ལུང་རིགས་རྒྱལ་།
༡། རིན་པོ་ཆེ་རྣམ་གསུམ།
དུས་རབས་ཉི་ཤུ་ནས་ཉེར་གཅིག་གི་བར་དང་། ཡང་ན། ཉེ་རབས་ཀྱི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེ་ཤོས་དེར་བྱོན་པའི་བོད་མིའི་དབུ་ཁྲིད་གལ་ཆེ་ཤོས་གཉིས་དེ་ཟླ་བ་འདིའི་ནང་དུ་དུས་མཉམ་དུ་བོད་མིའི་ཆབ་སྲིད་ཀྱི་ཁྲི་སྟེགས་ལས་ཕེབས། སྟེས་དབང་ལྟ་བུར། ཁོང་རྣམ་པ་གཉིས་ཀྱི་ལས་འཁྱུར་གྱི་དུས་སྐབས་དེ་ནི་བཙན་བྱོལ་བོད་མི་རྣམས་ཀྱིས་རང་དབང་དང་མང་མོས་ཀྱི་ཐོག་ནས་དབུ་ཁྲིད་ལོ་གཞོན་དང་དེང་རབས་ཀྱི་ཤེས་ཡོན་ལྡན་པ། ནུས་པ་དང་འཇོན་ཐང་ཅན་ཞིག་དགོས་པར་བློ་ཐག་གཙང་བཅད་བྱས་པའི་དུས་སྐབས་ལ་ཡང་འཁེལ། ད་དུང་བོད་མིའི་ཆབ་སྲིད་ཀྱི་འགྱུར་རིམ་འདི་ནི་མི་དགོས་ས་ནས་སྟབས་འཁེལ་ས་ཞིག་ནི། ཨ་རབ་ཀྱི་དཔྱིད་ཀ་སྟེ། དབུས་ཤར་ཨེ་ཤ་ཡའི་ནང་གི་གསར་བརྗེའི་འོས་ལངས་དང་འབྲེལ་བའི་སྲིད་དབང་རྩིས་སྤྲོད་དང་རང་དབང་རྩོད་ལེན་གྱི་སྐབས་ལ་ཡང་འཁེལ།
ལོ་ཤས་གོང་ལ་༼ཀྲུང་གོའི་བོད་ལྗོངས་༽ཟེར་པའི་སྟེང་ལ་ངེས་པར་དུ་ཕམ་པར་རྒྱག་དགོས་པའི་བཙན་བྱོལ་གྱི་མི་སྣ་གསུམ་བགྲང་འདུག་ལ། དེ་དག་ནི་༧རྒྱལ་བ་རིན་པོ་ཆེ། ཟམ་གདོང་རིན་པོ་ཆེ། རྒྱ་རི་རིན་པོ་ཆེ་བཅས་རེད། ད་ནི་རྒྱ་རིན་པོ་ཆེ་མཆོག་གིས་ཀྱང་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་ཀྱི་འོག་ནས་མ་གཏོགས་ཕྱག་ལས་གནང་གི་མིན་ཚུལ་གསུངས་ཡོད་པས། ཐེངས་འདིའི་འགྱུར་བ་དེ་དག་ནི་པེ་ཅིན་ལ་དགོས་པའི་གསར་འགྱུར་དེ་ཡིན་ནམ། ཡང་ན། ཝང་ལི་ཞོན་གྱིས་བཤད་པ་བཞིན། པེ་ཅིན་གྱིས་༼བོད་དོན་ཐག་གཅོད་ཀྱི་ལྡེ་མིག་༽གལ་ཆེན་དེ་དག་ཤོར་བ་རེད། རྒྱལ་སྤྱིའི་སྲིད་དོན་དཔྱད་བརྗོད་པ་དང་བོད་རྒྱའི་ཤེས་ཡོན་པ་དག་གི་ལྟ་ཚུལ་ལྟར་ན། པེ་ཅིན་ལ་རག་པ་ནི་ཕྱི་མ་དེ་ཡིན་འདུག
དོན་ངོ་མར། ཁོང་རྣམ་པ་གཉིས་ཁ་ཉིན་ལས་འཁྱུར་གནང་བ་ནི་གོང་གི་གནད་དོན་དེ་དག་ལ་འབྲེལ་བ་ཅི་ཡང་མེད་པར། ལོ་མང་གོང་གི་ཐུགས་རེ་དང་། བཙན་བྱོལ་བོད་མིའི་ཆབ་སྲིད་འཕོ་འགྱུར་གྱི་འགྲོས་དང་བསྟུན་ཏེ་ཕེབས་པ་ཡིན། འདི་ནི་ཧ་ཅང་མ་སྔ་མ་འཕྱི་བར་ཕྱག་བསྟར་གནང་ཡོད་སྟབས་བོད་པ་ཚོར་མཚོན་ན་ཚང་མ་དགའ་དགོས་པ་ཞིག་ཅི་ལ་མིན། ཡིན་ཡང་། བོད་པ་ཚོའི་ཁྲོད་དུ་ད་ནི་མགོན་མེད་སྐྱབས་མེད་དུ་གྱུར་ཚུལ་དང་། བློ་འགྱོད་དང་སྡུག་བསྔལ་ཆེ་ཚུལ། ཐ་ན་ད་ནས་བཟུང་སོ་སོ་བོད་དོན་ལ་ཡང་རང་བཞིན་གྱིས་འབྲེལ་བ་ཆད་སོང་ཚུལ་གླེང་མཁན་ཡོད་ལ། གླེང་ཕྱོགས་དེ་མི་མངོན་པའི་ཚུལ་དུ་བཙན་བྱོལ་གྱི་མང་ཚོགས་དང་བོད་ནང་ལ་ཡང་ཁྱབ་སྤེལ་བྱེད་རྩིས་ཡོད། ཡིན་ཡང་། བོད་པ་འདིའི་རིགས་ཀྱིས་དྲན་དགོས་པ་ནི། སོ་སོ་ལ་ ༼དད་པའི་ཨ་ལོང་གིས་འདང་ན། འདྲེན་པའི་ལྕགས་ཀྱུ་ནི་ཡོད་ཡོད་པ་རེད་༽ཅེས་པ་འདི་རེད།
རྒྱལ་བ་རིན་པོ་ཆེ་མཆོག་སྐུ་བཞུགས་བཞུགས་པ་རེད། ཁོང་གི་ཆབ་སྲིད་ལམ་སྟོན་གྱི་ཕྱག་དཔེ་དང་གསུང་འཕྲིན་ཁག་ཀྱང་བཞུགས་བཞུགས་པ་རེད། ཁོང་གི་བཀའ་དགོངས་ཇི་བཞིན་སྐྱོད་དང་རྟེན་འབྲེལ་རང་འགྲིག་ཡིན་ལ། ཉི་ཟླ་དང་འཛམ་གླིང་གི་འཁོར་སྐྱོད་ཀྱང་མ་ནོར་བར་སྔར་ལྟར་འཁོར་གི་རེད།
༢། དགའ་ལྡན་ཕོ་བྲང་།
