་རེད། གཞན་ཡང་ས་གཞི་རླན་ཤས་ཆེ་དུས་དང་ནམ་མཁར་སྤྲིན་དང་ཁུ་རླངས་སོགས་ཀྱི་གཞའ་ཚོན་ཡོད་ནའང་འོད་གོར་འབྱུང། གཞན་ཡང་གཏོ་ཆོག་སོགས་ལས་པྲ་ལྟས་བཟང་ངན་གྱི་རྟགས་མཚན་ཡོད་རབས་མང་པོ འདུག དེ་ཚོ་ནས་ལུང་འདྲེན་བྱེད་རྒྱུར་དགོས་པ་མ་མཐོང།
རྟེན་འབྲེལ་བཟང་པོ་རེད། མདོར་བསྡུས་ནས་བཤད་ན་བོད་དོན་བདེན་མཐའ་གསལ་བ་དང་། གཞིས་བྱེས་མཉམ་འཛོམས་ཡོང་བའི་རྟེན་འབྲེལ་རེད། ངོ་མ་ཡིན། ནོར་མེད། འཕྱུགས་མེད། ཏན་ཏན་ཡིན། དཀོན་མཆོག
ཚན་རིག་པས་བཤད་ན། ནམ་མཁར་རླན་གཤེར་གྱི་ཆ་ཤས་མཐུག་པས། དེ་ལ་ཉི་ཟེར་ཕོག་སྐབས་མཚོན་གདངས་དེ་དག་བྱུང་རབས་བཤད། བཟང་ངན་ཅང་རེད་མིན་འདུག ནང་པའི་ཁུངས་ལྡན་གྱི་ཡིག་ཆ་གཙོ་བོ་དེ་དག་ལ་ཡང་ཉི་གུར་དང་མཇའ་མཚོན་སོགས་ལ་འདི་ཙམ་གལ་ཆེན་པོ་མི་འཛིན། དཔེར་ན། སྟོན་པའི་གསུང་མ་ཕྱི་ཆོས་ཀྱི་ཚིགས་སུ་བཅད་པའི་མདོ་དང་། ཤེར་ཕྱིན་ལ་སོགས་པའི་ནང་ལ་འདི་དག་གཙིགས་ཆེན་པོ་མི་འཛིན། དེ་བཞིན་ན་ལེན་ཌའི་མཁས་པ་ཚོའི་གསུང་ལ་ཡང་དེ་དག་ལ་གཙིགས་ཆེན་པོ་མི་འཛིན། ཇོ་བོ་བཀའ་གདམས་པ་དང་། ཞི་བྱེད་སོགས་སུ་འདི་དག་གཙིགས་ཆེན་པོ་མི་འཛིན། སྤྲོས་མེད་རྫོགས་ཆེན་གྱི་སྣང་བ་སྟོང་པའི་རོ་ལ་ལྟ་བའི་ཟབ་ཆོས་ལ་ཡང་དེ་དག་གཙིགས་ཆེན་པོ་མིན། ཕྱག་ཆེན་སངས་རྒྱས་སྦར་འཆང་གི་རྟོགས་པར་རྟགས་འདི་དག་སྣང་བ་ཁོ་ན་ཡིན། འོ་ན་འདི་དག་གཙིགས་ཆེན་པོར་འཛིན་མཁན་གཙོ་བོ་ནི། ནང་རྣལ་འབྱོར་གྱི་གདེངས་དང་མི་ལྡན་པའི་དམ་ཆོས་ཁ་ལ་ཤོར་སོང་མཁན་གྱི་རྒྱ་བླ་དེ་ཚོ་དང་། རྨོངས་དད་ལམ་ལ་ཁྱེར་མཁན་གྱི་འཇིག་རྟེན་ཆོས་བརྒྱད་ཀྱི་གཡོག་འཁོར་བྲན་ཚོགས་དེ་ཚོ། དེ་བཞིན་སངས་རྒྱས་ཀྱི་ཆོས་ལ་རྨ་ཁ་ཟབ་མོ་སྦྱིན་མཁན་གྱི་འཇིག་རྟེན་དྲེགས་པའི་ལྷ་ལ་སྐྱབས་འོས་སུ་བརྟེན་མཁན་ཚོས་མཇའ་དང་འོད་དང་། སྐར་མ་དང་། ས་དང་གཉིད་ལམ་དང་། རྟགས་དང་། མཚན་མ་དང་། ཁུ་བ་དང་། ཐིག་ལེ་དང་། ཨ་སྒོར་དང་། ཡུ་སྒོར་དང་། ཆོས་ཆོགས་ཁང་པ་དང་། ཕྱི་རྒྱལ་གྱི་སྟུ་རྐུབ་དང་། གྲྭ་བཙུན་གྱི་བརླ་ཤ་དང་། ཕྱུག་པོའི་ཕ་གཞིས་དང་། དབུལ་པོའི་བརྔུལ་ཁྲག་ལ་བརྔམས་པའི་བྲན་པོ་ཚོས་འདི་དག་ལ་དོ་སྣང་ཆེན་པོ་བྱེད་དོ། རྒྱུ་མཚན་ནི། བླ་རྫུན་གྲ་རྫུན་དེ་ཚོར་མཚོན་གདངས་ལ་འབྲེལ་བཤད་རྒྱག་པ་ལས་གཞན་གྱི་ཡོན་ཏན་དང་ཤེས་བྱ་མེད་པའོ།
སྤྲོས་མེད་རྫོགས་ཆེན་གྱི་ཐོད་རྒལ་གྱི་སྐབས་སུ་ཉི་ཁྲིད་དང་སྣང་བཞི་ལས་སོགས་འོད་གསལ་གྱི་སྣང་བ་འཆར་བ་སོགས་མེད་དམ།
མཇའ་ལུས་འོད་སྐུར་དེངས་ཟེར་ནས་རྙིང་མའི་རྫོགས་ཆེན་གྱི་གདམ་པ་ལོ་རྒྱུས་མང་པོའི་ནང་དུ་འདུག དེ་ནི་སྐུ་གསུམ་གྱི་གོ་འཕང་བརྙེས་པའི་རྟགས་མཚན་དུ་བཤད་འདུག
བན་དེ་ལགས། ནམ་མཁར་རླན་གཤེར་འཁྲིགས་པའི་གོང་བུར་འོད་ཟེར་ཕོག་པའི་མདོག་དེ་གཉུག་མ་འོད་གསལ་གྱི་སྣང་བ་མཚོན་པར་གོ་རྒྱུ་ཡིན་ནམ། མཇའ་ལུས་འོད་སྐུར་དེངས་བའི་འབྲས་བུ་དེ་ཉི་གུར་ཡིན་ན། སངས་རྒྱས་པར་སྔོན་ལ་ལུས་དེ་རླན་གཤེར་དུ་འགྱུར། དེ་ནས་དེ་ལ་འོད་ཕོག་དགོས་ཀྱི་འདུག འདི་འདྲ་རེད་པས། རྙིང་མའི་ཨ་ཏིའི་ལུགས་ཀྱི་འོད་གསལ་འཆར་སྟངས་དང་གསར་མའི་བླ་མེད་ལུགས་ཀྱི་འོད་གསལ་འཆར་སྟངས་ཚང་མར་འབྱུང་བཞི་བྱང་དགོས་ཀྱི་འདུག རླན་གཤེར་ལ་འོད་ཕོག་པའི་གདངས་དེ་འོད་གསལ་ལ་རྩི་བར་མི་བྱེད། བོན་གྱི་རྫོགས་ཆེན་ནང་གི་འོད་གསལ་འཆར་སྟངས་ཀྱི་འགྲེལ་བ་ཞིབ་ཕྲ་ཞིག་སྐྱོན་རོགས།
༄། བདེན་པ་ཉིད་རྒྱལ་བར་ཤོག། བོད་འདིར་སྨོང་དད་དང་མགོ་སྐོར་འོག་ལས་ཐར་པ་ཤོག། ད་དུང་ཡང་ཟླ་བའི་ངོགས་ལ་༧གོང་ས་མཆོག་མཐོང་ཟེར་བའི་སྨྱོ་ལབ་མང་པོ་འདས་ཟིན།
