མོ་རྡེའུ།
དེ་རིང་གི་ཉི་འོག་ཏུ་འགྱིང་བའི་ངྷ་ས
ངའི་པར་ཆས་ཀྱི་མཆུ་ལམ་ནས་དྲུད་ཡོང་བའི་ཁྱོིད་ཀྱི་ཕྱི་གཟུགས་གསོན་པོ
མགོ་གངས་དང་བར་ནགས
འདབས་སྤང་གིས་རྒྱན་པའི་ཡུལ་སྲོལ་ཞིག་གི་ཁྱད་ཆོས་ཁྱོད་ལ་མངའ
ཁྱོད་རང་ཐོག་མར་ངོ་ཤེས་བྱེདམཁན་དེས
ཁྱོད་ཀྱི་ཟུང་བཅུད་ཞིམ་པ་འོ་མ་ལ་བསྡུར་མྱོང་འདུག
ཡིན་ཡང ངྷ་ས་ནས་”བོད་ཅེས་པ་གླིང་ལ་གྲགས་སྐད”
རི་སྒང་འདིའི་ངོ་གདོང་ནས་ང་ཚོས་བསྐྱུར་བཞག་པའི་དམར་པོི་རི་ལ་ཀི་བཏབ་མྱོང
ད་བར་དམར་པོི་རིའི་སྨྲེ་ངག་དག་འདི་ན་ངུ་ཞིང
དམར་པོ་རིའི་དྲན་གདུང་དག་འདི་ན་ལེན་གྱིན་ཡོད
ངྷ་སའི་རི་རྒྱུད་དེ
ཁྱོད་ཀྱིས་མིག་གདང་བ་ཙམ་གྱིས་མགོ་རྔ་མཐོང་རུང
ངྷ་ས་ན་འཛམ་གླིང་གི་མི་ཚོགས་འཁོར་ཞིང
འཛམ་གི་མི་རིགས་ངྷ་ས་ནས་འཚོགས་སོང
ངྷ་སའི་མགོ་དང་རྔ་མར
རྐང་བགྲོད་ཐེངས་གཅིག་གི་ཟིན་ཐོ་བྲིས་པས
ཁྱོད་ཀྱིས་སློང་མོ་བའི་སྐད་དང་ལམ་འགྲམ་གྱི་ཐང་ཁྲོམས་འགའ་མཐོང་སྲིད་ཀྱང
ཁྱོད་ཀྱིས་ཤོག་སྨྱུག་གི་ཟད་གྲོན་ལོ་དང་ཟླ་བར་བརྒྱུས་ན
ཁྱོད་རང་གིས་ངྷ་ས་ཟེར་བ་ནས་ཁྱོད་ཀྱིས་སློབ་དགོས་པ་གང་མང་ཞིག་ཡོད་ལ
ཁྱོད་ཀྱི་ཟིན་བྲིས་ལ་བཟོ་བཅོས་བར་མེད་རྒྱགས་དགོས་པའི་ལས་དཀའ་བུད་ཡོང
ངྷ་སར་ཕྱུག་པོ་མང
ཡིན་ཡང་ཁྱོད་ཀྱིས་ལན་གཅིག་གཟིགས་པས
ཕྱུག་པོ་ཉུང
ངྷ་ས་ན་མཁས་པ་མང
ཁྱོད་རང་ཐེངས་གཅིག་ཐུག་པས
མཁས་པ་ཉུང
ངྷ་སའི་སྲང་ལམ་ན་རླང་འཁོར་དང་མི་རིགས་མང
དེ་གཉིས་ཀྱིས་རྐྱ་འཐབས་པའི་སྲང་ལམ་དེའི་གང་ས་ནས
ཁྱོད་ཀྱིས་ཅི་ཡང་མི་མཐོང་མོད
སྲང་ལམ་གཡས་གཡོན་གྱི་ཁང་མིག་རེ་རེར་ཁྱོད་རང་འཛུལ་ན
ངྷ་ས་ནས་ཁྱོད་ལ་ཆེས་དཀའ་བའི་ཡིག་ཚད་དེ་གཏོང་ངེས
ངྷ་ས་ངོ་མ་ཤེས་པར་བུད་སོང་ནི་མང་ལ
ངྷ་ས་ངོ་ཤེས་ཏེ་བུད་སོང་བ་ཡང་མང
ངྷ་ས་ངོ་ཤེས་ཆེད་འཐམས་ནས་འདུག་མཁན་མང་ལ
ངྷ་ས་ནས་རྒས་སོང་བའི་བོད་དེ་ལས་མང
ངྷ་ས་ནས་བོད་ལ་བལྟས་ཤིང
བོད་ནས་ངྷ་སར་བལྟས་པའི་བརྙན་མིག་རེ་རེ་ནི
འཛམ་གླིང་ལ་བཞག་པའི་དྲི་བ་དང
འཛམ་གླིང་ལ་བཏབ་པའི་དྲིས་ལན་རེད
ཉི་འོག་ན་ངྷ་ས་ཟེར་བ་ཞིག
ངྷ་ས་ན་ཉིད་འོད་ཟེར་བ་ཞིག
༢༠༡༤།༡༠།༠༩ཉིན་བྲིས།