ཨེ་མ་ཧོ།
ཕྱི་མཁའ་རྒྱུ་སྐར་ཉི་ཟླའི་རྒྱུ་ལམ་གསལ།།
ནང་ཁམས་རྩ་རླུང་ཐིག་ལེའི་ཐབས་ཤེས་གསལ།།
གསང་གནས་དེ་ཉིད་རིག་པའི་འོད་སྣང་གསལ།།
ཡང་གསང་རྫོགས་ཆེན་དགོངས་པ་མངོན་སུམ་གསལ།།
སྙིང་ཉེ་བའི་གྲོགས་པོ་ཡོངས་ལ་འཚམས་འདྲི་ཞུ་བ་དང་། ཟླ་འདིའི་ཚེས་༣༠ ཉིན་ནི་མི་ལོ་དགུ་བརྒྱའི་ནང་ཡུན་རིང་ཤོས་ཀྱི་ཉི་མ་ཧྲིལ་འཛིན་བྱས་པའི་དུས་དེ་ཡིན་ཞིང༌། དུས་ཚོད་ནི་དབྱིན་ཇིའི་དུས་ཚོད་སྔ་དྲོའི་ཆུ་ཚོད་༧ དང་སྐར་མ་༤༡ ཙམ་ནས་ཉི་མ་ཧྲིལ་འཛིན་གྱི་འགོ་བཙུགས་ཡོད་པ་རེད། དེ་བཞིན་སྔ་གྲོ་ཆུ་ཚོད་༩ ནས་སྐར་མ་༩་༤༧་ ལ་ཉི་མ་ཡོངས་རྫོགས་སྒྲིབ་པ་དང་། དེ་བཞིན་ཆུ་ཚོད་༡༡ དང་སྐར་མ་ ༤༩ ལ་ཉི་མ་སྔར་བཞིན་གསལ་བར་སྣང་།
ས་གནས་ཡོངས་རྫོགས་ནས་དུས་གཅིག་ལ་ཉི་མ་ཧྲིལ་འཛིན་ལ་ལྟ་ཐུབ་མེད་པ་དང༌། ས་གནས་འདྲ་མིན་ནས་ཉི་འཛིན་གྱི་དུས་ཡུན་འདྲ་མིན་བྱུང་ཡོད་པ་རེད། དེ་ལུགས་ཀྱིས་སོ་སོའི་དུས་ཚོད་དམ་འཛིན་གནང་རོགས། དུས་ཚོད་དམ་འཛིན་དེ་ཡང་། མདོ་ཕྱོགས་ནས་ཐར་བ་ཆེན་པོའི་མདོ་དང་། བཟང་སྤྱོད་སྨོན་ལམ། སྔགས་ཕྱོགས་ནས་རྡོར་སེམས་སྒོམ་བཟླས་དང་ཀུན་བཟང་སྨོན་ལམ་གསུང་ནས་ཚིག་གི་དོན་དྲན་བཞིན་བསྟན་འགྲོ་སྨན་པའི་ཐུགས་སྨོན་གནང་བར་མཁྱེན་ནོ།།
ཨེ་མ་ཧོ།
འགྲོ་ཁམས་མོས་པའི་བློ་གྲོས་དབང་རྩལ་བཞིན།།
ཐེག་དགུའི་བསྟན་པའི་ལྟ་སྒོམ་སྤྱོད་འབྲས་གནད།།
འོད་གསལ་སྙིང་པོའི་བསྟན་པ་ཕྱོགས་ཀུན་ཁྱབ།།
གཉུག་སེམས་དགོངས་པ་ཀུན་གྱིས་རྟོགས་གྱུར་ཅིག། ཅེས་པ་འདི་ཡང་རབ་གནས་ཤིང་ལུགས་དབོ་ཟླའི་དབང་ཕྱོགས་བཟང་པོ་གསུམ་པར་རང་ཉམས་དང་ཕུག་ལུགས་གཟའ་ལྔར་སྟབས་བདེའི་ཉི་འཛིན་ལ་བརྟགས་པ་ཡིན་པས་འགལ་བ་ཡོད་ན་དགོངས་སེལ་བཅས་ལྷག་བསམ་དག་པས་ཨེ་མ་ཧོས་དབྱིན་ཡུལ་རྒྱལ་ས་ལན་དྲོན་ནས་ཕུལ་བར་དགེའོ།། །།
ཡག་པོ་རེད་་་དགེ་བའི་ལས་ལ་འབད་ན་འབུམ་འགྱུར་ཡིན་གི་མེད་འགྲོ་་་་འོན་ཀྱང་ཕུག་ལུགས་ཁོ་ནས་ཉི་འཛིན་གསལ་བོ་ཞིག་བརྟགས་ཨེ་ཐུབ་ན་བསམ་སོང་་་བར་ཁྱད་ཀྱི་ཆ་དག་ཕུག་ལུགས་སོགས་ཀྱིས་གསལ་བོ་བསྟན་མི་ཐུབ་པ་འདྲ་་་