༢༠༡༢་ལོར་རྙིང་མ་པ་བླ་མ་རིན་ཆེན་གྱི་སློབ་མ་ཁ་ཤས་ཡུལ་སྔོ་བསངས་ཀྱི་པག་ཐོང་ཆ་ཞེས་པར་བསྐྱོད་པ་ན། གནས་བརྟན་སྡེ་པའི་དགོན་པ་ཞིག་མཇལ་དུས་། ཉི་མའི་དཀྱིལ་འཁོར་ལ་འཇའ་ཤར་བ་དེ་ཉིད་ཀྱི་སྤར་བླངས། སྤར་ལེན་པ་པོ། སྐུ་ཆོས་ལ་དད་པ་ཉ་སོགས་ཚེ་ཐར་གཏོང་མཁན། ཨོ་རི་ར་ཏ་ན། ཞེས་པ་ཡིན། གཞན་འཇའ་ཤར་བ་ལ་ངོ་མཚར་མི་ཆེ་ཡང་། སྤར་དུ་འདབ་མ་བརྒྱད་འཐོན་ཡོད་པ་དེ་ལ་ངོ་མཚར་ཅན་ཇི་ལྟར་བྱུང་བ་ཞིག་ཡིན་ཞེས་བདག་གི་སེམས་ལ་ཤེས་འདོད་ཅིག་ཡོད། འདི་ལ་རིགས་པ་དང་ལྡན་པའི་ལན་གསལ་པོ་རྒྱབ་མཁན་ཡོད་ན། འགྲོ་བ་མི་རིགས་ཀྱི་བློ་གྲོས་རྒྱས་པ་ལ་ཕན་ངེས་སོ།/Users/lozangjamspal/Desktop/Areeratana cloud rainbow.jpg
iANS news New Delhi may 18, 2014 Buddhist monk suicide བྱས་པ་ཞིག་གནས་ཚུལ་འདུག་གནས་ཚུལ་དར་མཁྱེན་མཁན་ཡོད་ན་གསུང་གནང་རོགས།
སྙན་དངགས་སྐབས་སུ། ཉི་མར་རྟ་བདུན་དབང་པོ་ཟེར་བ་ལྟར། རྟ་བདུན་ཡོད་མདོག་ཁ་པོ་མི་འདུག་ཀྱང་། འཇའ་ཚོན་ལྟར་ཚོན་སྣ་བདུན་ཡོད་པར་ངེས་སོ། །
ཀརྡོ་ལགས་དེ་འདྲ་མ་གསུངས། མངོན་བརྗོད་དེ་ཚོ་ལའང་དགོངས་པ་བཞེས་དགོས། ཉི་མར་རྟ་བདུན་ཟེར་བ་ནི་ཉི་མར་རླུང་རྟ་བདུན་བརྩི་རུ་ཡོད་པའི་སྐད་ཆ་རེད། དེ་མིན་ཉི་མར་འོད་ཁ་དོག་བདུན་ཡོད་ན་ཟླ་བ་ལའང་ཡོད་དགོས། མ་གཞི་ནས་འཇའ་ཚོན་ཁ་དོག་བདུན་ཟེར་བ་ཞིག་གོ་མ་མྱོང། འོད་ལྔ་ཟེར་དྲུག་ཅེས་པ་ལས་དེ་ལས་ལྷག་པའི་ཁ་དོག་མ་གོ
ང་ཚོའི་ཁ་སྐད་ལ་འདི་ལ་ཉི་གུར་ཕུབ་ཟེར། མཚོན་རྟགས་བཟང་ངན་འདྲ་ཅི་ཡང་བཤད་སྲོལ་མེད་བསམ། ཉི་མས་ཉི་གུར་ཕུབ་ན་ཉིན་གཅིག་དྲོ།།ཉིན་གཅིག་མི་བདེ་ཟླ་གཅིག་དྲོ།།ཟླ་བས་ཟླ་གུར་ཕུབ་ན་ཟླ་གཅིག་དྲོ།།ཟླ་གཅིག་མི་བདེན་ཉིན་གཅིག་དྲོ།།ཟེར་ནས་ཉི་གུར་ཕུབས་པ་ནི་གནམ་གཤིས་ཡག་པོ་ཡོང་བའི་སྔ་ལྟས་ཡིན་ཟེར་སྲོལ་འདྲ་ཞིག་དྲན་གྱིན་འདུག
# 13 བན་དེ་བ།་ལགས་ཀྱིས། ཉི་མའི་རྟ་བདུན་པོའི་མིང་དང་ཁ་མདོག་ཅིག་གསུང་དང་། དེ་མིན་ན། སྒྲོ་བཏགས་དང་གཏམ་རྒྱུད་ཀྱི་རྗེས་སུ་མ་རྒྱུགས།
གྲོགས་ངན་འགྲོགས་ན་བདུད། ཅེས་བཤད་པ་བཞིན་དེང་སང་དགེ་བརྙེན་ཀརྡོ་ལགས་ཀྱང་དྲེགས་པ་ཞིག་ཏུ་གྱུར་འདུག རྟ་བདུན་ནི། རླུང་དང། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་དང་བདུན་ནོ། དེ་བདུན་ལ་ཉི་མ་འདྲེན་པའི་རླུང་རྟ་བདུན་ཅེས་ཀྱང་བརྗོད། ཡང་ཁ་བརྡའི་དག་ཆའི་ཞུས་དག་པ་ལ་ཞུས་དག་ཅིག་གཏོང་དགོས་པ་བྱུང་སོང། ༼ཁ་མདོག་མ་རེད།༽ ཁ་དོག་རེད། ཁ་མདོག་ཟེར་ན་ངོ་མདོག་རེད། ངོ་མདོག་ཟེར་ན་དང་པོ་མི་ཡིས་བྱས་པར་སྐྱོན་འདོགས་བྱས། དེ་ནས་ཚུར་རང་ལ་སྐྱོན་འགེལ་བྱེད་དུས་རང་གི་ཁ་མདོག་ལོག་སོང་བ་ལྟ་བུ་རེད། རྟ་བདུན་པོའི་ཁ་དོག་དེ་ཚོ་ཅི་ཞིག་ཡིན་མིན་ཤེས་དགོས་ན་ད་དུང་རིས་སུ་མ་ཕྱེ་བའི་གཞུང་ལུགས་རྒྱ་མཚོར་ཐོས་བསམ་བྱོས། ཡང་མིན་ན་ང་ལ་ཕྱག་འབུམ་གཅིག་བཙལ་ཐུབ་ན་ཞུས་ཆོག དེ་མིན་དཀའ་བ་མ་སྤྱད་བྱ་རྒོད་གསེར་རིར་ཕྱིན་པ་འདྲ་ཞིག་ཡོང། ད་སྒྲོ་བཏགས་གཏམ་རྒྱུད་རེད་འདུག་གམ་གྲོགས་པོ་ལགས། ཡང་ཁ་ངན་པ་འདི་ངན་ལང་དུ་ཤོར་ནས་ཅིག་ཤོར་སོང་དགོངས་པ་མི་འཚོམས་རོགས་ཞུ། སྐུ་རྩེད་ཞུས་ཡིན།
ལྟས་བཟང་གཅིག་ཏུ་བརྩི་བཞིན་ཡོད། ཅིའི་ཕྱིར་ན། དེ་ལྟར་བརྩིས་ན་སེམས་གནས་སྐབས་རིང་ལྷོད་དུ་བབ་པའི་གྲོགས་སུ་འགྱུར་གྱི་འདུག །
