ཉིན་གུང་གི་ཟ་མ་བཅུད་ཆེན་དེ་ཟོས་རྗེས།
ལུས་པོ་ཡོངས་རྫོགས་ལ་སྦྲིད་སྨན་བརྒྱབ་པ་ལྟར་ཚོར་བའི་དབང་པོ་མཐའ་དག་ཡོངས་སུ་འགགས་སོང་།
དེར་མཐུད་དེ།
གློག་འཁྱུག་པ་ལྟ་བུའི་རྨི་ལམ་ཟ་ཟི་མང་པོ་ཞིག་ཀྱང་བཏང་སོང་།
རྨི་ལམ་འདིའི་ནང་དུ།
གནམ་ས་གཉིས་ཀྱིས་འཁྲིག་པ་སྤྱོད་བཞིན་འདུག
གནམ་གྱིས་རི་རབ་ལྷུན་པོ་ལིང་གའི་ཚུལ་དུ་མར་འཛུག་དུས།
ས་གཞིས་རྒྱ་མཚོ་ཆེན་པོ་དེ་བྷ་གའི་ཚུལ་དུ་ཡར་གདངས་བྱུང་།
དེ་ལྟར་ནམ་མཁའ་དང་ས་གཞི་གཉིས་ཀྱི་འཁྲིག་སྤྱོད་ཀྱི་ལྟད་མོ་ཆེན་པོ་དེ།
ལོ་ངོ་ས་ཡ་དང་ས་ཡའི་རིང་ལ་མུ་མཐུད་དེ་བསྟན་ཅིང་།
གནམ་གྱི་བདེ་བས་ཚིམས་པའི་མིག་ཟུང་ལས་ཉི་མ་དང་ཟླ་བ་སོགས་འཁོར་སྐྱོད་བྱེད་ཅིང་།
ས་གཞིའི་ཆགས་པས་མྱོས་པའི་བརླ་བར་ནས་རི་ཚོགས་ནས་གཙང་པོ་སོགས་ཀྱི་འགྱུར་རྡོ་གྲུབ་ཡོང་།
ང་ཚོ་སྟེ།
གནམ་ས་གཉིས་ཀྱི་འཁྲིག་སྤྱོད་ཀྱིས་བསྐྲུན་པའི་འགྲོ་བ་ཉི་ཚེ་བ་དག་ནི།
སྐྱེས་ཙམ་ཉིད་ནས་རྒ་བ་དང་ན་བ་འཆི་བ་སོགས་ཀྱི་བཙོན་ཁང་སྣ་ཚོགས་བརྒྱུད་མར་འགྲིམས་ཤིང་།
མཐའ་མར། ཆེས་མཐའ་མ་ཞིག་ལ།
སངས་རྒྱས་ཟེར་བའི་མི་ལུས་གསར་པ་ཞིག་རྙེད་དུས།
དགའ་ཀྲོག་ཀྲོག་ཏུ་བསོད་བདེ་དམན་པའི་རིགས་མཐུན་གཞན་དག་གི་རྗེ་བོར་འདུག་རྩིས་ཀྱང་བྱེད།
ངས་ཀྱང་རྨི་ལམ་ཞིག་རྨིས།
ཞིང་གྲོང་ཞིག་བརྒྱུད་ནས་འགྲོ་དུས།
མོ་གསར་ཞིག་སྙེ་མའི་རྦ་རླབས་བསྐྱོད་པའི་ཁུག་པ་ན་གཅེར་ཧྲེང་ངེར་གཉིད་ལ་ཤོར་འདུག།
ངས་ཀྱང་རྨི་ལམ་ཞིག་རྨིས།
རི་སྐེད་ནས་ཕྱི་འཁོར་རྒྱང་བལྟ་ཞིག་བྱེད་དུས།
ནུ་མ་རབ་ཏུ་རྒྱས་པའི་གཞོན་ནུ་མ་ཞིག་ཆུ་ངོགས་ན་ཁྲུས་ལ་ཞུགས་འདུག།
ངས་ཀྱང་རྨི་ལམ་ཞིག་བཏང་།
ཁང་མིག་བསིལ་པོ་ཞིག་ནང་ལན་ཅིག་འཛུལ་བར།
གསང་སྒྲིབ་དང་ནུབ་ཁེབས་དོར་བའི་དམར་ཧྲེང་མ་ཞིག་གན་རྐྱལ་དུ་ཉལ་འདུག
ངས་ཀྱང་རྨི་ལམ་ཞིག་བཏང་།
སྟོང་འཇགས་ཀྱི་མཚམས་ཁང་ཞིག་ནང་།
མཁའ་སྤྱོད་མ་དང་ལྷན་སྨྱོ་འཚུབ་འཚུབ།
ངས་ཀྱང་རྨི་ལམ་ཞིག་བཏང་།
རྫོགས་ལྡན་གྱི་དུས་ཚོད་ཤར་ནས་འདུག
ལུས་ཀྱི་ཆ་རྣམས་བསྒྲིབ་པ་ཁྲིམས་འགལ་ཞེས།
ཡུལ་གྱི་རྗེ་བོས་འབངས་ལ་བཀའ་གཏོང་ངོ་།
སྨྱོས་འདུག
དེང་སྐབས་ཀླུ་སྨྱོན་ཁ་གཞང་བཤད། འཁྲིག་བཤད། མང་པོ་འདུག
ངས་རྨི་ལམ་མི་བཟང་རྨི་ལམ་བཟང་།།
རྨི་ལམ་ཝ་ཤིན་ཀྲོན་ཏུ་རྨིས།།
མཛངས་མས་འཛུམ་ཆུང་བསྟན་པ་རྨིས།།
ལུས་ལ་རྔུལ་ཆུ་བཞུར་བ་རྨིས།།
མཛེས་མས་ལག་པ་བཏང་བ་རྨིས།།
ཁུ་བ་འདོན་ལ་ཤོར་བ་རྨིས།།
ལུས་ནས་དྲི་ངན་ཁ་བ་རྨིས།།
སྦྲང་མས་ལྡིང་སྐོར་བྱེད་པ་རྨིས།།
སྦྲང་ནག་གཅིག་སྟེང་གཅིག་འཛེགས་ནས།།
སྦྲང་མས་སྦྲང་རྒྱོ་རྒྱགས་པ་རྨིས།།
སྦྲང་ཕྲུག་འདོམ་ལ་འཁོར་བ་རྨིས།།
སྦྲང་མ་གཅིག་ལས་གཅིག་འཕྲོས་ནས།།
སྦྲང་མས་ས་སྟེང་འཁེངས་པ་རྨིས།།
སྦྲང་མས་དམག་རྒྱག་བྱེད་པ་རྨིས།།
སྦྲང་མས་དམག་གྲུ་ཁྱུ་དང་ཁྱུས།།
ཀྲུང་གོའི་གནམ་གྲུ་གཏོར་བ་རྨིས།།
ཨ་རིའི་དམག་མི་ཟློག་པ་རྨིས།།
ལ་རྡིན་བྲག་ནས་བཟུང་བ་རྨིས།།
འཛམ་བུ་གླིང་གི་དམག་ཤེད་ཅན།།
ཐམས་ཅད་ཕམ་པར་བྱས་པ་དང་།།
འཛམ་གླིང་སྦྲང་མས་བཟུང་པ་རྨིས།།
ཞི་བདེས་ས་སྟེང་ཁྱབ་པ་རྨིས།།
རྨི་ལམ་མ་རྨིས་རྨི་ལམ་རྨིས།།
གཉིད་མ་ལོག་པར་རྨི་ལམ་རྨིས།
མཚོ་འགྲམ་བྱེ་མའི་ཁུག་པ་ན།
འདོམས་ན་རྙ་སྤུ་ནག་ཐོ་རེ།
བྲང་གི་ནུ་མ་དཀར་ཟླུམ་མེ།
ཀ་ཟླུམ་བརླ་སྒང་འོད་ཀྲིག་གེ།
གླིང་ཆེན་མ་ཞིག་ཉལ་ནས་འདུག
གཉིད་ལམ་མ་བཏང་གཉིད་ལམ་བཏང་།
གཉིད་མ་ལོག་པར་གཉིད་ལམ་བཏང་།
མོ་དེའི་འཁྲིས་ན་གླང་གོག་ཞིག།
བྲང་ན་སྤུ་ཟིང་ནགས་ཚལ་འཁྲིགས།
དཔུང་བའི་ཤ་རྡོག་ལྕགས་རྡོག་བཞིན།
འདོམས་ཀྱི་ཀ་བ་ཀག་སེ་ལངས།
རྨི་ལམ་མི་བཟང་རྨི་ལམ་ངན།
གླང་ཆེན་མ་ནི་ཆགས་པས་འཕག་འཚག་བྱེད།
གླང་གོག་ནག་ལྡང་ཧ་པན་དབྲལ་ཉན་བྱེད།
གོང་མའི་ཁྲིམས་ཀྱིས་བཀག་པས་ཁོག་ས་མེད།
བག་ཡོད་བཅོས་མའི་ཚུལ་འཆོས་ཡོངས་སུ་དོར།
བལྟས་བལྟས་རིག་རིག་ཉིད་ལ་ལས་དང་ཐ།
གཟུགས་སྣང་འགགས་པའི་དམུས་ལོང་དག་ཀྱང་རྨི་ལམ་ཡུལ་ནས་གཟུགས་ལ་རོལ།།
སྒྲ་ལམ་ཆད་པའི་འོན་པ་རྣམས་ཀྱང་རྨི་ལམ་ནང་ནས་སྒྲ་དག་ཐོས།།
དྲི་མའི་ཚོར་འདུ་གཤིས་ན་མེད་ཀྱང་རྨི་ལམ་ཞིང་ནས་དྲི་ལ་འཁྲེངས།།
རོ་འཛིན་དམར་མོར་རོ་མྱོང་བྲལ་ཀྱང་རྨི་ལམ་བཟའ་བཏུང་ཕུན་སུམ་ཚོགས།།
རེ་བྱའི་བདེ་སྡུག་ཡེ་ནས་མ་མྱངས་རྨི་ལམ་གཉིད་ན་དགའ་བས་མྱོ།།
འདོད་ཡོན་ལྔ་ཡི་ཕོངས་པའི་འགྲོ་རྣམས་རྨི་ལམ་ཞིང་དུ་སྐྱེ་བར་ཤོག།
འདོན་ཡོན་ལྔ་ཡིས་ཕོངས་པའི། ཞེས་བཅོས་རོགས།
བློ་བུར་གཉིད་ལས་སད་པའི་སྣང་བ་ལ།།
རྩ་ལངས་རྩད་པ་སྦོམ་པོ་བཙལ་དུ་སོང་།།
མདུན་ནས་བཟུང་སྟེ་རྒྱབ་ལོག་རྐུབ་ཕྱོགས་འཐེན།།
རྩད་པ་ནས་བཟུང་ཚད་ལ་མཇལ་བ་ན།།
རྩེ་མོ་ལྟེ་བའི་བར་དུ་ཟུག་ནས་འདའ།།
འོན་ཀྱང་ཡལ་ཀ་ལོ་མ་མེད་པས་ན།།
ཤིང་སྡོང་མིན་པ་མཐའ་གཅིག་ཐག་ཆོད་མོད།།
འོན་ཀྱང་རྩ་བར་ནགས་ཀློང་འཐིབ་པ་འདིས།།
ཤིང་གི་ནང་ནས་ཨ་ཀར་ཡིན་ནམ་སྙམ།།
འོན་ཀྱང་མགོ་ལ་རྟ་རེ་བསྣུམ་པ་ལྟར།།
ཧ་ཤོ་ཉག་ཀ་ཙམ་ཞིག་གས་པ་འདིས།།
རི་བོ་འབིགས་བྱེད་ཡིན་སྙམ་འཕྱང་མོ་ཉུག།
གྲོག་མའི་དཔོན་པོ་ཡོང་ནས་ཚད་མཇལ་ཞོར།།
གྲོག་མའི་གསེར་མཁར་བཞེངས་པའི་ཀ་བ་ཟེར།།
ཤིག་གི་དཔོན་པོས་རྒམ་ཚུགས་བསྟན་པ་ནས།།
རང་ཉིད་འདི་རུ་ལོ་མང་བསྡད་དོ་ཟེར།།
འདི་ནི་རང་གི་ཉལ་ཁྲི་ཡིན་ནོ་ཟེར།།
