སྐྱོ་བྲག་དགའ་དབང་།
NASAསྟེ་ཨ་རིའི་མཁའ་དབྱིངས་སྤྱི་ཁྱབ་དོ་དམ་ཁང་གིས་ནན་གྱིས་བརྗོད་དོན། ༢༠༡༢/༡༢/༢༡ཉིན་བསྐལ་བ་འཇིག་པའི་ཉིན་མོ་མིན་ཡང་གོ་ལ་འདི་ལ་འགྱུར་བ་ཆེན་པོ་འགྲོ་ངེས། མཁའ་དབྱིངས་ཚད་རིམ་གསུམ་པ་ནས་ཚད་རིམ་བཞི་ལ་འགྱུར་བ་དང་། ཉིན་གསུམ་གྱི་རིང་ལ་གོ་ལ་མཁའ་དབྱིངས་ཚད་རིམ་གསུམ་པའི་ནང་གི་ཚད་རིམ་གོར་ཐིག་ནང་གནས། བསྟུད་མར་ཉིན་གསུམ་ལ་གོ་ལ་མཚན་མོར་འགྱུར། གོ་ལའི་དུས་རབས་བརྗེ་རན་ལ་སླེབས་པ་ཡིན་པ་དང་། ཉིན་གསུམ་ལ་ཉི་མ་མཐོང་མི་ཐུབ། ཉིན་མཚན་གཉིས་རྒྱུན་ལྡན་མིན་པ་དང་ཉིན་གསུམ་གྱི་རྗེས་ནས་ཡོངས་སུ་མཚམས་འཇོག་ངེས། ཉི་མར་ཁ་ཕྱོགས་པའི་ཨ་རི་ནི་ཉིན་གསུམ་པོར་ཉིན་དཀར་ཡིན་པས་ཉི་མར་ཧ་ཅང་གི་ཚ་ཤུགས་ཆེན་པོ་ཡོད། ཉིན་གསུམ་པོར་ཚ་བ་ཆེན་པོ་ཡོད། དྲོད་ཚད་ ༤ ནས་ ༥༠ ལ་བསླེབས་པ་དང་ཚ་བས་མི་ཤི་ཉེན་ཡོད། ཉི་མར་རྒྱབ་ཕྱོགས་པའི་སྐབས་ཉིན་ཞག་གསུམ་པོར་མཚན་མོར་འགྱུར་གྱིན་ཡོད་པས་ཀྲུང་ཀོ་དང་ཨོའོ་གླིང་སོགས་རྒྱལ་ཁབ་མང་བོ་ཞིག་ལ་གྲང་ངར་ཧ་ཅང་ཆེན་པོ་ཡོད། དྲོད་ཚད་དེ་ཕལ་ཆེར་གོར་ཐིག་མན་གྱི་ ༢༠ ནས་ ༣༠ འགྱུར་ངེས། ཡིན་ཡང་དངངས་སྐྲག་མ་སྐྱེས་དུས་རྒྱུན་དེ་འདྲ་བྱས་ནས་འདུག་གི་མ་རེད། ཉིན་གསུམ་གྱི་རྗེས་ནས་ག་ལེར་སླར་གསོ་བྱུང་སྟེ་གཟའ་འཁོར་གཅིག་ནས་ཉིན་བཅུའི་བར་ཡོངས་སུ་ཡང་བསྐྱར་རྒྱུན་ལྡན་དུ་ཆགས་ངེས། དེས་ན་ཉིན་གསུམ་པོ་དེས་ང་ཚོ་ཕྱི་ལོགས་དང་གང་ས་གང་ལ་ཡང་འགྲོ་མི་ཉེན་པ་དང་ནང་ན་འདུག་དགོས་པ་དེ་སྟོན་གྱིན་ཡོད། གནས་ཚུལ་འདི་བདེན་རྫུན་གང་ཡིན་ཡང་ང་ཚོས་ཉམས་འཇོག་ཆེན་པོ་གནང་དགོས། གྲ་སྒྲིག་མ་བྱས་པ་ལས་བྱས་པས་བཟང་། ཉེ་འཁོར་གྱི་ཉེ་དུ་སོགས་ལ་བཤད་དེ་མ་ཐ་ཡང་ཁོང་ཚོར་སེམས་ནས་གྲ་སྒྲིག་ཞིག་ཡོད་པར་བྱེད་དགོས། ཟ་མ་དང་གོན་པ། ཞག་སྒྲོན་དང་འབར་ཞུན་སོགས་སྒྲིག་དགོས། ཆུ་དང་གློག་སོགས་མེད་པར་འགྱུར་ངེས་པས་གནས་ཚུལ་བདེན་རྫུན་གང་ཡིན་ཡང་སེམས་སུ་གྲ་སྒྲིག་ཡག་པོ་ཞིག་ཡོད་དགོས།