བན་དེ་བ་མཆོག་གིས། བོད་ཡི་གེའི་དག་ཆ་ལ་ལྷག་བསམ་རྣམ་པར་དག་ཡོད་པ་ཀ་རྡོ་གཉེར་ཕྱག་པའི་ཁ་མདོག་ལ་ཁ་དོག་ཅེས་ཞུས་དག་མཛད་པར་ཨ་མིའི་བུ་ཡིན་པར་མཐོང་ཡང་། དོན་ལ་ཁ་མདོག་ཅེས་ཡིན་ཀྱང་། ཡི་གེའི་ཟོར་ཡངས་པའི་ཕྱིར་དུ། ཁ་དོག ཅེས་བྲིས་པར་མངོན། ལ་དྭགས་པའི་ཁ་སྐད་དུ། ཁ་མདོག ཅེས་མདོག་གི་སྔོན་འཇུག་མ་གསལ་བར་འདོན་ཏེ། བདག་བྱིས་པའི་སྐབས་སུ། ངའི་ཕས་མི་དེ་ཁ་མདོག་ཅན་ཞིག་འདུག ཅེས་མི་གཞན་དག་དང་གཏམ་བྱེད་པ་ཐོས་པ་དེ་སྒྲོ་བཏགས་མེད་པ་དངོས་མ་ཡིན། དེ་བཞིན་རྟ་བདུན་དབང་པོ་ཡང་མངོན་བརྗོད་འཆི་མེད་མཛོད་ན་བཤད་པ་ལྟར་ཉི་མའི་རྣམ་གྲངས་དེ་དག་ལ་བོད་ཀྱིས་འགྲེལ་བཤད་མཛད་པས་བོད་ཀྱི་རིག་པ་རྒྱས་པའི་གྲོགས་སུ་འགྱུར་རོ།
རྒན་ལ་དྭགས་པ་དགུང་ན་མཐོན་པོ་དེ་འདྲར་ཕེབས་དུས་ཀྱང་ངེད་བྱིས་པ་སྣབས་ཚར་མཉམ་དུ་བཀའ་མོལ་གནང་བར་ཕེབས་པར་རྗེས་སུ་ཡི་རངས་ཞུ། ཁ་དོག་དང་ཁ་མདོག་གཉིས་འདྲ་མཚུངས་མ་རེད། བོད་སྟོད་ཕྱོགས་ཀྱི་ཁ་སྐད་དུའང་་་་མི་དེའི་ངོམ་མདོག་ལ་ལྟོས་དང་་་་་མི་དེའི་ཁམ་མདོག་བཟང་བ་ལ་གཅིག་གཟིགས་དང། མི་དེའི་ངོམ་མདོག་ལོག་འདུག མི་དེའི་ངོམ་མདོག་ཤོར་འདུག་ཅེས་ཟེར། བྱས་ཙང་ཚིག་འོག་མའི་ཡི་གེ་སྔོན་འཇུག་ལ་མ་ཡོད་པའི་རྒྱུ་མཚན་གྱིས་སྒྲ་གདངས་དེ་སྔོན་ལ་ཐོན་ཡོང་གི་ཡོད། དཔེར་ན། རྒྱ་མཚོ་ལ་་་་རྒྱམ་མཚོ་་དང། བློ་བཟང་ལ་་་་བློབ་བཟང་ཞེས་སྒྲ་ཐོན་པ་ནང་བཞིན་རེད། དེ་བཞིན་ལ་བཙས་ལ་་་་ལབ་བཙས་ཞེས་སྒྲ་ཐོན་བཞིན་ཡོད་མོད་དེང་སང་ས་གནས་ནས་ས་གནས་སུ་བསྐྱོད་མྱོང་མེད་པ་མི་དང་མི་ཐུག་ནས་སྐད་ཆ་ཤོད་ལོང་མེད་པར་་་་་ཚིག་ཙམ་ལ་གོ་བ་རགས་པ་རེ་བླང་ནས་འགྲེལ་བཤད་ཡ་ཆའོ་བྱེད་བཞིན་འདུག དཔེར་ན། ལ་རྩེ་དཔེ་མཛོད་་་ཅེས་པ་ལྟ་བུའོ། ཁ་དོག་ལ་ཁ་དོག་རང་ཤོད་པ་ལས་ཁམ་མདོག་གམ་ཁ་མདོག་ཅེས་པའི་སྒྲ་ཡོང་གི་ཡོད་པར་མ་ཐོས། དཔེར་ན། བུམ་པའི་ཁ་དོག་ཅེས་ཤོད་པ་ལས་་་བུམ་པའི་ཁམ་མདོག་ཅེས་བཤད་ཀྱི་མེད།
བུམ་པའི་ཁ་དོག་པོ་དང་། བུམ་པའི་ཁ་དོག་གཉིས་ནོར་ཉེན་ཆེ་བས། བུམ་པའི་ཁ་མདོག་རང་ཁྭངས་བཙན་པ་དང་། གོ་ནོར་མི་ཐེབས་པའི་ཁྱད་ཡོད། བན་དེ་བ་ལགས།
རྟ་བདུན་ནི། རླུང་དང། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་དང་བདུན་ནོ། དེ་བདུན་ལ་ཉི་མ་འདྲེན་པའི་རླུང་རྟ་བདུན་ཅེས་ཀྱང་བརྗོད། ་་་ཞེས་པ་ལྟར། དེ་དག་རྟ་བདུན་དུ་སྒྲས་བརྗོད་པ་ལས། དེ་དག་རྟ་མིན་པ་མིག་གིས་མཐོང་བ་མངོན་སུམ་ཚད་གྲུབ་མིན་ནམ། བན་དེ་བ་ལགས།
ཁ་བརྡ་དེར་བསམ་ཤེས་ཟེར་མཁན་དེ་མེད་ན་དྲ་འབུ་ཚོ་མགོ་འབུར་རྐྱང་རེད། ཕོ་ཁྱོ་ཁ་བསམ་ཤེས་ལོ་ལོ་དེ་ངོ་མ་འཇིགས་ཡ། ཁོང་ངོ་ཤེས་མཁན་ཚོས་ངོ་སྤྲོད་ཅིག་བྱོས་ཡ།
བན་དེ་བ་མཆོག་གིས། “ཁ་དོག་དང་ཁ་མདོག་གཉིས་འདྲ་མཚུངས་མ་རེད། བོད་སྟོད་ཕྱོགས་ཀྱི་ཁ་སྐད་དུའང་་་་མི་དེའི་ངོམ་མདོག་ལ་ལྟོས་དང་་་་་མི་དེའི་ཁམ་མདོག་བཟང་བ་ལ་གཅིག་གཟིགས་དང། མི་དེའི་ངོམ་མདོག་ལོག་འདུག མི་དེའི་ངོམ་མདོག་ཤོར་འདུག་ཅེས་ཟེར། བྱས་ཙང་ཚིག་འོག་མའི་ཡི་གེ་སྔོན་འཇུག་ལ་མ་ཡོད་པའི་རྒྱུ་མཚན་གྱིས་སྒྲ་གདངས་དེ་སྔོན་ལ་ཐོན་ཡོང་གི་ཡོད། དཔེར་ན། རྒྱ་མཚོ་ལ་་་་རྒྱམ་མཚོ་་དང། བློ་བཟང་ལ་་་་བློབ་བཟང་ཞེས་སྒྲ་ཐོན་པ་ནང་བཞིན་རེད།” འདི་ལྟར་བྲིས་པ་ནི། དོན་དངོས་མ་ངེས་པར་རང་གི་རྣམ་རྟོག་ཙམ་ལས་བོད་མཁས་པ་དག་གི་ལུགས་ལས་རྒྱང་རིང་དུ་ཡོད་པས། ཁོ་བོས་གཏན་ནས་ཁས་མི་ལེན། ་ བླུན་པོས་ནོར་ན་ཁྲུ་གང་། མཁས་པས་ནོར་ན་འདོམས་གང་། ་ དེ་ཉིད་ནི། དེ་ཉིད་ནི་སྔོན་བོད་ཡིག་བཟོ་དུས། སྔོན་རྗེས་མགོ་ཅན་རྣམས་ཀྱི་ཡི་གེ་དག་ཟུར་ཕྱིན་པར་བོད་དེ། འབྲི་བ་ན་ཡང་དག་པ་བྱུང་། ཕྱིས་སུ་སྒྲ་སྐད་འགྱུར་བའི་དབང་གིས་སྔོན་རྗེས་མགོ་ཅན་རྣམས་ཀྱི་ཡི་གེའི་སྒྲ་གདངས་འཐོན་པ་མེད་པར་རྣ་བའི་མངོན་སུམ་གྱིས་གྲུབ་ཀྱང་། བོད་ལ་མཁོ་བའི་རིག་གཞུང་སྐད་ཀྱི་ཡི་གེ་རྣམས་གནས་དགོས་པར་གཟིགས་ནས། རྗེ་བཙུན་བསོད་ནམས་རྩེ་མོས། བོད་ཀྱི་བཀླག་ཐབས་མཛད། དེ་ན། ་ ཚེག་བར་གཅིག་ན་ཡི་གེའི་གྲངས། དུ་ཡོད་དེ་དག་ཐམས་ཅད་ཀྱིས། གུག་ཀྱེད་མཉམ་པར་ཐོབ་པ་ཡིན། ཞེས་པར་སྒྲའི་ཟུར་འཐོན་དགོས་པར་བསྟན། དིང་སང་། ཨམ་མདོ་ཞེས་པ་ཡང་། མདོ། ཞེས་པའི་སྔོན་འཇུག་འབོད་མ་ཤེས་པར་དེ་ལྟར་བྱུང་བ་བོད་ཀྱི་སྐད་འགྲོ་སྟངས་ལ་མཁས་པ་དགེ་འདུན་ཆོས་འཕེལ་གྱིས་གསུངས། ཚིག་སྔ་ཕྱི་མཚམས་སྦྱོར་བ་ན། མིང་ཚིག་ཕྱི་མའི་སྔོན་འཇུག་གསལ་བར་འཐོན་པ་ནི། མི་དེའི་ངོ་མདོག་ལ་ལྟོས་དང་་་་་མི་དེའི་ཁ་མདོག་བཟང་བ་ལ་གཅིག་གཟིགས་དང། མི་དེའི་ངོ་མདོག་ལོག་འདུག མི་དེའི་ངོ་མདོག་ཤོར་འདུག་ཅེས་ཟེར། ་ ་ དེ་ལྟར་མངོན་སུམ་ཚད་གྲུབ་ལ་འགོངས་ཏེ། དཔེར་ན། རྒྱ་མཚོ་ལ་་་་རྒྱམ་མཚོ་་དང། བློ་བཟང་ལ་་་་བློབ་བཟང་ཞེས་སྒྲ་ཐོན་པ་ནང་བཞིན་རེད ཞེས་སོགས་ལ་ཐུགས་བསམ་བསྐོར་ལ་ཞིབ་ཏུ་བརྟག་དགོས་པར་མཐོང་ངོ་།
བསམ་བློ་མཐིལ་ཕྱིན་བཏང་ཚར་ནས་བཤད་ཡོད། ངོ་མདོག་ཟེར་དུས་མི་དེའི་ངོ་ཁ་དོག་ལ་བཤད་ཀྱི་ཡོད་པ་མ་རེད་མི་དེའི་ངོ་གདོང་གི་རྣམ་འགྱུར་དང་ངོ་གདོང་གི་ནུས་པའི་རང་བཞིན་ཅན་ཅིག་ལ་བཤད་ཀྱི་ཡོད་རེད། རྒྱ་མཚོ་ལ་རྒྱམ་མཚོ་ཞེས་བཀླག་པར་ཁྱེད་ཀྱིས་དེ་ནོར་བ་རེད་ཟེར་དེ་འདྲ་གསུང་མི་ཉན། མཁས་པས་འཆུགས་ན་འདོམ་གང། བླུན་པོས་འཆུགས་ན་མཐོ་གང་ཟེར་བ་དངོས་བདེན་རེད། རྒྱལ་རོང་པས་ཡི་གེ་ཀློག་དུས་་་སྔོན་མཇུག་དང་མིང་གཞི་རྗེས་མཇུག་ཆ་ཚང་བར་ཀློག་གི་ཡོད་འདུག དེ་ལ་ཀློག་སྟངས་ནོར་བ་མི་ཟེར་བར་ཀློག་སྟངས་དག་པར་ཀློག་གི་འདུག་ཅེས་བརྗོད་དགོས། དཔེར་ན་དབྱིན་ཡིག་ཀློག་དུས་དུས་གསུམ་མ་ནོར་བར་ཀློག་གི་ཡོད། དེ་ལྟ་བུ་རེད། རྒན་ཁྱེད་རྟོག་གེ་མགོ་མཁྲེགས་ཞིག་ཡིན་པ་འདྲ། རང་གི་དེ་ལས་གཞན་གྱིས་བཤད་པ་དེ་ཚོ་ཐམས་ཅད་ནོར་བར་བརྩི་བཞིན་འདུག
རྒན་ཁྱེད་རྟོག་གེ་མགོ་མཁྲེགས་ཞིག་ཡིན་པ་འདྲ། ་ ས་མཐར་དམིགས་བསལ་ཞེས་མ་གཏོགས། ཤིང་ཤིག་ཤེའོ་ཤེ་ན་ཐོབ། རང་གི་དམ་བཅའ་འཛིན་པ་ལ། རྟོག་གེ་མགོ་མཁྲེགས་བན་དེ་བ།། ་ ནོར་དང་འཆུགས་ལ་གོ་དོན་མི་འདྲ་བ་ཡོས་དམ། དེ་ཡང་འཆུག། འཕྱུགས། ཕྱི་་ལོགས་པ་མཁས་པ་དག་གིས་བྱས་པའི་བོད་ཨིན་ཚིག་མཛོད་ན་གསལ་བ་ལས། ཕྱི་མ་དེ་ལ་བསམ་བློ་གཏོང་ཐུབ་པ་ཞིག་མཆིས། ནོར་དང་ཕྱུགས་གཉིས་ཀ་ལ་སྐབས་འགར་གོ་དོན་གཅིག་པར་འོང་ངོ་སྙམ། དོན་མ་འགྲིག་པར་བྱེད་པ་ལ། ནོར་རམ། ཕྱུགས། ཞེས་པ་ནི་དུད་འགྲོ་ལྟར་སྤྱོད་པའི་དོན་དུ་གོའོ། དེ་ཡང་སྐབས་ཀྱི་དབང་གིས། གསེར་དངུལ་སོགས་་ནོར་ཡིན་ཀྱང་། ཕྱུགས་མ་ཡིན་པ་ནི་བླུན་པོས་ཀྱང་གོ་ཐུབ། འོན་ཀྱང་། འོན་ཀྱང་དངུལ་མང་པོ་ཡོད་མཁན་ལ་ཕྱུག་པོ་ཟེར། འོན་ཀྱང་། ཕྱུགས་མང་པོ་ཡོད་པ་ལ་ཕྱུག་པོ་ཞེས་ཐོག་མར་མིང་ཆགས་པ་མ་ཡིན་ནམ།
ཉི་ཟླའི་འོད་གོར་རང་བྱུང་རྟེན་འབྲེལ་ལས་བྱུང་བ་རེད
ཉི་མའི་འོད་གོར་ལ་མཚོན་རྟགས་ལོས་ཡོད། དེ་ལ་ཁ་དོག་སྣ་ལྔ་དང་ལྡན་པ་ཞིག་ཡོད། དེ་ནི་དཀར་ལྗང་དམར་སྔོ་སེར་ལྔ་རེད། ནམ་མཁར་འབྱུང་བ་ལྔ་ཡོད་པར་མཚོན་རྟགས་རེད། གཞན་ཡང་ཉི་མར་འོད་གོར་ཤར་བ་དེ་ནི་ཉི་མ་གཅིག་དང་གཉིས་ཀྱི་ནང་ཚུད་ལ་འཆར་བ་འབབ་པའི་རྟགས་རེད། གཞན་ཡང་ས་གཞི་རླན་ཤས་ཆེ་དུས་དང་ནམ་མཁར་སྤྲིན་དང་ཁུ་རླངས་སོགས་ཀྱི་གཞའ་ཚོན་ཡོད་ནའང་འོད་གོར་འབྱུང། གཞན་ཡང་གཏོ་ཆོག་སོགས་ལས་པྲ་ལྟས་བཟང་ངན་གྱི་རྟགས་མཚན་ཡོད་རབས་མང་པོ