ཤིག་དང་གྲོག་མས་རྩོད་གཞི་ཀ་ཆེན་འདི།།
རི་ཡི་རྒྱལ་བོ་རི་རབ་ཡིན་ནམ་སྙམ།།
འོན་ཀྱང་དེ་ལ་བཏགས་པའི་ཁུག་མ་ནང་།།
ད་ར་རྩམ་ལྡོག་གཉིས་ལྟར་གཡུག་བཞིན་པ།།
གང་ཡིན་འདི་ཡིན་མེད་ལ་བེད་སྦྱོད་མེད།།
ཚ་བའི་དུས་སུ་ལྗིད་ཁོག་ཆེ་ཙམ་འདའ།།
རྨི་ལམ་མིན་པའི་ངོ་མཚར་རྨི་ལམ་གྱི་སྣང་པ།
སོ་སོའི་སྐྱེས་བུ་རྣམས་ཀྱི་རང་གཤིས་སུ་གྲུབ་པ།
གནམ་སས་འཁྲིག་སྤྱོད་བྱེད་པའི་ངོ་མཚར་གྱི་སྣང་པ།
ཉམ་ཆུང་དགེ་སློང་ཞིག་གི་སྲོག་རྩ་རུ་ཞུགས་སོང་།།
འདོད་པའི་མདའ་མོ་ཐེབས་པའི་སྣང་སྐྱིད་ཀྱི་སྐུ་ལོ།
གསུང་ལ་ས་མཚམས་མེད་པའི་གད་སྙིགས་ཀྱི་བདག་པོ།
ཁ་ནས་ཅི་བཤད་མེད་པའི་འདུར་རྒྱུག་གི་རྒྱལ་པོ།།
བསམ་ཞིང་བསམ་ན་གྲྭ་བའི་གཟུགས་བརྙན་རང་འདྲ་བྱུང་།
གང་སར་ཕེབས་ན་ཆགས་ཚིག་གི་བྲོ་བ།
ཡལ་རྒྱུ་མེད་པར་སྨྱུག་རྩེ་རུ་གྲུབ་པ།
སྙན་ངག་པ་ཡི་རང་གཤིས་དེ་མིན་ཡང།
སྤྲུལ་སྐུ་ཁྱེད་ཀྱི་མཛད་པ་རང་ལོས་ཡིན།།
སྙན་ངག་པ་ལ་འདོད་ཆགས་རང་ཆེ་བ།
སྔ་མོ་ཞིག་ནས་གོ་ཐོས་རང་བྱུང་ཡོད།
དེ་རིང་འདི་རུ་མངོན་སུམ་དུ་མཐོང་ན།
རྨི་ལམ་མིན་པའི་རྨི་ལམ་རང་འདྲ་བྱུང་།
ཕོ་གསར་རྣམས་ཀྱིས་ལིང་གས་འཛོག
མོ་གསར་རྣམས་ཀྱིས་བྷ་གས་འཛོག
ཨ་ཁུ་རྣམས་ཀྱིས་ཁ་ཡིས་འཛོག
ཨ་ནེ་རྣམས་ཀྱིས་མཛུབ་གུས་འཛོག
སྟོན་པ་བཅོམ་ལྡན་རྒྱལ་བས་ཀྱང་།
འཛགས་འདི་རྩ་ནས་འགོག་མ་བཏུབ།
གང་གིས་འཛགས་འདི་འགོག་རྩོམ་པ།
གང་གིས་འཛགས་ཚིག་སྨད་བྱེད་པ།
དེ་ནི་འགྲོ་བ་ཡོངས་ཀྱི་དགྲ།
རྨི་ལམ་གཏོང་ན་འདོད་པ་ཁམས་ནས་གཏོང་།།
འདོད་སྲེད་ཞགས་པ་རྫོགས་པའི་དགོས་པ་ཡོད།།
རྨི་ལམ་གཏོང་ན་སྟུ་ཁུང་སྦུགས་ནས་ཐོངས།།
རང་སེམས་འཁྲུལ་སྣང་ལོག་པའི་དགོས་པ་ཡོད།།
ཉམ་ཆུང་དགེ་སློང་ཞིག་གི་སྲོག་རྩ་རུ་ཞུགས་སོང་ཞེས་པ་དེ་ཞུགས་འདུག་ཅེས་བསྒྱུར་རོགས།༼སོང་།- འདུག༽
དྲྭ་གྲོགས་ཚོ། ཆག་ཚིག་ཁ་ནས་བཤད་པ་ལ་ག་རེ་ཧང་སང་ཡ་ཡོད་རེད
ཨ་ཁ།
ཨ་ཁུ་འདི་ལ་ར྄ྨི་ལམ་ངན་པ་ཤ་ས྄ྟག་ར྄ྨི་གི་ཡོད་ས་རེད།
ད་གང་ད྄ྲག
ང་ཚོའི་ས྄ྐ྄ྱབས་ཞུ་ས་འདི་འད྄ྲའི་ས྄ྐ྄ྱབས་ཡུལ་ལ་འདི་ལ྄ྟར་བ྄ྱུང་ན་
ད་ ང་ ཚོ་ས྄ྐ྄ྱབས་ཞུ་ས་ཞིག་གང་ནས་འཚོལ་དགོས་པ་རེད་དམ།
འོན་ཀ྄ྱང་ངས་མོ་ཞིག་འདེབས།
ཀླུ་སྨྱོན་པྲ་ལྟས་ལེགས་མི་ལེགས།
ཕྱྭ་མཁན་བདག་གིས་ཕྱ་བཏབས་པར།
ལེགས་ཉེས་པྲ་ལྟས་འདིར་སྟོན་པས།
ལེགས་པར་གསན་པའི་རེ་བ་མཆིས།
གློག་འཁྱུག་ལྟ་བུའིརྨི་ལམ་དེ།
རྒྱལ་འགོང་འཁྲི་བའི་ཆོ་འཕྲུལ་ཡིན། ་ རྒྱལ་པོ།
དམར་ལ་འཁྱུག་པའི་ཟེར་དམར་དེ།
བྲག་དམར་བཙན་གྱི་ཆོ་འཕྲུལ་ཡིན། ་ བཙན།
གནམ་ས་གཉིས་སུ་གྱེས་པ་དེ།
བདུད་དང་ཀླུ་ཡི་ཆོ་འཕྲུལ་ཡིན། ་ བདུད་དང་ཀླུ།
གནམ་ས་འཁྲིག་པ་སྤྱོད་པ་དེ།
གནོད་སྦྱིན་མ་མོའི་ཆོ་འཕྲུལ་ཡིན། གནོད་སྦྱིན་དང་མ་མོ།
སྟག་དམར་རྔམ་ཞིང་གླང་ཆེན་ཚུལ།
གཤིན་རྗེ་དྲི་ཟའི་ཆོ་འཕྲུལ་ཡིན། གཤིན་རྗེ་དང་དྲི་ཟ།
གནམ་ས་འཁྲིག་པ་མ་ཡིན་འཁྲུགས་པ་ཡིན།
གནམ་ས་འཁྲུགས་པ་མ་ཡིན་སྡེ་བརྒྱད་འཁྲུགས།
སྡེ་བརྒྱད་འཁྲུགས་པ་མ་ཡིན་ཀླུ་བདུད་འཁྲུགས།
ཀླུ་བདུད་འཁྲུགས་པ་མ་ཡིན་ཀླུ་སྨྱོན་འཁྲུགས།
ཀླུ་སྨྱོན་འཁྲུགས་པ་མ་ཡིན་ཁྱོད་སེམས་འཁྲུགས།
དེས་ན་མི་སེམས་འཁྲུགས་པར་སྨྱོན་པ་ཞེས།
ཐོག་མའི་བརྡ་ཡི་མཁན་པོས་བརྗོད་པའོ།
དེ་ལྟར་སྡེ་བརྒྱད་བཅོས་ཐབས་མ་འབད་ན།
ཀླུ་སྨྱོན་ཙམ་མིན་སྡེ་བརྒྱད་ཡོངས་ཀྱང་སྨྱོ།
སྨྱོས་པས་སྨིན་ལམ་སྨིན་ལམ་མིན། །
མྱོས་པས་མཛེས་མ་མཛེས་མ་མིན། །
ཁྲོས་པས་མི་སྡུག་མི་སྡུག་མིན། །
རྨོངས་པས་བཏང་སྙོམས་བཏང་སྙོམས་མིན། །
མིན་པ་རྣམ་བཞི་མཁྱེན་པར་མཛོད། །
ཡིན་པ་རྣམ་བཞི་ཤེས་དགོས་ལ། །
ཡིན་མིན་བར་གྱི་དབྱེ་འབྱེད་ཀྱིས། །
ཐར་པ་རང་ལག་ལག་སོན་འགྱུར། །
ཨ་ཧ་བོ། གྲ་སྨྱོན་ཀླུ་སྨྱོན་འདི་ལ་འཁྲུལ་ཞིག་རིན་པོ་ཆེས་རྙིང་མའི་བླ་མ་ཞིག་གི་སྤྲུལ་སྐུ་རེད་ཅེས་མཚན་གསོལ་ཡོད་པར་གོ་མྱོང་ཡོད། སྤྲུལ་སྐུ་ཟེར་བ་དེ་འདི་འདྲ་ཞིག་ཡིན་ས་རེད། ད་མ་འགྲིག་ཟིག ཞབས་འདྲེན་འདིས་རྙིང་མའི་ནས་འདྲེན་ཡོང་ས་རེད། ཉམས་ལེན་ཡི་དམ་བཀའ་དགོངས་ཕུར་གསུམ་ཡིན་ནམ་གསང་བདེ་གཇིགས་གསུམ་ཡིན། གང་ལྟར་ཡང་སྔགས་གསར་རྙིང་གི་ཁྲོ་བོ་རོལ་བའི་གཏོར་བཟློག་ཅིག་བརྒྱབ་ན་ཅི་འདྲ།
ད་ཆུང་མ་བཞེས་ནས་མ་འོངས་བར་འགྲོ་རོགས་དང་འཆི་ཁའི་སྐྱོར་རོགས་ཀྱི་སྲས་ཤིག་བཟོ་བའི་སྔ་ལྟས་རེད། རྨི་ལམ་བཟང་གི
སྤྱིར་འདི་ལྟའི་རིགས་ཀྱི་རྩོམ་ཡིག་ཀློག་ཙམ་གྱིས་ངའི་སེམས་ལའང་ཆགས་པའི་མེ་ལྕེ་ཁོང་ནས་འབར་གི། ཡིན་ན་ཡང་གནས་སྐབས་རིང་ང་ཚོས་བཀའ་ཁྲིའི་སྐོར་ལ་དོ་སྣང་དང་བགྲོ་གླེང་མུ་མཐུད་ནས་བྱེད་ན་བསམ། དེ་ལའང་བློ་བཟང་སེང་གེའི་སྐྱོན་ཡོན་གཅིག་པུར་བརྟགས་པ་མིན་པར། དེ་རིང་དུས་བབ་ཚང་གི་དྲ་ཐོག་ཏུ་སྐུ་ངོ་འབྲོག་ཆུང་དངོས་གྲུབ་ཟེར་བ་ཁོ་བོ་རྒྱ་གར་དུ་ཡོད་སྐབས་ནས་ཐོས་མྱོང་ལ། ཤེས་འཇོན་གང་གི་ཕྱོགས་ནས་སྐད་གྲགས་ཆེ་བ་ཞིག་འདུག བོད་སྤྱིའི་ཕྱི་ནང་གི་ཆབ་སྲིད་ཐད་བློ་རིག་རྣོ་བ་དང༌། ལྷག་པར་དུ་ཆོལ་གསུམ་ཆོས་ལུགས་གང་གི་ཕྱོགས་སུའང་ཕན་ཚུན་ཕྱོགས་འཐེན་གྱི་མཐོང་སྣང་མངོན་གསལ་མེད་པ་ཞིག་ཡོད་པ་ཐོས། འདིར་ངས་ཨ་ལགས་ཀླུ་ཚང་གི་རྨི་ལམ་འགོང་བོ་ལམ་འཁྱེར་དང་མ་འབྲེལ་བའི་གཏམ་ཞིག་སྨྲ་དགོས་བྱུང།
འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བདེ་སྲུང་གི་ལས་ཀ་ལས་བསྡད་ན་ཡག་ཤོས་རེད།
གསང་བའི་ལས་ཀ་བྱེད་མཁན་ཞིག་བཀའ་བློན་ཁྲི་བའི་གསེར་ཁྲིའི་སྟེང་བཞུགས་ན་ལན་པོ་འདྲ་ཡོད་མ་རེད།
གསང་བའི་ལས་ཀ་བྱེད་མཁན་དེ་ཚོའི་ལས་ཀ་ཇག་པའི་ལས་ཀ་དང་འདྲ་སེ་ཡོད་རེད།
ན་ཆུང་མཛེས་མའི་རེག་བྱ་འཇམ་པོ་དགེ་སྐོས་བཙན་བོའི་དབྱུག་པར་བརྗེས། །
ན་ཆུང་བུ་མོའི་སེམས་གཏམ་སྙན་མོ་དགེ་སྐོས་བཙན་པོའི་ཁ་ལ་བརྗེས། །
ན་ཆུང་མ་ཡི་སྟུ་ཁུང་འཇམ་པོ་བན་ཆུང་དག་གི་་་་་་་་་་་་
ཨ་ཁུ་དག་གི་ལས་དབང་འདི་ནི་ལྷ་ཡི་བཀའ་ཆད་ཕོག་པ་བཞིན། །
སྐྱིད་པའི་ནང་གི་སྐྱིད་པའི་མཆོག་གྱུར་མཛེས་མར་སྤྱོད་པའི་གོ་སྐབས་ཤོར། །
སྙན་མོའི་ནང་གི་སྙན་མོའི་མཆོག་གྱུར་མཛེས་མའི་སྙིང་གཏམ་ཐོས་མ་ཡིན། །
འཇམ་པོའི་ནང་གི་འཇམ་པོའི་མཆོག་གྱུར་མཛེས་མའི་ལུས་ལ་འཐམ་པ་དཀའ། །
རྨི་ལམ་ཙམ་ལས་དངོས་མྱོང་མེད་པའི་ཨ་ཁུའི་ལས་དབང་བཙོག་པ་ལགས། །
གོང་གི་བཀྲ་ཤིས་ཞུ་བ་དེ་ལ། འོ་ན། སྔ་འགྱུར་རྙིང་མའི་མཁས་གྲུབ་ཆེན་པོ་འཇུ་མི་ཕམ་པ་ཆོས་ཅན། རྙིང་མ་པའི་ཞབས་འདྲེན་ཡིན་པར་ཐལ། ཆོས་གོས་གྱོན་ནས་འདོད་པའི་བསྟན་བཅོས་བྲིས་པའི་ཕྱིར། ཁྱབ་པ་ཁྱོད་རང་གིས་ཁས་བླངས། གྲུབ་སྟེ་ཁོང་གིས་བྲིས་པའི་འདོད་པའི་བསྟན་བཅོས་མདོ་དབུས་ཁམས་རྒྱ་གར་བལ་ཡུལ་ཚུན་ཆད་དུ་ཁྱད་ཡོད་ཟེར་ན་ལན་ཅི་གདབ། འདོད་ན་འཇུ་མི་ཕམ་པས་ཁོང་བྱང་ཆུབ་སེམས་དཔའ་ཞིག་ཡིན་ཞེས་ཁོང་གི་རྣམ་ཐར་དུ་ཞལ་བཞེས་གནང་འདུག་པས། གལ་སྲིད་ཁྱོད་རང་གིས་བྱང་ཆུབ་སེམས་དཔའི་ཁྲོད་དུ་ཡང་སྔ་འགྱུར་རྙིང་མའི་ཞབས་འདྲེན་ཞུ་མཁན་ཡོད་པར་ཁས་ལེན་ཐུབ་བམ་མི་ཐུབ། གལ་སྲིད་ཐུབ་ན། ང་ལྟ་བུའི་སོ་སྐྱེ་དམན་པ་ས་འོག་གི་འབུ་དང་ས་སྟེང་གི་ཁྱི་ལྟ་བུ་ཞིག་གིས་སྔ་འགྱུར་རྙིང་མའི་ཞབས་འདྲེན་ཞུས་པར་དགོངས་པ་དེ་ཙམ་འགལ་ཨེ་དགོས་སམ།
བཀྲ་ཤིས་ལགས་དང་ཀླུ་སྨྱོན་ལགས།
རྩོད་དང་རྨི་ལམ་ངན་པ་སེལ་མ། །
གལ་སྲིད་འཇུ་མི་ཕམ་པས་འདོད་པའི་བསྟན་བཅོས་བརྩམས་ཡོད་པ་རྟགས་མ་གྲུབ་ཟེར་ན་གྲུབ་སྟེ། ཁོང་གི་གསུང་འབུམ་ང་པའི་ཁྲོད་དུ། འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར་ཞེས་བྱ་བ་བཞུགས་སོ། །ཞེས་པའི་ཁ་བྱང་ཅན་གྱི་འདོད་པའི་བསྟན་བཅོས་ཤིག་བཞུགས་པའི་ཕྱིར། ངས་བལྟས་ན་འདི་ཡང་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཚོས་བོད་རྒྱ་མཉམ་གནས་ཟེར་ན་ཁ་བཙུམས་ནས་སྡོད་ཅིང་། ཁོ་བོ་ལྟ་བུའི་སྤྲང་པོ་དག་གིས་བོད་རྒྱ་མཉམ་གནས་ཟེར་དུས་ཧྰུྃ་རུབ་རྦད་རུབ་བྱེད་ཚུལ་དང་གཅིག་པ་རང་རེད། རང་རེའི་སྤྱི་ཚོགས་འདི་ནི་སྲན་མ་མི་ཆོད་པའི་ཡོས་ཀྱི་སྤྱི་ཚོགས་ཤིག་གནའ་ནས་ཡིན་པར་བསམས་ན་ཧ་ལས་རྒྱུ་ཅི་ཡང་མེད་དོ།།
མེ་ཏོག་དཀར་པོ།
རང་ལས་ཤོར་རེད་དམ་ག་རེ་རེད།
ལས་ཁུངས་ནང་ལས་ཀ་མི་བྱེད་པར་ང་ནང་བཞིན་དྲ་རྒྱ་རྐྱང་བསྔོག་བསྡད་ཡོད་དམ།
གཟབ་གཟབ་བྱོས་མ་གཏོགས། སྦྱིན་བདག་གིས་སྤོས་ཡོང་།
ཀླུ་སྨྱོན་ལགས། སྙན་ངག་དོན་གྱིས་སྙན་པོ་བྱུང་། མུ་མཐུད་དུ་ཡིན་ད
ཀླུ་སྨྱོན་ལགས།
ཁྱོད་ཀྱིས་སྙན་ངག་འབྲི་ཐེངས་རེར། སྙན་ངག་གི་བརྗོད་བྱ་དང་ཧ་ཅང་ཐག་ཉེ་བའི་པར་རིས་ངོ་མཚར་བ་དེ་འདྲ་མཉམ་སྦྱར་གནང་སོང་།
སྒྱུ་རྩལ་གྱི་རི་མོ་དེ་རྣམས་པར་མཛོད་ཅིག་ནས་བླངས་པ་རེད་དམ། སྙན་ངག་གི་ནང་དོན་མཐུན་པར་གསར་བྲིས་སམ་སྒྲིག་སྦྱོར་བྱས་པ་རེད།
འདི་དྲན་ཚོད་ཀྱི་དྲི་བ་ཞིག་ལགས་ན། ལན་མ་བཏབ་ཀྱང་ཆོག
དམིགས་བསལ་པར་མཛོད་དེ་འདྲ་མེད་ཀྱང་སྐབས་རེར་རང་གི་རྩོམ་དང་མཐུན་པའི་པར་རེ་རྙེད་དུས་ཀྱང་འདུག
ལས་མེད་མིན་ལ་ལས་ཡོད་མིན། །
ལས་ཤོར་མིན་ལ་མ་ཤོར་མིན། །
གཉིས་ཀའི་བདག་ཉིད་ཀྱང་མིན་པ། །
འདི་ནི་མེ་ཏོག་དཀར་པོ་འོ། །
ཁ་བརྡ་རུ་བོད་ཀྱི་བུ་ལའོ། །
ཀླུ་ལ་༧སྙན་སྒྲོན་ཞིག་ཞུ་རྒྱུར། ཉིད་ཡུལ་གྱལ་བོད་མིའི་ནང་མཚན་ཡོད་མཁན་ཞིག་རེད་ལ། ངས་ཀྱང་ཁྱེད་ཀྱི་བྲིས་པའི་རྩོམ་ཡིག་གང་མཚམས་བཀླགས་མྱོང་།
འདིར་ཞུ་རྒྱུ་ཁྱེད་ཀྱིས་རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད་ཅེས་པའི་རྩོམ་དེར་མཆན་བུ་བཏབ་མཁན་མང་པོ་ཞིག་གིས་དགག་སྒྲུབ་གནང་སོང་།
ཉིན་གུང་གི་རྨི་ལམ་འདི་ལའང་མཆན་བུ་གང་འཚམས་བཏགས་འདུག འདི་ལའང་དགག་སྒྲུབ་གཉིས་ཆར་འབྱུང་རྒྱུ་གོར་མ་ཆགས།
འདིར་བཤད་འདོད་པ་ནི་འདི་ཡིན་ཏེ། བཙན་བྱོལ་བོད་གཞུང་གིས་བོད་རྒྱ་མཉམ་གནས་ཀྱི་ླངས་ཕྱོགས་བཟུང་བ་ནི་དངོས་བདེན་ཡིན་ཡང་ལོ་རྒྱུས་ཐོགས་བོད་རྒྱ་གཉམ་གནས་དང་གཅིག་ཡིན་ཞེས་ནམ་ཡང་མ་གསུངས་ལ། དེ་ལྟར་གསུངས་མི་ཐུབ།
ལོ་རྒྱུས་ཐོག་བོད་རྒྱ་གཉམ་གནས་ཡིན་ཞེས་པ་དང་། འབྱུང་འགྱུར་བོད་རྒྱ་མཉམ་གནས་བྱ་གི་ཡིན་ཞེས་པ་གཉིས་ལ་ཁྱད་པར་གནམ་ས་ལྟ་བུ་ཡོད་དེ། སྔ་མ་རྒྱ་ནག་གིས་ཨ་བཤད་ནན་བཤད་བྱས་པ་དེ་རེད། གཉིས་པ་དེ་བཙན་བྱོལ་བོད་གཞུང་གིས་བཤད་ཚུལ་རེད།
དེ་ཡིན་དུས་༧གོང་ས་མཆོག་གིས་ཀྱང་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་ང་ཚོས་ནམ་ཡང་བཤད་མི་ཐུབ་ཚུལ་ངས་གོ་མྱོང་། ཡང་ཁྱེད་ཀྱིས་ཁུངས་ཁྱེད་ཤོག་ཟེར་ན་ད་ལྟ་འབུལ་ཐུབ་པ་མིན་ཏེ་ངས་བཀའ་སློབ་ཐོས་པའམ་གསར་ཤོག་མཐོང་བ་ངེས་ཏན་རེད།
དེ་རྒྱལ་བ་དོན་གྱིས་བདག་པོས་གསུངས་པ་ལ་བོད་མིས་ལྟ་སྟངས་དང་ཁྱེད་ཀྱིས་གསུངས་པ་ལ་ལྟ་སྟངས་གཉིས་པོ་རྒྱ་མཚོ་དང་རྨིག་རྗེས་ཀྱིས་དཔེས་ཀྱང་འགྲན་མི་ཐུབ།