བོད་མི་རིགས་ལ་མཚོན་ན། དགའ་ལྡན་ཕོ་བྲང་གི་མཚན་གནས་ནི་ཁ་སང་གཞི་ནས་ཕྱིར་བསྡུ་བྱས་ལ། རྒྱ་ནག་གིས་བཤད་ན། དགའ་ལྡན་ཕོ་བྲང་ནི་བོད་ས་གནས་སྲིད་གཞུང་བཙུགས་པ་ནས་བཟུང་ཕྱིར་བསྡུ་བྱས་པར་བཤད།
འཛམ་བུ་གླིང་གིས་རྒྱ་ནག་ལ་ཡིད་ཆེས་དང་ངོས་ལེན་བྱེད་གི་མེད་ལ། དེ་བཞིན་དུ་བོད་པ་ཚོས་བཤད་པ་འདི་ལ་ངོས་ལེན་ཏག་ཏག་ཅིག་བྱེད་གི་མེད། རྒྱ་གར་གཞུང་དང་ཨ་རི་སོགས་བོད་ལ་ཐག་ཉེ་ཤོས་ཀྱི་རྒྱལ་ཁབ་དེ་དག་གིས་ཀྱང་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་མཚན་ཐོག་དང་། ཡང་ན། དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཙམ་ལ་ངོས་ལེན་བྱས་ཤིང་། ད་བར་གྱི་མཉམ་འབྲེལ་དང་ཡིག་འབྲེལ་ཀྱང་དེ་ལྟར་དུ་གནང་ཡོད།
དགའ་ལྡན་ཕོ་བྲང་གི་མཚན་བྱང་ཕྱིར་བསྡུ་དེ། མང་པོ་ཞིག་གིས་ཇི་འདྲའི་གློ་བུར་བ་ཞིག་རེད་ཨང་སྙམ་བཞིན་ཡོད་མོད། དོན་དུ་འདི་ནི་འཛམ་གླིང་སྟེང་གཞུང་རྙིང་བ་ཞིག་ཕྱིར་བསྡུ་བྱས་པའི་གོ་རིམ་དང་དུས་ཚོད་རིང་ཤོས་ཤིག་ཡིན།
ང་ཚོས་ནམ་རྒྱུན་ཐོས་པ་ལྟར། དགའ་ལྡན་ཕོ་བྲང་གི་གཞུང་ནས་དམངས་གཙོའི་གཞུང་ཞིག་ལ་འཕོ་རྒྱུ་འདི་ནི་༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ན་ཕྲ་དུས་ནས་བཟུང་གི་ཐུགས་རེ་གལ་ཆེན་ཞིག་ཡིན་ལ། ལྷག་པར་དུ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་འདིའི་ཐད་ཕྱག་ལས་གནང་མགོ་བཙུགས་ན་ཡང་། བཙན་བྱོལ་གྱི་ཐོག་མའི་ལོ་ངོ་ ༣༠ རིང་ལ་དེ་ཙམ་གྱི་གོམ་པ་ཆེན་པོ་ཞིག་སྤོ་ཐུབ་མེད་ཀྱང་། ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་དང་། ༢༠༠༡ ལོར་བཀའ་ཁྲི་ཐད་ཀར་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པ་དང་། ༢༠༡༡ ལོར་༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་དེ་མི་དམངས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་པ་དང་བསྟུན། ལོ་མང་རིང་གི་ཐུགས་དགོངས་ལྟར། དགའ་ལྡན་ཕོ་བྲང་གི་མཚན་འདི་བོད་ཡིག་གི་ཐོག་ནས་ཕྱིར་བསྡུ་དང་། བོད་ཡིག་ནང་གི་ལས་རྟགས་དང་གཞུང་ཐེལ་ཡང་བཟོ་བཅོས་བྱས་པ་ཙམ་རེད།
ཉེ་བའི་འཆར་གཞི་ལྟར་ན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༠༡ ལོར་ཐེངས་དང་པོར་མི་དམངས་ཀྱིས་ཐད་ཀར་འོས་འདེམས་གནང་དུས་ཁོང་གི་ཕྱག་ལས་གཙོ་བོ་ཞིག་ནི་དགའ་ལྡན་ཕོ་བྲང་གི་མཚན་གནས་ཕྱིར་བསྡུ་དང་འབྲེལ་བའི་དམངས་གཙོའི་བཅོས་སྒྱུར་ཁག་ཡིན་མོད། དེ་དུས་སྤྱི་ཚོགས་སྟེང་ནས་ལམ་སེང་དགག་བྱ་རིམ་པར་བྱས་པར་བསྟེན། རིན་པོ་ཆེ་མཆོག་གིས་ཁོང་གི་ལོ་བཅུའི་རིང་གི་བཀའ་ཁྲིའི་ལས་འཁྱུར་སྐབས་ལ་མ་གཏོགས་ཕྱག་ལེན་དུ་བསྟར་ཐུབ་མེད། དེ་བས་འདི་ནི་དུས་ཡུན་རིང་པོ་ནས་འགྱུར་བ་དང་བསམ་གཞིགས། ཚོད་ལྟ་སོགས་བྱས་པ་བརྒྱུད་བསྒྱུར་བཅོས་བྱས་པ་ཞིག་ལས་གློ་བུར་ཐོལ་རྒྱག་གི་ཐག་གཅོད་འདྲ་མ་རེད།
༣། བཙན་བྱོལ་བོད་གཞུང་།