འདུག དེ་ཚོ་ནས་ལུང་འདྲེན་བྱེད་རྒྱུར་དགོས་པ་མ་མཐོང།
རྟེན་འབྲེལ་བཟང་པོ་རེད། མདོར་བསྡུས་ནས་བཤད་ན་བོད་དོན་བདེན་མཐའ་གསལ་བ་དང་། གཞིས་བྱེས་མཉམ་འཛོམས་ཡོང་བའི་རྟེན་འབྲེལ་རེད། ངོ་མ་ཡིན། ནོར་མེད། འཕྱུགས་མེད། ཏན་ཏན་ཡིན། དཀོན་མཆོག
བཀའ་འགྱུར་དཔེ་ན་་་་
ཚན་རིག་པས་བཤད་ན། ནམ་མཁར་རླན་གཤེར་གྱི་ཆ་ཤས་མཐུག་པས། དེ་ལ་ཉི་ཟེར་ཕོག་སྐབས་མཚོན་གདངས་དེ་དག་བྱུང་རབས་བཤད། བཟང་ངན་ཅང་རེད་མིན་འདུག
ནང་པའི་ཁུངས་ལྡན་གྱི་ཡིག་ཆ་གཙོ་བོ་དེ་དག་ལ་ཡང་ཉི་གུར་དང་མཇའ་མཚོན་སོགས་ལ་འདི་ཙམ་གལ་ཆེན་པོ་མི་འཛིན། དཔེར་ན། སྟོན་པའི་གསུང་མ་ཕྱི་ཆོས་ཀྱི་ཚིགས་སུ་བཅད་པའི་མདོ་དང་། ཤེར་ཕྱིན་ལ་སོགས་པའི་ནང་ལ་འདི་དག་གཙིགས་ཆེན་པོ་མི་འཛིན། དེ་བཞིན་ན་ལེན་ཌའི་མཁས་པ་ཚོའི་གསུང་ལ་ཡང་དེ་དག་ལ་གཙིགས་ཆེན་པོ་མི་འཛིན། ཇོ་བོ་བཀའ་གདམས་པ་དང་། ཞི་བྱེད་སོགས་སུ་འདི་དག་གཙིགས་ཆེན་པོ་མི་འཛིན། སྤྲོས་མེད་རྫོགས་ཆེན་གྱི་སྣང་བ་སྟོང་པའི་རོ་ལ་ལྟ་བའི་ཟབ་ཆོས་ལ་ཡང་དེ་དག་གཙིགས་ཆེན་པོ་མིན། ཕྱག་ཆེན་སངས་རྒྱས་སྦར་འཆང་གི་རྟོགས་པར་རྟགས་འདི་དག་སྣང་བ་ཁོ་ན་ཡིན།
འོ་ན་འདི་དག་གཙིགས་ཆེན་པོར་འཛིན་མཁན་གཙོ་བོ་ནི། ནང་རྣལ་འབྱོར་གྱི་གདེངས་དང་མི་ལྡན་པའི་དམ་ཆོས་ཁ་ལ་ཤོར་སོང་མཁན་གྱི་རྒྱ་བླ་དེ་ཚོ་དང་། རྨོངས་དད་ལམ་ལ་ཁྱེར་མཁན་གྱི་འཇིག་རྟེན་ཆོས་བརྒྱད་ཀྱི་གཡོག་འཁོར་བྲན་ཚོགས་དེ་ཚོ། དེ་བཞིན་སངས་རྒྱས་ཀྱི་ཆོས་ལ་རྨ་ཁ་ཟབ་མོ་སྦྱིན་མཁན་གྱི་འཇིག་རྟེན་དྲེགས་པའི་ལྷ་ལ་སྐྱབས་འོས་སུ་བརྟེན་མཁན་ཚོས་མཇའ་དང་འོད་དང་། སྐར་མ་དང་། ས་དང་གཉིད་ལམ་དང་། རྟགས་དང་། མཚན་མ་དང་། ཁུ་བ་དང་། ཐིག་ལེ་དང་། ཨ་སྒོར་དང་། ཡུ་སྒོར་དང་། ཆོས་ཆོགས་ཁང་པ་དང་། ཕྱི་རྒྱལ་གྱི་སྟུ་རྐུབ་དང་། གྲྭ་བཙུན་གྱི་བརླ་ཤ་དང་། ཕྱུག་པོའི་ཕ་གཞིས་དང་། དབུལ་པོའི་བརྔུལ་ཁྲག་ལ་བརྔམས་པའི་བྲན་པོ་ཚོས་འདི་དག་ལ་དོ་སྣང་ཆེན་པོ་བྱེད་དོ། རྒྱུ་མཚན་ནི། བླ་རྫུན་གྲ་རྫུན་དེ་ཚོར་མཚོན་གདངས་ལ་འབྲེལ་བཤད་རྒྱག་པ་ལས་གཞན་གྱི་ཡོན་ཏན་དང་ཤེས་བྱ་མེད་པའོ།
སྤྲོས་མེད་རྫོགས་ཆེན་གྱི་ཐོད་རྒལ་གྱི་སྐབས་སུ་ཉི་ཁྲིད་དང་སྣང་བཞི་ལས་སོགས་འོད་གསལ་གྱི་སྣང་བ་འཆར་བ་སོགས་མེད་དམ།
མཇའ་ལུས་འོད་སྐུར་དེངས་ཟེར་ནས་རྙིང་མའི་རྫོགས་ཆེན་གྱི་གདམ་པ་ལོ་རྒྱུས་མང་པོའི་ནང་དུ་འདུག དེ་ནི་སྐུ་གསུམ་གྱི་གོ་འཕང་བརྙེས་པའི་རྟགས་མཚན་དུ་བཤད་འདུག
བན་དེ་ལགས། ནམ་མཁར་རླན་གཤེར་འཁྲིགས་པའི་གོང་བུར་འོད་ཟེར་ཕོག་པའི་མདོག་དེ་གཉུག་མ་འོད་གསལ་གྱི་སྣང་བ་མཚོན་པར་གོ་རྒྱུ་ཡིན་ནམ།
མཇའ་ལུས་འོད་སྐུར་དེངས་བའི་འབྲས་བུ་དེ་ཉི་གུར་ཡིན་ན། སངས་རྒྱས་པར་སྔོན་ལ་ལུས་དེ་རླན་གཤེར་དུ་འགྱུར། དེ་ནས་དེ་ལ་འོད་ཕོག་དགོས་ཀྱི་འདུག འདི་འདྲ་རེད་པས། རྙིང་མའི་ཨ་ཏིའི་ལུགས་ཀྱི་འོད་གསལ་འཆར་སྟངས་དང་གསར་མའི་བླ་མེད་ལུགས་ཀྱི་འོད་གསལ་འཆར་སྟངས་ཚང་མར་འབྱུང་བཞི་བྱང་དགོས་ཀྱི་འདུག རླན་གཤེར་ལ་འོད་ཕོག་པའི་གདངས་དེ་འོད་གསལ་ལ་རྩི་བར་མི་བྱེད།
བོན་གྱི་རྫོགས་ཆེན་ནང་གི་འོད་གསལ་འཆར་སྟངས་ཀྱི་འགྲེལ་བ་ཞིབ་ཕྲ་ཞིག་སྐྱོན་རོགས།