དེས་ན་༧གོང་ས་མཆོག་གིས་གསུངས་དུས་གང་ཡང་བཤད་མི་ཐུབ་ངས་བཤད་དུས་ཧུང་རུབ་ཕཊ་རུབ་བྱེད་ཀྱིས་འདུག་གསུངས་བ་འདི་ཉིད་ཁེངས་པ་བསྐྱུང་པའི་ཟོལ་གྱིས་ང་རྒྱལ་གྱི་ལྟོབ་སྦོས་པའི་རྣམ་པ་ཞིག་མཐོང་གིན་འདུག
ཡང་འདིར་ཆོས་རྗེ་མི་ཕམ་པ་དཔེ་དང་ཉིད་དཔེ་ཅན་བཞག་ནས་ཡང་
ཀླུ་ལ་༧སྙན་སྒྲོན་ཞིག་ཞུ་རྒྱུར། ཉིད་ཡུལ་གྱལ་བོད་མིའི་ནང་མཚན་ཡོད་མཁན་ཞིག་རེད་ལ། ངས་ཀྱང་ཁྱེད་ཀྱི་བྲིས་པའི་རྩོམ་ཡིག་གང་མཚམས་བཀླགས་མྱོང་།
འདིར་ཞུ་རྒྱུ་ཁྱེད་ཀྱིས་རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད་ཅེས་པའི་རྩོམ་དེར་མཆན་བུ་བཏབ་མཁན་མང་པོ་ཞིག་གིས་དགག་སྒྲུབ་གནང་སོང་།
ཉིན་གུང་གི་རྨི་ལམ་འདི་ལའང་མཆན་བུ་གང་འཚམས་བཏགས་འདུག འདི་ལའང་དགག་སྒྲུབ་གཉིས་ཆར་འབྱུང་རྒྱུ་གོར་མ་ཆགས།
འདིར་བཤད་འདོད་པ་ནི་འདི་ཡིན་ཏེ། བཙན་བྱོལ་བོད་གཞུང་གིས་བོད་རྒྱ་མཉམ་གནས་ཀྱི་ླངས་ཕྱོགས་བཟུང་བ་ནི་དངོས་བདེན་ཡིན་ཡང་ལོ་རྒྱུས་ཐོགས་བོད་རྒྱ་གཉམ་གནས་དང་གཅིག་ཡིན་ཞེས་ནམ་ཡང་མ་གསུངས་ལ། དེ་ལྟར་གསུངས་མི་ཐུབ།
ལོ་རྒྱུས་ཐོག་བོད་རྒྱ་གཉམ་གནས་ཡིན་ཞེས་པ་དང་། འབྱུང་འགྱུར་བོད་རྒྱ་མཉམ་གནས་བྱ་གི་ཡིན་ཞེས་པ་གཉིས་ལ་ཁྱད་པར་གནམ་ས་ལྟ་བུ་ཡོད་དེ། སྔ་མ་རྒྱ་ནག་གིས་ཨ་བཤད་ནན་བཤད་བྱས་པ་དེ་རེད། གཉིས་པ་དེ་བཙན་བྱོལ་བོད་གཞུང་གིས་བཤད་ཚུལ་རེད།
དེ་ཡིན་དུས་༧གོང་ས་མཆོག་གིས་ཀྱང་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་ང་ཚོས་ནམ་ཡང་བཤད་མི་ཐུབ་ཚུལ་ངས་གོ་མྱོང་། ཡང་ཁྱེད་ཀྱིས་ཁུངས་ཁྱེད་ཤོག་ཟེར་ན་ད་ལྟ་འབུལ་ཐུབ་པ་མིན་ཏེ་ངས་བཀའ་སློབ་ཐོས་པའམ་གསར་ཤོག་མཐོང་བ་ངེས་ཏན་རེད།
དེ་རྒྱལ་བ་དོན་གྱིས་བདག་པོས་གསུངས་པ་ལ་བོད་མིས་ལྟ་སྟངས་དང་ཁྱེད་ཀྱིས་གསུངས་པ་ལ་ལྟ་སྟངས་གཉིས་པོ་རྒྱ་མཚོ་དང་རྨིག་རྗེས་ཀྱིས་དཔེས་ཀྱང་འགྲན་མི་ཐུབ།
དེས་ན་༧གོང་ས་མཆོག་གིས་གསུངས་དུས་གང་ཡང་བཤད་མི་ཐུབ་ངས་བཤད་དུས་ཧུང་རུབ་ཕཊ་རུབ་བྱེད་ཀྱིས་འདུག་གསུངས་བ་འདི་ཉིད་ཁེངས་པ་བསྐྱུང་པའི་ཟོལ་གྱིས་ང་རྒྱལ་གྱི་ལྟོབ་སྦོས་པའི་རྣམ་པ་ཞིག་མཐོང་གིན་འདུག
ཡང་འདིར་ཆོས་རྗེ་མི་ཕམ་པ་དཔེ་དང་ཉིད་དཔེ་ཅན་བཞག་ནས་ཡང་ ༼ང་ལྟ་བུའི་སོ་སྐྱེ་དམན་པ་ས་འོག་གི་འབུ་དང་ས་སྟེང་གི་ཁྱི་ལྟ་བུ་ཞིག་༽
རང་དམན་པ་ཞིག་དང་ཀུན་མཁྱེན་མི་ཕམ་མཐོ་བ་ལྟ་བུ་བཤད་པ་ནི། སྤྱན་རས་གཟིགས་ལ་མ་ཎིའི་ལུང་ངམ།
རྒྣན་ལ་བྱིས་པས་རྣམ་ཐར་ལྟ་བུ་སོང་བ་མིན་ན་སྙན་ངག་མེ་ལོང་མའི་དོན་རྒྱན་གྱི་དཔེ་རྒྱན་བཤད་སྐབས།
མེ་ཁྱེར་གྱི་དཔེར་ཉི་མ་མི་རུང་བ་གསུངས་པ་བཞིན་ཅུང་མི་མཛའ་བ་ཉིད་དོ། །
ཆགས་པའི་སྨྲེ་སྔགས་འདོན་པ་སོ་སྐྱེས་ལུགས།
གྲྭ་བ་སྡོམ་པ་དགོས་པ་བོད་པའི་ལུགས།
སྡོམ་པ་སྲུང་པར་དགོས་པ་སྟོན་པའི་ལུགས།
ལུགས་སྲོལ་དེ་དག་བོད་པའི་ཐུན་མོང་ལུགས།
ཆགས་ཚིག་སྤང་པར་བྱ་བ་གྲྭ་པའི་ལུགས།
ཚུལ་མཆོས་སྤང་པར་དགོས་པ་དགེ་སློང་ལུགས།
ཆགས་མྱོས་འདུརརྒྱུག་རྒོད་པ་རྒད་པོའི་ལུགས།
ལུགས་ལ་ལུགས་སྲོལ་དགོས་པ་འཇིག་རྟེན་ལུགས།
དཀོན་ཅོག ད་ཡིན་ན་ང་དགའ་སའི་མེ་ཏོག་དཀར་པོ་མིག་ནང་ལ་ཁྲག་རྒྱུག་བཞིན་ཀླུ་སྨྱོན་སྒང་ལ་ངར་འདུག take it easy, man!
ཨོ་ན་ཡེ།
ང་དང་མ་ཨ་ཁུ་ཡིན་དུས་ན།
གྲྭ་མང་དཀྱིལ་ནས་འཛགས་བཤད་བརྒྱབ།
གྲྭ་ཡག་མཐོང་ན་ཆགས་བཤད་བརྒྱབ།
དེ་ལ་མི་དགའ་ཡེ་ནས་མེད།
ཚང་མས་རྣ་བ་ཀྲོང་ནས་ཉན།
རྡོར་གདན་ལིམ་བུའི་སྨོན་ལམ་ནས།
ཨ་ནེ་ཚོ་ལ་འཛགས་བཤད་བརྒྱབ།
མཛེས་མ་དེ་འདྲར་མིག་བཙུམ་བརྒྱབ།
དགའ་ནས་ས་ལ་རིལ་ཀྲོ་བྱེད།
ཚུར་ལ་འཛེམས་མེད་ཆགས་ཉམས་སྟོན།
ཨོ་ན་ཡེ།
ང་དེང་སང་མི་སྐྱ་མཇེ་ངན་ལག་བཟུང་ཡིན།
རིག་རིག་ཐུག་ཐུག་ཉིད་ལ་འཛགས་གི་ཡོད།
ཚེ་འདིར་འཛགས་སྐྱིད་མ་བརྒྱབ་ན།།
ཕྱི་མའི་ཡུལ་ན་འཛགས་ས་མེད།
མེ་ཏོག་དཀར་པོ་ལགས། ངས་བརྗོད་པ་དེ་དག་གི་གོ་བ་རྣལ་མ་ཞིག་ཉིད་ཀྱིས་ད་དུང་རྟོགས་མ་ཐུབ་པའམ་ཡང་ན་མ་རྟོགས་ཁུལ་བྱེད་པ་འདྲ། ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཆེན་པོ་ཞིག་གིས་བརྗོད་པར་མིག་ཡས་ཞ་ར་དང་རྣ་ཡས་འོན་པ་བྱེད་པ་དང་། ཆུང་ཆུང་ཞིག་གིས་བརྗོད་དུས་ངར་ངར་ཤོར་ཤོར་སྒོས་དགག་པ་གཏོང་གི་རེད་དམ་མ་རེད། དང་པོ་འདི་ལ་ལན་ཞིག་གསུངས། སྔོན་ཐེངས་དེ་མར་ལུང་དྲངས་པ་སྟེ། ཨ་ཁུ་པད་མ་འབུམ་ལགས་ནས་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ལས། མི་གཅིག་གི་སྐྱོན་གཅིག་གིས་མི་དེའི་ཡོད་ཚད་ནག་བསུབས་གཏོང་རྐྱང་བྱེད་པ་ནི་དམར་ཕྱོགས་པ་ཚོ་དང་བོད་པའི་ནང་བསྟན་པ་ཚོའི་ཐུན་མོང་གི་ཁྱད་ཆོས་ཟེར་བ་ཞིག་ཡོད་པ་དེ་ཨེ་དྲན་གི དྲན་ན་ངས་དེ་དྲན་གསོ་ཐེངས་ཤིག་བྱས་པ་ཡིན། དཔེ་འཇོག་བྱེད་དུས་དཔེ་འཇོག་བྱེད་དུས་ཡིན་གཅིག་མིན་གཉིས་དཔེ་འཇོག་ས་དེ་དང་འདྲ་བོ་ཡོད་རྒྱུ་རེད་དམ། བསྡུར་ནས་བརྗོད་དུས་བསྡུར་ས་དེ་དང་ངེས་པར་དུ་ཡོན་ཏན་འདྲ་མཉམ་ཡིན་ཟེར་བས་ཁྱབ་བམ། རྗེ་བླ་མས། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས་ཡོད་ལ། དགེ་ལྡན་པ་ཚོས་དེའི་ཚིག་བསྒྱུར་ནས། རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་འདོན་གིན་ཡོད་པས། ད་འོ་ན་དགེ་ལུགས་པའི་གྲྭ་ཆུང་ཚུན་ཆད་ཀྱིས་ཀྱང་རང་ཉིད་རྗེ་ཙོང་ཁ་པ་ཆེན་པོ་དང་འདྲ་མཉམ་ཡིན་ཟེར་གི་ཡོད་པ་རེད་དམ། ངས་བརྗོད་འདོད་པ་དེ་ནི། རང་རེའི་སྤྱི་ཚོགས་འདི་སྲན་མ་མི་ཆོད་པའི་ཡོས་ཀྱི་སྤྱི་ཚོགས་རེད་ཅེས་པ་དེ་ཡིན་མོད། རང་ཉིད་སྐྱེས་སྦྱངས་ཀྱི་ཤེས་ཡོན་དམན་པས་ཚིག་གིས་དོན་གང་ཞིག་སྟོན་མ་ཐུབ་པའི་སྐྱོན་ཞིག་ཡིན་ན་ནི་དགོངས་དག་ཞུ་བ་དང་། ཉིད་ཀྱིས་བདག་གི་བློ་རྩེ་གཏད་ས་དེ་ཤེས་བཞིན་དུ་དཀྱོགས་ནས་ཅིག་བརྗོད་པ་ཡིན་ན་ནི་དེར་ཟད་དོ།།