ཞེས་པའི་ཡིག་འཁྱལ་ཞིག་དེང་སྐབས་བོད་ལ་ཁྱབ་སྟེ། གནའ་དེང་གི་ཤེས་བྱས་དབུལ་བའི་མི་མང་རྣམས་དངངས་ཤིང་སྐྲག་ནས་བཟའ་བཏུང་དང་ཡང་ལ་སོགས་འཚང་ཁ་ཆེན་པོས་ཉོ་བཞིན་ཡོད་པ་ནི་དོན་གྱི་གནས་ལུགས་ལ་དཔྱད་པ་མེད་པའི་རྨོངས་པས་རང་ཉིད་སྡུག་བསྔལ་གྱི་མེ་དོང་ལ་འཕེན་པའི་རང་སྡུག་ཙམ་ལས་འབྱུང་རྒྱུ་ཡོད་པའི་གནས་ཚུལ་ཞིག་མ་རེད།
ཨ་རིའི་ན་ས་ཞེས་པའི་མཁའ་དབྱིངས་བརྟགས་དཔྱད་ཚོགས་པ་དེ་སྙན་གྲགས་ཆེ་བའི་མཁའ་དབྱིངས་ཞིབ་འཇུག་པ་ཡིན་ཕྱིར། ཁོ་ཚོས་བཤད་ན་ཁོ་རང་ཚོའི་དྲ་རྒྱ་དང་། ཚད་འཛིན་འོས་པའི་གསར་ལམ་ཁག་ཏུ་ཡོད་ངེས་མོད་གང་ནའང་ཡོད་སྐད་མི་བདོག་ཅིང་།
དེང་གི་ཚན་རིག་འཕྲུལ་རྩལ་ལ་བརྟེན་ནས་མཐོང་བ་ལྟར་ན། རྒྱུ་སྐར་ཕན་ཚུན་འཐེན་ཤུགས་ཆ་སྙོམས་ཀྱིས་འཁོར་བཞིན་ཡོད་པས་ནམ་ཞིག་འཁོར་མཚམས་ཆད་པ་ན་སྐར་མ་དེ་འཐོར་འགྲོ་བ་ལས་རང་དགར་གནས་མི་ཐུབ། འཛམ་གླིང་དང་ཉི་མའི་བར་དུ་སྔར་མེད་ཀྱི་རྒྱུ་སྐར་ཆེན་པོ་ཞིག་སླེབ་པའི་དབང་དུ་བཏང་ན་འཁོར་སྐར་འདི་ཉིད་རྔུབ་འགྲོ་ཞིང་། གལ་ཏེ་མ་རྔུབ་ནའང་ས་སྒོང་ཧྲིལ་པོར་མུན་རུབ་འགྲོ་བ་ལས་ཤར་ནུབ་ཀྱི་ཁྱད་པར་ཡོང་མི་སྲིད།
སྤྱིར་ནང་ཆོས་ཀྱི་འཁོར་བ་ཞེས་པ་ཕྱི་ནང་སྣོད་བཅུད་ཐམས་ཅད་འཁོར་བཞིན་འགྲོ་བ་ལས་གཏན་དུ་སྡོད་པ་ཞིག་མེད་པ་ལ་གོ་དགོས་ཤིང་། ལྷག་ཏུ་གསང་སྔགས་ལས་སེམས་ཅན་གྱི་ལྟེ་བའི་རྩ་འཁོར་དུ་རླུང་འཕོ་བའི་སྟོབས་ཀྱིས་ཕྱི་རོལ་འཁོར་བ་དམིགས་པར་བཤད་པས་ནམ་ཞིག་ཕྱི་རོལ་འཁོར་མཚམས་ཆད་པ་སྣང་བ་ན་ནང་གི་རླུང་གི་རྒྱུ་བ་ཆད་ནས་ཤི་བ་ཡིན་ཕྱིར། འཛམ་གླིང་འཁོར་མཚམས་ཆད་པ་དམིགས་སྐབས་འཛམ་གླིང་ན་གནས་པའི་སེམས་ཅན་རྣམས་ཤི་དགོས་ཀྱི་ཡོད།
དྲ་རྒྱ་སོགས་བརྒྱུད་ལམ་གོང་འཕེལ་དུ་སོང་བ་འཛམ་གླིང་གི་གནས་ཚུལ་ངོ་མ་ཤེས་པའི་བཟང་གྲོགས་སུ་མ་སོང་བར་དོན་མེད་འུར་འདྲོགས་ཀྱི་དཀྲོག་རྐྱེན་དུ་སོང་བ་ཀྱེ་མ་ཧུད།