མིང་འདི་ནི་ད་ནས་བཟུང་བ་སོའི་སྡོང་བོ་ Ivory Tower ཡི་ལྟ་ཚུལ་ཙམ་ཞིག་ཏུ་མཐོང་ཡང་། སོ་སོའི་རྨོངས་འཆར་ལྟར་ན། བཙན་བྱོལ་བོད་གཞུང་ཅེས་པ་འདི་ནི་ང་ཚོར་དགོས་མཁོ་ཆེ་ན་ཡུལ་ཁྲིམས་ཀྱི་ཐོག་ན་མེད་ཀྱང་རང་རང་གི་བསམ་བློའི་འདུ་ཤེས་ཀྱི་ནང་ལ་ཉར་མི་ཆོག་པ་དེ་འདྲ་ཞིག་མ་རེད་འདོད། རྒྱ་གར་ནང་གཙོས་པའི་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཀྱང་ Tibetan Government in Exile ཅེས་པ་དེ་བེད་སྤྱོད་གཏོང་གི་ཡོད་ལ། བོད་པའི་གྲོགས་པོ་ཚོ་ཡང་འབོད་སྟངས་འདི་ལ་དགའ་ཞིང་། ཁོང་ཚོ་མི་སྒེར་གྱི་བོད་ཀྱི་ལས་དོན་ལྟ་སྟངས་དང་ལས་སྟངས་ལ་འབྲེལ་བ་ཆེན་པོ་འདུག བོད་ཕྱི་ནང་གི་བོད་པ་ཚོར་མཚོན་ན་ཡང་། ཚོར་བ་དང་། ལ་རྒྱ། ཆིག་སྒྲིལ་བཅས་ཕྱོགས་གང་ཐད་ནས་མིང་འདི་ལ་དམ་དུ་འབྲེལ་ཡོད་ན་མ་མཐར་ཡང་བོད་མི་རང་ཚོའི་ངོས་འཛིན་ལ་དེ་ལྟར་བྱུང་ན་མ་འགྲིག་པ་མི་འདུག་སྙམ་མོ།
འདྲ་བོ་བྲིས་འདུག་ཡིན་ཡང་དོན་ལ་གནས་པ་ཞིག་ཡིན་རབས་མེད་གང་ཡིན་ཞེ་ན་རང་ཉིད་བློས་མི་ཐོང་མཁན་ཞིག་གཞུང་ལ་ཡང་ངོ་།
ལུང་རྩོམ་ནང་གི་༼དགའ་ལྡན་ཕོ་བྲང་གི་མཚན་བྱང་ཕྱིར་བསྡུ་དེ། མང་པོ་ཞིག་གིས་ཇི་འདྲའི་གློ་བུར་བ་ཞིག་རེད་ཨང་སྙམ་བཞིན་ཡོད་མོད། དོན་དུ་འདི་ནི་འཛམ་གླིང་སྟེང་གཞུང་རྙིང་བ་ཞིག་ཕྱིར་བསྡུ་བྱས་པའི་གོ་རིམ་དང་ དུས་ཚོད་རིང་ཤོས་ཤིག་ཡིན༽ཞེས་པ་འདི་ལ་དོན་དངོས་ཀྱི་དབྱེ་ཞིབ་རིན་ཐང་ལྡན་ཡོད།
ཡིན་ནའང་། ལུང་རྩོམ་ཀྱི་བསམ་བློའི་ཟུར་ཅིག་ཁ་གཙགས་འབུག་གཙགས་འགའ་བྱས་ན།
༡༽རྒྱ་མིས་ག་རེ་བཤད་ན་བཤད། དུས་རབས་འདི་འགོ་འཁྲིད་ཀྱི་དུས་རབས་མ་རེད། འབངས་འགོ་མེད་ཀྱི་སྟོབས་ཤུགས་དུས་རབས་རེད།
༢༽ བོད་གཞུང་གི་མཚན་གནས་བརྗེ་མི་རུང་བའི་བསམ་ཚུལ་དེ་མི་གཅིག་གཉིས་ཤིག་གི་བསད་ཚུལ་མ་རེད། དཔེར་ན་འདེམས་ཐོན་བྱུང་བའི་བཀའ་ཁྲི་དང་། བཀའ་ཟུར་ཚང་མ་བཅས་གཞུང་མང་ཚོགས་ཆེན་གྱི་བརྒྱ་ཆ་གོ་དགུའི་བསམ་ཚུལ་རེད། ཡིན་ནའང་བཀའ་ཕེབས་པར་བརྟེན་ཚང་མས་ཁའི་ནང་འཛུབ་མོ་བཙུགས་ནས་ཕྱིར་ཐོན་པ་རེད།
༣༽གཞུང་ཞེས་པའི་མིང་ཚིག་འདི་དང་། སྒྲིག་འཛུགས་ཀྱི་མིང་བྱང་འོག་གཞུང་ཅིག་སེམས་ལ་སྒོམ་ནས་རང་སྣང་རང་ལ་དག་བསྡད་ན་དེ་ཙམ་ཀྱིས་འགྲིག་འགྲོ་བ་ཞིག་མ་རེད། དེ་ནི་ཁྲིམས་སྒྲིག་གི་རྒྱུན་འཛིན་མིན་གྱི་སྐད་ཆ་ཤིག་ཡིན་སྟབས། མིང་བརྗེ་བ་ནས་རྒྱུན་ཆད་པ་རང་ལ་ངེས་འཛིན་གྱི་རེད། དེས་སྟབས་ཀྱིས་ཐའེ་ཝན་གྱིས་ཀྱང་༼རྒྱ་ནག་མི་སེར་རྒྱལ་ཁབ༽ཞེས་པའི་མིང་འདིར་ཤི་འཐམ་རོ་འཐམ་བྱས་ནས་བསྡོད་ཡོད་པ་རེད།
༤༽ བླ་མ་ཟམ་གདོང་ཚང་གི་གཞུང་ས་དགའ་ལྡན་ཕོ་བྲང་གི་མཚན་གནས་ཕྱིར་བསྡུ་བྱ་རྒྱུའི་བསམ་ཚུལ་ཡོད་མེད་དང་། ཡོད་ན་ཁོང་གི་བསྡུ་གསོག་རྒྱག་རྒྱུའི་དགོངས་དམིགས་དང་། ༸གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་བསྡུ་གསོག་བརྒྱག་དགོས་གསུང་བའི་ཐུགས་འདུན་གཉིས་གཞི་གཅིག་ལ་བབ་ཡོད་མེད་རྩོད་གཞིར་གྱིར་བ་ཞིག་རེད། ༸གོང་ས་མཆོག་གིས་༼ཆོས་སྲིད་ཟུང་འབྲེལ་དང་། བླ་ཆེན་དཔོན་ཆེན་གྱིས་དབང་འཛིན་རྒྱུས་དུས་རབས་ཡོལ་ཕྱིན་པས༽དགའ་ལྡན་ཕོ་བྲང་གི་གཞུང་སྲོལ་ལམ་ལུགས་བསྡུ་གསོག་བརྒྱག་དགོས་གསུངས་པ་དང་། ཟམ་གདོང་གིས་༼༸གོང་ས་མཆོག་སྤྱན་རས་གཟིགས་སུ་སྒྲུབ་ནས་ཁོང་གི་དབུ་ཁྲིད་མུ་མཐུད་དགོས་པ་དང་། བྱུང་ན་དབྱིན་ཇིའི་རྒྱལ་བོ་དང་རྒྱལ་མོ་ལྟ་བུའི་མཚན་གནས་བཞེས་དགོས༽སྐོར་ཤུགས་ཆེན་པའི་བརྗོད་ཡོད་སྟབས་འདི་གཉིས་ལ་ཁྱད་པར་ཆེ་ཁར། མ་གཞི་ནས་ཟམ་གདོང་གིས་གཞུང་ས་དགའ་ལྡན་ཕོ་བྲང་སྒོ་བརྒྱག་རྒྱུ་ནི༼རྒྱ་གཞུང་ལ་སྤྲད་པའི་རང་སྐྱོངས་ཡོང་ཐབས་སྐོར་གྱི་བསམ་ཚུལ༽ཟེར་བ་སོགས་ཀྱི་རམས་འདེགས་ཙམ་ཞིག་ཡིན་སྟབས། དེས་མཇུག་བྲས་དེ་རིང་གི་༼བོད་མིའི་སྒྲིག་འཛུགས༽འདི་རེད།