གོང་ས་མཆོག་གིས།
གཞོན་ནུ་ཚོའི་ལངས་ཕྱོགས་ དང་ངའི་ལངས་ཕྱོགས་གཉིས་ཐ་དད་དང་། མཐུན་གྱི་མེད། ཡིན་ནའང་དེས་བོད་པའི་ཐོབ་ཐང་ཤོད་ཀྱི་ཡོད་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་ཐོབ་ཐང་འདི་ཡོད་པ་ཡིན། ང་ཚོས་ཐོབ་ཐང་རྩོད་པའི་སྐབས་སུ་རང་བཙན་ཡིན་པའི་རྒྱུ་མཚན་ཁུངས་སྐྱེལ་དགོས། རང་བཙན་ཡིན་ལུགས་ཡིན་སྟངས་བཤད་དགོས། གང་ལྟར་བོད་ལུང་པའི་བར་སྐབས་ཀྱི་གནས་སྟངས་འཛམ་གླིང་ཕྱི་ལ་འབྲེལ་བ་བྱ་རྒྱུ་ ཉུང་དྲགས་པའི་རྐྱེན་གྱིས་སྤྱི་འགྲེ་སྤྱི་མཚུངས་ལྟར་བོད་རང་བཙན་ངོས་ལེན་བྱས་ ནས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་བྱུང་མེད། རྒྱ་གར་དབྱིན་ཇིས་བཟུང་བའི་སྐབས་བོད་ལ་ཚོང་དོན་སྐུ་ཚབ་ཟེར་བ་ཞིག་བཙུགས་ཡོད། གང་ལྟར་ཡང་སྙིང་རང་དབང་རང་བཙན་ཡིན་པའི་ཐོབ་ཐང་ངམ། མཚན་ཉིད་ཆ་ཚང་བ་གྲིས་བཅད་པ་ལྟ་བུ་ཞིག་མི་འདུག
ཅེས་གསུངས་ཡོད།
གལ་སྲིད་བོད་མི་ཉམ་ཆུང་ང་ལྟ་བུ་ཞིག་གིས་འདི་ལྟར་བརྗོད་པ་ཡིན་ན་མི་དེར་བོད་པའི་སྤྱི་ཚོགས་ཀྱིས་ལྟ་སྟངས་ག་འདྲ་ཞིག་འཛིན་གི་རེད། འདི་ལ་ལན་ཞིག་གནོངས། ངས་འདི་ལྟར་བསྡུར་བཤད་བྱེད་པ་ནི་ཆེན་པོ་ཞིག་གིས་བརྗོད་པ་དང་ཆུང་ཆུང་ཞིག་གིས་བརྗོད་པ་གཉིས་ལ་སྤྱི་ཚོགས་ཀྱི་ངོས་ནས་བརྡ་ལན་ཅི་འདྲ་ཞིག་སྤྲོད་སྟངས་དེ་བསྡུར་གིན་ཡོད་མ་གཏོགས། ཆེན་པོ་ཞིག་དང་ཆུང་ཆུང་ཞིག་དོ་མཉམ་རེད་ནམ་ཡང་ཟེར་གིན་མེད། མཚན་ཉིད་པའི་རིགས་ལམ་ལ་ཟླ་བ་རེ་ཟུང་སྦྱངས་མྱོང་མཁན་ཞིག་ཡིན་ན་འདི་ཙམ་མི་ཤེས་པའི་དཀའ་ངལ་དེ་ཡོད་ནི་མ་རེད།
དབུས་མའི་ལམ་དེ་མཐར་ཐུག་མཐར་ཐོན་ཤོག །
ཉིད་ཀྱིས་གསུངས་བའི་གནད་དོན་མང་པོ་ཞིག་ཕྲན་གྱིས་འདོད་པས་བསྐྱར་འབྲི་མི་བྱེད། གོང་ས་མཆོག་གིས་བོད་རང་བཙན་གྲིས་བཅད་པ་ལྟ་བུ་མི་འདུག་གསུངས་བ་ཕྲན་གྱི་མ་ཐོས་ཤིང་ཀློག་མཁན་ཚོར་ཡིད་ཆེས་ཆེད་ཡིག་ཆ་གང་དང་ཤོག་གྲངས་གང་ནས་ཡོད་པ་གསལ་པོ་བཀོད་ན་ཕན་ཐོགས་ཡོད་པ་སེམས། རྒྱུ་མཚན་ནི༡༩༡༢ལོར་༡༩༥༠ལོར་བར་བོད་ནས་རྒྱ་མིའི་ལས་བྱེད་གཅིག་ཀྱང་མེད་པར་ཕྱིར་ཕུད་བཏང་ཟིན་པས་བོད་མི་ཙམ་མ་ཟད་རྒྱ་རིགས་ཉམས་ཞིབ་པ་ཚོས་བོད་དེ་རང་བཙན་ཡིན་པ་ངོས་ལེན་བྱེད་བཞིན་ཡོད། དཔེར་ན་ཚོའོ་ཧྲོ་ཆིན་དང་ཝང་ལི་ཞིན་ལྟ་བུ་རེད། དྲང་མོ་བཤད་ན་བོད་རང་བཙན་རྩོད་དང་མི་རྩོད་ཅེས་བ་ནི་ལོ་རྒྱུས་བྱེ་བྲག་པ་ཞིག་ལ་གཞི་བཅོལ་རྒྱུ་མིན་པར་གཙོ་་བོ་མི་རིགས་ཤིག་གིས་རང་ཉིད་རང་རྐང་སྒང་ལངས་རྒྱུའི་འདོད་འདུན་ཡོད་མེད་དང་ལངས་བའི་འཇོན་ཐང་ཡོད་མིན་ལ་རེག་ལས་ཤིང་། ཡོད་པ་རྒྱལ་སྤྱིའི་ཁྲོད་སྟོན་ཐུབ་ཚེ་རང་བཙན་བྱེད་རྒྱུའི་ཐོབ་ཐང་ཡོད་པ་རྒྱལ་སྤྱིའི་ཁྲིམས་ལུགས་རེད། འོན་ཀྱང་འཇིག་རྟེན་འདིར་རང་ལ་ནུས་པ་མེད་ན་རྒྱལ་སྤྱིའི་ཁྲིམས་ཀྱང་རྒན་ཁོག་གིས་ཤ་ཟོས་བ་བཞིན་སྙི་མོ་མ་གཏོགས་མཁྲེགས་ཤ་མི་ཟ་བས་འཇོག་བཞིན་ཡོད། རྒྱ་མཚན་ནི་མི་རྒྱལ་ཁབ་ཆུང་ཆུང་ཞིག་གམ་ལུང་པ་ཆུང་ཆུང་ཞིག་གི་ཆེད་དུ་གྱོང་གུད་རེག་འདོད་མེད་པས། དེ་སྔོན་འཇན་མན་གྱིས་ཆེ་ཁི་དང་སི་ལོ་ཝའ་ཁིར་བཙན་འཛུལ་བྱས་པའི་སྐབས་སུ་ཧྥའ་རན་སི་དང་དབྱིན་ཇིས་གཞུང་གིས་རྒྱལ་ཁབ་དེ་གཉིས་འཇན་མན་གྱི་མངའ་ཁོངས་ཡིན་པ་གྲོས་མཆོད་བཀོད་ཅིང་འཇར་མན་གྱིས་ཀྱང་ལུང་པ་དེ་གཉིས་ལས་གཞན་ལ་དམག་མི་རྒྱག་ཁས་ལེན་བྱས་ཡོད། དེ་ནི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་ལུང་པ་ཆུང་ཆུང་རྣམས་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་བཙོང་བའི་བྱ་སྤྱོད་ཅིག་རེད་ལ། ལུང་པ་ཉི་ཚེ་པ་ཞིག་གི་ཆེད་དུ་རང་ལ་གྱོང་གུང་མི་ཕོགས་རྒྱུའི་ཉེན་འགོག་ཅིག་ཀྱང་རེད།
བོད་ཀྱིས་རང་བཙན་འདོད་དང་རང་སྐྱོང་འདོད་མིན་ནི་བོད་མིའི་མངོན་འདོད་དང་འཇོན་ཐང་ལ་རེག་ལས་བ་ལས་གཞན་གང་ཡང་མིན། དེ་བརྟེན། རྒྱ་ནག་གིས་དུས་རྒྱུན་བོད་མི་མང་ཚོགས་རྒྱ་དང་མཉམ་གནས་བྱེད་རྒྱུའི་མོས་འདོད་ཡོད་ཅིང་། ཡོད་པས་རྒྱ་ནག་གིས་བོད་པ་བཟུང་བ་རྒྱལ་སྤྱིའི་ཁྲིམས་ལུགས་མཐུན་ཞིང་ལུགས་མཐུན་ཡིན་པ་མཛམ་གླིང་གང་སར་སྒྲུབ་བཞིན་ཡོད། ཐ་ན་བོད་ལ་ད་ལྟ་དཀའ་ངལ་ཡོད་པའང་རྒྱ་ནག་གིས་ངོས་ལེན་བྱེད་འདོད་མེད་ཅིང་ཡོད་པ་ནི་ཏཱ་ལའི་རུ་ཚོགས་ཀྱིས་བཟོས་ཚུལ་བཤད་བཞིན་ཡོད།