ཨེ་མ་ཧོ་ལགས་་་་དུས་ཚེས་༣༠དེ་བོད་ལུགས་རེད་དམ་ཕྱི་ལུགས་རེད་་་་
ཨེ་མ་ཧོས་རབ་གནས་ཤིང་ལུག་དབོ་ཟླའི་དབང་ཕྱོགས་བཟང་པོ་གསུམ་པར་བྲིས་པར་བཤད་འདུག་པས་བོད་ཟླ་ཡིན་པ་གསལ་བོ་རེད། ཟླ་འཛིན་ཡར་ངོ་དང་ཉི་འཛིན་མར་ངོ་ཞེས་པ་དེ་ཟླ་བ་ཡར་མར་གྱི་ངོ་དེ་ཕྱི་ལོ་མིན་པ་གསལ་བོ་རེད། ཕྱི་ཟླའི་ཚེས་༢༠ གཟའ་པ་སངས་ལ་ཡིན་པར་ལྷ་སའི་ལོ་ཐོ་ལས་བཤད་འདུག ཉི་ཟླ་གཟའ་འཛིན་གྱི་དུས་སུ་དགེ་བའི་འགྱུར་ཁྱད་ལ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་དུས་ཆེན་བཞིའི་འགྱུར་རྩིས་ལས། ཉི་མ་གཟའ་ཡིས་ཟིན་པའི་དུས། །བྱེ་བ་ཕྲག་ནི་འབུམ་འགྱུར་ཏེ། །ཟླ་བ་བྱེ་བ་བདུན་འགྱུར་རོ། །དུས་ཆེན་བཞི་ལ་ཉི་ཟླ་ཟིན། །དེ་དག་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་ཡོད་པར་དྲན་ནོ།
འོ། གལ་ཆེན་ཞིག་ལ་བོད་ཚེས་གནམ་གང་ངམ། ཕྱི་ཚེས་༢༠ ཉིན་གྱི་པེ་ཅིན་གྱི་སྔ་གྲོ་ཆུ་ཚོད་༡༠་དང་སྐར་མ་༤༠་སྟེང་བོད་མི་ཀུན་གྱི་སེམས་ཁོང་དུ་འོད་དུ་འཚེར་བའི་གངས་རིའི་བུ་མོ་བདེན་པ་ཆོས་དབྱིངས་སྐྱིད་ལགས། སྤྱི་ལེ་༢༠་ཅན་གྱི་པེ་ཅིན་འདུར་རྒྱུགས་འགྲན་སྡུར་ཆེན་མོ་དང་འཛམ་གླིང་ལེགས་སྐྱེས་འདེམས་སྒྲུག་འགྲན་སྡུར་ནང་ཞུགས་རྒྱུ་ལགས་ན་ང་ཚོའི་བདེན་དཔུང་ཡིན་པས་ཐུགས་སྨོན་སྐྱབས་འཇུག་རེ་གནང་དང་སྨོན་འདུན་གཙང་མ་རེ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་རོགས།
ཐེངས་འདིའི་འགྲན་བསྡུར་ནི་མོ་དང་ང་ཚོ་བོད་མི་ཡོངས་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་སྟེ། ཐེངས་འདིར་འབུར་དུ་ཐོན་པའི་རྒྱལ་ཁ་རེ་བླང་ཚེ། ཨོ་རྩལ་འགྲན་སྡུར་ཆེན་མོའི་སྟེང་ང་ཚོ་བོད་པ་དག་ལ་ལ་རྒྱ་མི་དམན་པ་ཞིག་བརྩད་པ་ལྟར་ད་དུང་དེ་ལྟ་བུའི་གོ་སྐབས་མང་དུ་ཡོད་པས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཐུགས་ཁུར་རེ་གནང་སྟེ་སྤོབས་པའི་མེ་ལྕེ་སྦར་རྒྱུ་ཐེངས་འདིར་མོ་ལ་ཧ་ཅང་གལ་ཆེའོ།།པུ་གུ་རྫུན་མ་ཞིག་ལ་མཁས་དབང་གི་ལགས་རྟགས་བྱིན་པ་དང་གཏན་ནས་མི་འདྲ་བས་བདེན་དྲང་ལ་དགའ་བོ་ཚོས་རྒྱལ་སྨོན་གནང་བར་མཁྱེན་མཁྱེན།།