བོད་གཞུང་ཕྱི་བསྡུར་དང་ལྷན་་རྒྱ་ནག་གཞུང་ལ་བཟོ་ལྟ་སྤྲོད་པའི་དུས་ཚོད་ཀྱང་བསླེབ་པ་རེད། བཀག་ན་མི་ཁོག་པའི་བཙན་བྱོལ་ནང་གི་དཔའ་རྒོད་ཚོད་ད་རྒྱུག་རན་པའི་དུས་ཚོད་ལ་སླེབས་པ་རེད། སྔོན་ཆད་༧གོང་ས་མཆོག་དང་བོད་གཞུང་གིས་ཅིག་ཅིག་མིག་མིག་ཟེར་ནས་་་ཅིག་བྱ་འདོད་ཡོད་པ་བྱེད་གི་མ་བཅུག་ཐལ། འགྲོ་འདོད་ཡོད་ཀྱང་འགྲོ་གི་མ་བཅུག་ཐལ་ཟེར་ཚུལ་ཤོད་མཁན་མང་དག་ཅིག་ཡོད་པ་ཚོས་ད་ནས་བཟུང་༧གོང་ས་མཆོག་དང་བོད་གཞུང་གིས་བཀག་མི་ཡོང་། ་ད་་ག་རེ་བྱེད་འདོད་ཡོད་ཡོད་ན་་་་གང་ལ་རྒྱུག་འདོད་ཡོད་ན་་་་དུག་སྦྲང་གཏོང་འདོད་ཡོད་ན་་་་་དུས་ལ་སླེབས་ཤག
ཅིག་བྱས་ན་་་་།་
འོ་བདེན་པ་རང་རེད། བོད་ཀྱི་ཆོས་བརྒྱུད་ཕྱོགས་རེ་བས་སྲིད་དབང་བཟུང་བ་དེས་ད་བར་དུ་ཆིག་སྒྲིལ་དང་མཛའ་མཐུན་ལ་དོ་ཕོགས་ཆེན་པོ་སོང་ཡོད། འོན་ཀྱང་ད་སྐབས་དགའ་ལྡན་ཕོ་བྲང་གི་དབང་འཛིན་པ་ཚོས་མ་བསྐུལ་དང་བླང་གི་སྒོ་ནས་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་གནང་བ་འདིར་ཐུགས་རྗེ་ཆེ་ཞུ་རྒྱུ། ད་ནས་བཟུང་བོད་མི་རྣམས་གཅིག་འགྱུར་གྱི་སྒོ་ནས་བོད་དོན་ལ་ནུས་ཤུགས་སྔར་ལས་ཆེ་ཙམ་བཏོན་ཐབས་གནང་བའི་རེ་བ་ཡོད། ད་ནི་སྲིད་ཀྱི་གར་སྟེགས་སྟེང་ནས་ཆོས་ལུགས་འཐེན་ཁྱེར་གྱི་གོ་སྐབས་མེད་པར་སོང་ཟིན་ཅིང་། དེ་མེད་པར་སོང་བ་དེས་ཆོལ་ཁོའི་ཕྱོགས་རེས་ཀྱང་མང་པོ་ཞིག་རང་བཞིན་གྱིས་མེད་པར་འགྱུར་ཐུབ་ངེས་ཡིན།
ཟབ་གདོང་ཁོ་རང་གི་དོན་དག་ངོ་ནེ་དེ་ག་རེ་ཡིན་མིན། ཧ་གོ་ཡི་མི་འདུག
དབང་འདུས་ལགས། ཉིད་ཀྱིས་དེ་ལྟར་གསུངས་ན་ཐལ་དྲག་པ་དང་གུས་ཞབས་མེད་པ་ཆགས་པ་མ་རེད་དམ། ཆོས་བརྒྱུད་བྱེ་བྲག་པ་ལབ་ན་མ་ལབ་ན་བོད་ཀྱི་ཆོས་སྲིད་དབང་འཛིན་པ་ནི་དགའ་ལྡན་ཕོ་བྲང་ཚུགས་ནས་ད་བར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐྱེ་སྤྲུལ་རྣམས་རེད་ལ། ད་ལྟའི་དབང་འཛིན་པ་ཡང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལས་མེད། དེས་ན་ཉིད་ཀྱིས་གོང་ས་མཆོག་ལ་དབང་ཆ་སྒེར་འཛིན་མ་བྱས་པར་སྐུ་དབང་ཕྱིར་བསྡུ་བྱས་པ་ཐུགས་རྗེ་ཆེ་ཟེར་གྱི་ཡོད་དམ། འདི་ཧ་ཅང་ཐལ་བ་རེད། བསམ་བློ་ཞིབ་ཏུ་ཐོངས་ལ་སྐད་ཆ་ཤོད།
མི་ཁག་ཅིག་ནི་ག་དུས་ཡིན་ན་ཡང་་་གཞུང་ཡོད་དུས་གཞུང་གི་ཅིག་འགྲིག་གི་མི་འདུག་ཟེར་སྐད་རྒྱག་གི་རེད། ཡང་་་གཞུང་མེད་དུས་གཞུང་མི་འདུག་ཟེར་ནས་སྐད་རྒྱག་གི་རེད། རིགས་འདི་ཚོ་ནི་ག་དུས་ཡིན་ཡང་ཁ་སྤྲོད་དང་ལྡོག་ཕྱོགས་ནས་ལངས་གི་རེད། ལངས་ཕྱོགས་དེ་་ཁོང་ཚོའི་ཁྲག་རྒྱུན་ལ་འདྲེས་ཡོད་ཙང་བསྒྱུར་ཐབས་ཡོད་མ་རེད། མི་ཚེ་གཅིག་ལ་བྱེད་སྟངས་དེ་ག་རང་བྱེད་ཀི་རེད།
འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་རིན་པོ་ཆེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ན་ས་དགེ་བཀའ་རྙིང་བོན་དང་བཅས་པའི་སློབ་མ་བརྒྱ་ཕྲག་དང་བཅས་དབུས་ན་ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་སོ།། དེའི་ཚེ་དེའི་དུས་ན་ཚེ་དང་ལྡན་པ་ཞིག་གིས་འདི་སྐད་ཅེས་ཞུས་སོ། །རིན་པོ་ཆེ། མ་འོངས་པ་སྙིགས་མ་ལྔ་བདོ་བའི་དུས་འགྲོ་བ་རྣམས་ཉམ་ཐག་པར་འགྱུར་བའི་སྐབས་དེ་ན་སུ་ཞིག་འགྲོ་བ་རྣམས་ཀྱི་མགོན་དུ་གྱུར། དེའི་ཚེ་ན་རིན་པོ་ཆེས་མཛད་པའི་ཕྲིན་ལས་གང་ཞིག་གིས་འགྲོ་བ་རྣམས་སྐྱོབ་པར་འགྱུར་ཞེས་ཞུས་པ་ན། རིན་པོ་ཆེ། ཕྱག་གཡས་པས་གང་གི་ཤེལ་ཕོར་ནང་གི་ཆུ་དེ་དལ་བུས་བླངས་ཏེ་ཧུབ་གང་བཞེས། ཤེལ་ཕོར་ཕྱག་ཏུ་བཞེས་བཞིན་ཅུང་ཐུགས་སྒམ་པའི་ཚུལ་གྱིས། འདི་སྐད་ཅེས་གསུངས་སོ། །ཚེ་དང་ལྡན་པ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བཟུང་ཞིག་དང་ངས་བཤད་པར་བྱའོ། །དེའི་དུས་རིགས་ཀྱི་བུ་ཞིག་དེ་ཡང་གང་ན་གྱེན་ནས་གྱེན་དུ་འགྲོ་བའི་སྐས་འཛེགས་འདུག་ན་མཐའ་ལ་མ་ཐུག་བར་དུ་ཅིས་ཀྱང་འཛེགས་ལ། འགྲོ་བ་བསོད་ནམས་དམན་པས་ཅི་སྟེ་རང་ཉིད་འཛེགས་པའི་སྐལ་བ་དང་མི་ལྡན་ན་སྐས་འཛེགས་དེ་གནས་དེ་ནས་ཤུགས་ཀྱིས་ཕབ་སྟེ་དུམ་བུར་དུམ་བུར་གཏོང་ལ་དེའི་ཆ་ཤས་ཀྱང་དཔག་ཚད་ཀྱི་སར་འཕངས་བ་ཡིན་ནོ། །དེ་ལྟ་བུ་ལ་སོགས་པའི་ཕྲིན་ལས་མཛད་ལ་རྒྱུན་ཆད་པ་མེད་པའི་ངང་ནས་གང་ལ་གང་འདུལ་གྱི་མཛད་པ་སྐྱོང་བ་ཡིན་ལ་དེའི་ཚེ་དེའི་དུས་ན་སྐས་འཛེགས་ལ་འཛེགས་ཤིང་ཕྱིར་འཕངས་མཁན་ནི་ང་ཡིན་ལ། ཁྱོད་ནི་་་་་་་་་་་་་་་་་་དེ་ཡིན་ནོ། །
དེ་སྐད་ཅེས་བཀའ་སྩལ་བ་དང་ཚེ་དང་ལྡན་པ་དེ་ཡི་རང་དགའ་དགུས་མངོན་པར་བསྟོད་དོ། །
སམཏོང་གི་མདོ་རྫོགས་སོ།།
ལུང་རིགས་རྒྱལ་ཁྱོད་མགོ་རུལ་རྣ་བས་མ་ཚོར་ཅི་དྲག་་་
གཅིག་ནས་ཟམ་གདོང་བླ་མའི་ཐོག་མའི་ཀུན་སློང་ཚུན་ཤོད་རྒྱུ་འདུག
གཉིས་སུ་གོང་ས་མཆོག་གི་དགོངས་གཞི་ངོ་མ་ཡང་ཁྱོད་ཀྱིས་རྟོགས་འདུག
འོན་ཀྱང་། ད་ལྟའི་བོད་མི་དམངས་ཀྱི་བསམ་ཚུལ་ངོ་མ་དེ་མ་ཤེས་པ་ཅི་དྲག
བོད་མི་དམངས་ལ་མཁོ་བ་དེ་བོད་གཞུང་ཟེར་བ་དེ་ལས་སྒྲིག་འཛུགས་ཟེར་བ་དེ་མིན།
དེ་བཞིན་བོད་དོན་ལ་དགའ་མདོག་བྱེད་མཁན་ཁྱིམ་མཚེས་ཕྱི་རྒྱལ་བ་ཚོར་ཡང་། ཁྱོད་ཀྱིས་བཤད་པ་བཞིན་ Tibetan Government ཟེར་བ་དེ་ལས་སྒྲིག་འཛུགས་ཀྱི་མིང་ Organization ཟེར་རྒྱུ་མིན་པ་ཤེས་པ་བྱེད་རོགས། ཁྱོད་ལ་རྡ་སའི་མི་དྲག་ལ་ངོ་དགའ་སྤྲེལ་ལད་འཁྲབ་རྒྱུའི་གོམས་གཤིས་འཇགས་པ་ལས། ༸གོང་ས་མཆོག་གི་དགོངས་གཞི་ངོ་མ་བོད་འདི་མང་གཙོ་ཚད་ལྡན་ཞིག་ཆགས་རྒྱུ་ཡིན་པ་དེ་བརྗེད་ནས་མི་མང་གི་བསམ་འཆར་ལ་སྣང་ཆུང་གཏོང་ཀྱང་བྱེད་ཀྱི་འདུག་པ་དེ་ནི་ཁྱི་སྤྱང་ལག་པ་འབྲེལ་མེད་ཀྱང་། སེམས་པ་འབྲེལ་ཡོད་པ་ཧ་གོ་དོན་གསལ་རེད།
མེ་ཏོག་དཀར་པོ་ཟེར་ཚང་མའི་ནང་ནས་སྐྱ་ཐེང་ངེ་བར་བཞུགས་དགོས་ན་དེའི་གཡས་གཡོན་དུ་མ་མཐར་ཡང་མེ་ཏོག་ནག་པོ་སོགས་དཀར་པོ་དང་མི་མཐུན་པའི་ཆ་ཅིག་གིས་རམ་འདེགས་བྱེད་དགོས་པའི་རྟེན་འབྲེལ་གྱི་ཁྱད་ཆོས་དེ་མ་བརྙེད་པ་གནང་རོགས།
གང་ལྟར། བླ་མས་བུམ་པ་གང་བཞག་ལས་བུམ་པས་བླ་མ་གང་བཞག་མིན། ཟེར་བ་དང་གཅིག་ཏུ་གནས་འདུག་པས་དམངས་གཙོ་ཟེར་བ་དེ་ཡང་མིང་ཙམ་རེད།