འདི་ནི་སྐྱོན་བརྗོད་མིན། བསམ་ཚུལ་བརྗེད་རེས་སུ་བྲིས་བ་ཡིན་ལ། ངའི་རེ་བ་སྐུ་ཉིད་ཀྱིས་སྐུ་མདུན་གསུངས་ཁོ་ན་བགྲང་ནས་མ་བཞུགས་པར་བོད་ཀྱི་གནས་བབ། བོད་བཙན་ནི་བོད་མིའི་ཐོབ་ཐང་ཡིན་སོགས་བོད་ཀྱི་ལོ་རྒྱུས་ལ་ཕྱི་མི་རྒྱལ་རབས་མཁས་བའི་བརྩམས་ཆོས་དང་། བོད་ཀྱི་ལོ་རྒྱུས་འཐུས་ཤིག་འགོ་འཇུག་བར་གསུམ་དུ་ཀློག་ཅིང་བོད་དང་གནས་སྟངས་འདྲ་བའི་རྒྱལ་ཁབ་གཞན་ཆོའི་ལོ་རྒྱུས་ལ་ཞིབ་བསྡུར་བྱེད་གནང་ནས་ཁ་ཚོན་གཅོད་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་དུ་འདོད། སྙན་ངག་མཁན་པོས་འཚོར་འདུའི་དབང་གིས་ལོ་རྒྱུས་དང་མི་རིགས་ཀྱི་གནད་དོན་ཁ་ཚོན་བཅད་ནས་གསུངས་མི་འོས་བ་འདོད། མ་གཞི་ཕྲན་གྱིས་དེ་སྔོན་ལོ་ངོ་ལྔ་ཙམ་ལ་ལོ་རྒྱུས་ལ་ཆེད་སྦྱང་བྱེད་ཁུལ་བྱས་ཀྱང་ངས་ཤེས་བའི་གནས་ཚུལ་ནི་ཆུ་ཐིག་ཙམ་ཞིག་ཡིན་པས་གནད་དོན་གང་ལ་ཐག་གཅོད་བྱེད་པའི་བློ་གྲོས་དམན་ལ། དམན་པས་མང་པོ་ཞིག་འབྲི་བའི་ངལ་བ་མི་བྱ། ད་ལྟ་ཕྲན་སློབ་བྲེལ་དང་ལས་བྲེལ་གྱིས་གནད་དོན་འདི་འདྲ་ཁ་ཡ་བྱེད་འདོད་གཏན་ནས་མེད་མོད་སྐུ་ཉིད་དང་བསམ་ཚུལ་བརྗེ་རེས་བྱེད་རྒྱུའི་ཐོལ་བྱུང་གི་སེམས་འཚོར་ཞིག་གིས་བྲིས།
ཀླུ་རིན་པོ་ཆེ།
ངས་ཤེས་ཀྱང་མི་ཤེས་ཁུལ་བྱས་མེད་པ་རང་མྱོང་གིས་ཤེས། ཉིད་ཀྱིས་དཔེ་དང་དཔེ་ཅན་འཇོག་སྟངས་འདི་ལ་དག་སེལ་གནང་སོང་སྟེ། ད་དུང་སེམས་ཀྱི་ཟུར་ཁ་འདི་ན་མི་བདེ་ལྷང་ལྷང་ཞིག་འདུག དགེ་ལུགས་པའི་སློབ་དཔོན་རྒྱལ་བ་ཙོང་ཁ་པའི་གསུང་དེ་དགེ་ལུགས་ཀྱི་གྲྭ་ཆུང་ཞིག་གིས་འདོན་པ་དེ་དང་ཉིད་ཀྱི་དཔེ་དང་དཔེ་ཅན་གྱི་འཇོག་ལ་མི་འདྲ་བ་མཚན་ཉིད་ལ་ཉིན་ཤས་སྦུངས་མཁན་ཞིག་གིས་ཀྱང་ཤེས་ཚོད་རེད།
ཨ་ཁུ་པདྨ་འབུམ་གྱིས་གང་བཤད་པ་ནི་ནོར་བ་སྟེ། ནང་པའི་གཞུང་ལུགས་གང་ནས་སྐྱོན་གཅིག་གིས་གང་དེའི་ཡོན་ཏན་ཚང་མ་ནག་བསུབ་གཏོང་ཟེར་བ་མ་མཐོང་། ངས་ནི། དམ་པ་ཞིག་གིས། སྐྱོན་བརྒྱ་ཚང་བའི་མི་ངན་གཅིག་ལའང་། །སོགས་ནས་། ༼བར་གྱི་རྐང་པ་གཉིས་མ་དྲན། ༽ངང་པའི་ཆུ་ལས་འོ་མ་ལེན་པ་བཞིན། །ཞེས་སྐྱོན་བརྒྱ་ཡོད་ནའང་ཡོན་ཏན་གཅིག་ལ་བལྟ་དགོས་པ་གསུངས་པ་ཞིག་མཇལ་བྱུང་། འདི་ནི་ཞར་འཕྲོས་ཡིན།
ད་ལྟ་ང་གང་དུ་ཡོད་པའི་གཞི་འདིར་བོད་ཡིག་གི་དེབ་གཅིག་རང་ཡོད་པ་ནི་རྒྱལ་རབས་ཞིག་ཡོད་པ་འདི་ཡིན་ན། ༧གོང་ས་མཆོག་གིས་བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ལོ་རྒྱུས་ཡིན་སྟབས་དེ་ནག་བསུབ་གཏོང་ཐབས་མེད་གསུངས་པ་ཡོད་ངེས་བརྒྱ་ཆ་བརྒྱ་རེད།
ཉིད་ཀྱི་ཞེ་འདོད་ངོ་མ་དེ་ལོ་རྒྱུས་ཐོག་བོད་རྒྱ་འོག་ཡིན་ཟེར་རྒྱུ་རེད་དམ།
གང་ལྟར་༼ ངས་འདི་ལྟར་བསྡུར་བཤད་བྱེད་པ་ནི་ཆེན་པོ་ཞིག་གིས་བརྗོད་པ་དང་ཆུང་ཆུང་ཞིག་གིས་བརྗོད་པ་གཉིས་ལ་སྤྱི་ཚོགས་ཀྱི་ངོས་ནས་བརྡ་ལན་ཅི་འདྲ་ཞིག་སྤྲོད་སྟངས་དེ་བསྡུར་གིན་ཡོད་མ་གཏོགས། ཆེན་པོ་ཞིག་དང་ཆུང་ཆུང་ཞིག་དོ་མཉམ་རེད་ནམ་ཡང་ཟེར་གིན་མེད། ༽་་གསུངས་འདུག་པར་ཡི་རངས་ཞུ།།
ཨ་ནུ་ཐང་བསོད་ནམས་ལགས།
རྩོམ་ཡིག་དེ་ཡག་པོ་མཐོང་། ཆི་ཁི་དང་སི་ལོ་ཝའ་ཁིར་ཞེས་པའི་རྒྱལ་ཁབ་དེ་གཉིས་མིང་དབྱིན་ཡིག་གི་དག་ཆ་ཅི་འདྲ་ཡིན་ནམ།
ཕྲན་ལ་བསྐུར་རོགས་གནང་།་སྐུ་མཁྱེན།
རྩོམ་ཡིག་མུ་མཐུད་དུ་འབྲི་བར་རེ་བ་ཡོད།
ཨ་ནུ་ཐང་བསོད་ནམས་ལགས་སུ།
་་་་་་། གཞོན་ནུ་ཚོའི་ལངས་ཕྱོགས་ དང་ངའི་ལངས་ཕྱོགས་གཉིས་ཐ་དད་དང་། མཐུན་གྱི་མེད། ཡིན་ནའང་དེས་བོད་པའི་ཐོབ་ཐང་ཤོད་ཀྱི་ཡོད་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་ཐོབ་ཐང་འདི་ཡོད་པ་ཡིན། ང་ཚོས་ཐོབ་ཐང་རྩོད་པའི་སྐབས་སུ་རང་བཙན་ཡིན་པའི་རྒྱུ་མཚན་ཁུངས་སྐྱེལ་དགོས། རང་བཙན་ཡིན་ལུགས་ཡིན་སྟངས་བཤད་དགོས། གང་ལྟར་བོད་ལུང་པའི་བར་སྐབས་ཀྱི་གནས་སྟངས་འཛམ་གླིང་ཕྱི་ལ་འབྲེལ་བ་བྱ་རྒྱུ་ ཉུང་དྲགས་པའི་རྐྱེན་གྱིས་སྤྱི་འགྲེ་སྤྱི་མཚུངས་ལྟར་བོད་རང་བཙན་ངོས་ལེན་བྱས་ ནས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་བྱུང་མེད། རྒྱ་གར་དབྱིན་ཇིས་བཟུང་བའི་སྐབས་བོད་ལ་ཚོང་དོན་སྐུ་ཚབ་ཟེར་བ་ཞིག་བཙུགས་ཡོད། གང་ལྟར་ཡང་སྙིང་རང་དབང་རང་བཙན་ཡིན་པའི་ཐོབ་ཐང་ངམ། མཚན་ཉིད་ཆ་ཚང་བ་གྲིས་བཅད་པ་ལྟ་བུ་ཞིག་མི་འདུག སྔར་ཆོལ་རྒྱལ་ཚོའི་སྐབས་སུ་བོད་རྒྱ་ཐ་དད་སོ་སོར་ཡིན་པ་རྩོད་མེད་ཡོངས་གྲགས་ ཡིན། དེ་སྔོན་རྒྱ་ནག་གཞུང་གི་ཡིག་ཆའི་ནང་དུས་རབས་བདུན་པའི་སྐ་་་་་་། །་་་་
༸གོང་ས་མཆོག་དབུ་མའི་ལམ་གྱི་ལམ་དུ་ཕེབས་དགོས་པའི་རྒྱུ་མཚན་འདིར་ཡོད་ཀི
ཀླུ་སྨྱོན་ནས།
ཟིན་བྲིས་སྔ་མའི་སྔ་མར་གཟིགས་དང་།
གང་ལྟར་ཡང་སྙིང་རང་དབང་རང་བཙན་ཡིན་པའི་ཐོབ་ཐང་ངམ། མཚན་ཉིད་ཆ་ཚང་བ་གྲིས་བཅད་པ་ལྟ་བུ་ཞིག་མི་འདུག
ཀ་རྡོ་ལགས། གོང་ས་མཆོག་གིས་རང་བཙན་གྲིས་བཅད་པ་ལྟ་བུ་ཞིག་མི་འདུག་གསུངས་པ་དེ་ངས་གཟའ་འཁོར་རེ་ཟུང་གི་སྔོན་དུ་སྤེལ་བའི་རྒྱལ་བའི་བཀའ་སློབ་(གོང་ས་མཆོག་དབུ་མའི་ལམ་དུ་ཕེབས་དགོས་པའི་རྒྱུ་མཚན་འདིར་ཡོད་ཀི་)ཞེས་པའི་ཁ་བྱང་ཞིག་བཏགས་པ་དེར་གཟིགས་དང་ནམ་ལངས་ཉི་ཤར་ཡིན། ངས་ནམ་ཡང་གོང་ས་མཆོག་གིས་མ་གསུངས་པ་ཞིག་གསུངས་འདུག་ཅེས་སྒྲོ་འདོགས་བྱེད་མ་མྱོང་། གོང་གི་ལུང་ཚིག་དེ་ཡང་གོང་ས་མཆོག་གི་གསུང་ཚིག་དེ་ག་རང་ཡིན་པ་མ་གཏོགས་ཚིག་གཅིག་ལ་ཡང་འགྱུར་བ་བཏང་མེད།
དགོངས་དག ཀ་རྡོ་བ་མིན་པར་ཨ་ནུ་ཐང་བ་རེད་འདུག
ཀླུ་སྨྱོན་ལགས། འཇུ་མི་ཕམ་གྱིས་གནའ་བོའི་ཡིག་ཆ་དག་གི་གནད་བསྡུས་ཏེ་གཞུང་ལུགས་ཤིག་བྲིས་པ་རེད། ཁྱེད་ཀྱི་རྨི་ལམ་རྨིས་རབས་དང་འདྲ་ནི་མ་རེད། ངས་ཁྱེད་ལ་དྲི་བ་གཅིག་ཡོད་པ་ནི་ཁྱོད་ཀྱིས་ཉམས་ལེན་གསར་རྙིང་གང་ལ་བྱེད་ཀྱི་ཡོད་ཟེར་བ་དེ་ཡིན།???????