༄། བདེན་པ་ཉིད་རྒྱལ་བར་ཤོག། བོད་འདིར་སྨོང་དད་དང་མགོ་སྐོར་འོག་ལས་ཐར་པ་ཤོག། ད་དུང་ཡང་ཟླ་བའི་ངོགས་ལ་༧གོང་ས་མཆོག་མཐོང་ཟེར་བའི་སྨྱོ་ལབ་མང་པོ་འདས་ཟིན།
༢༠༡༢་ལོར་རྙིང་མ་པ་བླ་མ་རིན་ཆེན་གྱི་སློབ་མ་ཁ་ཤས་ཡུལ་སྔོ་བསངས་ཀྱི་པག་ཐོང་ཆ་ཞེས་པར་བསྐྱོད་པ་ན། གནས་བརྟན་སྡེ་པའི་དགོན་པ་ཞིག་མཇལ་དུས་། ཉི་མའི་དཀྱིལ་འཁོར་ལ་འཇའ་ཤར་བ་དེ་ཉིད་ཀྱི་སྤར་བླངས། སྤར་ལེན་པ་པོ། སྐུ་ཆོས་ལ་དད་པ་ཉ་སོགས་ཚེ་ཐར་གཏོང་མཁན། ཨོ་རི་ར་ཏ་ན། ཞེས་པ་ཡིན། གཞན་འཇའ་ཤར་བ་ལ་ངོ་མཚར་མི་ཆེ་ཡང་། སྤར་དུ་འདབ་མ་བརྒྱད་འཐོན་ཡོད་པ་དེ་ལ་ངོ་མཚར་ཅན་ཇི་ལྟར་བྱུང་བ་ཞིག་ཡིན་ཞེས་བདག་གི་སེམས་ལ་ཤེས་འདོད་ཅིག་ཡོད། འདི་ལ་རིགས་པ་དང་ལྡན་པའི་ལན་གསལ་པོ་རྒྱབ་མཁན་ཡོད་ན། འགྲོ་བ་མི་རིགས་ཀྱི་བློ་གྲོས་རྒྱས་པ་ལ་ཕན་ངེས་སོ།/Users/lozangjamspal/Desktop/Areeratana cloud rainbow.jpg
iANS news New Delhi may 18, 2014
Buddhist monk suicide བྱས་པ་ཞིག་གནས་ཚུལ་འདུག་གནས་ཚུལ་དར་མཁྱེན་མཁན་ཡོད་ན་གསུང་གནང་རོགས།
སྙན་དངགས་སྐབས་སུ། ཉི་མར་རྟ་བདུན་དབང་པོ་ཟེར་བ་ལྟར། རྟ་བདུན་ཡོད་མདོག་ཁ་པོ་མི་འདུག་ཀྱང་། འཇའ་ཚོན་ལྟར་ཚོན་སྣ་བདུན་ཡོད་པར་ངེས་སོ། །
ཀརྡོ་ལགས་དེ་འདྲ་མ་གསུངས། མངོན་བརྗོད་དེ་ཚོ་ལའང་དགོངས་པ་བཞེས་དགོས། ཉི་མར་རྟ་བདུན་ཟེར་བ་ནི་ཉི་མར་རླུང་རྟ་བདུན་བརྩི་རུ་ཡོད་པའི་སྐད་ཆ་རེད། དེ་མིན་ཉི་མར་འོད་ཁ་དོག་བདུན་ཡོད་ན་ཟླ་བ་ལའང་ཡོད་དགོས། མ་གཞི་ནས་འཇའ་ཚོན་ཁ་དོག་བདུན་ཟེར་བ་ཞིག་གོ་མ་མྱོང། འོད་ལྔ་ཟེར་དྲུག་ཅེས་པ་ལས་དེ་ལས་ལྷག་པའི་ཁ་དོག་མ་གོ
ང་ཚོའི་ཁ་སྐད་ལ་འདི་ལ་ཉི་གུར་ཕུབ་ཟེར། མཚོན་རྟགས་བཟང་ངན་འདྲ་ཅི་ཡང་བཤད་སྲོལ་མེད་བསམ། ཉི་མས་ཉི་གུར་ཕུབ་ན་ཉིན་གཅིག་དྲོ།།ཉིན་གཅིག་མི་བདེ་ཟླ་གཅིག་དྲོ།།ཟླ་བས་ཟླ་གུར་ཕུབ་ན་ཟླ་གཅིག་དྲོ།།ཟླ་གཅིག་མི་བདེན་ཉིན་གཅིག་དྲོ།།ཟེར་ནས་ཉི་གུར་ཕུབས་པ་ནི་གནམ་གཤིས་ཡག་པོ་ཡོང་བའི་སྔ་ལྟས་ཡིན་ཟེར་སྲོལ་འདྲ་ཞིག་དྲན་གྱིན་འདུག
རེད་རེད་ང་ཚོའི་ཁ་སྐད་དུའང་ཉི་གུར་ཕུབ་ཅེས་ཉི་མའི་གུར་ཁང་ཟེར་
ཡང་ཉི་ཁྱིམ་ཀྱང་བརྗོད།
# 13 བན་དེ་བ།་ལགས་ཀྱིས།
ཉི་མའི་རྟ་བདུན་པོའི་མིང་དང་ཁ་མདོག་ཅིག་གསུང་དང་། དེ་མིན་ན། སྒྲོ་བཏགས་དང་གཏམ་རྒྱུད་ཀྱི་རྗེས་སུ་མ་རྒྱུགས།
གྲོགས་ངན་འགྲོགས་ན་བདུད། ཅེས་བཤད་པ་བཞིན་དེང་སང་དགེ་བརྙེན་ཀརྡོ་ལགས་ཀྱང་དྲེགས་པ་ཞིག་ཏུ་གྱུར་འདུག
རྟ་བདུན་ནི། རླུང་དང། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་དང་བདུན་ནོ། དེ་བདུན་ལ་ཉི་མ་འདྲེན་པའི་རླུང་རྟ་བདུན་ཅེས་ཀྱང་བརྗོད།
ཡང་ཁ་བརྡའི་དག་ཆའི་ཞུས་དག་པ་ལ་ཞུས་དག་ཅིག་གཏོང་དགོས་པ་བྱུང་སོང།
༼ཁ་མདོག་མ་རེད།༽ ཁ་དོག་རེད། ཁ་མདོག་ཟེར་ན་ངོ་མདོག་རེད། ངོ་མདོག་ཟེར་ན་དང་པོ་མི་ཡིས་བྱས་པར་སྐྱོན་འདོགས་བྱས། དེ་ནས་ཚུར་རང་ལ་སྐྱོན་འགེལ་བྱེད་དུས་རང་གི་ཁ་མདོག་ལོག་སོང་བ་ལྟ་བུ་རེད། རྟ་བདུན་པོའི་ཁ་དོག་དེ་ཚོ་ཅི་ཞིག་ཡིན་མིན་ཤེས་དགོས་ན་ད་དུང་རིས་སུ་མ་ཕྱེ་བའི་གཞུང་ལུགས་རྒྱ་མཚོར་ཐོས་བསམ་བྱོས། ཡང་མིན་ན་ང་ལ་ཕྱག་འབུམ་གཅིག་བཙལ་ཐུབ་ན་ཞུས་ཆོག དེ་མིན་དཀའ་བ་མ་སྤྱད་བྱ་རྒོད་གསེར་རིར་ཕྱིན་པ་འདྲ་ཞིག་ཡོང། ད་སྒྲོ་བཏགས་གཏམ་རྒྱུད་རེད་འདུག་གམ་གྲོགས་པོ་ལགས། ཡང་ཁ་ངན་པ་འདི་ངན་ལང་དུ་ཤོར་ནས་ཅིག་ཤོར་སོང་དགོངས་པ་མི་འཚོམས་རོགས་ཞུ། སྐུ་རྩེད་ཞུས་ཡིན།