གཞུང་དང་གཞུང་འཛིན་མི་སྣ་སོགས་གྲུབ་པར་མི་དམངས་ངེས་པར་དུ་དགོས་པས། མི་མང་གི་བསམ་ཚུལ་གྱི་བརྒྱ་ཆ་མཐོ་བ་ཟིན་ན་དེ་ལ་མཐའ་གཅིག་ཏུ་བརྩི་མཐོང་བྱེད་དགོས་པ་དེ་དམངས་གཙོའི་གཞུང་གི་རྩ་འཛིན་ཡིན།
བཀྲ་ཤིས་སྒྲོལ་མ་ལགས། བོད་ཀྱི་ཆོས་ལུགས་མི་སྣས་སྲིད་ཀྱི་དབང་ཆ་འཛིན་འགོ་ཐོག་མ་དེ་བོད་སིལ་བུའི་རྗེས་སུ་ས་སྐྱ་བས་འཛིན་ཡོད་པ་དང་། དེ་རྗེས་རིམ་བཞིན་བཀའ་བརྒྱུད་དང་དགེ་ལྡན་པ་སོགས་དབང་ཆའི་འཐབ་རྩོད་རིམ་པར་བྱས་མཐར་༸གོང་ས་ལྔ་པའི་ཕྱག་ཏུ་རྩིས་བཞེས་པ་ནས་དགའ་ལྡན་ཕོ་བྲང་གི་གཞུང་འདི་ཆགས།
དགའ་ལྡན་ཕོ་བྲང་གི་གཞུང་སྐྱོང་བའི་སྐབས་སུ་ཡང་སྔར་བཞིན་འབངས་གྱེན་ལོག་དང་། སྡེ་གཟར་རྒྱུན་མི་ཆད་པ་བྱུང་ནས་ཁོང་ཚོའི་དབང་ཆའི་འཐབ་རྩོད་ཁྲོད་མི་དྲག་དང་མི་དྲག་དབར་གྱི་འཐབ་རྩོད་དང་། བླ་བྲང་དང་བླ་བྲང་དབར་གྱི་འཐབ་རྩོད་བཅས་ཀྱི་འོག་སངས་རྒྱས་ཆོས་ལུགས་ཀྱི་རྒྱུད་འཛིན་གནང་མཁན་དགེ་སློང་དང་དགེ་ཚུལ་སོགས་སོ་ཐར་དང་བྱང་སེམས། སྔགས་སྡོམ་བཅས་བཞེས་པའི་སྐྱེས་བུ་དམ་པ་མང་པོ་ནང་ཁུལ་དབེན་འཁྲུག་གསོད་རེས་བྱུང་བ་སོགས་ཀྱི་ལས་ངན་རྒྱུན་མི་ཆད་པར་བྱུང་དང་འབྱུང་བཞིན་པས། ༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་སངས་རྒྱས་ཆོས་ལུགས་ཀྱི་རྟོགས་པ་མཐོ་ཞིང་། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་སོ་མ་ཞིག་ཡིན་པས་ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་སེར་མོ་བའི་འཁྲུག་རྩོད་དང་། རྗེས་འབྲེལ་འབངས་མི་སེར་ལ་རྡབ་ཟིང་ཡོང་གཞིའི་རྐྱེན་རྩ་མེད་པར་བཟོས་གནང་བར་ཉམས་ཆུང་མི་སེར་དཀྱུས་མ་དབང་འདུས་འདྲ་བས་ཐུགས་རྗེ་ཆེ་ཞུ་འོས་རང་རེད། དེར་ཁྱེད་རང་མི་སྤྲོ་བ་གནང་དགོས་མི་འདུག་ག དགོངས་པ་ཆེ་ཙམ་བཞེས་དང་།
ཁྱེད་ཅག་མང་པོ་ཞིག་གིས་གཤམ་གྱི་དྲི་བ་དྲིས་ལན་དེ་དག་ལ་སློབ་སྦྱོང་དང་བསམ་བློ་མང་ཙམ་གཏོང་རྒྱུ་གལ་ཆེན་རེད། ཕྱོགས་འདི་ནས་མང་པོ་ཞིག་ནར་སོན་མི་འདུག་པས་དངོས་གནས་ཐབས་སྐྱོ་བོ་རེད།
ལག་ལེན་དང་ཡོངས་སུ་ཁ་བྲལ་བའི་ལུང་རིགས་ཀྱིས་བཤད་ནོ་མི་འགྲིག་རྒྱུ་མེད་ཀི།
དྲི་བ། སྐུ་ཉིད་ཀྱིས་༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་ལ་བསྒྱུར་བཅོས་གཏོང་དགོས་པའི་བཀའ་གནང་དོན་གཙོ་བོ་གང་ལ་གཟིགས་ཀྱི་ཡོད་དམ།
ལན། འདི་ལ་རྒྱུ་མཚན་ཁ་ཤས་ཡོད་རྒྱུ་རེད། གཙོ་བོ་བཙན་བྱོལ་བོད་གཞུང་འདི་འདས་པའི་ལོ་ངོ་ལྔ་བཅུའི་རིང་བརྟན་པོ་བྱས་ཏེ་བསྡད་པ་རེད། དེ་གཙོ་བོ་༧གོང་ས་མཆོག་གི་གཟི་བརྗིད་དང་ངོ་སོ་ལ་བརྟེན་ཏེ་བྱུང་བ་ཞིག་རེད། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ལ། ང་ཚོ་རྒྱ་གར་གཞུང་གི་འོག་ཏུ་བསྡད་ཡོད་པ་རེད། རྒྱལ་ཁབ་གཅིག་གི་འོག་ཏུ་གཞུང་གཉིས་གནས་ཐབས་ཡོད་པ་མ་རེད། རྒྱལ་ཁབ་གང་ཞིག་ཡིན་རུང་གཞུང་གི་སྲིད་བྱུས་དང་གཞུང་འཛིན་མགོ་འཁྲིད་ལ་རྟག་པ་བརྟན་པ་ཡོད་པ་མ་རེད། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་ང་ཚོར་དཀའ་ངལ་ཆེན་པོ་འཕྲད་མདོག་ཁ་བོ་མ་རེད་དེ། ང་ཚོས་མུ་མཐུད་བཙན་བྱོལ་བོད་གཞུང་ཞེས་ཡིན་མདོག་མདོག་གིས་འགྲོ་བསྡད་པ་ཡིན་ན། ནམ་ཞིག་༧གོང་ས་མཆོག་མ་བཞུགས་