ང་ལ་ཉམས་ལེན་སྣ་མང་ཅང་མེད། སྟོན་པ་དང་གུ་རུ་རིན་ཆེ་རྗེ་བླ་མ་གསུམ་ལ་གསོལ་བ་རེ་འདེབས་བཞིན་ཡོད། ཤི་ན་ངན་སོང་ལས་འགྲོ་ས་གཞན་ཅང་མེད། ང་ནི་མི་སྡིག་ཆེན་བླ་མས་མི་འདྲོང་བ་ཞིག་ལགས།
ངའི་སྡིག་ལག་འདི་ཨང་ཡང་ཆད་འདུག གུ་རུ་རིན་པོ་ཆེ་དང་་་་་་་་་
ཨོ་ཡང་ཁྱོས་འཇུ་མི་ཕམ་ལ་དམིགས་བསལ་སྤྲོད་ཀིན་འདུག་ག ངས་སྲན་མ་མ་ཆོད་པར་ཡོས་ཟེར་བ་ཡང་འདི་འདྲ་ལ་དམིགས་པ་ཡིན་ལགས། ཁོང་གིས་དེ་ཕྱོགས་བསྒྲིགས་བྱས་ན་ཡང་འདོད་པའི་བསྟན་བཅོས་རེད། རང་གིས་བརྩམས་ན་ཡང་འདོད་པའི་བསྟན་བཅོས་རེད། དགེ་ཆོས་ཀྱིས་འདོད་བསྟན་བྲིས་པར་སེམས་ཅན་ངན་འགྲོར་འདྲེན་བྱེད་བྲིས་སོང་བརྗོད་ནས་ཧྰུྃ་རུབ་རྦད་རུབ་བྱས་པ་རེད། འཇུ་མི་ཕམ་པར་དམིགས་བསལ་སྤྲད་པ་རེད། ཁྱད་པར་ཅི་འདུག སྲན་མ་མི་ཆོད་པའི་ཡོས་ཀྱི་སྤྱི་ཚོགས་ཨང་།
འཇུ་མི་ཕམ་པའི་འདོད་པའི་བསྟན་བཅོས་ལ་བལྟས་ན་ཡང་མཇེ་ངན་ལང་གི་འདུག དགེ་ཆོས་ཀྱི་འདོད་བསྟན་ལ་བལྟས་ན་ཡང་མཇེ་ངན་ལང་གི་འདུག ང་ལ་ནི་གཉིས་ཀས་མཇེ་ངན་ལང་བའི་རྒྱུ་བྱེད་པར་ཁྱད་པར་མི་འདུག ཡང་ཁྱེད་ཅག་གིས་ཁྱད་པར་ཆེན་པོ་ལོས་ཡོད། གཅིག་དེ་རྩོམ་མཁན་མཁས་གྲུབ་ཆེན་པོ་ཞིག་རེད་ལ་གཅིག་དེ་རྩོམ་མཁན་ནི་ཨ་མདོ་བ་གུམ་ཙམ་ཞིག་རེད་ཟེར་རྒྱུ་ཡིན་ཨང་། ཨ་མདོ་བ་གུམ་ཙམ་ཟེར་བ་དེའི་འབྱུང་ཁུངས་ཤེས་སམ། དགེ་ཆོས་བཙོན་ཁང་དུ་ཡོད་དུས་བཀའ་བློན་ཀླུ་ཁང་བས་ཁོང་ལ་བཏགས་པའི་མིང་ཚིག་ཅིག་རེད། བོད་འདི་དེ་དུས་ནས་སྲན་མ་མི་ཆོད་པའི་ཡོས་ཀྱི་སྤྱི་ཚོགས་ཤིག་ཏུ་གྲུབ་བསྡད་ཡོད་པ་རེད།
ཀླུ་སྨྱོན་དང་ཀརྡོ་རབ་འབྱམས་པ་ལགས། གོང་ས་མཆོག་གི་གསུངས་ཕྲན་ལ་ཡང་སྐྱར་བཀོད་པ་ཐུགས་རྗེ་ཆེ། བོད་ཀྱི་རང་བཙན་ཡིན་ཟེར་ནས་ཕྱི་འབྲེལ་གྱིས་གྲོས་མཆོད་སོག་པོ་མ་མཏོགས་བཞག་མྱོང་བ་མེད་པ་བདེན་པ་རེད། དེ་ནི་བོད་ཀྱིས་ཆོས་ཀྱི་ཆེད་དུ་ཁེ་རྐྱང་ཟུར་སྡོད་ཀྱི་རྒྱལ་ཁབ་འཛུགས་རྒྱུའི་རེ་བས་རེད་ལ། ངས་གོང་དུ་བཀོད་པའི་རྒྱ་རིགས་དེ་དག་དང་བོད་ཀྱི་གནས་བབ་རྩོམ་པོ་ཚོས་བོད་ནི་རང་བཙན་ཡིན་པ་རྩོད་མེད་ཀྱིས༡༩༩༢ལོར་ནས༡༩༥༠ལོར་ཁས་ལེན་བྱེད་ཀྱིན་འདུག ཕྱོགས་གཞན་ནས་བཤད་ན་དུས་རབས་ཉི་ཤུའི་དུས་འགོ་ཙམ་ལ་ཕྱི་འབྲེལ་གྱི་ཐོག་ནས་རྒྱལ་ཁབ་གཞན་ལ་འབྲེལ་བ་བྱས་ཤིང་མཆན་ཡིག་ངོས་ལེན་བྱེད་སའི་རྒྱལ་ཁབ་ཉུང་ལས་མེད་ལ། མེད་པས་སྟོབས་ཆེན་རྣམས་ཀྱིས་གོ་སྐབས་དམ་འཛིན་གྱིས་རང་ཉིད་ཀྱི་མངའ་ཁོངས་རྒྱ་སྐྱེད་བྱེད་པའི་སྐབས་ཡིན་ལ། གོ་རྟོགས་སེལ་བའི་མི་རིགས་རྣམས་ཀྱིས་རང་དབང་དང་རང་བཙན་འཐབ་རྩོད་བྱེད་པའི་སྐབས་ཤིག་རེད། སྐུ་མདུན་གྱིས་གསུངས་བ་ལྟར་ཕྱི་འབྲེལ་གྱི་ཐོག་ནས་ལྟས་ཏེ་རང་བཙན་སྒྲུབ་ཚེ་དུས་སྐབས་དེར་འཛམ་གླིང་ཐོག་རང་བཙན་རྒྱལ་ཁབ་ཤིན་ཏུ་ཉུང་ལ་མཆན་ཡིག་བཞག་ནས་རྒྱལ་ཁབ་ངོས་འཛིན་བྱེད་པའི་ལུགས་སྲོལ་འགོ་གཙུགས་ནས་རྒྱན་རིང་མ་ཕྱིན་པས་རྒྱ་གར་ལའང་དབྱིན་ཇིས་མ་སླེབས་པའི་སྔོན་དུ་རང་བཙན་རྒྱལ་ཁབ་གཙང་མ་ཞིག་ཏུ་སྒྲུབ་ཐུབ་པ་དཀའ་བ་སྣང་། གཟིམ་འཇགས་གནང་།
འབུམ་གཅིག་ལགས། Czech Republic. Slovakia.རེད།
ཀླུ་སྨྱོན་ལགས། སྟོན་པ་དང་གུ་རུ་རིན་ཆེ་དང་རྗེ་བླ་མ་གསུམ་ལ་གསོལ་བ་རེ་འདེབས་བཞིན་ཡོད། ཟེར་བ་དང་། ཤི་ན་ངན་སོང་ལས་འགྲོ་ས་གཞན་ཅང་མེད། ཟེར་བའི་ཚིག་འདི་ཚོ་འགལ་བ་རེད། སྟོན་པ་དང་གུ་རུ་རིན་ཆེ་དང་རྗེ་བླ་མ་གསུམ་ལ་གསོལ་བ་བཏབས་པས་ངན་སོང་དུ་སྐྱེས་ནི་ཟིག་་ཁྱོད་ལྟ་བུའི་སྟོན་པ་ལ་ཡིད་ཆེས་མེད་མཁན་རེ་ཟུང་མ་གཏོགས་སུ་ཡང་མེད་ངེས། ཨོ་ད་ཡིན་ན་ཁྱོད་ཆབ་སྲིད་པ་རང་རེད་བཞག རང་གི་ཉམས་ལེན་ཡང་གསལ་བོ་བཤད་ཕོད་ཀི་མི་འདུག་པཱ།
བཀྲ་ཤིས་ལགས། ང་ནི་བདག་ཅག་གི་སྟོན་པས། ངུར་སྨྲིག་སྐེད་ལ་དཀྲིས་གྱུར་ནས། །སྡིག་པའི་ཆོས་ཅན་མ་བསྡམས་པ། །སྡིག་ཅན་དེ་དག་ཕལ་མོ་ཆེ། །སྡིག་པའི་ལས་ཀྱིས་དམྱལ་བར་སྐྱེ། །ཞེས་དང་། འཕགས་པ་ལྷས། །ཕལ་མོ་ཆེ་ཡི་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོ་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ །ཞེས་དང་། རྗེ་ཙོང་ཁ་པས། ཤི་ནས་ངན་འགྲོར་མི་སྐྱེའི་གདེང་མེད་ཅིང་། །ཞེས་དང་། རྗེ་གུང་ཐང་རིན་པོ་ཆེས། བདེ་འགྲོ་མ་ཟད་བདེ་བ་ཅན་འདོད་ཀྱང་། །དམྱལ་བའི་གཏིང་རྡོ་བྱེད་པ་ཡི་རེ་མུག །ཅེས་གསུངས་པའི་དཔེ་མཚོན་རྨ་མེད་པ་ཞིག་ལགས་ཤིང་། ཆུང་དུས་ནས་ཤི་གསོན་གྱི་དཀོར་ནག་ལ་བག་མེད་དུ་འབགས་པའི་ལས་ངན་སྡིག་པ་ཆེ། རང་གིས་ཁས་བླངས་པའི་སྡོམ་པ་གསུམ་པོ་ཁ་རལ་སྣ་རལ་དུ་བཏང་ཡོད་པ་ཞིག་ལགས། གསོལ་བ་འདེབས་པ་ཙམ་ཞིག་གིས་སྡིག་སྒྲིབ་འདག་ཐུབ་པའི་ལས་ཅན་གྲོལ་སླ་བ་དེའི་རིགས་སུ་ནམ་ཡང་མི་གཏོགས་པ་ཞིག་ལགས་པས་ཉིད་ལ་དེ་ལུགས་བརྗོད་པ་མ་གཏོགས། སྐད་ཆ་དཀྱོགས་ནས་བརྗོད་པ་དེ་འདྲ་གང་ཡང་མིན་ལགས།
ཉིད་ཀྱིས་གོང་སུ་གསོལ་བ་བཏབ་པ༷ས་ངན་སོང་དུ་སྐྱེ་ཞེས་གསོལ་བ་འདེབས་པ་དང་ངན་སོང་དུ་འགྲོ་བ་གཉིས་ཀྱི་བར་དུ་བྱ་ཚིག་བྲིས་འདུག་པ་ནི་ཁོ་བོར་ཞྭ་མོ་ནག་པོ་གཡོག་འདོད་ཙམ་ཞིག་ལས་གཞན་དུ་མ་མཐོང་ངོ་།།
ཨོ་ང་འཛིན་གྲ་ལ་འགྲོ་རན་སོང་། དེའི་རྗེས་སུ་བཤད་ཡ།