ལྟས་བཟང་གཅིག་ཏུ་བརྩི་བཞིན་ཡོད། ཅིའི་ཕྱིར་ན། དེ་ལྟར་བརྩིས་ན་སེམས་གནས་སྐབས་རིང་ལྷོད་དུ་བབ་པའི་གྲོགས་སུ་འགྱུར་གྱི་འདུག །
བན་དེ་བ་མཆོག་གིས། བོད་ཡི་གེའི་དག་ཆ་ལ་ལྷག་བསམ་རྣམ་པར་དག་ཡོད་པ་ཀ་རྡོ་གཉེར་ཕྱག་པའི་ཁ་མདོག་ལ་ཁ་དོག་ཅེས་ཞུས་དག་མཛད་པར་ཨ་མིའི་བུ་ཡིན་པར་མཐོང་ཡང་། དོན་ལ་ཁ་མདོག་ཅེས་ཡིན་ཀྱང་། ཡི་གེའི་ཟོར་ཡངས་པའི་ཕྱིར་དུ། ཁ་དོག ཅེས་བྲིས་པར་མངོན། ལ་དྭགས་པའི་ཁ་སྐད་དུ། ཁ་མདོག ཅེས་མདོག་གི་སྔོན་འཇུག་མ་གསལ་བར་འདོན་ཏེ། བདག་བྱིས་པའི་སྐབས་སུ། ངའི་ཕས་མི་དེ་ཁ་མདོག་ཅན་ཞིག་འདུག ཅེས་མི་གཞན་དག་དང་གཏམ་བྱེད་པ་ཐོས་པ་དེ་སྒྲོ་བཏགས་མེད་པ་དངོས་མ་ཡིན།
དེ་བཞིན་རྟ་བདུན་དབང་པོ་ཡང་མངོན་བརྗོད་འཆི་མེད་མཛོད་ན་བཤད་པ་ལྟར་ཉི་མའི་རྣམ་གྲངས་དེ་དག་ལ་བོད་ཀྱིས་འགྲེལ་བཤད་མཛད་པས་བོད་ཀྱི་རིག་པ་རྒྱས་པའི་གྲོགས་སུ་འགྱུར་རོ།
རྒན་ལ་དྭགས་པ་དགུང་ན་མཐོན་པོ་དེ་འདྲར་ཕེབས་དུས་ཀྱང་ངེད་བྱིས་པ་སྣབས་ཚར་མཉམ་དུ་བཀའ་མོལ་གནང་བར་ཕེབས་པར་རྗེས་སུ་ཡི་རངས་ཞུ། ཁ་དོག་དང་ཁ་མདོག་གཉིས་འདྲ་མཚུངས་མ་རེད། བོད་སྟོད་ཕྱོགས་ཀྱི་ཁ་སྐད་དུའང་་་་མི་དེའི་ངོམ་མདོག་ལ་ལྟོས་དང་་་་་མི་དེའི་ཁམ་མདོག་བཟང་བ་ལ་གཅིག་གཟིགས་དང། མི་དེའི་ངོམ་མདོག་ལོག་འདུག མི་དེའི་ངོམ་མདོག་ཤོར་འདུག་ཅེས་ཟེར། བྱས་ཙང་ཚིག་འོག་མའི་ཡི་གེ་སྔོན་འཇུག་ལ་མ་ཡོད་པའི་རྒྱུ་མཚན་གྱིས་སྒྲ་གདངས་དེ་སྔོན་ལ་ཐོན་ཡོང་གི་ཡོད། དཔེར་ན། རྒྱ་མཚོ་ལ་་་་རྒྱམ་མཚོ་་དང། བློ་བཟང་ལ་་་་བློབ་བཟང་ཞེས་སྒྲ་ཐོན་པ་ནང་བཞིན་རེད། དེ་བཞིན་ལ་བཙས་ལ་་་་ལབ་བཙས་ཞེས་སྒྲ་ཐོན་བཞིན་ཡོད་མོད་དེང་སང་ས་གནས་ནས་ས་གནས་སུ་བསྐྱོད་མྱོང་མེད་པ་མི་དང་མི་ཐུག་ནས་སྐད་ཆ་ཤོད་ལོང་མེད་པར་་་་་ཚིག་ཙམ་ལ་གོ་བ་རགས་པ་རེ་བླང་ནས་འགྲེལ་བཤད་ཡ་ཆའོ་བྱེད་བཞིན་འདུག དཔེར་ན། ལ་རྩེ་དཔེ་མཛོད་་་ཅེས་པ་ལྟ་བུའོ།
ཁ་དོག་ལ་ཁ་དོག་རང་ཤོད་པ་ལས་ཁམ་མདོག་གམ་ཁ་མདོག་ཅེས་པའི་སྒྲ་ཡོང་གི་ཡོད་པར་མ་ཐོས། དཔེར་ན། བུམ་པའི་ཁ་དོག་ཅེས་ཤོད་པ་ལས་་་བུམ་པའི་ཁམ་མདོག་ཅེས་བཤད་ཀྱི་མེད།
བུམ་པའི་ཁ་དོག་པོ་དང་། བུམ་པའི་ཁ་དོག་གཉིས་ནོར་ཉེན་ཆེ་བས། བུམ་པའི་ཁ་མདོག་རང་ཁྭངས་བཙན་པ་དང་། གོ་ནོར་མི་ཐེབས་པའི་ཁྱད་ཡོད། བན་དེ་བ་ལགས།
རྟ་བདུན་ནི། རླུང་དང། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་དང་བདུན་ནོ། དེ་བདུན་ལ་ཉི་མ་འདྲེན་པའི་རླུང་རྟ་བདུན་ཅེས་ཀྱང་བརྗོད། ་་་ཞེས་པ་ལྟར།
དེ་དག་རྟ་བདུན་དུ་སྒྲས་བརྗོད་པ་ལས། དེ་དག་རྟ་མིན་པ་མིག་གིས་མཐོང་བ་མངོན་སུམ་ཚད་གྲུབ་མིན་ནམ། བན་དེ་བ་ལགས།
ཕྲག་དོག ལ། ཕྲག་མདོག ཅེས་མི་འབྲི་བ་ལྟར། ཁ་མདོག་ལ། ཁ་དོག་ཅེས་མ་བྲིས་ན་ཕན་ཆེའོ།། །།
ཁ་བརྡ་དེར་བསམ་ཤེས་ཟེར་མཁན་དེ་མེད་ན་དྲ་འབུ་ཚོ་མགོ་འབུར་རྐྱང་རེད། ཕོ་ཁྱོ་ཁ་བསམ་ཤེས་ལོ་ལོ་དེ་ངོ་མ་འཇིགས་ཡ།
ཁོང་ངོ་ཤེས་མཁན་ཚོས་ངོ་སྤྲོད་ཅིག་བྱོས་ཡ།
བན་དེ་བ་མཆོག་གིས།
“ཁ་དོག་དང་ཁ་མདོག་གཉིས་འདྲ་མཚུངས་མ་རེད། བོད་སྟོད་ཕྱོགས་ཀྱི་ཁ་སྐད་དུའང་་་་མི་དེའི་ངོམ་མདོག་ལ་ལྟོས་དང་་་་་མི་དེའི་ཁམ་མདོག་བཟང་བ་ལ་གཅིག་གཟིགས་དང། མི་དེའི་ངོམ་མདོག་ལོག་འདུག མི་དེའི་ངོམ་མདོག་ཤོར་འདུག་ཅེས་ཟེར། བྱས་ཙང་ཚིག་འོག་མའི་ཡི་གེ་སྔོན་འཇུག་ལ་མ་ཡོད་པའི་རྒྱུ་མཚན་གྱིས་སྒྲ་གདངས་དེ་སྔོན་ལ་ཐོན་ཡོང་གི་ཡོད། དཔེར་ན། རྒྱ་མཚོ་ལ་་་་རྒྱམ་མཚོ་་དང། བློ་བཟང་ལ་་་་བློབ་བཟང་ཞེས་སྒྲ་ཐོན་པ་ནང་བཞིན་རེད།”