པའི་ཉིན། ང་ཚོའི་བཤད་སྤྱོད་དང་འགྲོ་འདུག་ཕྲན་བུ་མ་འགྲིག་པ་བྱུང་ན་གནས་ཚུལ་ཆེན་པོ་འབྱུང་སྲིད་པ་རེད། གལ་སྲིད་དེ་འདྲའི་གནས་ཚུལ་མི་ལེགས་པ་ཞིག་བྱུང་སྐབས་འགན་དེ་བཟོད་མཁན་ཡོད་པ་མ་རེད། གཉིས་པ། བོད་རྒྱ་གཉིས་བར་འབྲེལ་མོལ་ཐེངས་དགུ་གནང་བའི་བརྒྱུད་རིམ་ཁྲོད། རྒྱ་ནག་གི་མགོ་འཁྲིད་ཚོས། ཁྱོད་ཚོས་དབུ་མའི་ལམ་ཁ་ནས་བཤད་བསྡད་པ་ཙམ་རེད། ཁྱོད་ཚོའི་བཅའ་ཁྲིམས་དང་ཡིག་ཆ་ཁག་ཏུ་བཙན་བྱོལ་བོད་གཞུང་ཞེས་ལབ་ཀྱི་འདུག འདི་ཁ་བྲལ་གྱི་བྱ་སྤྱོད་རེད་ཟེར་ནས་ལབ་བསྡད་ཡོད་པ་རེད། དེར་བརྟེན། ཉེ་ཆར་༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་ནང་། ཐེངས་འདིར་ང་རང་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་འགན་མཚམས་འཇོག་རྒྱུ་ཡིན་ལ། འདི་དང་མཉམ་དུ་རྩ་ཁྲིམས་ཟིན་བྲིས་དང་། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཡང་རྩིས་མེད་འགྲོ་དགོས་པ་རེད། ཅེས་བཀའ་གསལ་བོ་གནང་འདུག རྒྱ་ནག་གཞུང་གིས་སྔོན་མ་ནས་རྒྱ་གར་གཞུང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ས་རེད། འདི་དག་ལ་བལྟས་ཡོང་ན། ཐེངས་འདིར་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོའི་གནོན་ཤུགས་རྒྱ་གར་གཞུང་བརྒྱུད་དེ་བསླེབས་པ་མིན་འགྲོ་བསམ་གྱི་ཡོད།
དྲི་བ། བཙན་བྱོལ་བོད་མིའི་གཞུང་དམངས་གཉིས་རྩ་དོན་འཐབ་རྩོད་ཀྱི་ཐད་ནས་ཕྱི་བཤོལ་ནས་ཡང་བཤོལ་བྱེད་ཀྱི་ཡོད་པ་འདི། ཡུལ་དུས་དང་འཚམ་པའི་ཁེ་ཕན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ། ཡང་ན་རང་ཚུགས་ཤོར་བའི་ཕམ་ཁ་ཞིག་ཏུ་མཐོང་གི་ཡོད།
ལན། སྦྱིར་བཏང་ང་ཚོ་འབབ་རྒྱུ་ཡོད་ཚད་དེར་བབས་ཡོད་པ་རེད། བོད་རང་བཙན་གཙང་མ་ནས། ཚད་མཐོའི་རང་སྲིད་རང་སྐྱོང་དང་། དེ་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ངམ་དབུ་མའི་ལམ་གྱི་ཐོག་ལ་བབས་པ་རེད། འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་ང་ཚོའི་མངོན་འདོད་ངོ་མ་ཡིན་ཟེར་ནས་ཡིག་ཆ་ཞིག་རྒྱ་གཞུང་ལ་སྤྲད་པ་དེའི་ནང་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གྱི་སྒྲོམ་གཞིའི་འོག ས་གནས་མི་རིགས་རང་སྐྱོང་བཅའ་ཁྲིམས་ཆ་ཚང་བ་ལག་བསྟར་བྱ་དགོས་ཞེས་བཀོད་ཡོད། ཡིན་ན་ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། བྱེད་བབ་འདི་ང་ཚོས་རྒྱ་ནག་གཞུང་ལ་བསྟུན་ཐབས་བྱས་པ་གཅིག་པུ་མ་རེད། རྒྱལ་སྤྱིའི་འགྱུར་བ་དང་། བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན། དེ་བཞིན། ང་ཚོའི་འཐབ་རྩོད་ཀྱི་གནས་ཚད་སོགས་ཕྱོགས་ཡོངས་ལ་གཟིགས་ཏེ་ཐག་གཅོད་གནང་བ་ཞིག་རེད། འཛམ་གླིང་འདི་འཕེལ་རྒྱས་དང་འགྱུར་ལྡོག་གི་རང་བཞིན་ཅན་རེད། འདས་པའི་ལོ་ངོ་ལྔ་བཅུའི་ཤུལ་ལམ་ལ་བལྟས་ཡོང་ན་ང་ཚོར་འདི་ལས་ལྷག་གི་གདམ་ག་ཞིག་ལྷག་གི་ཡོད་པ་མ་རེད།
བོད་ཀྱི་དུས་བབ་ལས་བཤུས་་་་་་་་་་་་་་པདྨ་ཚེ་དབང་ལགས་ཀྱིས་་་་་་་་