“ཉི་ཟླ་གཟའ་འཛིན་གྱི་དུས་སུ་དགེ་བའི་འགྱུར་ཁྱད་ལ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་དུས་ཆེན་བཞིའི་འགྱུར་རྩིས་ལས། ཉི་མ་གཟའ་ཡིས་ཟིན་པའི་དུས། །བྱེ་བ་ཕྲག་ནི་འབུམ་འགྱུར་ཏེ། །ཟླ་བ་བྱེ་བ་བདུན་འགྱུར་རོ། །དུས་ཆེན་བཞི་ལ་ཉི་ཟླ་ཟིན། །དེ་དག་བསོད་ནམས་ཁྱད་པར་འཕགས། །”
ཆོ་འཕྲུལ་སྨོན་ལམ་སོགས་དུས་ཆེན་ཁག་གི་སྐབས་སུ་དགེ་བའི་འགྱུར་ཁྱད་གཞན་དང་མི་འདྲ་བ་ཡོང་གི་ཡོད་པ་ནི། དུས་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པའི་ཁྱད་པར་ལས་ཡིན་རབས་བཤད། འོ་ན་ཉི་ཟླ་གཟའ་འཛིན་སོགས་ཀྱི་སྐབས་སུ་དགེ་བའི་འགྱུར་ཁྱད་ཡོང་གི་ཡོད་པའི་རྒྱུ་མཚན་ངོ་མ་དེ་གང་ལ་ཐུག་པ་མཁྱེན་ན་ཏོག་ཙམ་གསུང་རོགས་གནོངས་ཞུ།
བཀའ་དྲིན་ཆེ།
བློ་སྦྱིན་ལགས་་་་དེའི་དགེ་བའི་འགྱུར་ཞེས་པ་རྨོངས་དད་ཅིག་ལས་འགྲོ་ས་ཡོད་པ་མ་རེད་་་་
ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་དུས་ཆེན་བཞིའི་འགྱུར་རྩིས་ལས།
ཉི་མ་གཟའ་ཡིས་ཟིན་པའི་དུས། །
བྱེ་བ་ཕྲག་ནི་འབུམ་འགྱུར་ཏེ། །
ཟླ་བ་བྱེ་བ་བདུན་འགྱུར་རོ། །
དུས་ཆེན་བཞི་ལ་ཉི་ཟླ་ཟིན། །
དེ་དག་བསོད་ནམས་ཁྱད་པར་འཕགས། །
སྤྱི་ཟླ་གསུམ་པི་ཚེས་ ༢༠ ཉིན་གྱི་ཆུ་ཚོད་ ༡༤།༢༦ ཐོག་བོད་ཚེས་ ༣༠ ལ་ཉི་འཛིན་དང་། ཕྱི་ཚེས་ ༢༢ ཉིན་ལ་དཔྱིད་ཉིན་མཚན་མཉམ་པ་དང་། ཕྱི་ཟླ་ ༤ བཞི་པའི་ཚེས་ ༤ ཡི་ཚེས་བཅོ་ལྔར། ཟླ་་འཛིན་ཡིན་པས། དགེ་བའི་འགྱུར་ཁྱད་ཆེ།
ཕྱི་དུས་ཀྱི་འཁོར་ལོ་ཛམ་གླིང་བྱེ་བ་ཕྲག་བརྒྱ། །
ནང་དུས་ཀྱི་འཁོར་ལོ་རྩ་འཁོར་བྱེ་བ་ཕྲག་བརྒྱ། །
གསང་བ་དུས་ཀྱི་འཁོར་ལོ་ལྷ་ཚོགས་བྱེ་བ་ཕྲག་བརྒྱ། །
ཕྱི་ནང་གསང་གསུམ་དགེ་བ་འཕེལ་འགྱུར་བྱེ་བ་ཕྲག་བརྒྱ། །