དུས་རྒྱུན་ཨ་རི་སོགས་ན་ཡོད་པའི་གསར་ཤོག་དོན་གཉེར་བ་ཁག་གཅིག་གིས་སོ་སོའི་ཚགས་ཤོག་བྲིམ་ཆེད་ཧོན་འཐོར་བའི་རྩམ་སྒྲུང་ཁྱད་མཚར་རེ་འབྲི་ཡི་ཡོད་པ་བཞིན་འདི་ཡང་ཨ་རི་བའི་རྫུན་སྒྲུང་རྒྱ་སྐད་དུ་བསླེབས་རྗེས་བོད་མི་རྣམས་འུར་འདྲོགས་བྱས་པ་འདྲ་བས་རང་རིགས་བོད་པ་ཚོ་དོན་མེད་ཅལ་འདྲོགས་ཀྱི་དཀའ་རྙོག་རང་ཐོག་ཏུ་མ་བླངས་ན་ལེགས་པར་སེམས་སོ། །
ཕལ་ཆེར་ཨ་རིའི་མཁའ་དབྱིངས་སྤྱི་ཁྱབ་དོ་དམ་ཚན་པ་ནས་ཉེན་བརྡ་བཏང་ཡོད་པ་དངོས་ཡོད་རེད་འདུག CNN དྲ་རྒྱ་ལ་གཟིགས་དང་དེར་གསལ་པོ་འདུག་ལགས། བདེན་རྫུན་དབྱེ་དཀའ་ཡང་གྲ་སྒྲིག་བྱས་ན་ལེགས། བོད་དུ་འུར་ཟིང་ལང་བཞིན་པ་ནི་༢༠༡༢ ཟླ་ ༡༢ ཚེས་ ༡༢ ཆུ་ཚོད་ ༡༢ ལ་དུས་འགྱུར་ཡོང་ཟེར་བའི་ཡིག་རྫུ་ཞིག་གསེར་རྟའི་མཁན་ཆེན་གྱི་བཀའ་ཡིན་པར་གྲགས་པ་དེས་རྐྱེན་པས་དད་པ་དང་རྨོངས་དད་ཆེ་བའི་ས་ཁུག་ལུང་ཁུག་དག་ལ་དངོས་པོ་དང་ཆོས་བཙོང་མཁན་ཚོ་ལམ་འགྲོ་རྒྱུག་བཞིན་ཡོད་སྐད།
གསེར་རྟའི་མཁན་པོ་ཚུལ་བློས་བཀའ་ཡིན་ཚུལ་བསྒྲགས་པའི་ཡིག་འཁྱམས་དེ་ངས་མཐོང་སོང་། ངས་དེ་གསེར་རྟའི་གནད་ཡོད་མཁན་པོ་ཞིག་ལ་སྐད་ཆ་དྲིས་ཡིན། ཁོང་གིས་དེང་དང་མཁན་པོའི་མཛད་པ་ཕྲིན་ལས་ལ་འགོག་རྒོལ་དང་ནག་ཐིག་ཕབ་མཁན་ཁ་ཤས་ཡོད་རེད་དེ་ཚོས་སྤེལ་བ་རེད་གསུངས་སོང་། རྗེས་སུ་མཁན་ཚུལ་བློ་ཁོང་གིས་ཀྱང་པོད་ཕྲན་ནང་གསལ་བཤད་གནང་འདུག དེ་སྤེལ་མཁན་གྱི་མི་དང་ས་ཕྱོགས་སོགས་ཚང་མ་ཤེས་སོང་མོད་འདིར་འབྲི་བ་ལ་དགོས་པ་མི་འདུག ངས་འདིར་བཤད་པའི་རྒྱུ་མཚན་ནི་ཡང་གཡམ་རྒྱུག་དྲ་འབུ་ཚོས་དོན་མེད་སྐུར་འདེབས་དང་དམའ་འབེབ་བྱེད་སྲིད་པས་ན་ངོ་སྤྲོད་ཙམ་བྱས་པ་ཡིན། ད
ཨ་མ་མ་མ་མ་མ་་་་་ཡིག་ཉོག་འདི་དང་པོར་མཐོང་དུས་་་་་་ངོ་མ་སྙིང་གས་དྲག་བཟོས་སོང་་་་་་ལྟས་ངན་འདི་ཚོས་ག་རེ་འུར་རྒྱག་གི་ཡོད་པ་རེད་་་་་་་
དད་པས་་བྱས་པ་རེད།
གཅིག་བྱེད་ན་གནམ་ཡིག་ཡིན་སྲིད་