གང་ལྟར་མང་པོ་ཞིག་ལ་བློ་ཕམ་བྱུང་གི་ཡོད་པ་དངོས་ཡོད་ཡིན་ཡང་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་དེ་ལོ་རྒྱུས་ཀྱི་དངོས་ནས་ཁ་གྲགས་ཀྱི་ཞིག་རེད་གཙོ་བོ་གཞུང་ས་དགའ་ལྡན་ཕོ་བྲང་སྒོ་རྒྱབ་པ་འདི་ནི་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཡོད་པ་དེ་རབ་སྤྲོད་གསལ་པོ་བྱས་པ་ཞིག་ཡིན་མ་ཟད་རྒྱ་ནག་དམར་ཕྱོགས་ཚང་གི་དུས་རྟག་ཏུ་འཛམ་གླིང་མི་མང་ལ་ཏཱ་ལའི་བླ་མས་རང་གི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད་མ་གཏོགས་བོད་མི་ཚོ་བདེ་སྐྱིད་ངང་གནས་ཡོད་ཟེར་པ་སོགས་བརྫིན་གཏམ་འཁྱོག་བཤད་བྱས་པ་སོགས་ཚང་མ་སྒོ་རྒྱབ་པ་ཞིག་རེད་སྤྱིར་མིང་ཙམ་ཞིག་ལ་ཁྱད་པར་ཡོད་པ་རེད་ཡིན་ཡང་ད་སྐབས་རྒྱལ་ཁབ་གཅིག་གི་ནང་དུ་སྐྱབས་བཅོལ་བྱས་ནས་བསྡད་ཡོད་དུས་དེའི་རྩ་ཁྲིམས་ལ་ཡང་སྲུང་བརྩི་བྱེད་དགོས་པ་ཞིག་ཡིན་རྒྱལ་ཁབ་གཅིག་གི་ནང་དུ་གཞུང་གཉིས་གནས་མི་ཐུབ་པ་ལྟ་བུ་རེད་ང་ཚོ་ལ་གཙོ་བོ་དེ་གལ་ཆེན་མ་རེད་གང་ཡིན་ཞེ་ན་ང་ཚོ་ལ་མིང་བྱང་ག་རེ་བཏགས་ན་ཡང་ཁྱད་པར་མེད་གཙོ་བོ་མང་གཙོའི་རྒྱལ་ཁབ་ཞིག་གི་ངོ་བོ་མཚོན་ཐུག་པའི་མང་གཙོའི་སྒྲིག་འཛུགས་ཡང་དག་པ་ཞིག་ཡོད་པ་འདི་༧གོང་ས་མཆོག་གི་ཐུགས་དགོངས་ལྟར་ཤར་སྐྱོད་བྱེད་རྒྱུ་དེ་གལ་ཆེན་རེད་ཞེས་བརྗོད་འདོད་བྱུང་། མ་ཟད་བོད་གཞུང་གནམ་བསྐོས་དགའ་ལྡན་ཕོ་བྲང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལུགས་ཟུང་སྲིད་དབང་འཇུགས་རྫོགས་པའི་རླབས་ཆེན་གྱི་ལོ་ཞིག་ཏུ་དངོས་འཛིན་བྱས་ན་འང་མི་ཆོག་པ་ཞིག་མི་འདུག་བསམ་བྱུང་། ༧གོང་ས་མཆོག་གི་ཡང་དག་པའི་མང་གཙོའི་ལམ་ལུགས་ཞིག་གསོལ་བསྩལ་གནང་པ་འདི་མང་མོས་འོས་ཐོན་བྱུང་བའི་བཀའ་སྤྱི་གཉིས་གཅིག་བུ་མ་ཡིན་པར་མི་མང་གི་ཡང་འགན་ཁུར་དགོས་པ་གལ་ཆེན་པོ་རེད་དེ་འདྲ་ཡིན་དུས་གཞིས་ལུས་བོད་མིའི་བློ་སེམས་ཁང་པ་ཞིག་ཡོངས་བའི་སྨོན་འདུག་ཞུ།
༼ བོད་པ་ཚོའི་ཁྲོད་དུ་ད་ནི་མགོན་མེད་སྐྱབས་མེད་དུ་གྱུར་ཚུལ་དང་། བློ་འགྱོད་དང་སྡུག་བསྔལ་ཆེ་ཚུལ། ཐ་ན་ད་ནས་བཟུང་སོ་སོ་བོད་དོན་ལ་ཡང་རང་བཞིན་གྱིས་འབྲེལ་བ་ཆད་སོང་ཚུལ་གླེང་མཁན་ཡོད་ལ།༽འདི་ལྟ་བུའི་བསམ་བློ་ཡོད་མཁན་དེ་ཚོ་ནི་ཧ་ཅང་བློ་སྦུག་དོག་པོ་དང་མིག་རྒྱང་ཐུང་དྲག་པ་རེད། ༸གོང་ས་མཆོག་ནས་རྟག་ཏུ་བོད་པ་ཚོས་བོད་དོན་ལ་དོ་སྣང་དང་སེམ་ཤུག་མ་ཆག་པ་བྱེད་དགོས་པའི་བཀའ་སློབ་གནང་བཞིན་ཡོད་པ་ཤེས་བཞིན་དུ་བོད་དོན་བློས་གཏོང་མཁན་དེ་ཚོས་༸གོང་ས་མཆོག་དང་གཞིས་ལུས་མི་མང་བློས་གཏོང་བྱས་པ་རེད། མི་འདི་ཚོའི་སེམས་ལ་སྔར་ནས་བོད་དོན་མེད་པ་གསལ་པོ་རེད།
ངོ་མ་ལུང་རྟོགས་ནས་གསུང་པ་ནང་བཞིན་རེད་ང་ཚོ་སེམས་ཤུགས་འཆག་དགོད་པ་ཞིག་མཐོང་མ་སོང་གང་ཡིན་ཞེ་ན་༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་གཟིགས་ནས་འདི་འདྲ་ཐག་བཅད་པ་ཞིག་ཡིན་པ་ལས་ཁོང་གི་སེམས་ཤུགས་འཆག་པ་ཞིག་དང་། བོད་མི་ཚོ་ལ་གཞེན་པ་ལོག་པ་ཞིག་མ་རེད་དེ་ལ་ང་ཚོས་སེམས་འཁྲལ་བྱེད་དགོས་པ་ཞིག་མ་རེད། དེ་ལས་གཙོ་བོ་༧གོང་ས་མཆོག་གི་བཀའ་གསུང་གནང་པ་ནང་བཞིན་སྒྲུབ་རྒྱུ་དེ་གལ་ཆེན་རེད། མ་ཟད་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་ཚང་མའི་རང་ནུས་གང་ཡོད་ཀྱི་འབད་པ་བྱེད་རྒྱུ་དེ་ལས་གལ་ཆེན་ཞིག་རེད་བསམ།