ད་དུང་ཞུ་རྒྱུ་གཅིག་ལ། གསང་སྔགས་པའི་ལུགས་ལ། དབང་སྐུར་ཞུ་སའི་བླ་མ་གསང་། །དངོས་གྲུབ་སྟེར་བའི་ཡི་དམ་གསང་། །བར་ཆད་སེལ་བའི་མཁའ་འགྲོ་གསང་། །ཞེས་དགོས་པ་ཁྱད་པར་ཅན་རེ་མེད་ན་རྩ་གསུམ་གཞན་ལ་གང་འདོད་དུ་སྒྲོག་མི་ཆོག་པའི་དམ་ཚིག་ཅིག་ཀྱང་ཡོད་པས། དྲ་ངོས་འདིར་རང་གི་བླ་མ་ཡི་དམ་མཁའ་འགྲོ་སོགས་གང་བྱུང་དུ་ཁྲོམ་བསྒྲགས་མ་བྱས་པ་ཙམ་ཞིག་ལས་ཉིད་ལ་གུས་ཞབས་མེད་པ་དེ་འདྲ་ཡང་མ་ཡིན་ནོ།།
ཀླུ་སྨྱོན་ནི་སྔ་འགྱུར་རྙིང་མ་པ་ཞིག་དང་དེའི་ནང་ནས་ཀྱང་གསང་སྔགས་པ་ཞིག་ཡིན་ཐག་ཆོད། ད་ངས་ཁྱེད་ལ་ང་རང་གི་དོགས་པ་ཞིག་ཞུ། ཁྱེད་ལ་ཁོམ་པ་ཡོད་ན་ལན་ཞིག་གསུངས་རོགས།
དོགས་དྲི་ནི་དུས་དེབ་ཅིག་གི་ནང་དུ་སྔ་འགྱུར་རྙིང་མ་པ་དང་རྫོགས་ཆེན་པ་གཉིས་ཐ་དད་ཡིན་ཚུལ་དང་། མཚམས་རེར་རྙིང་མ་དང་བོན་གཉིས་གཅིག་པ་ཡིན་ཚུལ། དེ་བཞིན་སྔ་འགྱུར་རྙིང་མ་ལ་བཀའ་གཏེར་པ་ཟེར་བའི་དབྱེ་བ་ཡོད་ཚུལ་ཞིག་བཀོད་པ་མཐོང་བྱུང་།
སྤྱིར་རྙིང་མའི་བབ་སོ་ལ་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་ཞེས་བབ་སོ་གསུམ་ཡོད་ཚུལ་རྙིང་མའི་ཆོས་འབྱུང་སོགས་སུ་གསལ་ཡང་དེ་དག་སྔ་འགྱུར་རྙིང་མའི་དབྱེ་བར་འཇོག་ན་རུང་ངམ་མི་རུང་། དེའི་སྐོར་མདོ་ཙམ་ཞིག་གསུངས་གནང་བར་ཞུ་བ་ལགས།
ཉིན་གུང་རྩོམ་གྱིས་གདུང་པ་ཡིས། །
དྲ་གྲོགས་དག་གིས་མཆན་བཀོད་པ། །
སྙན་རྩོམ་མཁན་པོ་ཧེ་རུ་ཀ། །
གཞོམ་པར་འདོད་པ་མ་ཡིན་ནམ། །
ངའི་ལས་མ་དག་པ་ཡིན་ནམ།
ཀླུ་སྨྱོན་གྱིས།
ང་ལ་ཉམས་ལེན་སྣ་མང་ཅང་མེད། སྟོན་པ་དང་གུ་རུ་རིན་ཆེ་རྗེ་བླ་མ་གསུམ་ལ་གསོལ་བ་རེ་འདེབས་བཞིན་ཡོད། ཤི་ན་ངན་སོང་ལས་འགྲོ་ས་གཞན་ཅང་མེད། ང་ནི་མི་སྡིག་ཆེན་བླ་མས་མི་འདྲོང་བ་ཞིག་ལགས།
གསུངས་པ་ལ་གོ་བ་འདི་ལྟར་ལེན།
སྟོན་པ་ལ་གསོལ་བ་འདེབས་པས་ནང་པའི་ཁྱུར་ཚུད། ཕྱི་པ་ཡིན་པའི་ལོག་རྟོག་སེལ། ནང་པ་རྣམས་ཀྱི་རྣ་བར་འགྲོ།
གུ་རུ་ལ་གསོལ་བ་འདེབས་པས་རྙིང་མའི་ཁྱུར་ཚུད། རང་གང་གི་སྤྲུལ་སྐུ་ཡིན་པའི་ཆོས་བརྒྱུད་དེ་ཚོའི་ཁ་ལ་རྒྱ་གྲམ་བཏབ། སེམས་ལ་ངར་བླུགས།
རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས་པས་རང་ཉིད་སློབ་སྦྱོང་བྱས་སའི་ཆོས་རྒྱུད་ཚོས་ཁྱོད་རྙིང་མའི་སྤྲུལ་སྐུ་ཟེར་ནས་མི་དགའ་བ་ལྟ་བའི་ནུས་པ་ཉམས། དགེ་ལྡན་པའི་ཆོས་གྲོགས་ཚོའི་བློ་ཁ་བཀུག
དགེ་རྙིང་གཉིས་ཀྱིས་རྒྱབ་སྐྱོར་ཐོབ་ན་མར་པ་དང་ཀུན་དགའ་ལགས་གཉིས་ཀྱི་རྒྱབ་སྐྱོར་རང་ཤུགས་ཀྱིས་ཐོབ་པའི་དགོངས་པ་ཐུགས་ལ་བཞག
ཤི་སོང་ན་ངན་སོང་ལས་འགྲོ་ས་ཡོད་དམ་མེད་རང་ལས་ལྷག་པ་སུས་ཀྱང་མི་ཤེས། མི་སྡིག་ཆེན་བླ་མས་མི་འདྲོངས་བ་ཞིག་ལགས་ཞེས་པ་འདི་མི་ལས་མར་པ་དང་པོ་མཇལ་དུས་ཞུས་འདུག་པ་སྔོན་གནས་རྗེས་དྲན་མིན་ཤས་ཆེ།
དེ་ཙམ་ཡིན།
ངས་འདིར་ཀླུ་གཙོས་པའི་མཆེད་གྲོགས་དག་ལ་ཕོགས་ཐུག་ཤོར་བ་འདུག་ན་སྙིང་ནས་དགོངས་དག་ཞུ།
རྩོམ་བྱང་འདིའི་འོག་ཏུ་མཆན་བུ་མི་བཏགས་པའི་དམ་བཅའ་བཅས།
མེ་ཏོག་དཀར་པོས་བཤད་པ་དེ་ག་རང་ལ་མོས་མཐུན་བྱས་ཡོད།
ཨ་ནུ་ཐང་བསོད་ལགས་བཀའ་དྲིན་ཆེ།
ཀླུ་སྨྱོན་ལགས། རྨི་ལམ་ནི་རྨི་ལམ་རང་ཡིན་པས་ རྨི་ལམ་ལས་སད་རྗེས་སླར་ཡང་རྨི་ལམ་གྱི་རྗེས་སུ་འབྲངས་མི་རུང་ གལ་སྲིད་ཁྱེད་ཀྱིས་འདོད་ན་མཐའ་སྐོར་ཐམས་ཅད་མཛེས་མ་དང་འཛངས་མ་ཡིན་པས་ ཉམས་ལེན་ཐེངས་ཤིག་བྱོས་དང་ ཉམས་རྟོགས་དང་མཛད་འཕྲིན་ལ་ཕན་པ་ཆེན་པོ་ཡོང་ངེས་རེད།
མཆན། 20༽ ཀླུ་སྨྱོན་ལགས་ཀྱིས།
གོང་གི་བཀྲ་ཤིས་ཞུ་བ་དེ་ལ། འོ་ན། སྔ་འགྱུར་རྙིང་མའི་མཁས་གྲུབ་ཆེན་པོ་འཇུ་མི་ཕམ་པ་ཆོས་ཅན། རྙིང་མ་པའི་ཞབས་འདྲེན་ཡིན་པར་ཐལ། ཆོས་གོས་གྱོན་ནས་འདོད་པའི་བསྟན་བཅོས་བྲིས་པའི་ཕྱིར། ཁྱབ་པ་ཁྱོད་རང་གིས་ཁས་བླངས། གྲུབ་སྟེ་ཁོང་གིས་བྲིས་པའི་འདོད་པའི་བསྟན་བཅོས་མདོ་དབུས་ཁམས་རྒྱ་གར་བལ་ཡུལ་ཚུན་ཆད་དུ་ཁྱད་ཡོད་ཟེར་ན་ལན་ཅི་གདབ། ལན། མི་ཕམ་གྱིས་ཐེག་དམན་དགེ་ཚུལ་སློང་སྒྲུབ་པའི་ལོ་རྒྱུས་གང་དུའང་མི་བཞུགས། མནབ་བཟའ་ཡང་གོས་ལྭ་སྔོན་པོ་ཞིག་གསོལ་ནས་བཞུགས་པའི་ལོ་རྒྱུས་འདུག བླ་མའི་རྣལ་འབྱོར་དུ་ཆོས་གོས་རྣམས་གསུམ་གསོལ་བའི་ཆོས་འཆད་མཉམ་བཞག་ཅན་འབྲི་བ་དེ་སྔགས་ཀྱི་གསུམ་ལྡན་རྡོ་རྗེ་འཛིན་པའི་ལུགས་སུ་བཀོད་པ་ལགས།
མང་གི་ཡ།
ངས་ཀྱང་རྨི་ལམ་ཞིག་རྨིས་བྱུང་། །༈ ཨ་ཐ། གངས་ཀྱི་རི་བོར་མེ་ལྕེ་འབར་བ་དང་། །གནམ་གྲུ་མང་པོ་ལྷན་ཅིག་བརྡབ་པ་དང ། །མཁའ་ལས་དུག་གི་ཁ་བ་འབབ་པ་དང་། །མི་རོ་རྟ་རོ་ཐང་མར་བརྡལ་བ་རྨིས། །ཕོར་བའི་ནང་དུ་མི་བཞི་སྡོད་པ་དང་། །ཉ་ཡི་ལྟོ་བར་མལ་ས་བྱེད་པ་དང་། །སྔགས་པའི་ལྕང་ལོ་སིལ་བུར་བསྐྱོད་པ་དང་། །བོད་རིགས་ནང་ཁུལ་སྐད་བསྒྱུར་དགོས་པ་རྨིས། །ཀ་གདོངཕག་ནས་གྲྭ་བའི་ཕྱི་མིག་དང་། །གཤོག་ལྡན་རྟ་མཆོག་མཁའ་ལ་འཕུར་བ་དང་། །རང་གི་སྐྲ་ཉག་རེ་དང་བུད་མེད་རེ། །ནམ་མཁར་འཕྱོ་ཞིང་གླུ་གར་བསྒྱུར་བ་རྨིས། །ལྟེ་བའི་ཐད་ནས་བལ་གྱི་ཐག་པ་ཞིག་། །ནར་གྱིས་བྱུང་ནས་ཉི་ཟླ་ལྷན་ཅིག་བཅང་། །དམ་པོར་བསྡམ་པས་དེ་ལས་ཆར་བབས་ཞིང་། །ས་ལས་ཤུག་པའི་ཤིང་སྡོང་སྐྱེས་པ་རྨིས། །སྡོང་པོ་གཤང་ལམ་བརྒྱུད་ནས་སྤྱི་བོར་ཐོན། །མཁའ་དབྱིངས་གང་བར་མེ་ཏོག་སྣ་ཚོགས་དང་། །འབྲས་བུ་མང་པོས་ཁུར་གྱིས་ཏུད་པ་ལ། །བྱ་རིགས་ཆེ་ཆུང་གྲངས་མེད་འཁོར་བ་རྨིས། །འཁྲུལ་བའི་རྨི་ལམ་རྨིས་པ་བདེན་པ་དེ། །ལྟས་དང་ཅི་ཞིག་མཚོན་པ་ཆ་མ་འཚལ། །ཨ་ལ་འཁོར་བའི་སྣང་བ་འདི་ལྟ་སྟེ། །དོན་མེད་རྣམ་རྟོག་འཕེལ་བའི་རྩེ་མཚར་ཙམ། །