རྨོངས་དད་པ་དེ་ཚོར་མགོ་སྐོར་གཏོང་རྒྱུ་ལས་སླ་མོ་རེད།
རེད་ཏག་ཏག་རེད། ད་ཤི་ན་ཡག་ས་རེད། མི་ཚེ་འདི་ཐང་ཆད་སོང་། ངལ་སོང་།
དྲ་འབུ་དག་སྔོ་མར་ཤི་སོང་ན་སྤྱི་ཚོགས་བདེ་འཇག་ལ་ཕན་ས་རེད་
བདེན་པ་རེད། དྲྭ་འབུ་དང་པོ་ཤི་དགོས་ན་དང་ཤོས་དེ་འཇམ་གཅེས་ཡིན་ངེས་རེད།
ག་བ་ག་བ་འཇམ་གཅེས་ཤི་ན་ཁ་བརྡ་དྲ་བའི་ནང་སྨྲ་བརྗོད་རང་དབང་འཕེལ་སྲིད་པ་རེད། ད་ལྟ་ཁོ་བས་སྐྱག་པ་དང་། སྐྱག་དྲི། ཉུལ་མ་དང་། དོགས་ཅན་སོགས་སོ་སོའི་ལྟ་སྤྱོད་མ་མཐུན་པ་དག་ལ་དངོས་ཡོད་བདེན་པ་ཇི་ལྟར་ཡོད་ཀྱང་སྡུག་ཚད་བཤད་ནས་ཤེས་ཡོན་ཅན་དང་། ལྷག་བསམ་ཅན་སོགས་ཀླག་རྙིང་ལ་ཡིད་ཐང་ཆད་པའི་ན་གཞོན་མང་ཆེ་བ་འདིར་ཡོང་ཙམ་རེ་བྱས་ནས་ཁོ་པ་མཐོང་པ་དང་སྣ་བཀབ་ནས་ཕྱིར་ཕྱོགས་བཞིན་ཡོད།
ཁྱེད་དྲ་འབུ་ཚོ་ཚང་མ་ཤི་སོང་ན་ངས་ཁ་བརྡ་ནང་རྩེད་མོ་རྩེད་ནས་བསྡད་ན་སྐྱིད་རྒྱུ་རེད། ཧཧཧཧཧཧཧཧ
ཀྲུང་ཀོ་དང་ཨོའོ་གླིང་སོགས་རྒྱལ་ཁབ་མང་བོ་ཞིག་ལ་གྲང་ངར་ཧ་ཅང་ཆེན་པོ་ཡོད། དྲོད་ཚད་དེ་ཕལ་ཆེར་གོར་ཐིག་མན་གྱི་ ༢༠ ནས་ ༣༠ འགྱུར་ངེས། ཞེས་ཟེར། དེ་ལྟར་ཡིན་ན་མི་རྣམས་གྲང་ངད་ཀྱིས་འཁྱགས་རེངས་སུ་འགྱུར་ངེས་བས། སྔ་ནས་མེ་དྲོད་གྲ་སྒྲིག་བྱེད་རན་རེད།
ཀྲུང་གོའི་མི་རྣམས་གྲང་ངད་ཀྱིས་ཤི་ན་བསམ་དོན་གྲུབ་པ་རེད། སང་ཉིན་ནས་བོད་ལ་ལོག་ཀྱང་ཡིན།
ང་ཤི་ན་བསམ་མཁན་མང་ནི་རེད་་་་ཡིན་ཡང་ད་ལྟ་ན་གཞོན་ལོ་ཆུང་ཞིག་ཡིན་པ་ཤེས་དགོས
ཧ་ཧ་ཧ་
འཇམ་གཅེས་འདི་ཡིས་འཆི་བ་མི་རྟག་པ་དགུ་ཕྲུགས་ཟེར་བ་མ་གོ་མ་ཐོས་ཐག་ཆོད་རེད་འདུག
གཡུ་བྲག་པས་གསུངས་པ་བདེན། ངས་མཁན་ཆེན་ཁོང་གི་འབྲེལ་འདྲེས་མཁན་པོ་ཞིག་ཏུ་ཁ་བརྡ་བྱུང་། ཁོང་གིས་དེང་ཆར་མཁན་པོ་ཁོང་ལ་ཆོས་ལུགས་ཆགས་སྡང་སོང་སྟེ་རྒོལ་མཁན་རེ་གཉིས་ཡོད་དེས་བྱས་ཏེ་དོན་མེང་དྲ་རྒྱ་སོགས་ལ་བཏོན་པ་རེད། ཉི་ཟེར་ལ་སྦར་མོ་མི་ཁེབ་བཞིན་རྗེས་སུ་ཡིན་མིན་རྟོགས་ནས་དོན་རྩ་ནི་ཆོས་ལུགས་ལ་ཆགས་སྡང་དབང་གིས་བྱས་སོ།