འདི་ལྟར་བྲིས་པ་ནི། དོན་དངོས་མ་ངེས་པར་རང་གི་རྣམ་རྟོག་ཙམ་ལས་བོད་མཁས་པ་དག་གི་ལུགས་ལས་རྒྱང་རིང་དུ་ཡོད་པས། ཁོ་བོས་གཏན་ནས་ཁས་མི་ལེན།
་
བླུན་པོས་ནོར་ན་ཁྲུ་གང་།
མཁས་པས་ནོར་ན་འདོམས་གང་།
་
དེ་ཉིད་ནི། དེ་ཉིད་ནི་སྔོན་བོད་ཡིག་བཟོ་དུས། སྔོན་རྗེས་མགོ་ཅན་རྣམས་ཀྱི་ཡི་གེ་དག་ཟུར་ཕྱིན་པར་བོད་དེ། འབྲི་བ་ན་ཡང་དག་པ་བྱུང་། ཕྱིས་སུ་སྒྲ་སྐད་འགྱུར་བའི་དབང་གིས་སྔོན་རྗེས་མགོ་ཅན་རྣམས་ཀྱི་ཡི་གེའི་སྒྲ་གདངས་འཐོན་པ་མེད་པར་རྣ་བའི་མངོན་སུམ་གྱིས་གྲུབ་ཀྱང་། བོད་ལ་མཁོ་བའི་རིག་གཞུང་སྐད་ཀྱི་ཡི་གེ་རྣམས་གནས་དགོས་པར་གཟིགས་ནས། རྗེ་བཙུན་བསོད་ནམས་རྩེ་མོས། བོད་ཀྱི་བཀླག་ཐབས་མཛད། དེ་ན།
་
ཚེག་བར་གཅིག་ན་ཡི་གེའི་གྲངས།
དུ་ཡོད་དེ་དག་ཐམས་ཅད་ཀྱིས།
གུག་ཀྱེད་མཉམ་པར་ཐོབ་པ་ཡིན།
ཞེས་པར་སྒྲའི་ཟུར་འཐོན་དགོས་པར་བསྟན། དིང་སང་། ཨམ་མདོ་ཞེས་པ་ཡང་། མདོ། ཞེས་པའི་སྔོན་འཇུག་འབོད་མ་ཤེས་པར་དེ་ལྟར་བྱུང་བ་བོད་ཀྱི་སྐད་འགྲོ་སྟངས་ལ་མཁས་པ་དགེ་འདུན་ཆོས་འཕེལ་གྱིས་གསུངས། ཚིག་སྔ་ཕྱི་མཚམས་སྦྱོར་བ་ན། མིང་ཚིག་ཕྱི་མའི་སྔོན་འཇུག་གསལ་བར་འཐོན་པ་ནི།
མི་དེའི་ངོ་མདོག་ལ་ལྟོས་དང་་་་་མི་དེའི་ཁ་མདོག་བཟང་བ་ལ་གཅིག་གཟིགས་དང། མི་དེའི་ངོ་མདོག་ལོག་འདུག མི་དེའི་ངོ་མདོག་ཤོར་འདུག་ཅེས་ཟེར། ་ ་ དེ་ལྟར་མངོན་སུམ་ཚད་གྲུབ་ལ་འགོངས་ཏེ།
དཔེར་ན། རྒྱ་མཚོ་ལ་་་་རྒྱམ་མཚོ་་དང། བློ་བཟང་ལ་་་་བློབ་བཟང་ཞེས་སྒྲ་ཐོན་པ་ནང་བཞིན་རེད ཞེས་སོགས་ལ་ཐུགས་བསམ་བསྐོར་ལ་ཞིབ་ཏུ་བརྟག་དགོས་པར་མཐོང་ངོ་།
བསམ་བློ་མཐིལ་ཕྱིན་བཏང་ཚར་ནས་བཤད་ཡོད།
ངོ་མདོག་ཟེར་དུས་མི་དེའི་ངོ་ཁ་དོག་ལ་བཤད་ཀྱི་ཡོད་པ་མ་རེད་མི་དེའི་ངོ་གདོང་གི་རྣམ་འགྱུར་དང་ངོ་གདོང་གི་ནུས་པའི་རང་བཞིན་ཅན་ཅིག་ལ་བཤད་ཀྱི་ཡོད་རེད། རྒྱ་མཚོ་ལ་རྒྱམ་མཚོ་ཞེས་བཀླག་པར་ཁྱེད་ཀྱིས་དེ་ནོར་བ་རེད་ཟེར་དེ་འདྲ་གསུང་མི་ཉན། མཁས་པས་འཆུགས་ན་འདོམ་གང། བླུན་པོས་འཆུགས་ན་མཐོ་གང་ཟེར་བ་དངོས་བདེན་རེད། རྒྱལ་རོང་པས་ཡི་གེ་ཀློག་དུས་་་སྔོན་མཇུག་དང་མིང་གཞི་རྗེས་མཇུག་ཆ་ཚང་བར་ཀློག་གི་ཡོད་འདུག དེ་ལ་ཀློག་སྟངས་ནོར་བ་མི་ཟེར་བར་ཀློག་སྟངས་དག་པར་ཀློག་གི་འདུག་ཅེས་བརྗོད་དགོས། དཔེར་ན་དབྱིན་ཡིག་ཀློག་དུས་དུས་གསུམ་མ་ནོར་བར་ཀློག་གི་ཡོད། དེ་ལྟ་བུ་རེད། རྒན་ཁྱེད་རྟོག་གེ་མགོ་མཁྲེགས་ཞིག་ཡིན་པ་འདྲ། རང་གི་དེ་ལས་གཞན་གྱིས་བཤད་པ་དེ་ཚོ་ཐམས་ཅད་ནོར་བར་བརྩི་བཞིན་འདུག
རྒན་ཁྱེད་རྟོག་གེ་མགོ་མཁྲེགས་ཞིག་ཡིན་པ་འདྲ།
་
ས་མཐར་དམིགས་བསལ་ཞེས་མ་གཏོགས།
ཤིང་ཤིག་ཤེའོ་ཤེ་ན་ཐོབ།
རང་གི་དམ་བཅའ་འཛིན་པ་ལ།
རྟོག་གེ་མགོ་མཁྲེགས་བན་དེ་བ།།
་
ནོར་དང་འཆུགས་ལ་གོ་དོན་མི་འདྲ་བ་ཡོས་དམ། དེ་ཡང་འཆུག། འཕྱུགས། ཕྱི་་ལོགས་པ་མཁས་པ་དག་གིས་བྱས་པའི་བོད་ཨིན་ཚིག་མཛོད་ན་གསལ་བ་ལས། ཕྱི་མ་དེ་ལ་བསམ་བློ་གཏོང་ཐུབ་པ་ཞིག་མཆིས། ནོར་དང་ཕྱུགས་གཉིས་ཀ་ལ་སྐབས་འགར་གོ་དོན་གཅིག་པར་འོང་ངོ་སྙམ། དོན་མ་འགྲིག་པར་བྱེད་པ་ལ། ནོར་རམ། ཕྱུགས། ཞེས་པ་ནི་དུད་འགྲོ་ལྟར་སྤྱོད་པའི་དོན་དུ་གོའོ།
དེ་ཡང་སྐབས་ཀྱི་དབང་གིས། གསེར་དངུལ་སོགས་་ནོར་ཡིན་ཀྱང་། ཕྱུགས་མ་ཡིན་པ་ནི་བླུན་པོས་ཀྱང་གོ་ཐུབ། འོན་ཀྱང་། འོན་ཀྱང་དངུལ་མང་པོ་ཡོད་མཁན་ལ་ཕྱུག་པོ་ཟེར། འོན་ཀྱང་། ཕྱུགས་མང་པོ་ཡོད་པ་ལ་ཕྱུག་པོ་ཞེས་ཐོག་མར་མིང་ཆགས་པ་མ་ཡིན་ནམ།
་ཡོས་དམ། ཞེས་པ་ཡོད་དམ། ཞེས་ཀློག་པར་མཛོད།